བླ་མ་ཡང་གསང་ཁྲོས་པ་ལསཿ གུད་དུ་སྦས་པའི་མན་ངག་ལས་མཐའ་བཞུགསཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-053
Wylie title bla ma yang gsang khros pa las gud du sbas pa'i man ngag las mtha'
Location mdo mkhyen brtse bka' 'bum
Volume 3, Text 53, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Pith Instructions - man ngag
Cycle བླ་མ་ཡང་གསང་ཁྲོས་པ་ (bla ma yang gsang khros pa)
Colophon

རང་ལ་གདུག་རྩུབ་མ་བྱེད་ཚེ་བསོད་སྤེལཿ མངོན་ཤེས་མིག་གིས་ལྟོས་ལ་གདུག་སེམས་ལྡནཿ

rang la gdug rtsub ma byed tshe bsod spel:_mngon shes mig gis ltos la gdug sems ldan:

[edit]
བླ་མ་ཡང་གསང་ཁྲོས་པ་ལསཿ གུད་དུ་སྦས་པའི་མན་ངག་ལས་མཐའ་བཞུགསཿ ཁྲོ་བོ་འཆོལ་བའི་ལྷ་ལ་འདུདཿ གུད་དུ་སྦས་པའི་མན་ངག་ཆོསཿ བསྲུང་བཟློག་བསད་པའི་རྣོ་སོ་གདེགསཿ མན་ངག་ཁྲོ་ཆུ་ཁོལ་མ་ཡིཿ ཡང་ཞུན་གསང་བ་གཅིག་རྒྱུད་བསྟནཿ སྙིང་ལ་སྦོས་ཤིག་ས་མ་ཡཱཿ བསྲུང་བ་རྡོ་རྗེའི་གོ་ཁྲབ་ནིཿ »བདག་ཉིད་པདྨ་དྲག་པོ་ཡིཿ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུཿ ཕ་ལམ་ལས་གྲུབ་མཆོད་རྟེན་ནིཿ སྲ་བརྟན་བཀྲག་དང་ལྡན་པར་སྒོམཿ བུམ་ནང་རིན་ཆེན་ཟུར་བརྒྱད་དབུསཿ བྷྲུཾཿཡིག་གླད་སྐོར་བླ་མ་དངཿ ཁོག་པ་རང་དང་བསྲུང་བྱའི་ཚོགསཿ «གཡས་སུ་ཕོ་གཡོན་དུ་མོ་རྒྱབ་ཏུ་བྲན་མདུན་དུ་དམིགས་ཡུལཿ» འོག་ཏུ་ཡུལ་མཁར་རྟ་ཕྱུགས་ནོརཿ ཚེ་དཔལ་བསོད་ནམས་དང་བཅས་པཿ བཀྲག་དང་གཟི་བརྗིད་ལྡན་པར་གསལཿ གནམ་ལྕགས་འཁོར་ལོའི་ཕྱི་རོལ་དུཿ མཐའ་བསྐོར་དུར་ཁྲོད་ཆེན་པོ་བརྒྱདཿ དེའི་ཕྱི་སྲ་བརྟན་རྡོ་རྗེ་ཡིསཿ ར་བ་དྲྭ་བ་གུར་བླ་བྲེསཿ རྡོར་ཕྲན་ཞུན་མས་རབ་གཏམས་ཤིངཿ ཕྱི་རོལ་མཚོན་ཆའི་ཐོག་སེར་འཕྲོསཿ དེ་ཕྱིར་བསྐལ་པའི་མེ་དཔུང་དངཿ ཁོ་ཆུ་ཞུན་མའི་དབའ་རླབས་འཁྲུགསཿ ཕྱི་རོལ་སྤུ་གྲི་རེག་གཅོད་རླུངཿ འཕྲད་འཇོམ་དྲག་པོ་གཡོན་དུ་འཁོརཿ བསྲུང་བའི་གུར་ཆེན་གསལ་བརྟན་པའིཿ ཐུགས་ཀའི་བྷྲུཾཿལས་འོད་འཕྲོས་པསཿ རྒྱལ་བ་སྲས་བཅས་ཐུགས་རྗེའི་མཐུསཿ རྩ་གསུམ་རིག་འཛིན་བྱིན་ནུས་སྟོབསཿ ཁམས་གསུམ་སྣོད་བཅུད་བཀྲག་མདངས་བཅུདཿ ཚེ་བསོད་དཔལ་འབྱོར་གཟི་བརྗིད་བཀྲགཿ འོད་ཀྱིས་རྣམ་པར་སྦུབ་ཆུ་ཡིསཿ དྲངས་བཞིན་ཐུགས་སྲོག་ལ་ཐིམ་ཞིངཿ གུར་ཁང་འོད་ཀྱིས་རང་ནུས་བསྐྱེདཿ མི་ཤིག་རྡོ་རྗེའི་ཆོས་བདུན་གྱུརཿ ཨོཾཨཱཿཧཱུྃཿ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་མ་མ་ཀཱ་ཝ་ཙི་རཀྵ་ཀུ་རུ་བྷྲུཾཿ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པའི་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ཡུར་པུ་ཎྡྲྱཻ་ཤྲི་ཀུ་རུ་རཀྵ་ཧྲཱིཿབྷྲུཾཿ «ཅེས་ཏིང་འཛིན་དམིགས་པ་མ་ཡེང་བར་བཟླའོཿ བསྲུང་བ་རྡོ་རྗེའི་གོ་ཁྲབ་འདིཿ རིག་པ་འཛིན་པའི་ཚེ་མཐུད་དེཿ གཞན་ཕན་ཕྲིན་ལས་ཡིད་བཞིན་ནོརཿ བྱིན་རླབ་སྤྲིན་ཕུང་བླ་མེད་དོཿ ཕྲིན་ལས་གཞན་ཕན་འཁོར་ལོ་ནིཿ མཐིང་ཤུན་འམ་ནི་སྨན་ཤོག་ལཿ རིན་ཆེན་དང་པོའི་ཁུ་བ་ཡིསཿ དྲག་པོ་ཞལ་གཅིག་ཕྱག་གཉིས་པཿ གཡས་བས་རྡོ་རྗེ་རྩེ་དགུ་འཕྱརཿ གཡོན་པས་སྡིག་མཛུབ་མཐུར་བསྟན་པའིཿ རྩེ་མོར་སྡིག་པ་ཕོ་མོ་འགྱེདཿ སྐྱེ་མཆེད་ཤིན་ཏུ་དོད་པ་ཡིཿ ལྟོ་བར་མུ་ཁྱུད་དགུ་ལྡན་གྱིཿ ལྟེ་བར་མཆོད་རྟེན་བུམ་པར་བྷྲུཾཿ ཧཱུྃཿགིས་འཁྱུད་ཅིང་འོད་ཁྱིམ་འཁོརཿ བྲེ་དང་བུམ་པར་བརྡ་རིས་གསལཿ གཉིས་པར་གསང་བའི་ཡི་གེ་དངཿ གསུམ་པར་རྩ་སྔགས་འདོད་གསོལ་སྤེལཿ བཞི་པ་དྲག་པོའི་ཡིག་འབྲུ་བཅུཿ ལྔ་པར་འཁོར་ལོ་རྩིབ་བརྒྱད་ནིཿ རྩིབ་མཆན་གནམ་ལྕགས་སྡིག་པའི་གཟུགསཿ རྩིབ་ལ་རང་སྔགས་ས་བོན་བཅསཿ དྲུག་པར་དྲག་སྔགས་ལས་སྦྱོར་བཅསཿ བདུན་པར་མཚོན་ཆ་བཟློག་བསད་སྔགསཿ བརྒྱད་པར་རྟེན་འབྲེལ་སྙིང་པོ་དངཿ དགུ་པར་རྡོ་རྗེའི་ར་བས་བསྐོརཿ དཔེའུ་ཆུང་ལྟར་འདུ་བྱས་ལཿ མྱོང་གྲོལ་བོང་བ་མུ་ཟི་དངཿ ཐར་ནུ་ཐང་ཁྲོམ་ཤུ་དག་ནགཿ བཙན་དུག་སྒོག་གཅིག་གླ་རྩི་དངཿ གྷི་ཝཾ་སྦྱར་བའི་རྫས་བྱུག་ལཿ བགེགས་བསྐྲད་ཞག་བདུན་པར་དུ་བསྒྲུབསཿ རབ་ཏུ་གནས་ཤིང་ཤིས་པ་བརྗོདཿ དད་ལྡན་བསྲུང་བྱའི་མགུལ་དུ་བཏགསཿ ནད་རིམ་གདོན་དང་བྱད་ཕུར་མཚོནཿ ཅིས་ཀྱང་མི་ཚུགས་ཕ་ལམ་གུརཿ ཐེ་ཚོམ་མེད་ཅིང་ལོས་གུས་ལྡནཿ སྲོག་ཁེབ་གོ་ཆ་བཙན་པའོཿ བསྲུང་བའི་རིམ་པ་ས་མ་ཏིཿ ༈ བསད་པ་དྲག་པོའི་མཚོན་འཁོར་ནིཿ བླ་མར་བརྙས་ཤིང་བསྟན་ལ་སྡངཿ གསང་སྔགས་ཁྱད་གསོད་ཉམས་པ་ཅནཿ ཆོས་བཞིན་སྒྲུབ་ལ་གནོད་པ་ཡིསཿ བསྟན་པ་བསྣུབས་པའི་དམགས་དཔུང་དངཿ ཉེས་མེད་མཐུ་གཏད་བྱད་ཕུར་བདགཿ བཀའ་འདས་རྒྱལ་བསེན་དམ་སྲིའི་ཚོགསཿ ཧུར་ཐུམ་ལས་ལ་སྦྱར་བ་ནིཿ དཀྱིལ་འཁོར་མདའ་གང་གྲུ་བཞིའི་དབུསཿ དྲག་པོ་ཟུར་གསུམ་ཧོམ་ཁུང་གྲུསཿ སྟེང་དུ་མུ་རན་ཁ་ཁྱེར་བཅསཿ དུག་ཁྲག་སྦྱར་བས་ནང་དམར་ཞིངཿ རོ་སོལ་བྱུགས་པས་ཕྱི་ནག་བྱཿ རྡོ་རྭ་ཁྲག་མཚོ་མེ་རིས་བསྐོརཿ དྲག་པོ་དམར་ནག་རྩང་གིས་བརྒྱནཿ ཚོན་སྐུད་རྒྱུ་མའི་ཞགས་པས་དཀྲིསཿ གྲོ་གའམ་ནི་དུག་ཤོག་ལཿ ལིང་ག་ཕོ་མོ་གང་ཡིན་པཿ རིད་ཅིང་ཉམ་ཐག་སྐྱེ་མཆེད་ཚངསཿ རྐང་ལག་ལྕགས་སྒྲོག་དྲྭ་བས་བསྡམསཿ ཟུར་དྲུག་འཁོར་ལོའི་དབལ་ལ་སྐྱོནཿ ལྟེ་བར་དགྲ་གདོན་སྲོག་སྙིང་དངཿ སྙིང་ཁར་མིང་ཡིག་ཐིག་ལེས་བརྒྱནཿ དེའི་མཐར་ཕ»ོ«་གཡས་མ་གཡོན་པས་ཡིག་ལེན་ག་བརྟེན»ཿ ཆོས་ཉིད་ཆོས་ཅན་བདེན་པའི་སྟོབས་ཀྱིས་དམ་ཉམས་དགྲ་བོའི་རུས་མིང་ལོ་བླ་སྲོག་རྣམ་པར་ཤེས་པ་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་ཤ་མ་ར་ཏི་ཐུལ་ཐུལ་མྱོག་མྱོགཿ ཡེད་ཡེདཿ ཤ་མ་ར་ཏི་ཁུག་ཁུགཿ ལིང་མྱོགཿ ལིང་ཤགཿ གནོད་བྱེད་དམ་སྲི་ཕོ་མོའི་བླ་སྲོག་རྣམ་པར་ཤེས་པ་ཙ་མུན་ཏྲི་ཛཿཧཱུྃ་བཾ་ཧོཿ ཨཾ་གུ་ཤ་ཡ་ཛཿཛཿ «ཚིག་བཞིརཿ »ཛཿཧཱུྃ་བཾ་ཧོ་དངཿ «བླ་ལ་བླ་དགས་འདོམས་ལ་ཕཊཿ རྐང་མཐིལ་རླུང་གི་དཀྱིལ་འཁོར་དངཿ དཔྲལ་བར་ད་ལོང་ཞེས་པ་བྲིསཿ སྤྱི་བོར་སྡིག་ནག་ཐུར་བསྟན་དངཿ འདོམ་ནས་སྡིག་དམར་གྱེན་བསྟན་འགོདཿ མཐའ་བསྐོར་བསད་སྔགས་ཛཿཁྲམ་བསྐོརཿ ཟད་པའི་འབྱུང་བཞིའི་ལིང་ཁྲུས་དངཿ ཁྱི་ལུད་རྟ་བོན་ཡུག་སྐྲ་དངཿ མུ་ཟི་བོང་བ་ནོག་པོ་བདུགཿ བོང་བ་ཐར་ནུ་བཙན་དུག་དངཿ མཛེ་ཡུག་གྲི་ཁྲག་སྦྱར་བ་བྱུགསཿ རྒྱལ་པོ་སྤྲེའུའི་ཐོད་པ་དངཿ མོ་གདོན་ཁྱི་དང་དམ་སྲི་ཝཿ དགྲ་ལ་སྤྱང་ཀིའི་ཐོད་པར་བཞུགསཿ ཚོན་སྐུད་སྣ་ལྔས་མིང་གིས་བཅིངཿ དྲག་པོའི་ཧོམ་ཁུང་དབུས་སུ་གཞུགཿ ཕུང་ཤུལ་རེ་བ་ནག་པོས་དགབཿ སྟེང་དུ་འབྲུ་སྣའི་ངར་ཕྱེ་ལཿ དྲག་པོའི་གཏོར་མ་ཐོག་མདེལ་དབྱིབསཿ ཁྲོ་བོ་བཅུ་དང་སྡེ་བརྒྱད་གྲངསཿ གཏོར་མ་ཀྱུ་གུ་ལིང་གས་བསྐོརཿ མཚེ་ཡུངས་རྩང་གིས་ལེགས་པར་བརྒྱནཿ གཡས་སུ་ཕོ་རྒྱུད་བཟློག་པའི་ཕྱིརཿ དམར་ནག་དྲག་པོའི་གཏོར་ཟོར་དངཿ གཡོན་པ་མོ་རྒྱུད་བཟློག་པའི་ཕྱིརཿ ཐོད་པའམནི་གཡག་རྒོད་རྭརཿ དུག་སྣ་སྦྱར་བའི་ཁྲག་ཟོར་དངཿ མདུན་དུ་གཡུལ་ངོར་གཞོམ་པའི་ཕྱིརཿ གྲི་ལྕགས་མདའ་ཟོར་དུག་ཁྲག་བྱུགསཿ རྒྱབ་ཏུ་རྦོད་གཏོང་བཟློག་པའི་ཕྱིརཿ ཀོང་ཟོར་མཚེ་ཡུངས་རྩང་གིས་བརྒྱནཿ དྲེགས་པའི་དམག་ཚོགས་མཚོན་པའི་ཕྱིརཿ དམར་ནག་གཏོར་མས་མཐའ་བསྐོར་ཞིངཿ དྲག་པོའི་ཉེར་སྤྱོད་སྨན་རག་བཤམསཿ རྟག་དང་ཐུན་གྱི་གཏོར་མ་དགོདཿ དྲག་པོའི་ཡོ་བྱད་འདུ་བྱས་ལཿ བདག་བསྐྱེད་བསྙེན་བསྒྲུབ་སྔོན་སོང་མཐརཿ མདུན་བསྐྱེད་ཕོ་ཉ་གསལ་གདབ་ནིཿ ཆབ་ཀྱིས་སྦྱངས་ཤིང་འདི་སྐད་དོཿ »ཨོཾ་སྭ་བྷཱ་ཝ་ཤུདྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾཿ མདུན་རྟེན་མི་དམིགས་སྟོང་པའི་ངངཿ གནམ་ལྕགས་འཁོར་ལོའི་གཞལ་ཡས་ནིཿ དྲག་པོ་ཨེ་ཡི་ཕོ་བྲང་ནིཿ ཟུར་གསུམ་ཐོད་མཁར་གྲུ་གསུམ་པའིཿ དབུས་སུ་དམར་ནག་རཀྟའི་མཚོཿ རྦ་ཀློང་རབ་ཏུ་འཁྲུགས་པ་ལསཿ ནད་མཚོན་དུག་གི་རླངས་པ་འཕྱོཿ དེའི་དབུས་ཧཱུྃ་ཡིག་དམར་ནག་ཟུངཿ ཡོངས་གྱུར་ཆུ་ལས་ཉ་འཕར་ལྟརཿ ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཆེཿ གནམ་ལྕགས་སྡིག་པ་མགོ་དགུ་པཿ ཞལ་གདངས་མཆེ་བ་རབ་ཏུ་གཙིགསཿ བཅོ་བརྒྱད་རྭ་གདེངས་ལྗགས་དམར་བརྐྱངཿ ལག་པ་བཅོ་བརྒྱད་ལྕགས་སྡེར་བསྒྲདཿ ལུས་པོ་ཐམས་ཅད་གཉེར་མའི་གངཿ གཉེར་མའི་གསེབ་ནས་མེ་སྟག་འཕྲོསཿ ལྟོ་ཞལ་འཇིགས་པས་དགྲ་བགེགས་ཟཿ མཇུག་མ་གཡས་གཡོན་འཁྱིལ་བའི་རྩེཿ ཁ་གདངས་དུག་གི་ཆུ་རྒྱུན་འབེབསཿ མགོ་ལུས་མེད་པར་མིག་སྟོང་དངཿ ཁ་བརྒྱ་བགྲད་ཅིང་ནད་མཚོན་མེཿ དུག་སྣ་དགུ་ཡི་རླངས་པ་འཕྱོཿ རང་འདྲའི་ཁྲོ་མོ་དམར་མོར་སྦྱོརཿ ལྟོ་བར་དམ་སྲི་ཕོ་མོ་མནརཿ མཇུག་མ་གཡས་གཡོན་ཐུར་འཕྱང་བསཿ འོག་གཞི་དྲག་པོའི་བཙོན་ཁང་ནངཿ དགྲ་གདོན་དམིགས་བྱ་གསལ་བ་ཡིཿ སྙིང་ཁའི་ས་བོན་དབུས་སུ་ཟུགཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་འཇིབསཿ ཡེ་ཤེས་བསྐལ་མེ་རབ་འབར་བའིཿ འཁོར་དུ་དྲེགས་པ་སྡེ་བརྒྱད་དངཿ ཕྱི་རོལ་ཁྲོ་བཅུ་ཡབ་ཡུམ་གསལཿ བདག་མདུན་ཐུགས་ཀའི་ས་བོན་ལསཿ གློག་ལྟར་མྱུར་བའི་འོད་འཕྲོས་པསཿ གཏུམ་ཆེན་དྲག་པོའི་ཞིང་ཁམས་ནསཿ ཞེ་སྡང་རྡོ་རྗེ་ཡབ་ཡུམ་དངཿ དྲག་པོའི་ལྷ་ཚོགས་སྤྱན་དྲངས་བསྟིམཿ «སྤྱན་འདྲེན་པ་ནིཿ གུ་གུལ་དང་ཤ་ཆེན་གྱིས་དུད་བས་བདུག་ཅིངཿ» ཧཱུྃཿ ཉི་མ་ལྷོ་ནུབ་ཟ་བྱེད་སྲིན་པོའི་གྲོགསཿ རྔ་ཡབ་གླིང་ཕྲན་འགྲོ་འདུལ་སྤྲུལ་པའི་ཞིངཿ བདུད་འདུལ་དྲག་པོ་རོལ་པའི་དཀྱིལ་འཁོར་ནསཿ གུ་རུ་དྲག་པོའི་ཕྲིན་ལས་སྤྲུལ་སྒྱུར་གརཿ གདུག་པ་འདུལ་བའི་གཤེད་དུ་རབ་རྔམས་པཿ ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཡབ་དང་ཡུམཿ ཁྲོ་བོ་ཁྲོ་མོ་དྲེགས་པ་སྡེ་བརྒྱད་ཚོགསཿ སྔོན་གྱི་ཞལ་བཞེས་ཐུགས་དམ་དུས་མ་གཡེལཿ སྤྲུལ་སྒྱུར་དབང་དྲག་རོལ་པའི་ལྷ་ཚོགས་བཅསཿ སྐྱིན་ཐང་འཐོར་རླུང་དྲག་པོས་བསྐྱོད་པ་བཞིནཿ གནས་མཆོག་འདི་རུ་སྤྱན་འདྲེན་གཤེགས་སུ་གསོལཿ རྣལ་འབྱོར་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལཿ དམ་ཉམས་དགྲ་གདོན་དམ་སྲི་ཐལ་བར་རློགསཿ མངོན་སྤྱོད་དྲག་པོ་རོལ་བས་ཤུགས་ཕྱུང་ལཿ ངོ་མཚར་རྟགས་དང་མཚན་མ་བསྟན་དུ་གསོལཿ མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་ཀྲོ་ཏི་ཙནྟྲི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻམ་ཕཻམ་ཛ་ཛཿ «རྟགས་དང་མཚན་མ་མཐོང་བར་ངེསཿ བཞུགས་གསོལ་ནིཿ »ཧཱུྃཿ ཡེ་ཤེས་ལྷ་ཚོགས་དམ་ཚིག་དཀྱིལ་འཁོར་ལཿ རྒྱལ་མཚོར་ཁ་ཆར་ཐིམ་བཞིན་རོ་གཅིག་འདྲེསཿ སྲིད་གསུམ་གཡོ་འགུལ་བསྡིག་ཅིང་རང་སྒྲ་སྒྲོགཿ ཆོས་ཉིད་དྲག་པོའི་ངར་སྒྲས་སྟོབས་ལྡན་གྱུརཿ ཛཿཧཱུྃཿབཾ་ཧོཿཏིཥྛ་ལྷནཿ «ཕྱག་འཚལ་བ་ནིཿ »ཐུགས་ལས་སྤྲུལ་པའི་ལྷ་མོ་གར་སྒྱུར་མཿ བཀའ་སྲུང་དམ་ཅན་དྲེགས་པའི་སྡེ་དཔུང་ཚོགསཿ ཁྲོ་རྒྱལ་ཞེ་སྡང་རྡོ་རྗེའི་ལྷ་ཚོགས་ལཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ «མཆོད་པ་འབུལ་བ་ནིཿ »གཏུམ་དྲག་ཁྲོ་བོའི་ལྷ་ཚོགས་འཁོར་བཅས་ལཿ ཕྱི་མཆོད་གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགསཿ དབང་ལྔའི་མེ་ཏོག་ཤ་གསུར་བདུག་སྤོས་སྦྱརཿ ཞུན་ཆེན་མར་མེ་མཁྲིས་སྣའི་དྲི་ཆབ་དངཿ ཤ་རུས་ཞལ་ཟས་རྐང་གླིང་རོལ་མོའི་སྒྲཿ ཤ་ཁྲག་གཏོར་མ་བྷ་ལིང་རྒྱན་དང་ལྡནཿ བདུད་རྩི་སྨན་དང་དམར་ཆེན་རཀྟའི་བཅུདཿ སྦྱོར་སྒྲོལ་ཟག་མེད་གསང་བའི་མཆོད་པའི་སྤྲིནཿ ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་ལྷ་ལ་འབུལཿ བཞེས་ལ་མངོན་སྤྱོད་རོལ་བའི་དངོས་གྲུབ་སྩོལཿ ཨོཾ་བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེཿ གྷནྡྷེ་ནེ་ཝི་ཏྱཤབྟཔཱུ་ཙ་ཧོཿ མ་ཧཱ་སརྦ་པཉྩ་བྷ་ལིང་ཏ་རཀྟ་སརྦ་པཱུ་ཙ་ཁཱ་རཾ་ཁཱ་ཧིཿ «སླར་ཡང་བསྒྲལ་མཆོད་ནིཿ» ཧཱུྃཿ དངོས་གྲུབ་བར་ཆོད་བྱེད་པ་ཡིསཿ ཡ་མ་དམ་སྲིད་གྲ་གདོན་བགེགསཿ ཁུག་ཅིག་བཛྲ་ཨཾ་གུ་ཤཿ ཆིངས་ཤིག་བཛྲ་པཱ་ཤ་ཧོཿ སྡོམ་ཤིག་བཛྲ་སྥོ་ཊ་བམཿ མྱོས་ཤིག་བཛྲ་གྷནྡྷཻ་ཧོཿ དབྱེར་མེད་བསྟིམས་ཤིག་ཨ་ཝེ་ཤཿ ཧཱུྃཿ རྡོ་རྗེ་ཕུར་པ་ཀཱི་ལ་ཡཿ དགྲ་གདོན་སྙིང་ལ་མ་ར་ཡཱཿ མཚོན་ཆའི་ཆར་གྱིས་དུམ་བུར་གཏུབསཿ ཤ་ཁྲག་རུས་གསུམ་ཉིལ་གྱིས་གཞིགཿ ཧཱུྃཿ ཞེ་སྡང་རྡོ་རྗེ་ཁྲོས་པའི་ལྷཿ ཁྱོད་ཀྱི་ཐུགས་དམ་དུས་ལ་བབཿ བསྒྲལ་བའི་མཆོད་པ་འདི་བཞེས་ལཿ སྡུག་བསྔལ་ཉམས་སུ་མྱོང་བར་མཛོདཿ མཾ་ས་རཀྟ་ཀེཾ་ནིརྟི་ཁ་རཾ་ཁཱ་ཧིཿ« བསྟོད་པ་ནིཿ» ཧཱུྃཿ དབང་དྲག་རོལ་པ་རྡོ་རྗེ་སྲིན་པོ་ཡིཿ སྤྲུལ་པའི་གར་སྒྱུར་དྲག་པོ་འཆོལ་བའི་སྐུཿ མཉམ་ཉིད་དོན་ལྡན་གཏུམ་ཆེན་མེ་ལྟར་འབརཿ ཞེ་སྡང་རྡོ་རྗེ་ཡབ་དང་ཡུམ་ལ་བསྟོདཿ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམ་མཛད་ཅིངཿ འཁོར་འདས་དབང་བསྒྱུར་དམ་ཚིག་ས་མཚམས་འཛིནཿ མ་མོ་མཁའ་འགྲོ་ཡོངས་ཀྱི་སྲོག་སྙིང་བདགཿ ཁྲོ་བོའི་རྒྱལ་པོ་ལྕགས་སྡིག་ནག་པོར་བསྟོདཿ འདོད་ཆགས་ཆུ་ལྟར་འཁྲུགས་པས་འདོད་ཆགས་འཇོམསཿ སངས་རྒྱས་རྣམས་ཀྱི་ཕྲིན་ལས་བྱ་བ་བྱེདཿ དཔལ་མགོན་དྲེགས་པ་སྡེ་བརྒྱད་སྲོག་སྙིང་བདགཿ ཁྲོ་མོ་དབྱིངས་ཕྱུག་སྡིག་དམར་ཁྱོད་ལ་བསྟོདཿ ཡབ་ཡུམ་ཐབས་ཤེས་སྦྱོར་བའི་རྣམ་རོལ་ལསཿ དམིགས་མེད་གཏི་མུག་དྲག་པོས་གཏི་མུག་འཇོམསཿ ཁམས་གསུམ་ས་དགུ་མན་ཆད་ཟས་སུ་ཟཿ ཁྲོ་བོ་འཆོལ་བའི་རྒྱལ་པོ་ཁྱོད་ལ་བསྟོདཿ བཀའ་ཉན་ལས་མཛད་དྲེགས་པ་སྡེ་བརྒྱད་དངཿ ཡེ་ཤེས་དབྱིངས་ཀྱི་ཁྲོ་རྒྱལ་ཡབ་ཡུམ་བཅུཿ ཟ་གསོད་ཕོ་ཉ་སྲིན་པོ་ཕོ་མོའི་ཚོགསཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བདག་བསྟོད་དོཿ «བཤགས་པ་ནིཿ» སེམས་ཅན་མ་རིག་རྨོངས་པའི་གཞན་དབང་གིསཿ སྒོ་གསུམ་བག་མེད་གསང་སྔགས་དམ་ཚིག་ཉམསཿ སྦྱོར་སྒྲོལ་སྤྱོད་པ་མངོན་དུ་མ་གྱུར་པཿ ཁྲོ་རྒྱལ་དཀྱིལ་འཁོར་ལྷ་ལ་བཟོད་པར་གསོལཿ ཨོཾ་བཛྲ་ས་ཏྭ་ས་མ་ཡཿ མ་ནུ་པཱ༴ «སོགས༴» «དྲག་སྔགས་བཟླ་བ་ནིཿ» ཞེ་སྡང་རྡོ་རྗེའི་ཐུགས་ཀར་ཉིད་དཀྱིལ་དབུསཿ ཧཱུྃ་མཐིང་དྲག་པོ་སྔགས་ཀྱི་ཕྲེང་བས་བསྐོརཿ འོད་ཟེར་འཕྲོ་འདུས་དབང་དྲག་བྱིན་རླབ་བསྡུསཿ མདུན་བསྐྱེད་ལྷ་ཚོགས་བཀྲག་མདངས་གཟི་བརྗིད་རྒྱསཿ ཿགསལ་བརྟན་མ་ཡེང་ཏིང་འཛིན་དམིགས་པའི་ངངཿ ཨོཾ་མ་ཧཱ་གུ་རུ་ཨརྩིག་ནིརྩིག་ཀྲོ་ཏ་རཱ་ཛ་བཛྲ་ཙནྚི་ཡཀྴ་རཀྴ་ཧ་ལ་ཧ་ལ་ཀྲོ་ཏི་ཙནྚི་ཧ་ལུ་ཧུ་ལུ་བྲེང་བྲེང་ཤག་ཤག་ཨེ་ཧུར་ཐུམ་ཧ་ན་ཧ་ན་ཧཱུྃ་ཕཊཿ «དྲག་པོའི་སྔགས་རྒོད་ཁྲི་ལྔ་བཟླས་པས་འགྲུབཿ» སླར་ཡང་བདག་ཉིད་པདྨ་དྲག་ཁྲོས་ཀྱིསཿ ཐུགས་ལས་འོད་ཟེར་ཚྭ་ལ་རྩུབ་པ་འཕྲོསཿ མདུན་བསྐྱེད་ཞེ་སྡང་རྡོ་རྗེའི་ཐུགས་རྒྱུད་བསྐུལཿ ཡབ་ཡུམ་འདོད་ཆགས་ཞེ་སྡང་རབ་འཁྲུག་ཅིངཿ སྤྲུལ་པས་ཕོ་ཉ་དྲེགས་པ་སྡེ་བརྒྱད་བསྐུལཿ དགྲ་གདོན་དམིགས་བྱ་འགུགས་ཆིངས་སྡོམ་མྱོས་བསྟིམསཿ བསད་པ་དྲག་པོའི་ཆད་པས་རྣམ་པར་གཟིརཿ སྡུག་བསྔལ་ཉམས་སུ་མྱོང་ཞིང་གཟིར་བར་དམིགསཿ «དྲག་སྔགས་ཤམ་བུར་འདི་བཞིན་གདགསཿ» ཧ་ན་ཧ་ན་སརྦ་དུཥྟཾ་ཆེ་གེ་མོའི་ཀཱ་ཡ་ཝཱཀྐ་ཙིཏྟ་བླ་རྟེན་ཚེ་རྟེན་སྲོག་རྟེན་ཨཾ་གུ་ཤ་ཡ་ཛཿཛཿ པཱ་ཤ་ཧཱུྃཿ སྥོ་ཊ་བཾཿ གྷནྡྷེ་ཧོཿ ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡཿ ཧུར་ཧུརཿ སྲོག་ལ་བྲེངཿ བླ་ལ་དུངཿ སྙིང་ལ་ཤདཿ མ་ར་ཡཱཿ ཨེ་ཧུར་ཐུམ་རྦད་རྦདཿ «རྟགས་ཐོན་ཁྲི་གཅིག་བཟླས་པ་སྟེཿ བླ་རྟགས་ཁུག་པའི་མཚན་མ་མཐོངཿ དེ་ནས་ལས་སྦྱོར་བཟླ་བའོཿ གསང་བ་སྲོག་གི་སྤུ་གྲི་འདིཿ གང་ལའང་སྤུ་གྲི་རེགས་གཅོད་འདྲཿ ཁྱབ་བདལ་བྱེད་ན་རང་ལ་སྡིགསཿ སྲི་ཀེགས་བྱད་ཕུར་རྦོད་གཏོར་སོགསཿ གཟུགས་ཅན་གཟུགས་མེད་སྨོས་ཅི་དགོསཿ རྡོ་རྗེ་འཛིན་ཡང་བརླག་པར་ངེསཿ དེ་ནས་མཆོད་བསྟོད་བཟོད་པར་གསོལཿ བཀའ་གཏེར་སྲུང་མ་སྤྱི་དགོས་མཆོདཿ སྨད་ལས་དྲག་པོའི་ཚོགས་འཁོར་གྱིསཿ བསྒྲལ་བའི་ལས་ལ་སྦྱར་བ་སྟེཿ དྲག་པོའི་ཐུན་གྱི་སྦྱོར་བ་ནིཿ མི་བསད་མཚོན་དང་ཐོག་རྫས་མཁརཿ མི་བསད་རྡོ་ཡི་བྱེ་མ་གསུམཿ བུང་བ་ཐར་ནུ་ཐང་ཁྲོམ་གསུམཿ ཡུངས་ཀར་ཀེ་ཚེ་ཤིང་ཚེ་གསུམཿ གྲི་ཡུག་མཛེ་ཁྲག་ངར་བཏབ་པཿ གཡག་རྒོད་རྭ་བའམ་ཐོད་ནང་དུཿ འདུ་བྱ་བསད་ལས་སྔགས་ཀྱིས་བཏབཿ ལས་སྦྱཽར་མཐའ་རུ་ཅུང་ཟད་བརྡེགསཿ འགུགས་གཞུག་བླ་འགུགས་སྔགས་ཀྱིས་མཐརཿ» ཐུན་སྣོད་ནང་དུ་དྲག་པོའི་རྫས་ངན་ནིཿ སྦྲུལ་ནག་ཁ་རླངས་གདུག་པའི་མཚོན་ཆ་དངཿ ནད་སྣ་དགུ་དང་དུག་གི་ཆར་འབེབ་པཿ དམ་ཉམས་དགྲ་གདོན་ལུས་ངག་ཡིད་གསུམ་ལཿ ཕོག་པས་ལོ་ཏོག་སེར་བས་བཅོམ་བཞིན་གྱུརཿ སྨྱོ་འབོག་བརྒྱལ་ཞིང་སྡུག་བསྔལ་ཉམས་སུ་མྱོངཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་སྙིང་དབུས་སུཿ ནྲིཿཡིག་ལྗང་སེར་རྣམ་པར་འདུས་པར་གྱུརཿ «དྲག་སྔགས་སྤུ་གྲིའི་སྔགས་ཀྱིས་ཐུན་བརྡེག་གོཿ བསྒྲལ་བསྟབས་བྱ་ཞིང་བསད་རྟགས་མངོན་གྱུར་ནསཿ གསང་བའི་གནས་སྤར་ཟབ་མོའི་རྗེས་སུ་འཛིནཿ དྲག་པོ་བསད་པའི་ལས་མཐའ་ས་མ་ཡཱཿ ཁ་ཐཾཿ རྒྱཿ བཟློག་པ་སྤུ་གྲི་རེགས་གཅོད་ནིཿ» དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུནཿ ཞལ་གྱི་དཀྱིལ་འཁོར་ཕྱིར་ཕྱོགས་ཤིངཿ སྐུ་ལས་ཁྲོ་མཚོན་མེ་དཔུང་འཕྲོསཿ ཧོར་སོགས་འཇིགས་པའི་མཐའ་དམག་དངཿ དགྲ་གདོན་ནད་མཚོན་གཅན་གཟན་དུགཿ འབྱུང་བཞིའི་གཡོ་འཁྲུགས་གློ་བུར་རྐྱེནཿ རྨིས་ལྟས་མཚན་མ་ངན་པ་རྐུནཿ བཟློག་ཅིང་རང་གཤེད་དབབ་པར་བསམཿ གནམ་ལྕགས་སྡིག་པ་ཕོ་མོ་ཡིཿ སྐུ་ལས་འཕྲོས་པའི་ཕོ་ཉའི་ཚོགསཿ དམིགས་པའི་ཡུལ་དུ་འཕྲོས་པ་ཡིསཿ ར་ལུག་སེར་བས་དེད་པའམཿ ཤོག་སྐྱ་རླུང་གིས་གཏོར་བ་བཞིནཿ རང་གཤེད་དབབ་ཅིང་ཕ་མཐར་བསྐྲདཿ ལྷ་ཚོགས་གཟི་བརྗིད་བཀྲག་ལྡན་གྱུརཿ རཀྟ་དམར་སྦྲེང་ཡུང་ཐུན་བརྡེགཿ ཏིང་འཛིན་དམིགས་གནད་ལྡན་པ་ཡིསཿ «བཟློག་པའི་ཕྲིན་ལས་དྲག་པོ་བཅོལཿ» ལྷ་ཚོགས་སྐུ་ལས་ཁྲོ་བོ་ཁྲོ་མོ་དང་ཡཀྴ་མེ་དབལ་གྱི་ཚོགས་ལྕགས་སྡིག་དང་བཅས་པའི་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་ཞིང་སྲིད་གསུམ་གཡོ་འགུལ་བརྡེག་ཅིང་མ་རུང་བ་ཚར་བཅདཿ དུག་ལྔ་ཡེ་ཤེས་ལྔའི་རྣམ་རོལ་དུ་བཟློག་པར་བསམ་ལཿ «བཟློག་སྔགས་འབྲུག་སྟོང་ལྡིར་བཞིན་སྒྲོགཿ རི་དབང་རྩེར་ཕྱིན་ཐོག་འབེབ་དངཿ དབང་བསྐུར་ཁྲིམས་བསྟན་གཡུལ་མེད་འགྱེདཿ རིན་ཆེན་དམངས་སུ་ལེན་པ་སོགསཿ བཟློག་པའི་ལས་འགྲུབ་རྟགས་མཚན་ནོཿ ཐུན་མཚམས་གཏོར་མ་ཟོར་དུ་འཕེནཿ རྣོ་སོ་གདེགས་པའི་འཁོར་ལོ་ནིཿ གནམ་ལྕགས་སྡིག་པའི་ལྟོ་བ་རུཿ མུ་ཁྱུད་ལྔ་ལྡན་འཁོར་ལོ་ཡིཿ ལྟེ་བར་རྡོ་རྗེ་རྭ་གདེངས་བཿ དབུས་སུ་སྔགས་རྒོད་འབྲུ་དགུ་དགོདཿ དེའི་མཐར་སྲིན་པོའི་ཡི་གེ་ནིཿ བཟློག་བསྔགས་སྤུ་གྲི་རེག་གཅོད་བཀོདཿ དེའི་མཐར་འཁོར་ལོ་རྩིབ་བརྒྱད་པཿ དྲག་པོའི་སྔགས་ཀྱི་སྙིང་པོ་ཅནཿ རྩིབ་མཆན་རལ་གྲིའི་རྣོ་དབལ་སོཿ དེའི་མཐར་བཟློག་བསད་སྔགས་ཀྱིས་བསྐོརཿ ཐ་མར་མེ་དཔུང་འབར་བ་ཡིསཿ མཚམས་སུ་སྡིག་པའི་ཚཱ་ཚཱ་འཕྲོསཿ ཐུན་རྫས་ཀྱིས་བྱུགས་ཕྱར་ཐབས་འཛུགས༔ གཏོར་མར་མཚེ་ཡུངས་རྩང་གིས་བརྒྱནཿ བསད་པའི་ཐུན་གཏོར་འབུལ་བ་དངཿ བཟློག་པའི་ཐུན་གཏོར་འཕེན་པ་གནདཿ བཟློག་པའི་རིམ་པ་ས་མ་ཡཱཿ ཁ་ཐཾཿ རང་སྲུང་གོ་ཆའི་ལུས་བསྲུང་ནསཿ ཐ་མ་ལས་ལ་སྦྱར་བ་ནིཿ བསད་དང་བཟློག་པའི་རྟགས་བྱུང་ནསཿ ཿབསྲེགས་བྱེད་མེ་ཡི་ལས་མཐའ་བརྟནཿ ཕུང་པའི་སྟེགས་བུ་གྲུ་བཞི་པཿ རོ་སོལ་དུག་གིས་ནག་པོར་བྱཿ དབུས་སུ་རྡོ་རྗེར་ཧཱུྃཿགིས་མཚནཿ མུ་རན་རྡོ་ར་ཁ་ཁྱེར་མེཿ བར་མཚམས་ཁྲག་མཚོ་སྡིག་པའོཿ སྟེང་དུ་དུག་ཤིང་ཧོམ་ཁུང་བརྩིགསཿ མཆོད་རྫས་སྨན་རཀ་གཏོར་གསུམ་དངཿ དྲག་པོའི་ཉེར་སྤྱོད་འདུ་བྱ་ཞིངཿ བསྲེགས་རྫས་ཚིལ་ཞུན་འབྲུ་ནག་མརཿ དུག་ཤིང་ཡམ་ཤིང་མཐོ་གང་བཿ ཁྲག་གིས་དགྲ་བོའི་མིང་རུས་བྲིསཿ དུག་སྣ་གསུམ་དང་ཚ་བ་གསུམཿ ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་གསུམཿ ཤ་ཁྲག་རུས་པ་ནས་སྲན་བྱཿ བསྲེས་པ་དྲག་པོའི་རྫས་ཡིན་ཏེཿ ཡུངས་ཀར་གུ་གུལ་བུང་བ་གསུམཿ ཁྱད་པར་དྲག་པོའི་རྫས་སུ་བཀོདཿ ལིང་ག་སྐྱེ་མཆེད་དབང་པོ་ཚངསཿ མིང་རུས་ལྡན་པ་གནད་ཀྱི་རྫསཿ ཡི་དམ་ལྷ་ཡི་ང་རྒྱལ་གྱིསཿ »ཧཱུྃཿཧཱུྃཿ སྣང་སྲིད་ཐམས་ཅད་གཞལ་ཡས་ཁངཿ གཟུགས་སྣང་ཐམས་ཅད་དཀྱིལ་འཁོར་ལྷཿ སྒྲ་གྲགས་ཐམས་ཅད་དྲག་པོའི་སྔགསཿ དྲན་རྟོགས་སྙིང་རྗེ་ཁྲོས་པའི་ངངཿ བདག་ཉིད་པདྨ་དྲག་པོ་རྩལཿ ཐམས་ཅད་ང་ཡི་རོལ་གར་སྒྱུརཿ «རྩ་སྔགས་བརྒྱ་རྩ་བརྒྱད་བཟླ་ཞིངཿ དེ་ནས་བསྲེགས་རྫས་བྱིན་རླབ་ནིཿ» ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ «ཀྱིས་བསངསཿ» ཨོཾ་སྭ་བྷ་ཝ་ཤུདྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾཿ «གིས་སྦྱངསཿ »སྟོང་པའི་ངང་ལས་མཆོད་རྫས་དང་བསྲེགས་རྫས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་དག་ཅིངཿ སླར་ཡང་དགྲ་གདོན་དམིགས་པའི་ཡུལ་དུ་གྱུར་པའི་ཕུང་པོའི་ཁམས་དང་སྐྱེ་མཆེད་ཕོ་རྒྱུད་མོ་རྒྱུད་བྲན་གཡོགས་ཡུལ་མཁར་ནོར་ཕྱུགས་རྩ་ལག་འབྲེལ་བ་སྣ་འདྲེན་སྡོང་ཟླ་དང་བཅས་པ་མངོན་སུམ་དུ་གསལ་བར་གྱུརཿ «གསེར་སྐྱེམས་བསྐུལ་དང་འགུགས་གཞུགས་གཞུང་ལྟར་བྱཿ ལྷ་དབྱེ་ཕུར་གདབས་བསྒྲལ་བ་དང་བཅས་པསཿ ཏིང་འཛིན་དམིགས་པའི་འཁྲུལ་འཁོར་ལྡེ་ཁ་སྒྱུརཿ »མཆོད་སྲེགས་ཀྱི་རྫས་རྣམས་དམ་ཉམས་དགྲ་བགེགས་བསྒྲལ་བའི་གཏི་མུག་ཤ་ཡི་རི་བོཿ འདོད་ཆགས་ཁྲག་གི་རྒྱ་མཚོཿ ཞེ་སྡང་རུས་པའི་འགྲམ་ཁྲོདཿ གཞན་ཡང་དྲག་པོའི་ཐུན་རྫས་ཚེ་བསོད་བཀྲག་མདངས་གཟི་བརྗིད་འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པའི་གཏེར་དུ་གྱུརཿ «དེ་ནས་ཐབ་བྲན་ཞིང་ཿ» ཨོཾ་ཛྭ་ལ་རཾ་གྱིས་མེ་སྦར་ཞིངཿ ཨོཾ་སྭ་བྷ་ཝ་ཤུདྡྷེ་སརྦ་དྷརྨཱ་ས་བྷ་ཝ་ཤུདྡྷོ྅ཧཾཿ མདུན་རྟེན་མི་དམིགས་སྟོང་པའི་ངངཿ དམར་ནག་མེ་དཔུང་འཁྲུགས་པའི་དབུསཿ གནམ་ལྕགས་འཁོར་ལོའི་གཞལ་ཡས་ནིཿ དྲག་པོ་ཨེ་ཡི་ཕོ་བྲང་ཆེཿ ཟུར་གསུམ་ཐོད་མཁར་གྲུ་གསུམ་པའིཿ དབུས་སུ་དམར་ནག་རཀྟའི་མཚོཿ རྦ་ཀློང་རབ་ཏུ་འཁྲུགས་པ་ལསཿ ནད་མཚོན་དུག་གི་རླངས་པ་འཕྱོཿ དེའི་དབུས་ཧཱུྃ་ཡིག་དམར་ནག་ཟུངཿ ཡོངས་གྱུར་ཆུ་ལས་ཉ་འཕར་ལྟརཿ ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཆེཿ གནམ་ལྕགས་སྡིག་པ་མགོ་དགུ་པཿ ཞལ་གདངས་མཆེ་བ་རབ་ཏུ་གཙིགསཿ བཅོ་བརྒྱ་རྭ་གདེངས་ལྗགས་དམར་བརྐྱངསཿ ལག་པ་བཅོ་བརྒྱད་ལྕགས་སྡེར་བསྒྲདཿ ལུས་པོ་ཐམས་ཅད་གཉེར་མས་གངཿ གཉེར་མའི་གསེབ་ནས་མེ་སྟག་འཕྲོསཿ ལྟོ་ཞལ་འཇིགས་པས་དགྲ་བགེགས་ཟཿ མཇུག་མ་གཡས་གཡོན་འཁྱིལ་བའི་རྩེརཿ ཁ་གདངས་དུག་གི་ཆུ་རྒྱུན་འབེབསཿ མགོ་ལུས་མེད་པར་མིག་སྟོང་དངཿ ཁ་བརྒྱ་བསྒྲད་ཅིང་ནད་མཚོན་མེཿ དུག་སྣ་དགུ་ཡི་རླངས་པ་འཕྱོཿ རང་འདྲའི་ཁྲོ་མོ་དམར་མོར་སྦྱོརཿ ལྟོ་བར་དམ་སྲི་ཕོ་མོ་མནརཿ མཇུག་མ་གཡས་གཡོན་ཐུར་འཕྱང་བསཿ འོག་གཞི་དྲག་པོའི་བཙོན་ཁང་ནསཿ དགྲ་གདོན་དམིགས་བྱར་གསལ་བ་ཡིསཿ སྙིང་ཁའི་ས་བོན་དབུས་སུ་ཟུགཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་འཇིབསཿ ཡེ་ཤེས་བསྐལ་མེ་རབ་འབར་བའིཿ འཁོར་དུ་དྲེགས་པ་སྡེ་བརྒྱད་དངཿ ཕྱི་རོལ་ཁྲོ་བཅུ་ཡབ་ཡུམ་གསལཿ བདག་མདུན་ཐུགས་ཀའི་ས་བོན་ལསཿ གློག་ལྟར་མྱུར་བའི་འོད་འཕྲོས་པསཿ གཏུམ་ཆེན་དྲག་པོའི་ཞིང་ཁམས་ནསཿ ཞེ་སྡང་རྡོ་རྗེ་ཡབ་ཡུམ་དང་ཿ དྲག་པོའི་ལྷ་ཚོགས་སྤྱན་དྲངས་བསྟིམསཿ «སྤྱན་འདྲེན་པ་ནིཿ གུ་གུལ་དང་ཤ་ཆེན་གྱི་དུད་པས་བདུག་ཅིང་ཿ »ཧཱུྃཿ ཉི་མ་ལྷོ་ནུབ་ཟ་བྱེད་སྲིན་པོའི་གྲོངཿ རྔ་ཡབ་གླིང་ཕྲན་འགྲོ་འདུལ་སྤྲུལ་པའི་ཞིངཿ བདུད་འདུལ་དྲག་དྲག་པོའི་རོལ་བའི་དཀྱིལ་འཁོར་ནསཿ གུ་རུ་དྲག་པོའི་ཕྲིན་ལས་སྤྲུལ་སྒྱུར་གརཿ གདུག་པ་འདུལ་བའི་གཤེད་དུ་རབ་རྔམས་པཿ ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཡབ་དང་ཡུམཿ ཁྲོ་བོ་ཁྲོ་མོ་དྲེགས་པ་སྡེ་བརྒྱད་ཚོགསཿ སྔོན་གྱི་ཞལ་བཞེས་ཐུགས་དམ་དུས་མ་གཡེལཿ སྤྲུལ་སྒྱུར་དབང་དྲག་རོལ་བའི་ལྷ་ཚོགས་བཅསཿ སྐྱིན་ཐང་འཐོར་རླུང་དྲག་པོས་བསྐྱོད་པ་བཞིནཿ གནས་མཆོག་འདི་རུ་སྤྱན་འདྲེན་གཤེགས་སུ་གསོལཿ རྣལ་འབྱོར་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལཿ དམ་ཉམས་དགྲ་གདོན་དམ་སྲི་ཐལ་བར་རློགཿ མངོན་སྤྱོད་དྲག་པོ་རོལ་བས་ཤུགས་ཕྱུང་ལཿ ངོ་མཚར་རྟགས་དང་མཚན་མ་བསྟན་དུ་གསོལཿ མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་ཀྲོ་ཏི་ཙཎྜི་སརྦ་ས་མ་ཡ་ཨ་ཝེ་ཤ་ཕཻམ་ཕཻམ་ཿཛཿཛཿ «རྟགས་དང་མཚན་མ་མཐོང་བར་ངེསཿ བཞུགས་གསོལ་ནིཿ» ཧཱུྃཿ ཡེ་ཤེས་ལྷ་ཚོགས་དམ་ཚིག་དཀྱིལ་འཁོར་ལཿ རྒྱ་མཚོར་ཁ་ཆར་ཐིམ་བཞིན་རོ་གཅིག་འདྲེསཿ སྲིད་གསུམ་གཡོ་འགུལ་བསྡིག་ཅིང་རང་སྒྲ་སྒྲོགཿ ཆོས་ཉིད་དྲག་པོའི་རང་སྒྲས་སྟོབས་ལྡན་གྱུརཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷནཿ «ཕྱག་འཚལ་བ་ནིཿ» ཐུགས་ལས་སྤྲུལ་པའི་ལྷ་མོ་གར་སྒྱུར་མཿ བཀའ་སྲུང་དམ་ཅན་དྲེགས་པའི་སྡེ་དཔུང་ཚོགསཿ ཁྲོ་རྒྱལ་ཞེ་སྡང་རྡོ་རྗེའི་ལྷ་ཚོགས་ལཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ «ཞེས་མཆོད་པ་ཡན་བཏང་མཐརཿ བྱོན་སྐྱེམས་འབུལ་བ་ནིཿ» དྲག་པོ་ཁྲོས་པ་ཞེ་སྡང་རྡོ་རྗེ་ལཿ དམར་ཆེན་ཏཀྟ་ཁྲག་གི་མཆོད་པ་འབུལཿ བཀྲག་མདངས་གཟི་བྱིན་བསྐྱེད་ལ་སྟོབས་རྩལ་ཕྱུངཿ བསྲེགས་བྱེད་མེ་ཡི་ཕྲིན་ལས་འགྲུབ་པར་མཛོདཿ ཨོཾ་བཛྲ་ཡཀྴ་ཀྲོ་ཏཱ་ཨགྣེ་ཡེ་ཛྭ་ལ་རམ་མར་ཡཱ་ཕཊཿ «ཉེར་གཅིག་འབུལཿ» དཔལ་ཆེན་ཁྲག་འཐུང་པདྨ་དྲག་པ་ཡིཿ སྤྲུལ་པའི་གར་སྒྱུར་ཕོ་ཉ་ལས་མཁན་ཆེཿ ལྕགས་སྡིག་དམར་ནག་ཁྲོ་བོ་ཁྲོ་མོ་དངཿ དྲེགས་པ་སྡེ་བརྒྱད་ལྷ་ཚོགས་འཁོར་བཅས་ལཿ དགྲ་བགེགས་དམིགས་བྱའི་ཚེ་བསོད་བཀྲག་མདངས་སྟོབསཿ ཤ་ཁྲག་སྲོག་དབུགས་རྫས་ཀྱི་མཆོད་པ་འབུལཿ བཞེས་ནས་དགྲ་གདོན་མིང་གི་ལྷག་མར་ཐོངསཿ «ཡམ་ཤིང་མར་ནག་བསྲེག་པའི་རྫསཿ ཁྱད་རྫས་བཅས་པ་སྔགས་འདི་ཡིསཿ བརྒྱ་རྩ་ཆད་ལྷག་མེད་པར་འབུལཿ »ཨོཾ་མ་ཧཱ་གུ་རུ་ཨརྩིག་ནིརྩིག་ཧ་ན་ཧ་ན་སརྦ་དུཥྟཾ་«ཆེ་གེ་མོའི་»ཀཱ་ཡ་ཝཀྐ་ཙིཏྟ་བླ་རྟེན་ཚེ་རྟེན་སྲོག་རྟེན་ཁ་རཾ་ཁཱ་ཧིཿ ཛྭ་ལ་རཾ་མ་ར་ཡ་ཕཊཿ «དྲག་པོའི་དམིགས་གནད་ལྡན་པ་ཡིསཿ རྫས་རྣམས་ཡོངས་སུ་རྫོགས་པའི་མཐརཿ བསྲེགས་པའི་ལིང་གར་དམིགས་བྱ་སྟེཿ སླར་ཡང་འགུགས་གཞུག་ལན་གསུམ་མཐརཿ» ཧཱུྃཿ པདྨ་དྲག་པོའི་ཕྲིན་ལས་ལྷཿ ཞེ་སྡང་རྡོ་རྗེ་འཁོར་དང་བཅསཿ གནམ་ས་ཙམ་གྱི་ཞལ་གདེགས་ལཿ གངས་རི་ལྟ་བུའི་མཆེ་བ་གཙིགསཿ གློག་དམར་འཁྱུག་འདྲའི་ལྗགས་སྐྱོངས་ཤིགཿ དམ་ཉམས་དགྲ་གདོན་ལས་ངན་འདིའིཿ ཕུང་ཁམས་སྐྱེ་མཆེད་ཡུལ་འཁོར་བཅསཿ ཿཁྲོ་རྒྱལ་ཁྱོད་ཀྱི་ཞལ་དུ་བསྟབསཿ ཚེ་བསོད་བཀྲག་མདངས་བདག་ལ་བསྟིམསཿ ཞེ་སྡང་ཅན་ཁྱོད་ཤ་ལ་ཡཿ འདོད་ཆགས་ཅན་ཁྱོད་ཁྲག་ལ་འཐུང་ཿ གཏི་མུག་ཅན་ཁྱོད་རྣམ་ཤེས་མཐུམསཿ ང་རྒྱལ་ཅན་ཁྱོད་རུས་ལ་ཆེམསཿ ཕྲག་དོག་ཅན་ཁྱོད་སྲོག་དབུགས་ལོངསཿ མིང་གི་ལྷག་མར་ཚར་ཆོད་ཅིགཿ «གོང་གི་དྲག་སྔགས་ལན་གསུམ་བཟླཿ གནམ་ལིང་བསྟབས་པ་སྐབས་དང་སྦྱརཿ བསྟབས་པ་དམིགས་པས་མཐའ་རྫོགས་བྱཿ ཆོས་ཉིད་ངང་དུ་དར་ཅིག་བཞགཿ མེ་ཡི་ལས་མཐའ་དྲག་པོ་འདིཿ རྣོ་མྱུར་བསྐལ་མཐའི་མེ་བདུན་མཚུངསཿ སླར་ཡང་མཆོད་ཅིང་གཤེགས་སྐྱེམས་འབུལཿ བསྟོད་ཅིང་ནོངས་བཤགས་གཤེགས་གསོལ་ནིཿ» ཞེ་སྡང་རྡོ་རྗེ་འཁོར་དང་བཅསཿ བསྲེགས་བྱེད་མེ་ཡི་ལས་འགྲུབ་པའིཿ དཀྱིལ་འཁོར་དབུས་སུ་གཤེགས་སུ་གསོལཿ སླར་ཡང་མངོན་སྤྱོད་ལས་ལ་དགོངསཿ བཛྲ་མུཿ «ལྕེ་བདེ་སྦར་ལ་གཏོར་མར་བཞུགསཿ བསྔོ་སྨོན་ནིཿ »མ་རུང་གདུག་པའི་ཚོགས་ཀུན་ཡོངས་འཇོམས་པསཿ དགེ་ཚོགས་སེམས་ཅན་སངས་རྒྱས་ཐོབ་ཕྱིར་བསྔོཿ ཕྲིན་ལས་དྲག་པོའི་མངོན་སྤྱོད་རོལ་བ་ཡིསཿ དགྲ་གདོན་ཐལ་བར་བརླག་པའི་མཐུ་ལྡན་ཤོགཿ «ཤིས་པ་བརྗོད་ཅིང་ཐབ་དཀྱིལ་བསྡུཿ བསྲེགས་པའི་ལས་མཐའ་ས་མ་ཡཱཿ ཁ་ཐཾཿ མནན་པ་ས་ཡི་ལས་མཐའ་ནིཿ བསད་སྔགས་བཟླ་ཞིང་རྟགས་བྱུང་དུསཿ» བྲུབ་ཁུང་ནང་དུ་སྲི་ངན་ཕོ་མོ་ནིཿ སྲིན་བྱའི་མགོ་བོ་ལུས་རིད་དབང་པོ་ཚངསཿ ཡན་ལག་ལྕགས་སྒྲོག་གིས་བསྡོམས་ཚིག་ཆེན་བཞིརཿ སྣ་ཚོགས་རྡོ་རྗེ་སྲ་བརྟན་ལྕི་བས་མནནཿ སྤྱི་བོར་གནམ་ལྕགས་འཁོར་ལོ་རྩིབ་བརྒྱད་འཁོརཿ སྙིང་དབུས་ཟངས་མར་འཁོར་ལོ་རྩིབ་དྲུག་པཿ གཡོན་དུ་འཁོར་བས་ཤ་ཁྲག་རུས་གསུམ་པོཿ ཉིལ་ཉིལ་གདུབ་ཅིང་ལྷན་སྐྱེ་ལྷ་དང་བདུདཿ དུག་སྦྲུལ་དམར་ནག་གཉིས་ཀྱིས་ལྷག་མེད་ཟོསཿ རྣམ་ཤེས་ལྕགས་ཟངས་སྡིག་པའི་ཁ་བར་འཐུམཿ སྡུག་བསྔལ་ཉམས་སུ་མྱོང་ཞིང་སྒྲིབ་དག་གྱུརཿ ཨོཾ་བཛྲ་རཀྴ་ཀྲོ་ཏ་ཨེ་ཧུར་ཧུར་གནོད་བྱེད་སྲི་ངན་བྱད་མ་«ཆེ་གེ་མོའི་»བླ་རྟེན་ཚེ་རྟེན་སྲོག་རྟེན་ཨཾ་གུ་ཤ་ཡ་ཛཿཛཿ པཱ་ཤ་ཧཱུྃཿ སྥོ་ཊ་བཾཿ གཎྜེ་ཧོཿ བཛྲ་ནནཿ ཙཀྲ་ཛྭ་ལ་ཧུར་ཐུམ་མ་ར་ཡ་རྦད་རྦདཿ ནྲྀ་ཏྲི་ཁ་ཐཾཿ སྟྭམ་བྷ་ཡ་རྦད་རྦད་ནན་ནནཿ གནོད་བྱེད་སྲི་ངན་བྱད་མ་«ཆེ་གེ་མོའི་»ཤ་ལ་ཧུར་ཧུརཿ ཁྲག་ལ་ཏུབ་ཏུབཿ རུས་ལ་ཁྲུམ་ཁྲུམཿ བླ་སྲོག་གློ་སྙིང་ནང་རོལ་ལ་ཡ་ཡཿ རུ་པ་རུ་པ་ཁ་ལ་དུནཿ མ་ར་ཡ་ནནཿ སྲི་ངན་བྱད་མ་«ཆེ་གེ་མོའི་»རྣམ་པར་ཤེས་པ་ཧཱུྃ་ཧཱུྃཿ ཨེ་རྦད་ཐུམཿ ཀཱ་ཡ་ཝཀྐ་ཙིཏྟ་ཨོཾ་ལཾ་ནནཿ ཨཱ་ལཾ་ནནཿ ཧཱུྃ་ལཾ་ནནཿ སྟྭམ་བྷ་ཡ་ནནཿ ཕཊཿ མ་ར་ཡ་ནནཿ མ་ཏྲི་རུ་ཏྲི་རྦད་ནན་ནནཿ «མནན་སྔགས་རྟགས་ཐོན་བར་དུ་བཟླཿ ཿམཁའ་ལྡིང་ཟིན་དང་མཆོད་རྟེན་བརྩེགསཿ གཅན་གཟན་ནམ་ནི་སྲོག་ཆགས་རིགསཿ བཙོན་རར་འཛུད་དང་ས་འོག་ནོནཿ དངོས་སུ་ལིང་ག་མཁུན་པ་དངཿ སྡོམ་དང་སྲོག་ཆགས་གྲུབ་ཁུང་ཚུད༔ མཚན་མ་བྱུང་དུས་ལས་འགྲུབ་བོཿ ལིང་ག་མནན་ལྟེབ་ཚོན་སྐུད་དངཿ ཡུག་སྐྲས་བཅིངས་ཤིང་ཐོད་ངན་གཞུགསཿ ཚ་དང་སྒོག་པ་གཡེར་མ་གསུམཿ རམ་པ་སྦང་མ་བྲ་བོ་གསུམཿ ཐལ་བ་ར་འོ་ཇུ་ཚེ་གསུམཿ མི་ཁའི་རྫས་ཀྱིས་གཏམ་བྱས་ལཿ ཕུང་རེས་གཏུམས་ཤིང་ལ་ཆས་གཏམཿ འགལ་པ་ཁ་ནག་རུས་སྒོག་གསུམཿ ལྷན་ཅིག་ལྷ་ཁང་མཆོད་རྟེན་འོགཿ ཤིན་ཏུ་རྩུབ་པའི་ས་སྤར་ངནཿ ལམ་དང་རི་སྣ་ཆུ་འདུས་སོགསཿ གཏད་མི་དགོས་པའི་ས་རུའོཿ གཞི་བདག་དཀར་གསུམ་གཏོར་མས་བརྔནཿ »རང་ཉིད་གུ་རུ་དྲག་པོ་ཡིཿ མཐའ་ཕྱག་གནམ་ལྕགས་ཕུར་བུ་ནིཿ དབང་ཆེན་གཞི་ལ་བཏེགས་པ་ཡིསཿ མཐའ་ཡི་རྒྱ་མཚོ་སྔོ་མེར་སོངཿ དེ་ནང་ཀླུ་བདུད་ནག་པོ་ནིཿ མུན་པའི་མདོག་ལ་ཆུ་སྲིན་མགོཿ སྦྲུལ་མགོ་དགུ་ཡི་གདེང་ཀ་ཅནཿ སྦྲུལ་ཞགས་དང་ནི་ནད་རྐྱལ་ཐོགསཿ ཁྲོས་པའི་སེམས་ཀྱིས་ཁ་གདངས་བཿ བྱུང་ཞིང་བདག་ལ་འདུད་པར་སྒོམཿ «ལིང་ག་ཞབས་གཡོན་འོག་ནོན་ལཿ འགུགས་གཞུགས་དྲག་པོ་ལན་གསུམ་བྱཿ» ཧཱུྃཿ ང་ནི་ཡེ་ནས་ཁྲོ་རྒྱལ་སྐུཿ དབང་དྲག་ཁྲོ་བོ་འཆོལ་བ་ཆེཿ དམ་ཉམས་སྡིག་ལྡན་དགྲ་དང་བགེགསཿ མ་རུང་ཡ་མ་དམ་སྲི་ཁྱོདཿ སྙིང་རྗེ་ཆེན་པོས་རྗེས་བཟུང་ཀྱངཿ ལས་ངན་དྲག་པོའི་སྟོབས་ཤུགས་ཀྱིསཿ ཁྱོད་ཀྱི་མི་དགེའི་ལས་ལ་སྤྱོདཿ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནིཿ གསང་བ་སྔགས་ཀྱི་ཁྱད་ཆོས་ཏེཿ དྲག་པོའི་རྗེས་སུ་འཛིན་པའོཿ ཆོས་ཉིད་སྐྱེ་བ་མེད་པ་དངཿ ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུཿ རྟེན་འབྲེལ་བསླུ་བ་མེད་པ་ཡིསཿ ལས་ངན་དེ་དང་བྲལ་ནས་ཀྱངཿ མཐར་ཐུག་སྔགས་ཀྱིས་གདུལ་བྱར་ཤོགཿ «ཅེས་བརྗོད་ཅིང་སྒོ་ཐེམས་འོག་ཏུ་ལན་གསུམ་དྲངསཿ སློབ་དཔོན་རྐང་གཡོན་གསུམ་བསྐོར་ཞིངཿ ལག་གཡོན་ཐོགས་ཅིང་ཟངས་ལྕགས་ཀྱིསཿ སྡིག་པས་བཟུང་ཞིང་འཆོར་མེད་ཀྱིས༔ ཀླུ་བདུད་གཤིན་རྗེའི་ཁ་རུ་འཕངཿ» ཧཱུྃཿ སྡིག་ཅན་ཡ་མ་དམ་སྲི་དངཿ ཉམས་པ་ཅན་གྱི་སྨོན་ལམ་ལོགཿ ཁྱོད་ཀྱི་ལས་ངན་སྡིག་པ་བསགསཿ དང་པོ་སློབ་དཔོན་ཁྱད་དུ་བསདཿ བར་དུ་སྦྱོར་སྒྲོལ་ལོག་པར་བལྟསཿ ཐ་མ་གསང་སྔགས་བསྟན་པ་བསྣུབསཿ དབང་བསྐུར་ཞུས་ཤིང་དམ་ལས་ཉམསཿ ལས་ངན་ཁྱོད་ཀྱི་སྡིག་ཁ་གངཿ ད་ནི་འདུལ་བའི་དུས་ཡིན་པསཿ རིམ་པ་དགུ་ཡི་ས་འོག་ཏུཿ ལས་གཤིན་ནག་པོའི་ཁ་རུ་འཕེནཿ འཆི་བདག་ལས་ཀྱི་དཔའ་བོ་ཆེཿ གཏད་པ་ང་ཡིས་མི་ནོར་ནཿ བཟུང་བ་ཁྱོད་ཀིས་མ་ཤོར་ཅིགཿ ཿའཇིགས་རུང་དྲག་པོའི་ལྟོ་བར་ཚུདཿ ཞལ་བསྡོམས་རིམ་དགུའི་ས་འོག་སོངཿ མོས་པའི་བསྟན་པ་མ་རྫོགས་པརཿ སྡུག་བསྔལ་ཉམས་སུ་མྱོང་བར་གྱིསཿ བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཚེཿ ཁྱོད་ཀྱི་འབྲས་བུ་ཐོབ་པར་ཤོགཿ «རྫས་ངན་ས་རྡོ་དོང་ཕྱེད་འགེངསཿ མེ་ཆུ་ས་ཡིས་གཏམ་བྱས་ཤིངཿ རླུང་ཡང་རྒྱུ་བའི་སྐབས་མེད་པཿ མནན་ཚག་ལས་མཐའ་དམ་པ་བྱཿ» ཨོཾ་ལཾཿ ཨཱཿལཾཿ ཧཱུྃ་ལཾཿ ཨེ་ཡཾ་རཾ་བཾ་ལཾ་མ་ར་ཡཱཿ སྟྭཾ་བྷ་ཡ་ནནཿ «རྒྱ་གྲམ་རི་རབ་འབར་བས་མནནཿ རྡོ་རྗེའི་གར་གྱིས་བྲོ་བརྡུངས་ཤིངཿ» ཧཱུྃཿ བདུད་འདུལ་ཁྲོས་པ་གྲོ་བོ་ལོདཿ པདྨ་དབང་དྲག་ལྷ་ཚོགས་ཀྱིསཿ རྡོ་རྗེའི་གར་གྱི་བྲོ་བརྡུང་བསཿ སྲིད་པ་ཕོ་རྒྱུད་ཐམས་ཅད་ཀུནཿ ཐབས་མཆོག་ཞབས་གཡས་འོག་ཏུ་ནོནཿ ཁྲོ་མོ་རོལ་བའི་སྟབས་བསྒྱུར་ཅིངཿ ཧཱུྃ་ཕཊཿགད་རྒྱངས་སྒྲ་སྒྲོག་པསཿ གདུག་པའི་མོ་རྒྱུད་ཐམས་ཅད་ཀུནཿ ཞབས་གཡོན་བྲོ་བརྡུང་འོག་ཏུ་ནོནཿ ཆགས་ཆེན་རྣམ་པར་རོལ་པ་ཡིསཿ བདེ་བ་ཆེན་པོར་སྦྱོར་བའི་བྲོཿ གཟུང་འཛིན་མ་རིག་དམ་སྲིའི་དཔུངཿ ཁྱབ་བརྡལ་ཆེན་པོའི་ཀློང་དུ་མནནཿ ཡེ་ཤེས་ལྔ་ཡིས་རྒྱས་བཏབ་པོཿ ཨོཾ་སུམ་བྷ་ནི༴« སོགས༴ »སྟྭཾ་བྷ་ཡ་རཀྵ་ནནཿ «ལས་མཐའ་རྗེས་མི་མངོན་པར་བྱཿ ཕྱི་འཁོར་མེད་པ་ནང་དུ་ལོགཿ མནན་པའི་ལས་མཐའ་ས་མ་ཡཱཿ འཕེན་པ་ཟོར་གྱི་ལས་མཐའ་ནིཿ དྲག་པོའི་ཚེས་དང་གཟའ་སྐར་དུསཿ བཟློག་པ་རྫོགས་ནས་སྒོ་དབྱེ་ནིཿ བླ་གབ་མེད་པའི་གནས་སུ་ཕྱིནཿ དཀར་ཕྱོགས་གཏོར་མས་བརྔན་བྱས་ལཿ གསེར་སྐྱེམས་སྔོན་དུ་འགྲོ་བ་ཡིསཿ »ཧཱུྃཿ ཕྱོགས་བཞི་འཚམས་བརྒྱད་སྟེང་འོག་ནཿ གནས་པའི་ས་བདག་ཀླུ་གཉན་དངཿ སྡེ་བརྒྱད་གནོད་སྦྱིན་དྲེགས་པའི་ཚོགསཿ གསེར་སྐྱེམས་གཡུ་སྐྱེམས་མཆོད་པ་བཞེསཿ ཁྲག་འཐུང་རྒྱལ་པོའི་ཟོར་ལམ་དུཿ མ་སྡོད་སྐུ་ཟུར་ཞབས་བསྐུམ་ལཿ དབུ་ཆུམ་ཟོར་སྣ་དགྲ་ལ་གཏོདཿ སྔོན་ཚེ་གསང་བའི་བདག་པོ་དངཿ གུ་རུ་དྲག་པོའི་བཀའ་བསྒོས་བཞིནཿ དཀར་ཕྱོགས་དམག་དང་དཔུང་རོག་མཛོདཿ ནག་ཕྱོགས་དགྲ་ལ་རང་གཤེད་ཕོབཿ སྡེ་བརྒྱད་དྲེགས་པའི་སྣ་འདྲེན་ཕྱིརཿ རཱ་ཧུ་ལ་ཡ་མདའ་ཟོར་ཡཿ དགྲ་ཁམས་རྡུལ་དུ་རློག་པའི་ཕྱིརཿ རྣལ་འབྱོར་བསྒྲུབས་པའི་གཏོར་ཟོར་ཡཿ ལྷ་དང་སྲུང་མའི་དམག་ལམ་དངཿ དྲག་པོའི་ཟོར་གྱིས་སྒོ་ཕྱེས་ཤིགཿ« བཟློག་སྔགས་བཟླ་བཞིན་མདའ་གཏོར་འཕངཿ བཀྲ་བརྟགས་ལ་ཉེ་ངན་པ་ནཿ སླར་ཡང་ཞག་གསུམ་བཟློག་པར་འབདཿ དེ་ཚེ་ལ་ཉེ་ལེགས་པར་འོང་ཿ ནང་དུ་ལོག་ལ་མཆོད་ཅིང་བསྟོདཿ དཀྱིལ་འཁོར་ནང་གི་སྒོ་དབྱེ་ནིཿ »ཧཱུྃཿ དབང་དྲག་ཁྲོས་པ་སྲིན་པོའི་རྒྱལཿ གུ་རུ་དྲག་པོའི་ལྷ་ཚོགས་དགོངསཿ དྲག་པོ་བསྒྲུབས་པའི་རྟགས་མཐོང་ཞིངཿ ལས་ལ་སྦྱོར་བའི་དུས་ལ་བབསཿ དཀྱིལ་འཁོར་ཆེན་པོའི་སྒོ་དབྱེ་ཞིངཿ ཐུགས་དམ་གཉན་པོ་ད་བསྐུལ་ནཿ ལས་ཀྱི་ལྷ་མཆོག་ཕོ་ཉ་བཿ གཏུམ་ཆེན་སྡིག་པ་ཡབ་ཡུམ་གྱིཿ སྟོབས་རྩལ་ཕྱུང་ལ་ནུས་མཐུ་བསྐྱེདཿ དགྲ་གདོན་བྱད་ཕུར་རྦོད་གཏོང་དངཿ དམ་སྲི་རྒྱལ་བསེན་ལས་ངན་གྱིཿ གནས་བརྟན་ཐལ་བར་བརློགས་པའི་ཕྱིརཿ ཟ་ཁ་གཏད་དོ་ལམ་ཕྱེའོཿ ཨེ་ཀྵ་ཡ་མ་ཡཱཿ ཕྱེས་ཕྱེས་མ་ར་ཡཿ «དེ་ནས་ཟོར་དང་གཏོར་མ་དཔགསཿ དྲག་བསྐུལ་དུས་ཀྱི་ཕོ་ཉ་ནིཿ» ཧཱུྃཿ རབ་འཇིགས་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ནསཿ གུ་རུ་དྲག་པོ་རྡོ་རྗེ་གྲོ་བོ་ལོཿ ཁྲོ་གཏུམ་འཆོལ་བ་ཆེན་པོའི་སྐུར་བཞེངས་ལཿ ལས་ངན་གདུག་པའི་དགྲ་གདོན་ཐལ་བར་རློགསཿ སྲུང་བའི་ལྷ་མཆོག་གོ་ཆ་ལྷ་ལྔ་དངཿ ཁྱུང་ཆེན་འབར་བ་གཏུམ་ཆེན་མཆེ་བ་གཙིགསཿ མ་རུང་བདུད་སྡེའི་གཡུལ་ངོར་ཕམ་བྱས་པའིཿ གཏུམ་ཆེན་དུས་མཐའི་མེ་དཔུང་འབར་བ་བཞིནཿ སྒྲོལ་བ་སྙིང་རྗེ་ཆེན་པོས་ལས་མཛོད་ཅིགཿ དྲག་རྩལ་རིགས་བཞི་དབང་ཆེན་བདུད་འདུལ་མཿ ཀཱི་ལ་ཡ་དང་གཏུམ་མོ་ཆེན་མོ་སྡེཿ ལས་ལ་དབང་བསྒྱུར་མཐུ་ཆེན་དྲེགས་པའི་ཚོགསཿ དྲག་གཏུམ་ཁྲོས་པའི་ལས་ལ་ད་བཞེངས་ལཿ མངོན་སྤྱོད་དྲག་པོ་རོལ་པའི་དུས་ལ་བབཿ ཕྱོགས་སྐྱོང་དྲེགས་པ་བསྣོལ་བའི་གདན་སྟེང་ནསཿ ཡེ་ཤེས་རོལ་པའི་ཁྲོ་རྒྱལ་ཡབ་ཡུམ་བཅུཿ ཟ་གསོད་འབར་མ་དབང་ཕྱུག་གིང་ལང་དངཿ ཕོ་ཉ་ལྕགས་སྡིག་སྤྲུལ་པའི་དམགས་ཚོགས་བཅསཿ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱཿ སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལཿ བརྟུལ་ཞུས་གསང་བ་མཆོག་གི་གནས་མཆོག་ནསཿ མ་རུང་གདུག་པའི་གཤེད་དུ་དབང་བསྐུར་ཞིངཿ བདུད་སྡེའི་དཔུང་ཚོགས་འཇོམས་པར་ཞལ་གྱིས་བཞེསཿ དྲག་པོ་ཁྲོས་པའི་ལས་ལ་ཐུགས་བསྐྱེད་ལྟརཿ དེང་སོང་སྙིགས་མ་ལྔ་བདོའི་དུས་འདི་རུཿ རྒྱལ་བའི་བསྟན་གཤིགས་དཀོན་མཆོག་དབུ་འཕང་སྨདཿ གསང་སྔགས་ཟབ་མོའི་ཆོས་ལ་ལོག་པར་ལྟཿ ཡང་གསང་བསྣུབས་ཅིང་སྦྱོར་སྒྲོལ་སྒོ་ཡང་བཀགཿ སློབ་དཔོན་ཐུགས་དཀྲུགས་རྣལ་འབྱོར་ཁྱད་དུ་གསོདཿ དོ་བརྡོ་ཕོད་བཙུག་མི་འདོད་སྣ་འདྲེན་པའིཿ དམ་ཉམས་དགྲ་བོ་ལས་ངན་སྡིག་ཏོ་ཅནཿ བྱད་མ་དམ་སྲི་རྒྱལ་བསེན་དགྲ་གདོན་ཚོགསཿ ཞིང་བཅུ་ཚང་ཞིང་ཉམས་པ་བདུན་ལྡན་པའིཿ འདི་ལ་མངོན་སྤྱོད་ཕྲིན་ལས་མི་མཛད་ནཿ ཐུགས་བསྐྱེད་ཉམས་ཤིང་དམ་བཅའ་མི་འདོར་རམཿ ལས་ལ་བསྐུལ་ལོ་མངོན་སྤྱོད་དུས་ལ་བབསཿ གནམ་པའི་ཞལ་གདོངས་གངས་རིའི་མཆེ་བ་གཙིགསཿ དམ་ཉམས་ཕོ་རྒྱུད་རྩད་ནས་ཆོད་པར་ཤོགཿ མོ་རྒྱུད་མངལ་སྐོམས་བུ་ཚ་གྲི་རུ་སོདཿ རྒྱལ་པོ་ཕོ་རིགས་བྲག་དཀར་ཐོག་གིས་གཏོརཿ སྲིན་མོ་མོ་རིགས་མེ་ཏོག་སད་ཀྱིས་ཁྱེརཿ དམ་སྲི་འབྱུང་པོ་སྒོ་ང་བྲག་ལ་རྡོབསཿ བྱད་མ་རྦོད་གཏོང་ཐལ་བ་རླུང་གིས་གཏོརཿ རྒྱལ་བསེན་འབྱུང་པོ་རྩ་ཕུང་མེ་ལ་བསྲེགསཿ བློ་བུར་ཡེ་འབྲོག་ནད་གདོན་བར་ཆད་ཀུནཿ སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ལ་སྒྱུརཿ ལྕགས་སྡིག་ཕོ་ཉའི་དམགས་ཚོགས་ལས་ལ་ཆོསཿ ཡི་དམ་ལྷ་ཚོགས་ཐུགས་རྗེའི་ཤུགས་ཕྱུང་ལཿ ལྔ་ཕྲག་ཐ་མའི་འགྲོ་བ་སྡུག་བསྔལ་བསཿ རྒྱུ་རྐྱེན་རྟེན་འབྲེལ་ལས་ལམ་ལོག་པ་ཡིསཿ མ་རུང་འབྱུང་པོ་སྨོན་ལམ་ལོག་པའི་རིགསཿ མི་རུ་བརྫུས་ཤིང་གནོད་སྦྱོར་དུག་ལྟར་ཤོམཿ ཆོས་པའི་སྙིང་ཞུགས་མི་དགེའི་ལས་ལ་བརྩོནཿ དམ་ལྡན་སྙིགས་ཞུགས་སློབ་དཔོན་ཁྱད་དུ་བསདཿ རང་ཆེ་འབྱིན་ཞིང་ཆགས་སྡགས་རླུང་ལྟར་འཚུབཿ བཙུན་པའི་སྙིང་ཞུགས་དམག་འཁྲུགས་བསྟན་སེལ་སློངཿ རྒྱལ་པོའི་སྙིང་ཞུགས་གསང་སྔགས་བསྟན་པ་བསྣུབསཿ བློན་པོའི་སྙིང་ཞུགས་སྒྲུབ་བརྩོན་ཡོངས་ལ་སྡངཿ སྐྱེ་བོའི་སྙིང་ཞུགས་ཡ་ག་སྣ་ཚོགས་སྒྲོགཿ བུད་མེད་སྙིང་ཞུགས་དམ་ཚིག་སྡོམ་པ་འདྲལཿ རང་རྒྱུད་གསོད་ཅིང་སྡེ་དགོན་ཁྲག་ལྟར་དཀྲུགསཿ གཞན་ཡང་དུས་ངན་རྟགས་མཚན་མང་ཤར་ནཿ འདི་ལ་སྐྱབས་གཞན་མེད་དོ་གུ་རུ་རྗེཿ ཐོད་ཕྲེང་དྲག་རྩལ་དྲག་པོ་ཁྲོས་པའི་སྐུཿ དུང་དུང་སྙིང་ནས་གསོལ་འདེབས་ཐུགས་དམ་བསྐུལཿ འཆོལ་བ་ཆེན་པོའི་ཐུགས་བསྐྱེད་ཤུགས་ཕྱུང་ལཿ སྐུ་ཡི་བཀོད་པས་སྟོང་གསུམ་འཇིག་རྟེན་ཁྱབཿ གསུང་གི་ངར་སྒྲས་རྩ་གསུམ་ལྷ་ཡང་བརྒྱལཿ ཐུགས་ཀྱི་རྗེས་འཛིན་སྲིད་གསུམ་གཟུང་འཛིན་སྒྲོལཿ སྤྲུལ་པ་དྲག་པོའི་ལས་ལ་ཐོག་མེད་པསཿ མ་རིག་འཁྲུལ་སྣང་རུ་ཏྲ་རྡུལ་དུ་རློགཿ བསྒྲུབ་པའི་འབྲས་བུ་དུས་འདིར་མཆིས་པར་མཛོདཿ« ཞེས་བསྐུལ་དམར་སྒྲེ་རྟགས་གཏོར་འབུལཿ རྣལ་འབྱོར་ཕོ་མོ་བདུད་ཆས་ཞུགསཿ དྲག་སྔགས་དམིགས་གནད་ལྡན་པ་ཡིསཿ སྒྲུབ་ཁང་ཕྱི་རོལ་སྒོ་དྲུང་དོནཿ ཆད་ཐོ་བསྒྲག་ཅིང་གསེར་སྐྱེམས་འབུལཿ སྡེ་བརྒྱད་ཐེམ་ལྡོག་ཕྱོགས་བསྟུན་ནམཿ ཡང་ན་དམིགས་བྱའི་ཕྱོགས་ཉིད་དུཿ གོམ་པ་བརྒྱ་དང་བདུན་འདས་པརཿ འཕེན་པ་ཟོར་གྱི་ལིང་ག་འཛུགསཿ གསེར་སྐྱེམས་བསྐུལ་དང་གཟུ་དཔང་བྱཿ རྟེན་བསྐྱེད་འགུགས་གཞུགས་ལན་གསུམ་མཐརཿ དུག་གཏོར་ནག་པོར་ཁྲག་མཆོད་ཅིངཿ» བྷྱོཿ སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་ནསཿ ལྷོ་ནུབ་གོམ་པ་བརྒྱད་ཅུ་འདས་པའི་མཚམསཿ ལྕགས་མཁར་དགུ་རིམ་བརྗིད་པའི་ནང་ཤེད་ནཿ མི་རོ་རྟ་རོ་གཅལ་དུ་བཀྲམ་པའི་ཁྲིརཿ སྲིན་མོ་ཟ་ལམ་ཁ་འདར་མགོ་དགུ་མཿ གདུག་པའི་ལུས་ལ་ནད་མཚོན་དུག་རླངས་འཕྲོསཿ ལག་པ་བཅོ་བརྒྱད་ཁྲག་ཟོར་ནད་རྐྱལ་འཛིནཿ སྲིན་མོའི་དམག་ཚོགས་བྱེ་བ་འབུམ་གྱིས་བསྐོརཿ དཔལ་ཆེན་ཧེ་རུ་ཀ་ཡི་སྤྱན་སྔ་རུཿ དགྲ་གདོན་བརླག་པའི་ཁས་བླང་དམ་བཅས་བཞིནཿ དུས་ལ་བབ་པོ་མྱུར་བར་གཤེགས་སུ་གསོལཿ མ་མ་ཡེ་ལོང་ཏྲ་དུ་དུ་ཙིཏྟ་ཧྲིང་ཧྲིང་ཛཿཛཿབྷྱོཿབྷྱོཿ རབ་འཁྲོས་སྲིན་མོ་གདུག་པའི་སེམས་དང་ལྡནཿ སྣང་སྲིད་དྲེགས་པ་ཡོངས་ཀྱི་སྣ་འདྲེན་ཞིངཿ སྡེ་བརྒྱད་མ་རུང་གདུག་པའི་ཁ་སྒྱུར་མཿ རཀྟ་ཁྲག་གི་མཆོད་པ་འདི་བཞེས་ལཿ བསྐུལ་ལོ་རྦད་དོ་བདུད་མོ་མཐུ་མ་ཆུངཿ ཕྲིན་ལས་བཅོལ་ལོ་སྐད་ཅིག་ལས་མ་འགྱངཿ སྡེ་བརྒྱད་དམག་དཔོན་གཟའ་བདུད་རཱ་ཧུ་ལཿ སྔགས་ཀྱི་བདག་མོ་མ་མོ་ཡོངས་ཀྱི་གཙོཿ གཞན་ཡང་ལྷ་སྲིན་སྡེ་བརྒྱད་དམག་ཚོགས་དངཿ ལྕགས་སྡིག་དམར་ནག་ཁྲོ་བོ་ཁྲོ་མོའི་ཚོགསཿ དམ་ཉམས་དགྲ་གདོན་དམིགས་པའི་ཡུལ་ཉིད་དུཿ སྣ་དྲོངས་དྲག་པོའི་ལས་ལ་མཐུ་མ་ཞནཿ ཁྱོད་ཉིད་ཤིན་ཏུ་ཞེ་སྡང་འཁྲུགས་པའི་ཚེཿ རང་ཤ་ཟ་ཞིང་རང་ཁྲག་འཐུང་བྱེད་ནཿ དམ་ཉམས་དགྲ་གདོན་ཡུལ་ཁམས་ཅིས་མི་བརླགཿ ཤ་ཟོས་ཁྲག་འཐུང་རུས་འཆོལ་ལྤགས་པ་གྱོནཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་སྲོག་དབུགས་རོལཿ མངའ་ཐང་ལོངས་སྤྱོད་ཡུལ་འཁོར་མི་ནོར་ཟསཿ སྡེ་བརྒྱད་དྲེགས་པའི་ཚོགས་ལ་དཔའ་རྟགས་སྦྱིནཿ ལས་ལ་མ་གཡེལ་རྒྱུགས་ཤིག་དགྲ་གདོན་ཡུལཿ ཐལ་བ་རྡུལ་དུ་རློགས་ཤིག་ཧུར་ཐུམ་རྦདཿ ཡ་མ་ཡཱཿ མཱ་རི་ཏཱཿ ཀིང་ནིར་ཨེ་ཧུར་ཐུམཿ རྒྱུག་རྒྱུགཿ མ་ར་ཡ་རྦད་རྦདཿ «དུག་གཏོར་དགྲ་བོའི་ཕྱོགས་སུ་འཕེནཿ དམོད་མོ་བྱ་ཞིང་ཐལ་མོ་རྡེབཿ དེ་ནས་དྲག་པོའི་ཟོར་འཕེན་ལཿ ཕོ་རྒྱུད་བཟློག་པའི་གཏོར་ཟོར་ཐོགསཿ» བྷྱོཿ རྣལ་འབྱོར་སྒྲུབ་པའི་གཏོར་ཟོར་འདིཿ ཟུར་གསུམ་གནམ་ལྕགས་ཐོག་མདེལ་དབྱིབསཿ རྩེ་མོར་གསོད་བྱེད་ཕོ་ཉ་འཕྲོསཿ ཟུར་གསུམ་ནད་མཚོན་དུག་རླངས་འཕྱོཿ ལོགས་གསུམ་རྡོ་རྗེའི་སེར་ཆེན་འབེབསཿ དམ་ཉམས་དགྲ་གདོན་ལས་ངན་གྱིཿ ཕོ་རྒྱུད་སྙིང་ལ་གཏོར་ཟོར་ཡཿ མི་རབས་བདུན་རྒྱུད་རྩད་ནས་ཆོདཿ རྒྱལ་འགོང་འབྱུང་པོའི་སྡེ་རིས་གཏོརཿ ཡུལ་མཁར་ཐལ་བའི་རྡུལ་དུ་རློགཿ ཙནྚ་ཀཱི་ལ་ཡ་མ་ཡཱ་ཕྱེས་ཕྱེས་གཏོར་གཏོར་ཨེ་ཧུར་ཐུམ་རྦདཿ «གཡུལ་ངོ་བཟློག་པའི་མདའ་ཟོར་ཐོགསཿ »བྷྱོཿ ང་ནི་སྡེ་བརྒྱད་དམག་དཔོན་སྡེཿ དྲང་སྲོང་ཆེན་པོ་རཱ་ཧུ་ལཿ མགོ་དགུ་བརྩེགས་པའི་ང་རྒྱལ་ཅནཿ ཞེ་སྡང་སྦྲུལ་གྱི་མཇུག་མ་འཁྱིལཿ འདོད་ཆགས་བྱ་ཡི་མགོ་བོས་བརྒྱནཿ གཏི་མུག་ཁ་རླངས་དུག་ཏུ་འཕྱོཿ ཕྲག་དོག་གདུག་པའི་མཚོན་ཆ་ནིཿ དབང་པོའི་གཞུ་ལ་སྲིན་པོའི་མདའཿ བཀུག་པས་དགྲ་གདོན་དམྱལ་ཐག་གཅོདཿ འཕང་བས་རི་རབ་མགོ་མཇུག་ལྡོགཿ སྒྲ་ཡིས་སྲིད་གསུམ་སྙིང་རྩ་འགསཿ ཧོར་སོགས་མཐའ་དམག་གདུག་པ་དངཿ མཚོན་ཤོམ་གནོད་སྦྱོར་དགྲ་བོ་ཡིཿ སྟེང་དུ་གཟིར་རོ་མ་ཧ་ཡཱཿ དམག་དཔོན་འཁོར་དང་བཅས་པ་གསོདཿ ཡུལ་ཁམས་སྡེ་རིགས་བཅས་པ་ཀུནཿ མིང་ཙམ་མེད་པར་ཕུངས་སུ་ཆུགཿ རཱ་ཧུ་ལ་ཤིག་ཤིག་འུར་འུར་དུན་དུན་སྲོག་ལ་ཨེ་ཧུར་ཐུམ་རྦདཿ «མོ་རྒྱུད་བཟློག་པའི་ཁྲག་ཟོར་ཐོགསཿ» བྷྱོཿ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུནཿ མ་ལས་མ་བྱུང་གང་ཡང་མེདཿ དཔལ་ལྡན་རང་བྱུང་རྒྱལ་མོ་ནིཿ སྔགས་སྲུང་ཁྲོས་མ་རལ་གཅིག་མཿ གཡས་པས་ཁྲག་ཟོར་མདའ་ལྟར་འཕེནཿ གཡོན་པས་ལྕགས་ཀྱི་སྤྱང་མོ་འགྱེདཿ དགྲ་བོ་མོ་རྒྱུད་ཧུར་ཐུམ་ཐོངཿ བསེན་མོ་མོ་འདྲེའི་རིགས་གྱུར་ཀུནཿ ལུས་ངག་ཡིད་གསུམ་ཉིལ་གྱིས་གཞིགཿ ལྕགས་སྤྱང་སྤྲུལ་པའི་དམག་ཚོགས་ཀྱིསཿ ཟས་སྐལ་གཏད་དོ་ལས་ལ་ཡཱཿ མ་མ་ཏྲག་རཀྴ་ཨེ་ཧུར་ཐུམ་བྲེང་བྲེང་སྲོག་ལ་དུང་དུང་མ་ར་ཡཱ་རྦདཿ «རྦོད་གཏོང་བཟློག་པའི་ཀོང་ཟོར་ཐོགསཿ» བྷྱོཿ སྡེ་བརྒྱད་དྲེགས་པའི་དམག་ཚོགས་དངཿ སྤྲུལ་པའི་ཁྲོ་བོ་ཁྲོ་མོའི་ཚོགསཿ དྲག་གཏུམ་ཁྲོས་པའི་ལས་ལ་བཞེངསཿ ཕྱག་མཚན་མཚོན་ཆ་སྣ་ཚོགས་དངཿ དྲག་པོའི་ཀོང་ཟོར་ཐོག་ལྟར་འཕེནཿ བྱད་མ་རྦོད་གཏོང་བསམ་ངན་འཆངཿ དམོད་པ་རང་གཤེད་རང་ལ་ཕོབསཿ རྫས་སྔགས་ཏིང་འཛིན་རང་ལ་སྒྱུརཿ ལྷ་སྲུང་རང་སྲོག་གཤེད་མར་ཐོངསཿ དྲག་པོའི་ཚོན་ཀྱང་ཐོག་ལྟར་འབེབསཿ ཡེ་ཤེས་མེ་དཔུང་རྡོ་རྗེའི་ཆརཿ རབ་འབར་དྲག་པོའི་ཀོང་ཟོར་གྱིསཿ བྱད་མའི་མི་ནོར་ཡུལ་ཁམས་ཀུནཿ ལྷག་མ་མེད་པར་ཕུངས་སུ་ཆུགཿ ཨཿསཿམཿརཿཙཿཤཿདཿརཿསཿམཿརཿཕཊཿཡཾ་ཡཾ་འགུལ་འགུལ་བྷྱོ་བྷྱོ་བཟློག་བཟློགཿ ཕྱེས་ཡ་གཏོར་ཡཿ ཨེ་ཧུར་ཐུམ་རྦདཿ «དམར་ནག་གཏོར་མའི་ཚོགས་བརྡེགས་ཤིངཿ »བྷྱོཿ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དངཿ དམ་ཅན་སྲུང་མའི་དམག་ཚོགས་ཀུནཿ མ་གཡེལ་རྦད་པའི་དུས་ལ་བབསཿ མགྱོགས་པ་ཞོན་ལ་རིངས་པར་རྒྱུགསཿ ཞེ་སྡང་ཕྱུང་ལ་ང་རྒྱལ་བསྐྱེདཿ སྡང་བའི་སེམས་ལྡན་དགྲ་དཔུང་དངཿ གནོད་པའི་སེམས་ལྡན་བགེགས་ཀྱི་རིགསཿ གདུག་པའི་སེམས་ལྡན་བྱད་མའི་ཚོགསཿ རྗེས་ཤུལ་ཙམ་ཡང་མེད་པར་མཇོདཿ ཨ་ཡ་མ་དུ་རུ་ཙ་ཤ་ན་མ་ར་ཡ་བྷྱོ་བྷྱོཿ ཨེ་ཕུར་ཐུཾ་རྦདཿ «དྲག་པོའི་གཏོར་ཆེན་བཏེགས་ནས་ཀྱངཿ ཏིང་འཛིན་དམིགས་གནད་རྩེ་གཅིག་གིསཿ» ཧོཿ རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་རྣམས་དངཿ སྐུ་གསུམ་དག་པའི་ཞིང་ན་བཀའ་རྒྱུད་བླ་མཿ བདུད་འདུལ་དྲག་པོའི་ཞིང་ནས་ཡི་དམ་ལྷ་ཚོགསཿ མཁའ་སྤྱོད་གསང་བའི་གནས་ནས་ཡེ་ཤེས་མཁའ་འགྲོཿ རྩ་གསུམ་ལྷ་ཚོགས་འཁོར་དང་བཅས་པ་དགོངས་སུ་གསོལ་ལོཿ ཁྱད་པར་དུ་ཡང་གཏུམ་ཆེན་དྲག་པོ་རོལ་བའི་གཞལ་ཡས་ནས་ཡི་དམ་གུ་རུ་དྲག་ཁྲོསཿ ཡུམ་ཆེན་རྡོ་རྗེ་ཕག་མོཿ གོ་ཆ་ལྷ་ལྔཿ དྲག་རྩལ་རིགས་བཞིཿ རྟ་མགྲིན་སེང་གདོངཿ ཕུར་བ་གཏུམ་མོཿ བཀའ་ཉན་དྲེགས་པ་སྡེ་བརྒྱདཿ སྤྲུལ་པའི་ཁྲོ་བཅུ་ཡབ་ཡུམཿ ལས་ཀྱི་ཕོ་ཉ་ལྕགས་སྡིག་དམར་ནགཿ དབང་ཕྱུག་འབར་མ་གིང་དང་ལིང་ཀའི་ཚོགས་དང་བཅས་པ་དགོངས་སུ་གསོལ་ལོཿ དཔལ་མགོན་མ་ནིང་ནག་པོ་ཕོ་རྒྱུད་མགོན་པོའི་སྡེ་ཚོགསཿ སྔགས་སྲུང་ཨེ་ཀ་ཙ་ཏི་མོ་རྒྱུད་མ་མོའི་སྡེ་ཚོགསཿ དྲང་སྲོང་གཟའ་མཆོག་ཆེན་པོ་མཐུ་ལྡན་སྲུང་མའི་དམག་ཚོགསཿ གདུག་པའི་ཀླུ་བདུད་མགོ་དགུ་སྲོག་གཅོད་ཤན་པའི་དམག་ཚོགསཿ མཐུ་ལྡན་གཉན་གྱི་རྒྱལ་པོཿ སྡེ་བརྒྱད་དྲེགས་པའི་དམག་ཚོགས་འཁོར་དང་བཅས་པ་དགོངས་སུ་གསོལ་ལོཿ ཁྱེད་རྣམས་མངོན་སྤྱོད་དྲག་པོའི་ལས་ལ་ཐུགས་མ་གཡེལཿ སྤྱན་མ་རྟུལཿ བཟོད་པ་མ་མཛད་པར་དགོངས་ལཿ དམར་ཆེན་གཏོར་མ་འདིའི་གཟུ་དང་དཔང་པོར་དྲང་ཤན་མཛོད་ལཿ སངས་རྒྱས་ཀྱི་བསྟན་པ་བཤིག་པཿ དཀོན་མཆོག་གི་དབུ་འཕང་སྨད་ཅིང་དགེ་འདུན་གྱི་སྡེ་དཀྲུགསཿ སེམས་ཅན་སྡུག་ལ་སྦྱོར་ཞིང་གསང་སྔགས་བསྟན་ལ་སྡང་བཿ རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་དོ་བརྡོ་ཕོད་གཙུགས་འདྲེས་ཚོལ་སྙད་འདོགས་སྲོག་ལ་རྒོལ་བའི་དགྲ་བོ་ཆེ་གེ་མོའི་མི་ནོར་ཡུལ་ཁམས་དང་བཅས་པཿ བྱད་ལ་རྦད་གཏོང་དམ་སྲི་འབྱུང་པོ་རྒྱལ་བསེན་ལོག་པར་འདྲེན་པའི་རིགས་སུ་གྱུར་པ་ཟས་སྐལ་དུ་གཏད་དོ་ཟོསཿ འཐུང་སྐལ་དུ་གཏད་དོ་འཐུངཿ མི་ནོར་སྐྱེ་རྒྱུད་རིགས་རུས་དང་བཅས་པ་གཏད་དོཿ མིང་གི་ལྷག་མ་ཙམ་ཡང་མེད་པར་བསྐལ་མཐའི་མེ་རླུང་ཆུས་འཇོམ་པ་ལྟར་ཐོངས་ཤིགཿ བྷྱོཿ དབང་དྲག་ཁྲོས་པའི་སྤྲུལ་སྒྱུར་གརཿ ཞེ་སྡང་རྡོ་རྗེ་སྲིན་པོའི་རྒྱལཿ ཁྲོ་བོ་ཆེན་པོ་གདུག་པའི་གཤེདཿ ལྕགས་སྡིག་སྤྲུལ་པའི་དམག་ཚོགས་བཅསཿ ལས་ལ་བསྐུལ་ལོ་ད་རྒྱུགས་ཤིགཿ ད་ནི་འཕེན་པའི་དུས་ལ་བབཿ གཏོར་ཆེན་དྲག་པོ་གནམ་ལྕགས་ཐོགཿ སྡེ་བརྒྱད་དྲེགས་པའི་དམག་དཔུང་བསྐོརཿ ཟ་རྔམས་ཁ་གདངས་མཆེ་བ་གཙིགསཿ དུག་རླངས་མུན་པ་ཆི་ལི་ལིཿ ནད་ཀྱི་ན་བུན་ཐུ་ལུ་ལུཿ མཚོན་གྱི་སེར་བ་ཐ་ར་རཿ ཀླུ་བདུད་རེ་འབྱམས་ཉི་ལི་ལིཿ ཕོ་ཉ་མང་པོ་སྐར་ལྟར་འཁྲུགསཿ ཏིང་འཛིན་དམིགས་པའི་ཡུལ་འགྱུར་པའིཿ དགྲ་གདོན་བྱད་མའི་སྟེང་དུ་འཕེནཿ འཕང་ནས་བཟློག་པར་མི་སྲིད་པའིཿ དྲང་སྲོང་གཡུལ་ངོར་ཆས་པ་བཞིནཿ རི་རབ་ཡིན་ཡང་རྡུལ་དུ་རློགཿ རྒྱ་མཚོ་ཆེ་ཡང་ཧུབ་ཀྱི་འཐུངཿ ཞིང་ཁམས་ཡིན་ཡང་རྗེས་མེད་གཏོངཿ དེ་ཕྱིར་ཆོས་ཅན་སྣང་བའི་ཆཿ ཆོས་ཉིད་སྟོང་པའི་ངང་དུ་སྒྲོལཿ བདེ་ཆེན་ཡུམ་གྱི་མཁའ་ཀློང་དུཿ དུ་མ་རོ་གཅིག་རྒྱས་ཐོབ་ཅིགཿ «དྲག་སྔགས་བཟླ་ཞིང་བརྡེགས་པའོཿ རོལ་མོ་དྲག་པོ་དགུ་བརྡུང་བྱཿ དར་ཅིག་དམིགས་མེད་ངང་དུ་བཞགཿ ཕྱི་སྣོད་ཐམས་ཅད་ཡུམ་ལྔའི་ཀློངཿ ནང་བཅུད་སེམས་ཅན་རིགས་ལྔའི་པལཿ དགྲ་གདོན་ཡེ་ནས་ཆོས་ཉིད་ངངཿ བདེ་བ་ཆེན་པོར་ལྷུན་འབྱམས་ཤིངཿ འཛིན་གྲོལ་ཚད་མའི་རྟགས་ཡིན་ནོཿ གོམ་པ་བརྒྱད་བཅུའི་ནང་ལོགས་སུཿ མེ་དགྲ་ཆུས་བསད་ཕྱི་ལམ་བཅདཿ སྒོ་དྲུང་བསྟན་སྐྱོང་དམ་སྲིད་མནནཿ ལྷ་རྒྱལ་བྱ་ཞིང་སྲུང་འཁོར་སྒོམསཿ ནང་དུ་ལོགས་ནས་ཚེ་འགུགས་དངཿ རང་བསྲུང་གོ་ཆ་བཙན་པོ་བགོསཿ གནམ་ལྕགས་ཐོག་ལྟར་མྱུར་བ་ཡིསཿ འཕེན་པའི་ལས་མཐའ་ས་མ་ཡཿ དྲག་སྔགས་འབུམ་ཏིག་གནད་བསྡུས་ཤིངཿ བསྟན་པ་བསྲུང་བའི་མཚོན་ཆར་བཞགཿ བསྲེགས་དང་མནན་གཏད་འཕེན་པའི་ལསཿ མཁས་པས་སྐབས་སུ་སྦྱར་ཏེ་བྱཿ གསུམ་ཀ་སྟབས་གཅིག་ལས་སྦྱར་ནཿ ཤིན་ཏུ་གཉན་ཆེ་གོང་བསྙེན་དངཿ རྨི་ལམ་རྟགས་མཚན་ལེགས་པར་དཔྱདཿ དོ་གལ་ཆེ་ན་བྱ་བ་སྟེཿ པདྨའི་སྙིང་འབྱིན་ལག་མཐིལ་བཀྲམཿ གསང་སྔགས་བསྟན་པའི་མཚོན་ཆའོཿ འཇུག་བསྡུ་རིམ་པ་གཞུང་ལྟར་རོཿ ཨེ་མཿ ལེགས་པར་གསོན་དང་མ་འོངས་འགྲོ་བའི་སྐྱབསཿ ལྷ་ལྕམ་ཆོས་བདག་སྙིང་བུའི་སྙིང་ལ་ཆོངསཿ ང་ཡི་བླ་རྫོགས་ཐུགས་གསུམ་མན་ངག་གིཿ ཆོས་བསྲུང་གོ་མཚོན་དྲག་སྒྲུབ་མཚོན་འཁོར་འདིཿ གྲོང་ཆོག་འདྲེ་འདུལ་ངོ་སྲུང་མ་བྱེད་པརཿ རང་དང་བསྟན་པའི་དོན་དུ་སྙིང་སྟོབས་བསྐྱེདཿ མི་བརྒྱ་དུས་གཅིག་བསད་ཀྱང་ཉེས་མི་འབྱུརཿ བླ་མེད་སྦྱོར་སྒྲོལ་ང་ཡི་ཁྱད་ཆོས་ཏེཿ གཟུགས་མེད་སྒྲ་ཐོས་ཙམ་གྱིས་བརླག་པར་ངེསཿ ད་ལྟའི་སྨོན་ལམ་ལོག་པའི་གང་ཟག་རྣམསཿ མ་འོངས་ཁྱེད་ཅག་སྤྲུལ་པས་འདུལ་བའི་སྐབསཿ ཡིན་ཀྱང་ཕོ་བདུད་གདུག་པ་ཏ་ར་ཛཿ མོ་བདུད་ལྡེ་ཕུར་དུག་གཟའ་དཔལ་སྒྲོན་མཿ ཁྱོད་ལ་སྡང་ཞིང་ང་ཡི་བསྟན་ལ་འཚེཿ མི་དགེ་རང་གིས་སྤྱོད་ཅིང་སྦྱོར་སྒྲོལ་སྨདཿ ལོག་ལྟ་དམ་ཉམས་ཆུ་ལྟར་འཁྲུགས་བྱེད་པསཿ གྲོལ་བའི་ཐབས་མེད་སྔོན་གྱི་ལས་སུ་སེམསཿ ང་ལ་གསོལ་བ་ཐོབ་་དང་ཐུགས་རྗེ་ཡིསཿ མཐུ་སྟོབས་ནུས་པའི་ཡེ་ཤེས་མེ་ལྕེའི་འོདཿ རབ་འཕྲོས་གདུག་པའི་ཚང་ཚིང་བརླག་ཡང་སྲིདཿ དེ་ཕྱིར་སྙིང་སྟོབས་མ་ཞན་སྒྲུབ་ལ་འབུངསཿ ཕ་ལམ་རྡོ་རྗཻ་ཅེས་ཀྱང་འཇིགས་མེད་ལྟརཿ དྲག་སྒྲུབ་འདི་ཡིས་ཁྱེད་ཅག་སྲུང་ནུས་ཤིངཿ ལས་ངན་དེ་དག་ས་ཁམས་སྤྲེལ་གྱི་ལོརཿ རྡོ་རྗེ་དམྱལ་བ་ཆེན་པོར་ཨ་ལ་ལཿ ཤིན་ཏུ་གསང་བའི་དྲག་པོའི་ལས་ཚོགས་འདིཿ མཁའ་འགྲོ་གསང་བའི་བརྡ་རིས་ཆེན་མོར་ཐོབཿ འབྱུང་བཞིའི་དབྱིངས་སུ་སྦ་བ་འཕང་བས་ནཿ རྡོ་རྗེ་ཕག་མོའི་སྙིང་མཛོད་སྨུག་པོར་སྦོསཿ མ་འོངས་ལྷ་ལྕམ་བརྟུལ་ཞུགས་ཌཱཀྐི་མརཿ འཕྲད་ནས་གོ་ཆ་གཙན་པོས་ལུས་བསྲུངས་ཤིངཿ གླང་སྨྱོན་མཚོན་འཁོར་ཕ་རོལ་གཡུལ་གཞོམ་ཤོགཿ བཀའ་འདི་ཀླུ་བདུད་མིང་སྲིད་གཉིས་ལ་གཏདཿ ཐུབ་པར་སྲུངས་ཤིག་དམ་ཚིག་སྲོག་གི་རྒྱཿ ས་མ་ཡཱཿ ན་རཀྐནཿ གུ་ཧྱཿ ཁ་ཐཾཿ རང་ལ་གདུག་རྩུབ་མ་བྱེད་ཚེ་བསོད་སྤེལཿ མངོན་ཤེས་མིག་གིས་ལྟོས་ལ་གདུག་སེམས་ལྡནཿ