DKR-KABUM-19-DZA-019: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=པདྨ་ཚེ་ཡི་སྙིང་ཐིག་གི་བསྙེན་ཅིང་སྒྲུབ་པའི་ཐོ་བྱང་འཆི་མེད་ཡེ་ཤེས་གྲུབ་པའི་དགོངས་རྒྱན། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 19: . Delhi: Shechen Publications, 1994. | |fulltitle=pad+ma tshe yi snying thig gi bsnyen cing sgrub pa'i tho byang 'chi med ye shes grub pa'i dgongs rgyan | ||
|citation=[[Khyentse, Dilgo]]. ''Pad+ma tshe yi snying thig gi bsnyen cing sgrub pa'i tho byang 'chi med ye shes grub pa'i dgongs rgyan''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 19: 290-313. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |tibgenre=Recitation Manual - bsnyen yig, Records - tho | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity=tshe dpag med | |deity=tshe dpag med | ||
|cycle='chi med pad+ma tshe yi snying thig | |cycle='chi med pad+ma tshe yi snying thig | ||
|cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | |cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | ||
| | |language=Tibetan | ||
|volumenumber=019 | |volumenumber=019 | ||
|volnumtib=༡༩ | |volnumtib=༡༩ | ||
|volyigtib=ཛ་ | |volyigtib=ཛ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=019 | |||
|pagenumbers=290-313 | |||
|totalpages=48 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=24b1 | ||
|totalfolios=24 | |||
|multivolumework=No | |||
|rectonotes=bsnyen tho | |||
|versonotes=pad+ma tshe yi snying thig | |versonotes=pad+ma tshe yi snying thig | ||
| | |colophontib=།ཅེས་པ་འདི་ཡང་རང་ཉིད་ལམ་འདིའི་བསྙེན་སྒྲུབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བའི་ཚེ་ན་ཟབ་ཆོས་འདི་ཉིད་ཀྱི་འཁོར་ལོས་སྒྱུར་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁྱེན་བརྩེ་ནུས་པའི་གཏེར་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་འཇམ་མགོན་བླ་མ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེས་སངས་རྒྱས་གླིང་པའི་གཏེར་བྱོན་གུ་རུ་པདྨ་ཀཱ་རའི་སྐུ་སྤར་ལ་གང་གི་ཕྱག་གིས་བཏབ་པའི་བྱིན་སྐུ་ཁྱད་ཅན་དབང་པོའི་གྲངས་ལྡན་དང༌། འཁོར་འདས་ཀྱི་དྭངས་མ་བཅུད་དུ་སྨིན་པའི་ཚེ་རྫས་ལེ་ཚན་དང་བཅས་འདི་ལ་བསྙེན་ཡིག་རྒྱས་བསྡུས་ཀྱི་མཐར་མ་ལྷུང་བ་ཞིག་བྲིས་ཤིག་ཅེས་བཀའ་ཡི་ཅོད་པན་སྤྱི་བོར་དཔྱངས་པ་གུས་པས་མཆོད་དེ། མགོན་པོ་གང་དང་ཡོངས་འཛིན་དམ་པ་དུ་མའི་བཀའ་དྲིན་གྱིས་འཚོ་བའི་འབངས་ཐ་ཞྭ་སྤྲུལ་རྨོངས་བརྟུལ་རྟགས་ཙམ་འཛིན་པའི་ཤཱཀྱའི་དགེ་སྦྱོང་ངག་དབང་ཆོས་ཀྱི་བློ་གྲོས་དཔལ་བཟང་པོས་རང་ལོ་བཞི་བཅུ་རྩ་དགུར་རང་གནས་ཐུབ་བསྟན་མདོ་སྔགས་ཆོས་གླིང་གི་དབེན་སྤྱིལ་འཆི་མེད་དགའ་ཚལ་དུ་འགལ་བྱེད་ཀྱི་ལོ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་དང་བསྟུན་བྲིས་པས་འགྲོ་ཀུན་ཚེ་མཐའ་ཡས་པའི་དཔལ་ལ་རྟག་ཏུ་ངལ་འཚོ་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ།། | ||
|colophonwylie=/ces pa 'di yang rang nyid lam 'di'i bsnyen sgrub kyi skal bzang nyams su myong ba'i tshe na zab chos 'di nyid kyi 'khor los sgyur ba dus gsum sangs rgyas thams cad kyi ngo bo mkhyen brtse nus pa'i gter chen dkyil 'khor rgya mtsho'i khyab bdag rdo rje 'chang 'jam mgon bla ma gar dbang mdo sngags gling pa tshe mchog grub pa'i sdes sangs rgyas gling pa'i gter byon gu ru pad+ma kA ra'i sku spar la gang gi phyag gis btab pa'i byin sku khyad can dbang po'i grangs ldan dang*/_'khor 'das kyi dwangs ma bcud du smin pa'i tshe rdzas le tshan dang bcas 'di la bsnyen yig rgyas bsdus kyi mthar ma lhung ba zhig bris shig ces bka' yi cod pan spyi bor dpyangs pa gus pas mchod de/_mgon po gang dang yongs 'dzin dam pa du ma'i bka' drin gyis 'tsho ba'i 'bangs tha zhwa sprul rmongs brtul rtags tsam 'dzin pa'i shAkya'i dge sbyong ngag dbang chos kyi blo gros dpal bzang pos rang lo bzhi bcu rtsa dgur rang gnas thub bstan mdo sngags chos gling gi dben spyil 'chi med dga' tshal du 'gal byed kyi lo gro bzhin zla ba'i dkar phyogs kyi rgyal ba gnyis pa dang bstun bris pas 'gro kun tshe mtha' yas pa'i dpal la rtag tu ngal 'tsho ba'i rgyur gyur cig_/dza yan+tu// | |||
|pdflink=File:DKR-KABUM-19-DZA-019.pdf | |pdflink=File:DKR-KABUM-19-DZA-019.pdf | ||
}} | }} | ||
Line 37: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །པདྨ་ཚེ་ཡི་སྙིང་ཐིག་གི་བསྙེན་ཅིང་སྒྲུབ་པའི་ཐོ་བྱང་འཆི་མེད་ཡེ་ཤེས་གྲུབ་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། | {{TibP|༄༅། །པདྨ་ཚེ་ཡི་སྙིང་ཐིག་གི་བསྙེན་ཅིང་སྒྲུབ་པའི་ཐོ་བྱང་འཆི་མེད་ཡེ་ཤེས་གྲུབ་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།<br><br> | ||
༄༅། །ན་མོ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཡེ། གང་གི་མཚན་ཐོས་ཉི་བུའི་གཡུལ་ཕམ་ནས། འཆི་མེད་ཡེ་ཤེས་གྲོང་ཁྱེར་དབང་མཛད་པའི། །རྣམ་པར་ངེས་པའི་གཟི་བརྗིད་རྒྱལ་པོ་དང༌། །དབྱེར་མེད་གཏེར་ཆེན་བླ་མར་སྙིང་ནས་འདུད། །འཕགས་བོད་བཀའ་གཏེར་ཚེ་ཡི་རྒྱུད་སྒྲུབ་ཐབས། །བྱེ་བའི་ཉིང་ཁུ་ཙམ་མིན་ལམ་ཡོངས་རྫོགས། །ཀུན་འདུས་པདྨ་ཚེ་ཡི་སྙིང་ཐིག་གི །བསྙེན་ཅིང་སྒྲུབ་ཚུལ་ཐོ་བྱང་སྤེལ་ལ་སྤྲོ། །དེ་ལ་འདིར་ཡོངས་རྫོགས་བསྟན་པའི་སྤྱི་མེས་བཀའ་བབས་བདུན་གྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་མཚན་གྱི་བ་དན་སྲིད་རྩེར་སྒྲེང་བ་ཉིད་སླར་ཡང་བསམ་བཞིན་སྲིད་པའི་སྒྱུ་འཕྲུལ་མཚན་དཔེར་སྣང་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་ཞེས་བདག་ཉིད་ཆེན་པོ་གང་གི་ཟབ་མོ་དགོངས་པའི་ཆོས་གཏེར་ནམ་མཁའ་མཛོད་ཀྱི་ནང་ཚན་པདྨ་ཚེ་ཡི་སྙིང་ཐིག་གི་བསྙེན་སྒྲུབ་ཟབ་མོ་ཇི་ལྟར་ཉམས་སུ་ལེན་པ་ལ། བསྙེན་སྒྲུབ་ལས་གསུམ་རྒྱས་འབྲིང་བསྡུས་པའི་རྣམ་བཞག་སྤྱིར་བསྟན་པ་དང༌། མན་ངག་དངོས་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་སྒྱུ་འཕྲུལ་སོགས་སྔ་འགྱུར་གྱི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དགོངས་པ་དང་བསྟུན་ན་རྒྱུད་འདིའི་དངོས་བསྟན་གཙོ་བོ་ནང་སྒྲུབ་ལ། ལེའུ་ཉི་ཤུ་པ་ནས་འབྱུང་བའི་ཚེ་དཔག་མེད་ཕྱག་རྒྱ་གཅིག་པ་ལུས་དཀྱིལ་དང་བཅས་པས་བསྙེན་པ། ལེའུ་ལྔ་པ་ནས་འབྱུང་བའི་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ལས་བྱང་རྒྱས་པའི་བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་བཅས་དུས་གྲངས་རྟགས་གསུམ་གྱི་བསྙེན་ཚད་རྫོགས་པར་བྱས་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལས་ཚོགས་རིགས་མཐའ་རྒྱས་སུ་བྱ་བ་དང༌། དེ་རྗེས་སྤྲོ་ཞིང་ནུས་ན་རིགས་ལྔ་ཚེ་དཔག་མེད་སོ་སོའི་སྒོས་སྒྲུབ་ལྟར་རྣམ་སྣང་ཚེ་དཔག་མེད་སྐུ་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོའི་དབང་ཕྱུག་གི་བསྙེན་སྒྲུབ་ལས་གསུམ་རྒྱས་བསྡུས་གང་ལྕོགས་བྱ། ཁྱད་པར་གྱི་ལས་སྦྱོར་སཱཙྪ་བརྒྱ་རྩ་བཏབ་ལ་གཞུང་བཞིན་སྒྲུབ། འཕྲོད་ན་ཤ་ཆེན་གྱི་བཅུད་ལེན་ཀྱང་བྱ། དེའི་འགྲེས་ཏེ་སྣང་མཐའ་ཚེ་དཔག་མེད་གསུང་པདྨའི་རིགས་ཀྱི་བསྙེན་སྒྲུབ། ལས་ཚོགས་མར་མེ་དང་སྦྱིན་སྲེག་གང་འགྲུབ། ཚེ་རྫས་ཀྱི་བཅུད་ལེན་བྱ། ཡང་མི་བསྐྱོད་ཚེ་དཔག་མེད་ཐུགས་རྡོ་རྗེའི་རིགས་ཀྱི་བསྙེན་སྒྲུབ་ལས་གསུམ་དང༌། ཐུན་མཚམས་ཁྱད་པར་གྱི་ལས་སྦྱོར་ནམ་མཁའ་མཐོང་སར་ཁ་ཤར་དུ་བལྟས། ལུས་དྲང་པོར་འདུག །རླུང་རོ་བསལ། ལུས་གནད་གཅུན། ཁམས་གསུམ་ཐམས་ཅད་ནམ་མཁར་བསྡུས་ཏེ་འོད་ཟེར་མཐིང་ག་ཤིན་ཏུ་དྭངས་པ་བདེ་བར་གཤེགས་པ་ཀུན་གྱི་ཡེ་ཤེས་ཀྱི་དབྱིངས་སུ་བསམ། ཁ་ནས་རླུང་ཧུབ་ཀྱིས་དྲངས་ཏེ་ལུས་སྔོ་མེར་གྱིས་ཁྱབ་པའི་དྭངས་མ་སེམས་ཀྱི་དབྱིངས་སུ་ཐིམ་པས། ལུས་གདོས་བཅས་ཀྱི་ཤ་རུས་སྦྱངས། སྟོང་གཟུགས་འོད་ཀྱི་རང་བཞིན་དུ་བསམ་ཞིང༌། བུམ་ཅན་ཡང་ཡང་བཟུང༌། སྒྲེགས་པ་བྱུང་ན་ངལ་གསོ། རླུང་རིག་དབྱིངས་གསུམ་བསྲེ་བ་སྟེ་ནམ་མཁའི་བཅུད་ལེན་བྱ། རིན་འབྱུང་ཚེ་དཔག་མེད་ཡོན་ཏན་རིན་ཆེན་རིགས་ཀྱི་བསྙེན་སྒྲུབ། དྲི་བཟང་སྨན་འབྲུའི་ཆུ་མཆོད་བརྒྱ་སྟོང་ཁྲི་འབུམ་ཇི་ལྟར་ནུས་པ་ཕྱི་སྒྲུབ་འབྱུང་བའི་ཁྲུས་ཀྱི་ཆོ་ག་ལྷ་སྔགས་ཁ་བསྒྱུར་ཅན་དང༌། ཆུ་དང་མེ་ཏོག་གི་བཅུད་ལེན་བྱ། དོན་གྲུབ་ཚེ་དཔག་མེད་ཕྲིན་ལས་ལས་ཀྱི་རིགས་ཀྱི་བསྙེན་སྒྲུབ། རླུང་བསྐྱེད་ཅོད་པན་དང་རླུང་འཁོར་བཅས་བྱ་བ་ནི་བསྙེན་སྒྲུབ་ཤིན་ཏུ་རྒྱས་པའི་ཚུལ་དང༌། དེ་ཙམ་མ་གྲུབ་ཀྱང་རྒྱུན་ཁྱེར་གྱི་སྟེང་ནས་བསྙེན་པ་ནང་སྒྲུབ་དངོས་གཞིའི་བསྙེན་སྒྲུབ་ལས་གསུམ་ཞིབ་རྒྱས་མཐར། ཚོགས་སྒྲུབ་ཀྱི་ཆིངས་སྦྱར་བའི་རྩ་བའི་སྒྲུབ་ཆེན། དེའི་ཡན་ལག་ཟུར་ཚོགས་ཞག་ལྔས་རིགས་ལྔ་ཚེ་དཔག་མེད་སོ་སོའི་སྒོས་སྒྲུབ་ཀྱི་གཞུང་བསྲང༌། མཐར་ཞི་རྒྱས་ཀྱི་སྦྱིན་སྲེག་བཅས་བྱ་བ་འབྲིང༌། བསྡུ་ན། ནང་སྒྲུབ་རིགས་ལྔ་སྤྱི་དྲིལ་གྱི་བསྙེན་སྒྲུབ་ལས་གསུམ། སྦྱིན་སྲེག་བཅས་བྱ་བ་བསྡུས་པའི་ཕྱག་བཞེས་དང༌། ནང་སྒྲུབ་དངོས་གཞིའི་བསྙེན་པ་མ་གྲུབ་ཀྱང་རིགས་ལྔ་ཚེ་དཔག་མེད་སོ་སོའི་སྒོས་སྒྲུབ་རང་གང་མོས་གཅིག་གི་བསྙེན་སྒྲུབ་ལས་གསུམ་བྱས་ཀྱང་མི་རུང་བ་མ་ཡིན་ཏེ། སྒོས་སྒྲུབ་རེ་རེ་ལའང་དབང་དང་བསྙེན་བཟླས་རྫོགས་གསུམ་ཀ་ཡོད་པའི་ཕྱིར་རོ། །དེར་མ་ཟད་ཚེ་ཡི་ཕྲིན་ལས་ཕྱག་རྒྱ་གཅིག་པ་ཁོ་ན་ཉམས་ལེན་བྱས་ཀྱང་ཤིན་ཏུ་ཟབ་པ་རྒྱུན་གྱི་ཉམས་ལེན་དུ་གདམས་པ་ལྟར་རོ། །གཉིས་པ་མན་ངག་དངོས་བཤད་པ་ལ། ཕྱི་སྒྲུབ་ཀྱི་འཇུག་སྒོ་སྨོས་པ། ནང་སྒྲུབ་ཅུང་ཟད་རྒྱས་པ་མཐར་ཆགས་སུ་བསྟན་པ། གསང་སྒྲུབ་དང་ཡང་ཟབ་བླ་མའི་སྒྲུབ་པ་སོགས་འཕྲོས་དོན་དུ་གླེང་བ་དང་གསུམ་ལས། དང་པོ་ནི། སྤྱིར་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ངེས་འབྱུང་གི་བསམ་པས་བློ་ལྡོག་རྣམ་བཞི་མྱོང་བ་ནམ་ཐོན་གྱི་བར་རྩེ་གཅིག་ཏུ་དཔྱད་འཇོག་གིས་བསྒོམ་པ་དང༌། བྱེ་བྲག་སྒོས་ཀྱི་ཕྱི་སྒྲུབ་དངོས་སློབ་དཔོན་ཛཱེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱི་རྒྱ་གཞུང་ཚེ་དཔག་མེད་ལྷ་དགུའི་སྒྲུབ་ཐབས་དང་དགོངས་པ་ཆུ་བོ་གཅིག་འདྲེས་ཏེ། སངས་རྒྱས་ཀྱི་ཐུགས་རྗེ་གདུལ་བྱའི་ཡུལ་ལ་འཇུག་པའི་སྒོ་དུ་མའི་ནང་ནས་གཙོ་བོ་ནི་གསུང་གི་གསང་བ་སྟེ། གསུང་པདྨའི་རིགས་བསྒྲུབས་པས་ཐུགས་རྗེ་དང་བྱིན་རླབས་ལྷག་པར་མྱུར་ཞིང༌། དེ་ལས་ཀྱང་ཚེ་འོད་དཔག་ཏུ་མེད་པའི་སྐུ་དང་ཞིང་ཁམས་གཟུངས་སྔགས་ཀྱི་ཡོན་ཏན་ནི་མདོ་རྒྱུད་དུ་མར་ལན་གཅིག་མ་ཡིན་པར་རྒྱ་ཆེར་བསྔགས་པར་མཛད་པས་ན་དགོས་པ་དང༌། ཕན་ཡོན་མཐའ་ཡས་པས་ན་དེ་དང་དེར་ཡིད་ཆེས་ཀྱི་དད་འདུན་རྩེ་གཅིག་གིས་ཐུན་གྱི་སྐབས་སུ་ཕྱག་མཆོད་འབུལ་ཞིང༌། ཐུགས་རྒྱུད་བསྐུལ་བའི་ཕྱིར་གཟུངས་སྔགས་བཟླ་བ་དང༌། ཐུན་མཚམས་སུ་ཚེ་ལྷ་གང་གི་མདོ་རྒྱུད་བཀླག་པར་བརྩོན་པ་དང༌། ཞར་བྱུང་སྐབས་སུ་བབས་ན་འགལ་རྐྱེན་སེལ་བའི་ཁྲུས་དང༌། མཐུན་རྐྱེན་སྤེལ་བའི་མཆོད་སྡོང་བཞེངས་པ་སོགས་གཙོ་བོ་གཏེར་གཞུང་དང༌། ཕྱག་ལེན་བདེ་བའི་ལྗགས་བསྒྲིགས་ལྟར་ཉམས་སུ་ལེན་པ་ནི་མཆོག་ཏུ་གཅེས་ཤིང་ཟབ་པར་གསུངས་སོ། །གལ་ཏེ་དེ་དག་ཅིས་ཀྱང་མ་འགྲུབ་ཚེ་ནང་སྒྲུབ་ལ་འཇུག་ཏུ་མི་རུང་བ་མིན་ཞིང༌། འདིའི་རྩ་བའི་གཞུང་དངོས་ནང་སྒྲུབ་ཡིན་པའི་ཕྱིར་ན་དེ་དག་གི་དོན་རྣམས་ཀྱང་དེར་ཚང་བའི་ཕྱིར་རོ། །གཉིས་པ་ནང་སྒྲུབ་ཅུང་ཟད་རྒྱས་པ་མཐར་ཆགས་སུ་བསྟན་པ་ལའང་སྦྱོར་བ་དང༌། དངོས་གཞི། རྗེས་གསུམ་ལས། དང་པོ་ལ། རྩ་བའི་དབང་བསྐུར་སྟ་གོན་དང༌། དངོས་གཞིའི་དབང་ཆེན་བཅས་དང༌། དེ་ལས་ཁོལ་ཕྱུང་དོན་དབང༌། ཞར་བྱུང་ཐུན་མོང་ཚེ་ཡི་དབང་བསྐུར་བཅས་གསུམ་དུ་ཡོད་པ་ལས། བསྙེན་སྒྲུབ་དང༌། བསྐྱེད་རྫོགས་ཉམས་ལེན་ཅན་ལ་སྔ་མ་གཉིས་ངེས་པར་ཐོབ་དགོས་པའི་གནད་ཤེས་པར་བྱས་ནས། འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་གང་ཟག་གིས། གནས་དབེན་ཅིང་ཉམས་དགའ་བ་སོགས་སུ་ཡིད་དང་མཐུན་ལ། བཀྲ་ཤིས་ཤིང་རང་དབང་དུ་གྱུར་པའི་སྒྲུབ་ཁང་གི་ཐོ་ཕྱི་དང་བཅས་པ་ཕྱག་བདར་གྱིས་གཙང་ཞིང་ཡིད་དུ་འོང་བར་བྱས་ཏེ། རང་གི་གོ་སར་སྟན་ནང་ཚངས་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་གཡས་སྐོར་དུ་བྲི། མཚམས་གཡོག་དང་སྨན་པ་འཚོ་ཆས་སོགས་ཉེར་མཁོའི་ཡོ་བྱད་དང༌། མཚམས་ཁོངས་སུ་ཆུད་དགོས་པ་ཐམས་ཅད་ཀྱང་སྤྱི་མཐུན་འདུ་བྱས་ལ། ཉི་མ་བྱང་བགྲོད་དམ། ཡང་ན་ར་ཆེན་བཞི་སོགས་ཀྱི་དུས་ཟླ་བ་ཡར་གྱི་ངོ་རྒྱས་པའི་ལས་ལ་ཤིས་ཤིང་གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་ནས་དབུ་བཟུང་བ་རྟེན་འབྲེལ་གྱི་གནད་ཆེ་སྟེ། རྒྱས་པར་མོས་ན་བསྙེན་པ་དངོས་མ་ཚུགས་པར་ཞག་གསུམ་ལྔ་བདུན་སོགས་ལོངས་ཁྱབ་དང་བསྟུན་པའི་རིང་ལ་ཕྱི་མཚམས་བཅད་དེ་དལ་འབྱོར་རྙེད་དཀའ་བ་དང༌། ཚེ་མི་རྟག་པས་ཡིད་བསྐུལ་ནས་འཁོར་བའི་རྒྱུ་འབྲས་མཐའ་དག་གི་མཚང་ཤེས་པས་དེ་ལས་རང་དང་གཞན་ཀུན་ཐར་འདོད་ཀྱི་བློ་བཅོས་མིན་རྒྱུད་ལ་སྐྱེ་བའི་ངེས་འབྱུང་གི་བློ་རྩེ་གཅིག་པས་སྐྱབས་འགྲོ་དང༌། སེམས་བསྐྱེད། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་རྣམས་སྤྱི་འགྲོ་ལྟར་ཐུན་བཞིའམ་གཉིས་སོགས་ཁྲིགས་སུ་བཅད་ནས་ཇི་ལྟར་རིགས་པས་སེམས་རྒྱུད་འདྲེས་ངེས་སུ་བྱས་ནས་བསྙེན་སྒྲུབ་ཉིད་ལེགས་སྨོན་དང༌། འཇིགས་སྐྱོབ་སོགས་ཀུན་སློང་མ་དག་པས་མ་བསླད་པར་ཐེག་ཆེན་གྱི་བསམ་པས་ཟིན་ངེས་གཞན་ཕན་བྱང་ཆུབ་ཀྱི་རྒྱུར་འགྲོ་བའི་ཐབས་ལ་འབད་པ་སྟེ། སྔོན་དུ་ཕྱི་སྒྲུབ་སོང་ན་དེ་དག་དེར་རྫོགས་པས་དོར་བས་ཀྱང་ཆོག་གོ །འགྲུབ་ན་བླ་མ་དཀོན་མཆོག་ལ་མཆོད་པ་འབུལ་བ། དགེ་འདུན་ལ་བསྙེན་བཀུར་དང་འབྲེལ་བའི་རྒྱལ་བའི་བཀའ་སྒྲོགས་པ་དང༌། དམ་ལྡན་གཞན་དག་ཀྱང་བསྐུལ་ཏེ་སྐོང་བཤགས། ཆབ་གཏོར། སཱཙྪ་འདེབས་པ་སོགས་དང༌། གཞན་ཡང་ཉེའུ་འདོན། སྲོག་བསླུ། ལམ་འཕྲང་བཅོས་པས་མཚོན་དགེ་བའི་དཔུང་བསྐྱེད་ཀྱང་ཅི་འགྲུབ་བྱ་བ་ནི་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་ཅིང༌། གལ་ཏེ་དེ་དག་མ་འགྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་གསུངས། གང་ལྟར་ཡང་བསྙེན་པ་དངོས་ལ་འཇུག་པ་ན། བཅའ་གཤོམ་ནི། གོ་ཡུལ་བདེ་ན་རང་དང་ཞལ་སྤྲོད་དམ་གང་འོས་སུ་དམ་ཚིག་གི་བྲིས་སྐུ་ཚད་ལྡན་སོགས་ཀྱི་མདུན་དུ་སྟེགས་བུ་ཁེབས་ལྡན་ལ་རས་བྲིས་མཚན་ཉིད་རྫོགས་པ་བཀྲམ་པའམ། མ་འབྱོར་ན་རིན་པོ་ཆེ་སོགས་ཀྱི་མཎྜལ་གྱི་གཞི་དྲིས་བྱུགས་པར་ལྷ་གྲངས་ཀྱི་ཚོམ་བུ་ལེགས་པར་བཀོད། མཐར་མཚམས་འཛིན་ནས་བརྩམས་ཉེར་སྤྱོད་མདུན་དཀྱིལ་ལ་བསྐོར་བཤམ་ཚར་དུ་དངར་བ་བྱ། དེ་ལྟར་རྗེ་གཏེར་ཆེན་བླ་མའི་ཚེ་ཁྲིད་དུ་སྟབས་བདེ་ཕྱིར་བསྙེན་དུས་ནས་དཀྱིལ་ཐང་འདུ་བགྱིས་ཀྱང་རུང་གསུངས་པ་ལྟར་བཀོད་པ་ཡིན་གྱི། ཡང་དེ་ལས་བསྙེན་དུས་མདུན་དཀྱིལ་མེད་ཀྱང་རུང་གསུངས་བས་ན་གང་བདེ་མཛད་པར་རིགས། གང་ལྟར་ཡང་སྟེགས་བུར་མཆོད་གཏོར་དང༌། སྤྱི་སྒོས་སྲུང་མའི་གཏོར་མ། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་བཅས་མཐོང་བརྒྱུད་ཕྱག་ལེན་ལྟར་བཤམས། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། ཌཱ་རུ། མེ་ཏོག་གི་སྣོད་སོགས་བཞག །གཞན་ཡང་ཚོགས་དང་མཆོད་པར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །དེ་ནས་བླ་མ་ལ་མོས་གུས་དང༌། སེམས་ཅན་ལ་སྙིང་རྗེ་བསྒོམས་ནས། སྐྱིད་སྡུག་ལེགས་ཉེས་གང་ལའང་རེ་དོགས་ཀྱི་རྩིས་གདབ་རྒྱང་བསྲིངས་ཏེ། ད་རེས་བསྙེན་སྒྲུབ་འདི་མ་གྲོལ་གྱི་བར་དུ་རྐྱེན་གང་གི་ཡང་དབང་དུ་མི་གཏོང༌། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཀྱང་དོན་མེད་ཁོ་ནར་སོང་བ་ལ། ད་རེས་ལྷག་པའི་ལྷ་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་སྐལ་བ་རེ་བཟང་སྙམ་པས་བློ་ཁྲིགས་སུ་བཅུར་ནས་འབད་རྩོལ་དྲག་ཏུ་བྱ་སྙམ་དུ་ཞེ་དམ་ཡང་ཡང་འཆའ་བ་དང་བཅས་སྔ་དྲོའི་ཆ་ཉི་མ་ཕྱེད་ཡན་ལ་དབུ་བཟུང་ཐུབ་པར་བྱས་ཏེ། ཐོག་མར་ཚིག་བདུན་གསོལ་འདེབས། གཏེར་ཆེན་གྱི་འཁྲུངས་རབས་སོགས་གསོལ་འདེབས་རྒྱས་བསྡུས་གང་རིགས་སྔོན་དུ་བཏང་སྟེ། བརྒྱུད་འདེབས་ནས་བརྩམས་ལས་གཞུང་བཞིན་གནས་གཞིའི་བདག་པོ་དཀར་ཕྱོགས་པ་རྣམས་ལ་སྔོན་གཏོར་འདོད་དགུ་མི་འཛད་པའི་གཏེར་དུ་བྱིན་གྱིས་བརླབས་ནས་ཕུལ་ལ་བསྙེན་སྒྲུབ་ཀྱི་འགལ་རྐྱེན་སེལ་ཞིང༌། མཐུན་རྐྱེན་སྤེལ་བའི་ཕྲིན་ལས་བཅོལ། ངེས་འབྱུང་གི་བློས་བསྐུལ་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་གསལ་བཏབ་ལ་རེ་ལྟོས་ལིང་བསྐྱུར་གྱི་སྐྱབས་འགྲོ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཚེ་སྤེལ་བའི་ཐབས་ཁྱད་པར་ཅན་ཡིན་པས་ན་རང་གཞན་སེམས་ཅན་ཐམས་ཅད་འཆི་མེད་རྡོ་རྗེའི་གོ་འཕང་ལ་འགོད་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་པའི་སྨོན་འཇུག་གི་སེམས་བསྐྱེད་ཅིང༌། ཚད་མེད་བཞི་དྲག་ཏུ་བསྒོམ་པ་དང༌། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་དྲུང་དུ་ཡན་ལག་བདུན་པས་བསགས་སྦྱངས་ཀྱི་གནད་ལ་ནན་ཏན་དུ་འབད་དེ་ཚོགས་ཞིང་རང་ལ་བསྡུས་ནས་མཉམ་པར་ཅུང་ཟད་བཞག །དེ་ནས་རང་ཉིད་རྟ་མགྲིན་དུ་བསྐྱེད་དེ། བསྙེན་སྒྲུབ་ལ་བར་གཅོད་བྱེད་པའི་གཉིས་འཛིན་ལོག་འདྲེན་སྤྱི་དང༌། བྱེ་བྲག་ཚེ་སྲོག་གི་ཤ་འཁོན་ལན་ཆགས་ཚེ་ཡི་བདུད་དང་གཤེད་དུ་བབས་པའི་བགེགས་ཀྱི་ཚོགས་ནག་ཕྱོགས་པ་རྣམས་ལ་གཏོར་མ་བསྔོས་ཏེ་ཕྱིར་བསྐྲད་ཐུན་བྲབས། གུ་གུལ་བདུག་པ་སོགས་ཚམས་རྔམས་ཀྱིས་བགེགས་སྐྲོད་ནན་ཏན་བྱ། སྒོ་དྲུང་དུ་ཐོ་བརྩིགས་པར་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བཙུགས། མདུན་དུ་མཆོད་གཏོར་བཤམས་ལ། རང་གཞུང་རྟ་སྔགས། ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་སརྦ་བི1$0000250གྷྣཱ1$0000300ན་ཧ་ན་ཧ་ན་ཧཱུྃ་ཕཊ༔ཀྱིས་བསངས། སྭ་བྷཱ་ཝས་སྦྱང༌། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པཱུ་ཛ་ས་མ་ཡ་ཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བྱིན་གྱིས་བརླབས། ཐོ་སྔར་བཞིན་རྟ་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་ཤར་དུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ། ལྷོར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་ཏུ་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ་རྣམས་སུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་དྷྲིཥྚཱ་རཥྚཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་དྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་པཱཀཥ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་གཏོར་མ་དབུལ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཕྱོགས་བཞིའི་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་གོང་གི་སོ་སོའི་སྔགས་སྦྲེལ་བའི་མཐར། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། སྒྲུབ་ཁང་གི་ཕྱོགས་སོ་སོར་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་ཏེ་སྲུང་ཞིང་བཞུགས་པར་བསམ། དེ་ཕྱིན་མཚམས་ཐོའི་ཕྱིར་མི་འགྲོ། དེ་ནས་ནང་དུ་ཞུགས་ལ། ལས་གཞུང་ལྟར་སྲུང་འཁོར་རྡོ་རྗེ་སོགས་ནང་ནས་རིམ་པར་རིགས་ལྔའི་ཕྱག་མཚན་གྱི་གུར་ཁང་རིམ་པ་ལྔ་དང་བཅས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གཏམས་པ་ལས་ཡེ་ཤེས་ཀྱི་མེ་ཕུང་ཁ་དོག་ལྔ་ལྡན་དུ་འཕྲོ་བར་བསམས་ལ་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དེའང་བྱ་བྱེད་ལས་གསུམ་ཀ་མི་དམིགས་ཤེས་རབ་ཀྱིས་ཟིན་པ་ནི་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཏེ་སྲུང་བའི་མཆོག་གོ །འདི་མཚམས་གྲོལ་རྒྱུའི་ནུབ་མཐའ་མའི་ཚེ་མ་གཏོགས་ཐུན་གྱི་བསྡུ་རིམ་གྱི་སྐབས་སུའང་མི་བསྡུ་བར་སྦྲ་ཕུབ་པ་ལྟར་གནས་པར་བསམ་ཞིང༌། ཐུན་གྱི་འགོ་མཇུག་ཏུའང་གསལ་འདེབས་རེ་བྱ་སྟེ། བར་ཆད་མི་འཇུག་པའི་དགོས་པ་ཡོད་གསུངས། འདི་སྐབས་མཐུན་རྐྱེན་ཟས་གོས་སྨན་པ་མཚམས་གཡོག་གིས་མཚོན་རྒྱུ་འགྲུལ་གཞན་ནས་འོང་དགོས་པ་རྣམས་ཀྱང་དམིགས་རྡེལ་བཞག་པའམ་སྲུང་འཁོར་གྱི་ནང་དུ་ཆུད་པར་བསམ། འདི་ནས་བཟུང་དགོས་ངེས་དམིགས་འོག་ཏུ་བཅུག་པ་ལས་ཆས་ཀའི་གཏོང་ལེན་མི་བྱ་བ་སོགས་མཚམས་ཀྱི་སྤང་བླང་ཐམས་ཅད་ཚུལ་བཞིན་དུ་བསྒྲུབ་པ་གནད་ཆེ་བ་སྟེ་ནང་མཚམས་བཅད་པའོ། །དེ་ནས་བཤགས་ཡུལ་རྭ་གུར་གྱི་ནང་དུ་རྩ་གསུམ་ཚེ་ལྷའི་ཚོགས་མདུན་མཁར་བསྒོམས་ལ་རང་གི་ལས་ཉོན་གཞན་དབང་གིས་ཚེ་ཡི་འགལ་རྐྱེན་སྲོག་གཅོད་རྟེན་གསུམ་བཤིག་གཞོམ་གཙོ་བོར་གྱུར་པའི་འཁོར་བའི་ལས་བསགས་པ་ཐམས་ཅད་སྙིང་ནས་བཤགས་ཏེ། དག་ཅིང་ཚངས་པའི་དངོས་གྲུབ་སྩོལ་བར་བསམས་ཤིང༌། སླར་ཡང་བཤགས་ཡུལ་ལས་སོ་བྱང་སྔགས་གསུམ་གྱི་དམ་སྡོམ་མ་ལུས་པ་བཟུང་བའི་ལུས་ངག་ཡིད་གསུམ་གྱི་དམ་བཅའ་བརྟན་པོར་ནོད་པ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་འགེངས་བ་ཙམ་བྱོན་ནས་བདག་དང་གནས་ཡོར་བསྟིམས་པས་བྱིན་དབབ། མཆོད་རྫས་ཐམས་ཅད་སྤྱིར་ཆོས་ཉིད་ཀྱི་རང་རྩལ་འགག་མེད་ལ་མཆོད་སྤྲིན་གྱི་རོལ་པ་ཅིར་ཡང་འཆར་བའི་ཡེ་ཤེས་སྒྱུ་མའི་སྣང་བ་རབ་འབྱམས་ལ་དབང་བསྒྱུར་བའི་དགོངས་པས་བརླབས་པ་ཡིན་ལ། བྱེ་བྲག་ཉེར་སྤྱོད། སྨན་གཏོར་རཀྟ་སྟེ་ཕྱི་ནང་གི་མཆོད་པ་དེ་དང་དེར་བྱིན་གྱིས་རློབ་བོ། །གཉིས་པ་དངོས་གཞི་ལ། བསྙེན་པ་དང༌། སྒྲུབ་པ། ལས་སྦྱོར་དང་གསུམ་ལས། དང་པོ་ལའང་སྐུ་བསྐྱེད་པ་ལྷའི་རྣལ་འབྱོར་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་བརྗོད་པས་མ་དག་པའི་སྣང་ཆ་དབྱིངས་སུ་དག་ནས། ཆོས་ཐམས་ཅད་དོན་གྱི་སྟོང་ཉིད་སྤྲོས་བྲལ་བསམ་བརྗོད་དང་བྲལ་བ་རྣམ་ཐར་སྒོ་གསུམ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངང་དུ་མཉམ་པར་འཇོག་པ་དེ་ཏིང་དང༌། ཆོས་ཉིད་ཀུན་གྱི་གནས་ལུགས་དེ་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པ་ཀུན་ཏིང༌། དེ་གཉིས་ཟུང་དུ་འཇུག་པའི་རང་རིག་ཧྲཱིཿཡིག་དམར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་པ་རྒྱུ་ཏིང་སྟེ། སྤྲོ་ན་ཏིང་འཛིན་གསུམ་སོ་སོའི་མཐར་འཆི་བ་དག་པ་ཆོས་སྐུ། བར་དོ་དག་པ་ལོངས་སྐུ། སྐྱེ་བ་དག་པ་སྤྲུལ་པའི་སྐུའོ། །ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་ཡང་བྱ། རྟེན་དང་བརྟེན་པ་སོ་སོའི་ཐད་གཞི་འབྲས་སྦྲེལ་བའི་ང་རྒྱལ་གསལ་མ་ཐེབས་ཀྱང༌། ཕྱི་མ་འདིའི་ནང་དུ་འདུ་བའི་གནད་ཤེས་པའང་གལ་ཆེའོ། །དེ་ལྟར་ཧྲཱིཿལས་སྲུང་འཁོར་གྱི་ནང་དུ་ས་བོན་ཡི་གེ་ལྔ་བྷཱུྃ་ཡིག་དང་བཅས་པ་སྤྲོས་ཏེ་བསྒོམས་པས་འབྱུང་ལྔ་དག་པ་རིགས་ཀྱི་ཡུམ་ལྔ་དང༌། དེ་སྟེང་རྡོ་རྗེའི་རྡུལ་ཕྲ་རབ་འཐས་པ་ལས་རིན་པོ་ཆེའི་རང་བཞིན་གྱི་པདྨ་འདབ་མ་སོ་གཉིས་གྱེས་པའི་ལྟེ་བ་ལེབ་ཆགས་ཅན་དང༌། རྡོ་རྗེ་རྒྱ་གྲམ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་གཞལ་ཡས་ཁང་གདན་དང་བཅས་པ་བློས་བསླང་གི་རྣམ་པ་ཡིད་ཡུལ་དུ་བྱས་ནས་ལེགས་པར་བསྐྱེད་ཅིང༌། སེམས་ཅན་གྱི་ཡུལ་དང་ཁང་ཁྱིམ་གྱི་ཞེན་རྟོག་དག་པ་སངས་རྒྱས་རྣམས་ཀྱི་བརྟེན་གནས་ཆོས་དབྱིངས་སྤྲོས་བྲལ་རང་བཞིན་གྱི་གཞལ་ཡས་ཁང་ངོ་སྙམ་པའི་ང་རྒྱལ་བྱ། དེ་ནས་རྒྱུའི་ཧྲཱིཿཡིག་གདན་སྟེང་བབས་པ་ལས་ཕྱག་མཚན་པདྨ་རཱ་གའི་རྡོ་རྗེ་ལ་འོད་ཟེར་སྤྲོ་བསྡུ་དང་བཅས་ཆོ་ག་གསུམ་གྱི་སྐྱེ་སྲིད་དག་པ་སྤྲུལ་སྐུ་ལམ་དུ་ཁྱེར་བས་གཙོ་བོ་ཡབ་ཡུམ་བསྐྱེད། རིགས་ལྔ་དང་འཁོར་རྣམས་རང་ཉིད་ལས་ས་བོན་མངལ་འབྱིན་གྱི་ཚུལ་གྱིས་བསྐྱེད་དེ། བདག་དང་རྟེན་རྣམས་དབྱེར་མེད་དཀྱིལ་འཁོར་གྱི་འཁོར་ལོར་བསམས་ལ། གནས་རྣམས་སུ་རྡོ་རྗེ་གསུམ་གྱིས་བྱིན་རློབ་ཅིང་རིགས་བདག་གོ་འཕོའི་སྦྱོར་བས་དབང་བསྐུར། སྙིང་གའི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ཆོས་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་སུ་གསོལ་བར་སྤྱན་དྲངས། གཉིས་མེད་དུ་བསྟིམས་ནས། བདག་ཉིད་ཀྱི་ཐུགས་ཀ་ནས་རང་འདྲའི་རྣམ་པར་འཐོན་པས་ཕྱག་དང༌། འདོད་ཡོན་གྱི་ལྷ་མོའི་སྤྲིན་སྤྲོས་ཏེ་ཕྱི་ནང་གིས་མཆོད་ཅིང༌། ཁྱད་པར་ཏ་ན་གཟུང་འཛིན་གྱི་རུ་དྲ་བསྒྲལ་བ་དང༌། ལྷ་རྣམས་སྙོམས་འཇུག་གི་ག་ནའི་མཆོད་པ་སྟེ་གསང་མཆོད་དང༌། མཆོད་ཡུལ་མཆོད་རྫས་མཆོད་བྱེད་དང་བཅས་པ་དབྱེར་མེད་མཉམ་པ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཅས་པས་མཆོད། ཆོས་ཉིད་ཀྱི་རང་སྒྲ་བསྒྲགས་པས་ཡོན་ཏན་བརྗོད་པར་བསམ་སྟེ། ལས་བྱང་གི་བསྟོད་པའི་བར་ཚིག་ཤར་ཙམ་དུ་མ་སོང་བར་དེ་དང་དེའི་དོན་རྗེས་སུ་དྲན་པར་བྱ། དེ་ནས་དམིགས་པའི་གཙོ་བོ་ལས་དང་པོ་བས་ལྷའི་སྣང་ཞེན་ལ་བསླབ་པའི་མདོ་འགག་ནི། ཐ་མལ་གྱི་སྣང་བ་ལྡོག་པའི་དོན་དུ་ལྷའི་རྣམ་པ་སྤྱི་དང་བྱེ་བྲག་ལ་སེམས་འཛིན་པ་དང༌། ཐ་མལ་གྱི་ཞེན་པ་ལྡོག་པའི་དོན་དུ་ལྷའི་ང་རྒྱལ་ལ་སེམས་འཛིན་པ་དང༌། ལྷར་སྣང་དང་ང་རྒྱལ་དེའང་ཡང་དག་པའི་ཡེ་ཤེས་སུ་འཆར་བའི་དོན་དུ་དཀྱིལ་འཁོར་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་མོས་པའི་དག་དྲན་དང་སྙོམས་འཇུག་གི་དམིགས་པས་ཞུ་བདེ་དྲངས་ཏེ། བདེ་བའི་ངང་ལས་ལྷའི་གསལ་སྣང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྩིས་བཏབ་ནས་དཀྱིལ་འཁོར་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་སྐུའི་རོལ་པར་འཆར་བའི་ཏིང་ངེ་འཛིན་ལ་ཇི་སྲིད་མི་སྐྱོ་བའི་བར་བསླབ་པར་བྱའོ། །དེས་སྐྱོ་ན་ངག་གི་ཞེན་པ་སྦྱོང་ཞིང་ལྷའི་ཐུགས་རྒྱུད་བསྐུལ་བའི་དོན་དུ་བཟླས་པ་བྱ་སྟེ། བཟླས་ཕྲེང་གསར་པ་ཡིན་ན་ཐོག་མར་བྱིན་རླབས་ནི། རང་ཉིད་ལྷའི་ང་རྒྱལ་ལ་གནས་ཏེ། ཕྲེང་བ་ལག་པ་གཡོན་དུ་བསྐྱིལ་ནས་མདོ་འཛིན་སྟེང་དུ་ཡོད་པ་བྱས་ལ། ལག་གཡས་པའི་མཐིལ་དུ་ཉི་མ་ལ་ཧཱུྃ། གཡོན་གྱི་མཐིལ་དུ་ཟླ་བ་ལ་ཨཱཿས་མཚན་པར་གྱུར། ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་ལས་པདྨ་ཉི་ཟླའི་སྟེང༔ མདོ་འཛིན་གཙོ་བོ་ཡབ་ཡུམ་ལ༔ ཕྲེང་བ་འཁོར་གྱི་རྣམ་པས་བསྐོར༔ གནས་གསུམ་འབྲུ་གསུམ་མཚན་པ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ༔ ཨརྒྷཾསོགས་ཀྱིས་མཆོད། ཧྲཱིཿ འཆི་བདག་ལ་སོགས་ཤླཽ་ཀ་གཅིག་དང༌། ཆོས་ཉིད་གཅིག་ལ་སོགས་ཤླཽ་ཀ་གཅིག་སྟེ་ལས་གཞུང་ལྟར་བསྟོད། ལྷ་ཚོགས་ཐམས་ཅད་བཟླ་བྱའི་ཡིག་འབྲུའི་རྣམ་པར་ཆར་ལྟར་བབ་ནས་ཕྲེང་བ་ལ་ཐིམ་པར་མོས་ལ། བསྙེན་སྒྲུབ་ལས་གསུམ་གྱི་སྔགས་མཐར། ཨོཾ་རུ་ཙི་པྲ་མརྡྷ་ན་ཡེ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་བ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བཟླ། ལྷ་རྣམས་འོད་ཞུ་ཕྲེང་བར་གྱུར། །ཆོས་དབྱིངས་ཀུན་ཁྱབ་རྩ་གསུམ་ལྷ། །གདོད་ནས་ཕྲེང་བའི་ངོ་བོར་ཤར། །ཐབས་ཤེས་སོར་མོའི་སྦྱོར་བ་ཡིས། །བགྲང་བ་ཙམ་གྱིས་མཆོག་ཐུན་དངོས། །ཐོགས་མེད་འགྲུབ་པའི་མཐུ་ཅན་གྱུར། །ཅེས་མོས་ལ་སླར་རྩ་སྔགས་རྣམས་ཀྱི་མཐར་དབྱངས་གསལ་རྟེན་སྙིང་བཏགས་པ་གང་འགྲུབ་མེ་ཏོག་ལ་སྔགས་ཏེ་འཐོར་ཞིང་ཤིས་པ་བརྗོད་པས་ཕྲེང་བ་དེ་ལ་བཟླས་པ་གྲུབ་ཚད་འབུམ་གྱུར་དུ་འགྲོ་བར་གསུངས་སོ། ཡང་རྒྱུན་དུའང་འགའ་ཞིག་གི་ལུགས་བཞིན་ངག་བྱིན་རླབས་དང༌། ཕྲེང་བ་བྱིན་རླབས་ཐོ་རངས་ལྡང་བའི་སྐབས་སུ་མཛད་སྲོལ་ལྟར་གྲུབ་ན་བཟླས་པའི་འགོར་ཕྲེང་བ་བྱིན་རླབས་མ་བྱས་ཀྱང་རུང་སྟེ། དེ་ལྟར་མ་གྲུབ་ཚེ་བསྒྲུབ་བྱ་གང་ཡིན་གྱི་ལྷ་རྣམས་སྔགས་སོ་སོའི་རྣམ་པ་ལས་མཐུན་གྱི་ཁ་དོག་ཅན་ཆར་ལྟར་བབས་པ་ཕྲེང་བར་ཐིམ་པར་བསམས་ལ་འབྲུ་གསུམ་ཅི་འགྲུབ་དང༌། དབྱངས་གསལ་ལན་གསུམ། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ན་ཡེ་སྭཱཧཱ། ཞེས་ལན་བདུན་བཟླས་པའི་ཧས་བཏབ་ན་འགྱུར་ཆེ་བར་བཤད་དོ། བཟླས་དམིགས་དངོས་ནི། རང་ཉིད་གཙོ་བོ་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གདན་ཐབས་སུ་ཡོད་པའི་ལྟེ་བའི་སྟེང་དུ་འོག་ཉི་མ་དང་སྟེང་ཟླ་བ་གཉིས་ཀྱི་གྭའུ་ཁ་སྦྱོར་ཅུང་ཟད་ཕྱེ་བ། དེའི་དབུས་སུ་ཐུགས་སྲོག་ཧྲཱིཿཡིག་དམར་པོ་སྤུས་བྲིས་པ་ལྟ་བུ་བྱེ་རུའི་མདོག་ཅན་འགྲེང་སྟབས་སུ་འོད་འཚེར་རེ་གནས་པའི་མཐར་བཟླ་བྱའི་སྔགས་ཕྲེང་རྣམས་གྱེན་ལངས་སུ་འཁོར་རེ་བསྐོར་བ་ལས་འོད་ཟེར་ལྔ་ལྡན་དག་པའི་ཞིང་ཁམས་རྣམས་སུ་དཔག་ཏུ་མེད་པར་སྤྲོས་པས། ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་སྲས་དང་བཅས་པར་ཡེ་ཤེས་བདེ་བ་ཆེན་པོའི་མཆོད་པ་རྒྱ་མཚོས་མཉེས་པར་བྱས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཏེ། སླར་ཡང་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཀྱི་རང་བཞིན་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པ་ཆར་ལྟར་བྱུང་བ་རང་གི་གནས་ལྔར་ཐིམ་པས་སྒྲིབ་གཉིས་བྱང་ཞིང༌། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་སྟེ་ལུས་ཁྲ་ལྟེམས་ཀྱིས་གང་བས་གཟི་བྱིན་མཆོག་ཏུ་འབར་བར་བསམ། ཡང་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས་མ་དག་པའི་སྣོད་བཅུད་ཐམས་ཅད་ལ་ཁྱབ། འཁོར་བའི་རྒྱུ་ཀུན་འབྱུང་ཉོན་མོངས་དང༌། འབྲས་བུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་སྲིད་པའི་རྒྱུ་འབྲས་མཐའ་དག་སྦྱངས་ཏེ་དག་པ་ལྷ་ཡི་འཁོར་ལོར་སད་པར་བསམ། ཡང་སྔར་བཞིན་འོད་ཟེར་འཕྲོས་པས་ལྕི་བས་དངུལ་ཆུ་བསྡུས་པ་བཞིན་ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལྔའི་དྭངས་མ་དང༌། ནང་བཅུད་སྐྱེ་འགྲོ་རིགས་དྲུག་གིས་བསྡུས་པའི་འགྲོ་བ་མཐའ་དག་གི་ཚེ་དང་བསོད་ནམས་ལས་དང་ཡེ་ཤེས་ལ་སོགས་པ་དང༌། ཁྱད་པར་དུ་འཇིག་རྟེན་གྱི་གཙོ་བོ་གསུམ་དང་འཆི་མེད་དབང་པོ་སོགས་ལྷ་དང་དྲང་སྲོང་ཚེའི་རིག་འཛིན་གྲུབ་པ་རྣམས་ཀྱི་ཚེ་དང༌། བསོད་ནམས། མཐུ་དཔལ། མཁས་པའི་པཎྜི་ཏ། གྲུབ་པའི་རིག་འཛིན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་ཕྲན་ལ་སོགས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པ་མཐུ་སྟོབས་གཟི་བརྗིད་ཚེ་དཔལ་ཕུན་སུམ་ཚོགས་པའི་ཡོན་ཏན་དབང་ཐང་ལ་སོགས་པ་ཐམས་ཅད་འོད་ཁ་དོག་སྣ་ཚོགས། ཟེར་བཀྲག་མདངས་ཆེན་པོ་རྣམས་ཡེ་ཤེས་བདུད་རྩིའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་མ་དག་པའི་ཕུང་ཁམས་སྐྱེ་མཆེད། གནས་པ་རྩ་གཡོ་བ་རླུང་བཀོད་པ་ཐིག་ལེ་དང་བཅས་པར་ཁྱབ་སྟེ། དེ་དག་ཤིན་ཏུ་ཕྲ་བ་དྭངས་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་དག་གྱུར་གྱིས། གཞོམ་གཞིག་ཡོངས་བྲལ་གཉུག་མའི་སྲོག་སྟེ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བདེ་ཆེན་ཕྱག་རྒྱ་ཆེན་པོ་གྲུབ་པར་བསམས་ལ་བཟླས་པ་ཆུ་བོའི་རྒྱུན་བཞིན་བྱ་བ་སྟེ། སྒྲ་ཆེ་ཆུང་མྱུར་དལ་སོགས་ཀྱི་སྐྱོན་དང༌། བྱིངས་རྒོད། མི་ཚིག་གི་བར་ཆོད་པ་སོགས་ཀྱི་སེལ་མ་ཞུགས་པས་མཚོན་གཞན་ནས་བྱུང་བ་ལྟར་བླང་དོར་གྱི་གནད་ལ་མཁས་པས་བཟླ་ཞིང༌། སྙིང་པོ་མ་ཡེངས་པ་ཁོ་ན་གལ་ཆེ་སྟེ། ཞི་བ་ལྷས། བཟླས་བརྗོད་དང་ནི་དཀའ་ཐུབ་དག །ཡུན་རིང་དུ་ནི་འབད་བྱས་ཀྱང༌། །སེམས་གཞན་གཡེང་བར་གྱུར་ན་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་པ་ལྟར་ལས་དང་པོ་བས་ཐོག་མར་སྔགས་ཕྲེང་ལ་སེམས་གཏད་པ་དང་བཅས་སྔགས་བཟླ་བ་གཙོ་ཆེ་སྟེ། གཏེར་གཞུང་ལས། གསང་སྔགས་བཟླས་པའི་ཏིང་འཛིན་གྱིས༔ དངོས་གྲུབ་གནད་ལ་ངེས་པར་བསྐུལ༔ ཞེས་དང༌། གཞན་ཡང༌། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་ལྷའི་གསལ་སྣང་གི་ཏིང་འཛིན་གྱི་མེ་དང་བཟླས་བརྗོད་རླུང་གི་རྩོལ་བས་བསྐྱོད་པ་ལས་ནུས་པའི་མེ་ལྕེ་འབྱིན་ཏེ་སེམས་ཀྱི་དྲི་མ་སྦྱོང༌། ངག་ལ་ནུས་པ་འབར། རང་ལས་རྒྱུད་གཞན་དུ་སྣང་བའི་ལྷའི་ཐུགས་དམ་བསྐུལ་བས་དངོས་གྲུབ་ཐོབ་པ་ཙམ་དུ་མ་ཟད། སངས་རྒྱས་ཀྱི་ཡེ་ཤེས་གསང་བ་གསུམ་ཀ་གཅིག་ཉིད་དུ་མར་འཕྲུལ་པའི་ཡེ་ཤེས་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་ལྷ་སྔགས་ཡེ་ཤེས་རོ་གཅིག་པ་བཞིན་བཟླས་པའི་སྐབས་སུ་ཡང་ཕྱག་རྒྱ་སྔགས་དང་ཏིང་འཛིན་རྣམས་ཆིག་དྲིལ་དུ་བྱ་བའི་གནད་ཤེས་དགོས་པར་གསུངས་པ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བླ་ན་མེད་པ་སྟེ། སྤྱིར་གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང༌། །སྲོག་སྡོམ་གཟེར་བཞི་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང༌། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པ་ཡིས་ཀུན་སྲོག་འཕྲོག །ཅེས་གསུངས་པ་ལྟར། ཏིང་འཛིན་དམིགས་པའི་གཟེར་སྐུ་ཕྱག་རྒྱའི་གསལ་སྣང་གིས་ཡུལ་གསུམ་གྱད་དུ་གྱུར་པ་དང༌། སྙིང་པོ་སྔགས་ཀྱི་གཟེར་གསུང་ཐུགས་སྲོག་སྔགས་འཁོར་ལ་སེམས་རྩེ་གཅིག་ཏུ་གཏོད་པ་དང༌། དགོངས་པ་མི་འགྱུར་བའི་གཟེར་ཐུགས་སྟོང་གསལ་འགག་པ་མེད་པའི་ཆོས་ཉིད་རང་སེམས་དང་གཉིས་སུ་མེད་པ་དེ་ཉིད་ལྷའི་རྣམ་པར་ཤར་བ་ལས་བསྒྲུབ་བྱའི་ལྷ་གུད་ན་མེད་པར་ཤེས་པ་བྱ་བ་དང༌། འཕྲོ་འདུ་སྣ་ཚོགས་པའི་གཟེར་རྣམ་བཞིའི་ཕྲིན་ལས་སོགས་དམིགས་པའི་ཁ་གང་ལ་གང་དགོས་བསྒྱུར་བའོ། །རྒྱུན་དུ་ལྷའི་གསལ་སྣང་ལྷའི་སྐུ་གསུང་ཐུགས་དངོས་ཡིན་སྙམ་པའི་ང་རྒྱལ་གྱི་རྩི་དང་མ་བྲལ་བ་དང༌། ཁྱད་པར་བཟླས་པ་ཕྲེང་སྐོར་རེའི་མཚམས་སུ་རང་ཉིད་ལྷར་ལམ་གྱིས་གསལ་འདེབས་བསྐྱར་མ་རེ་དང༌། བླ་མ་དང་ལྷ་དབྱེར་མེད་དུ་མོས་གདུང་གིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་རེ་དང༌། སེམས་ཅན་ལ་སྙིང་རྗེ་དུམ་པ་རེའང་ངེས་པར་དྲན་པ་གནད་ཆེ་གསུངས། བཟླས་པས་སྐྱོ་ན་ཐུན་ལས་ལྡང་སྟེ། སྤྲོ་ན་ལས་གཞུང་གི་ཚེ་འགུགས་བདག་མདུན་གྱི་ཞེས་པར་བསྙེན་དུས་བདག་གི་ཞེས་སོགས་ཚིག་བསྒྱུར་དང་བཅས་གྱེར་ལ། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླ། སྔགས་སྟོང་ཚོ་སོང་ན་སྟོང་ཚིགས་དང༌། དེ་མིན་གཞུང་གི་སྔགས་མཆོད་ཙམ་དང༌། ཐོག་མཐའི་བསྟོད་པ་ཤླཽ་ཀ་རེ་དང༌། ནོངས་བཤགས་ནས་བརྩམས་བསྡུ་རིམ་ནི། དམ་ཡེ་དབྱེར་མེད་ཀྱི་བསྡུ་བྱའི་དཀྱིལ་འཁོར་གསལ་བཏབ་ལ། རང་གི་ཐུགས་ཀའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་སྦྱངས་ནས་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ། དེ་ཡང་བྱང་གི་སྒོ་མ་ནས་གཡོན་སྐོར་དུ་རིམ་གྱིས་གཙོ་བོ་ཡབ་ཡུམ་ལ། དེ་ཐུགས་སྲོག །དེ་གྱེན་རྫོགས་མི་དམིགས་པའི་དབྱིངས་སུ་ཐིམ་པའི་ངང་ལ་བཞག་པས་སྣང་རིག་ངོས་གཟུང་དང་བྲལ་བའི་རྗེན་ནེ་བ་དེ་ཀ་རང་བྱུང་གི་ཡེ་ཤེས་ཏེ་ལྟ་བ་དང༌། དེ་གའི་གཤིས་ལུགས་བསལ་བཞག་མེད་པར་གསལ་ལེ་ཡེ་རེ་བསྐྱང་བ་ལ་ཡུན་ཇི་གནས་སུ་འཇོག་པ་སྒོམ་སྤྱོད་དང༌། དེ་ལ་བརྟན་པ་ཐོབ་པ་འབྲས་བུ་སྟེ། དེའི་ངང་ལས་ཐུན་མཚམས་ཀྱི་ལྷར་ལྡང་སྟེ་གནས་གསུམ་བྱིན་བརླབ། གོ་བགོ་ལུས་བསྲུང་བ་དང༌། སྲུང་བའི་འཁོར་ལོ་གསལ་གདབ་སྐྱོར་རྣམས་དང༌། བསྔོ་སྨོན་བཀྲ་ཤིས་ཀྱི་བར་དུ་བྱ་ཞིང༌། ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པ་ནི། འདུས་བྱས་ཀྱི་མཐའ་མ་འཇིག་ཅིང་སླར་ཡང་ལྡང་བ་སྦྱོང༌། སངས་རྒྱས་སྤྲུལ་པའི་སྣང་བའང་ཆོས་དབྱིངས་སུ་རོ་གཅིག་པས་དེར་ཐིམ་ཞིང༌། དེ་ལས་ལྡང་བ་མཚོན་པའོ། །དེ་ནས་དགོང་སྲོད་ཀྱི་ཐུན་ཡང་བགེགས་སྐྲོད་ལ་ཚིག་བསྒྱུར་དང་བཅས་ཐུན་བསྡུ་བའི་བར་སྔར་བཞིན་ལས། སྲོད་ཐུན་གྱི་བཟླས་པའི་མཆོད་བསྟོད་མཐར་རྩ་གསུམ་ཆོས་སྐྱོང་སྤྱི་དང༌། སྒོས་ཀྱི་བཀའ་སྲུང་འཆི་མེད་ཙཎྜི་ཀའི་གཏོར་བསྔོ་བྱ། ཚོགས་མཆོད་ལྕོགས་ན་ཉིན་རེ་བཞིན་དགོང་སྲོད་གང་རུང་ལ་མ་ཆག་པར་བྱ་བ་གལ་ཆེ་སྟེ། ཚོགས་མཆོད་ལན་གཅིག་གིས་ཟླ་བ་དེའི་རིང་གི་ཉམས་ཆག་ཐམས་ཅད་བྱང་བར་བཤད་པས་བསྙེན་སྒྲུབ་ཀྱི་སྐབས་ཙམ་དུ་མ་ཟད། རབ་ན་རྒྱུན་དང༌། དེ་མིན་ཡར་མར་ཚེས་བཅུ་རྣམ་གཉིས་སུ་གྲུབ་པ་གནད་ཆེ་ཞིང༌། མཚོ་རྒྱལ་གྱིས། ཚོགས་འཁོར་གཅིག་གིས་ངན་སོང་སྐྱེ་སྒོ་ཆོད། །ཕྱིར་མི་ལྡོག་པའི་ས་ལ་མི་སྐྱོལ་རེ། །ཞེས་དང༌། ཇི་སྐད་དུ། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང༌། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང༌། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཏེ། གལ་ཏེ་ཅིས་ཀྱང་མ་འགྲུབ་ན་བསྙེན་པ་ཚུགས་པའི་ཉིན་དང་པོ་དང༌། གྲོལ་བའི་ཉིན་ཕྱི་མ། ཡར་མར་གྱི་ཚེས་བཅུ་ཉ་སྟོང་བརྒྱད་གསུམ་རྣམས་ལ་ངེས་པར་ཆག་ཏུ་མི་རུང་ཞིང༌། སྐབས་འདིར་ཚོགས་མཆོད་ཕུལ་ལ་ལྷག་མ་གཏར་གཟུང་བར་གསུངས་ཀྱང་ཡུལ་དུས་དང་བསྟུན། ཡང་ན་འབྲས་སོགས་སྐམ་རྫས་ཅུང་ཟད་རེ་ལྷག་མ་ལས་བླངས་ཏེ་བཞག །འཕྲོས་ཕྱི་རོལ་དུ་ཕུལ་ནའང་རུང་ངམ་སྙམ། སྤྲོ་ན་བསྐུལ་དང་གཏོར་སྐྱོང་དང༌། མ་གྲུབ་ཚེ་ལྷག་བསྔོའི་མཐར་གཏང་རག་མཆོད་བསྟོད་ནས་བསྡུ་ལྡང་སོགས་སྔར་བཞིན་གྱིས་མཐའ་དབྱུང་ཞིང༌། ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་ལ་འཇོག་པའམ། སྙིང་གར་བླ་མའམ་ཧྲཱིཿཡིག་སོགས་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ཉལ་བ་གང་བདེའི་རྣལ་འབྱོར་གྱིས་ཉལ། ཐོ་རངས་ལྡང་བ་ན་ནམ་མཁའ་གང་བའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་རྣམས་ཀྱི་སྔགས་ཀྱི་སྒྲ་དང༌། ཌཱ་མ་རུ་དང་དྲིལ་བུའི་སྒྲས་གཉིད་སད་པར་བསམས་ལ་སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ངག་བྱིན་རླབས་སོགས་ཁྲིགས་ཡོད་ན་དེ་དག་དང༌། ཚིག་བདུན་གསོལ་འདེབས་ནས་བཟུང༌། སྐྱབས་སེམས་ནས་ཐུན་མཚམས་ཀྱི་བར་སྔར་བཞིན་དང༌། ཐུན་མཚམས་སུ་དགེ་སྦྱོར་ཆག་མེད་ཀྱི་རིགས་ཡོད་ན་བྱ། ཉིན་རེ་ཐུན་བཞིའམ། ཡང་ན་ཐོ་རངས་ནས་ཉིན་གུང་ཡན་ལ་ཐུན་གཅིག་དང༌། དེ་ནས་སྲོད་ཐུན་ཡན་ལ་ཐུན་གཅིག་སྟེ་ཐུན་གཉིས་སུ་བྱས་ན་ཡང་མི་འགལ་ཞིང༌། འོན་ཀྱང་ངག་འདོན་ཉུང་བས་ཐུན་བཞི་མར་བྱ་བ་ཉིད་བློ་འཇུར་བ་ལ་ཕན་པའི་ཕྱིར་དེ་ལྟར་ལེགས་ཤིང༌། གང་ལྟར་ཡང་རིམ་པ་དེ་ལྟ་བུས་གྲངས་བསྙེན་ནི་རྩ་གཞུང་ལས། འབུམ་ཕྲག་བཞི་བཟླས་ཏིང་འཛིན་གྱི༔ དངོས་གྲུབ་སྒོ་རྙེད་གདོན་མི་ཟ༔ ཞེས་གསུངས་པ་ལྟར་ཏེ། དུས་སྙིགས་མར་བཞི་འགྱུར་དུ་བརྩི་ན་འབུམ་ཕྲག་བཅུ་དྲུག་ཙམ་མོ། །དེ་ལྟར་བསྙེན་པ་ཐེམས་པ་ན་ཐོར་ཐུན་གྱི་ཆར་ལས་གཞུང་བསྲངས་ཏེ་གཏོར་བསྔོ། ཚོགས་མཆོད་དང༌། ལྷག་བསྔོ་གཏོར་སྐྱོང་གི་མཐར་དངོས་གྲུབ་མདོར་བསྡུས་ཤིག་བླངས་བར་གསུངས་ཞིང༌། མཆོད་བསྟོད་ནོངས་བཤགས། ཉེ་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱིས་གྲུབ་བོ། །གཉིས་པ་སྒྲུབ་པ་ནི། བཅའ་གཤོམ་རས་དཀྱིལ་ཚོམ་བུ་སོགས་སྔར་སྨོས་པ་ལྟར་བསྙེན་པའི་སྐབས་འདུ་མ་བྱས་ཚེ་དེ་དང་དེའི་སྟེང་དུ་མཉྫིའི་ཁར་བུམ་པ་དྲི་བཟང་གི་ཆུ་ཉེར་ལྔའི་བཅུད་ལྡན། ཁ་རྒྱན་ལྷ་ཙཀ་ཅན་དང༌། དེའི་མདུན་ཚེའི་འབྲང་རྒྱས། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། རྒྱབ་བམ་རང་གི་མདུན་གང་བདེར་ཚེ་མདའ། ལུགས་འགའ་ཞིག་ལ་དཀྱིལ་འཁོར་དུ་སྒྲུབ་རྟེན་གྱི་མདའ་དར་དང༌། སློབ་དཔོན་གྱི་མདུན་དུ་ཚེ་འགུགས་ལ་གཡབ་རྒྱུའི་མདའ་དར་གཉིས་མཛད་སྲོལ་འདུག་ཀྱང་དཀྱིལ་འཁོར་དུ་ཚེ་བུམ་མདའ་དར་སོགས་ལྷ་སོ་སོར་དམིགས་དགོས་ཡོད་ན་ལས་སྤྱིར་བཏང་མདའ་དར་གཅིག་གིས་ཆོག་པར་སེམས། བསྙེན་པ་རྫོགས་པའི་ཉིན་དེ་གའི་ཕྱི་ཐུན་ལ་སྒྲུབ་པའི་དབུ་བཙུགས་ཏེ། གསོལ་འདེབས་ནས་བཟུང་ཚོགས་ཞིང་བསྡུ་བའི་བར་དང༌། དེ་ནས་ཚེ་གླུད་བགེགས་གཏོར་གཤམ་ལ་བསྔོ་བ་སྟེ། སྒྲུབ་པའི་སྐབས་འདིར་བགེགས་གཏོར་རྒྱས་འམ་ཆངས་བུ་རེ་ཐུན་རེ་བཞིན་བསྔོ་བ་ཕྱག་ལེན་འགའ་ཞིག་ལ་གནང་བའང་ལེགས་པའི་ཆ་དང༌། སྲུང་འཁོར་ནས་བཟུང་མཆོད་རློབ་བར་དང༌། དངོས་གཞི་བདག་མདུན་སོ་སོར་དམིགས་པས་ཕྱེ་བ་ཙམ་ལས་སྔར་བཞིན་དང༌། བཟླས་པའི་དབུར་ཛཔ་ཁང་དབྱེ། བསྙེན་དམིགས་གསལ་བཏབ་ལ་བསྙེན་བཟླས་ཁྱུག་ཙམ་སོང་བ་དང་སྒྲུབ་པའི་ཛཔ་དགོངས་གཙོ་བོར་བྱས་ཏེ། དམིགས་པའི་ཁྱད་པར་རིགས་ལྔ་སོ་སོའི་ཐུགས་ཀར་རྒྱ་གྲམ་སྟེང་དུ་ཉི་ཟླའི་གྭའུར་རང་རང་གི་ས་བོན་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿརྣམས་གསལ་བར་སྔགས་ཕྲེང་རང་རང་གི་མདོག་ཅན་གྱིས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུ་མདུན་བསྐྱེད་བརྒྱུད་བྱ་བ་ཙམ་ལས་བསྙེན་པའི་སྐབས་སུ་སྨོས་པ་བཞིན་དོན་གཉིས་བྱ་བ་དང༌། དེ་ནས་རིགས་ལྔ་སོ་སོའི་ཁྱད་པར་གྱི་དམིགས་གནད་ནི། བདག་མདུན་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐུགས་རྡོ་རྗེའི་རིགས་དང༌། འབྱུང་བ་ནམ་མཁའི་དྭངས་མ་དང་འཁོར་འདས་ཀྱི་བཅུད་ཐམས་ཅད་ཨཱཿནྲྀཿཧཱུྃ་གསུམ་མམ་ཡང་ན་འོད་ཟེར་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བར་དབུགས་ཀྱི་རྟ་ལ་ཚུར་དྲངས་ཏེ། འབྲུ་གསུམ་དང་ཁྱད་པར་ནྲྀཿའཁྱམས་པ། རང་གི་བླ་ཚེ་རང་བཞིན་གྱིས་ཡར་བ་དང༌། གདོན་བགེགས་ཀྱིས་ཁྱེར་བ་ཐམས་ཅད་དབང་དུ་བསྡུས་ཤིང་བཀུག་ལ་བདག་མདུན་ལ་བསྟིམ་ཞིང༌། རང་ལུས་ཁེངས་པས་ཐུགས་ཀའི་ཉི་ཟླའི་གྭའུའི་བར་གྱི་ཐུགས་སྲོག་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམས་ལ། སྔགས་བཟླ་བ་ནི་ཐུགས་རྡོ་རྗེའི་རིགས་ཀྱི་བསྡུ་བསྟིམ་བྱ་བའོ། །ཡང་འོད་ཟེར་སྔར་བཞིན་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྐུ་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་དང༌། འབྱུང་བ་ཆུ་དང༌། གངྒཱ་ལ་སོགས་པ་ཆུ་བོ་ཆེན་པོ། ཆུ་བྲན་ལྟེང་ཀ །རྒྱ་མཚོ་ཆེན་པོ་དང་ཆུ་སྲིན་ཚེ་རིང་པོར་བསྐལ་པར་གནས་པ་ཡོད་པར་གསུངས་པས་དང་ཟླ་བ་ནོར་བུ་ཤེལ་གྱི་དྭངས་མ་ལ་སོགས་པའི་འབྱུང་བ་ཆུའི་བཅུད་བརླན་ཞིང་གཤེར་བ་ཐམས་ཅད་ཨཱཿནྲྀཿཧཱུྃ་གསུམ་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བ་དབུགས་རྔུབ་པ་ལས་དྲངས་ཏེ་བསྡུ་བསྟིམ་བྱ་བ་སྔར་བཞིན་ཏེ་སྐུ་བདེ་གཤེགས་རིགས་ཀྱིས་སོ། །ཡང་འོད་ཟེར་སྔར་བཞིན་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཡོན་ཏན་རིན་པོ་ཆེའི་རིགས་ཐམས་ཅད་དང༌། འབྱུང་བ་སའི་བཅུད། འོག་གཞི་གསེར་གྱི་ས་གཞི། རིའི་རྒྱལ་པོ་རི་རབ། གསེར་གྱི་རི་བདུན། གླིང་བཞི་གླིང་ཕྲན་བརྒྱད། རི་བྲག །གངས་རི། སྨན་རི། རྩི་ཤིང་ནགས་ཚལ་སོགས་ས་ཡི་བཅུད་སྲ་ཞིང་འཐས་པ་ཐམས་ཅད་ཡོན་ཏན་རིན་ཆེན་རིགས་ཀྱིས་སོ། །ཡང་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་གསུང་པདྨའི་རིགས་ཐམས་ཅད་དང༌། འབྱུང་བ་འོག་གཞི་མེའི་དཀྱིལ་འཁོར་དང༌། རྟ་གདོང་གི་མེ། སྲེག་ཟའི་མེ། ཁྱིམ་གྱི་མེ། བརྡབས་པ་དང༌། གཙུབས་པ་ལས་བྱུང་བ་དང༌། བསྐལ་པའི་མེ། ཉི་མ་དང༌། ནོར་བུའི་འོད། ཡེ་ཤེས་ཀྱི་མེ་ལ་སོགས་པ་འབྱུང་བ་མེ་ཡི་བཅུད་ཚ་ཞིང་བསྲེག་པ་ཐམས་ཅད་གསུང་པདྨའི་རིགས་ཀྱིས་སོ། །ཡང་འོད་ཟེར་སྔར་བཞིན་འཕྲོས་པས། སྟེང་རླུང་ནམ་མཁའ་ལ་འཕྱོ་བའི་སྒྲ་གཅན། འོག་གཞི་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ། ལྡེམ་འདེགས་འཐོར་བསྐྱོད་ལ་སོགས་པ་ལས་བྱེད་ཀྱི་རླུང་དང༌། ལྷ་ཡུལ་དང་དག་པའི་ཞིང་དུ་ཡོད་པའི་དྲི་ཞིམ་གྱི་ངད་འཕྲོ་བའི་རླུང་ཚ་བ་བསིལ་བ་གང་འདོད་འབྱུང་བ་དང༌། སྐྱེས་བུའི་ལུས་ལ་གནས་པའི་ལས་དང་ཡེ་ཤེས་ཀྱི་རླུང་ལ་སོགས་པ་འབྱུང་བ་རླུང་གི་བཅུད་ཡང་ཞིང་གཡོ་བ་ཐམས་ཅད་ནི་ཕྲིན་ལས་ཀརྨ་རིགས་ཀྱི་སྟེ། མདོར་ན་ཕྱི་འབྱུང་ལྔའི་དྭངས་མ་དང༌། འགྲོ་བ་རྒྱུད་ལྔའི་བླ་ཚེ་སྲོག་གི་སྙིང་པོ། རྡོ་དང་ལྕགས་ཁམས་ཀྱི་རིན་པོ་ཆེའི་རིགས་ཀྱི་ནུས་པ་དང༌། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་ཏིང་འཛིན་ལས་བྱུང་བ་ལུས་ལ་རེག་པ་ཙམ་གྱིས་ནད་དང་ཉོན་མོངས་སེལ། ཏིང་འཛིན་ཁྱད་པར་ཅན་བསྐྱེད་ནུས་པ་སོགས་བརྟན་གཡོ་སྲིད་ཞིའི་དྭངས་མ། ནང་རྒྱལ་བ་རིགས་ལྔ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེའི་དངོས་གྲུབ། གསང་བ་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་རང་བཞིན་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་བདུད་རྩི་དྭངས་མའི་རྣམ་པར་བདག་དང་མདུན་བསྐྱེད་ལ་འདུས་ཤིང་བསྟིམས་ལ། སྣང་སྲིད་ཡེ་ཤེས་ཀྱི་ཕྱག་རྒྱའི་འཁོར་ལོར་སད་པས་ཀུན་ཀྱང་ཛཔ་ཀྱི་སྒྲ་དབྱངས་དི་རི་རིར་སྒྲོགས་པར་བསམ་མོ། །བཟླས་པ་དངོས་གཞིའི་མཇུག་ཏུ་མཚན་བརྒྱ་རྩའང་ཅུང་ཟད་བཟླས་ལ། སྒྲུབ་པའི་སྐབས་ལས་སྦྱོར་མི་དགོས། ཐུན་རྗེས་ཚེ་འགུགས་ཀྱང་ལྷ་མོ་མགྱོགས་མའི་ཚོགས་སྤྲོ་བསྡུ་འགུགས་བསྟིམ་གྱི་དམིགས་གནད་དང་བཅས་ནན་ཏན་དུ་བྱ་ཞིང་རྗེས་བསྡུ་རྣམས་བསྙེན་པ་བཞིན་དང༌། སྒྲུབ་པའི་སྐབས་འདིར་མཆོད་པ་ཚོགས་སྐོང་སོགས་ཇི་ཙམ་རྒྱས་བཞིན་ལེགས་པར་གསུངས་སོ། །དེ་ལྟར་རྩ་བའི་སྒྲུབ་སྔགས་ཀྱི་གྲངས་ནི། གཞུང་ལས། འབུམ་ཕྲག་བཞི་བཟླས་རྣལ་འབྱོར་ལ༔ བརྩོན་པས་ཚེ་ཡི་དངོས་གྲུབ་ཐོབ༔ ཅེས་གསུངས་པ་ལྟར་དང༌། མཚན་བརྒྱ་རྩ་ཡང་བསྒྲུབས་ན་གྲངས་འབུམ་ཕྲག་གཅིག་བཟླ་བ་གཞུང་དུ་གསུངས་པས་མཚོན་ཇི་ལྟར་རིགས་པ་བསྒྲུབ་པར་བྱའོ། །གསུམ་པ་ལས་སྦྱོར་ནི། སྒྲུབ་པ་ཐེམས་པ་དང་ཐུན་དེ་གའི་བསྙེན་སྒྲུབ་ཀྱི་བཟླས་པ་མཐར་ཆགས་སོང་བ་དང་ལས་སྦྱོར་བྱ་བ་སྟེ། དམིགས་གནད་ནི། བདག་མདུན་གྱི་གཙོ་འཁོར་ཡོངས་རྫོགས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྒོ་མ་བཞི་བསྐུལ་བས་ཕོ་ཉའི་ཚོགས་རང་རང་གི་མདོག་ཅན་འོད་ཟེར་དང་ལྡན་པ་སྟོང་གསུམ་ནམ་མཁའ་རབ་འབྱམས་ཁྱབ་པར་འཕྲོས་པས། དེ་དག་ཞི་བའི་ལས་མཛད་མ་རྣམས་ཀྱིས་སྣོད་ཀྱི་འབྱུང་བའི་དུག་དང༌། བཅུད་ཀྱི་སྐྱེ་འགྲོའི་ལས་ཉོན་ཚེ་བདུད་བར་ཆད་ཀྱི་སྡིག་པ་སྦྱངས། ཕོ་ཉའི་འོད་ཟེར་དང་བཅས་པ་ཚུར་བསྡུས་པས་རང་གི་ཕྲ་རགས་གཟུང་འཛིན་གྱི་སྒྲིབ་པ་ཞི་བའི་ཕྲིན་ལས་བསྒྲུབ་པར་བསམས་པ་དང༌། དེ་བཞིན་དུ་རྒྱས་པའི་ལས་མཛད་མ་རྣམས་ཀྱིས་བསོད་ནམས་ལོངས་སྤྱོད་སོགས་འབྱོར་བ་དྲུག་རྒྱས་ཤིང༌། རྩ་རླུང་ཁམས་ཀྱི་དྭངས་སྟོབས་འཕེལ་བ་དང༌། དབང་མཛད་མ་རྣམས་ཀྱིས་སྐྱེ་འགྲོ་ལྷ་འདྲེ་མི་གསུམ་རང་དབང་མེད་པར་བཀུག་ཅིང་ཕྱི་ནང་གི་རླུང་སེམས་མ་ལུས་པ་དབང་དུ་བསྡུ་བ་དང༌། དྲག་མཛད་མ་རྣམས་ཀྱིས་བདུད་བཞི་ལོག་འདྲེན་ཞིང་བཅུའི་དགྲ་བགེགས་རྣམས་རྡུལ་དུ་བརླག་པའི་ཕྲིན་ལས་བསྒྲུབ་པ་སོགས་ཐུན་མོང་དང༌། ཁྱད་པར་ལས་བཞི་ལྷུན་གྲུབ་ཡེ་ཤེས་མཆོག་གི་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བར་བསམས་ལ་བཟླས་པ་བྱ། གྲངས་ནི་གཞུང་ལས། འབུམ་རེས་ལས་གྲུབ་གདོན་མི་ཟ༔ ཞེས་པས་སོ། །དེ་ལྟར་བསྙེན་སྒྲུབ་ལས་གསུམ་གའི་གྲངས་ནི་སོ་སོའི་མཇུག་ཏུ་སྨོས་པས་ཤེས་ལ། དུས་ནི་དཔེར་མཚོན་ན་འབྲེལ་འཇོག་ལྟར་བུར་བསྙེན་སྒྲུབ་ལས་གསུམ་ག་ཟླ་གཅིག་གི་དབང་དུ་ན་བསྙེན་པ་བདུན་གསུམ། སྒྲུབ་པ་བདུན་གཅིག །ལས་སྦྱོར་ཞག་གསུམ་ལྟ་བུས་མཚོན་ཏེ་གྲངས་བསྙེན་ཟླ་བ་དྲུག་མ་སོགས་ལ་བསྙེན་སྒྲུབ་ལས་གསུམ་ག་དེ་དང་དེར་དཔག་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ལས་གསུམ་ལེགས་པར་ཐེམས་པའི་སང་ཉིན་དངོས་གྲུབ་ཞུ་རྒྱུའི་དོ་ནུབ་ཀྱང་ཚོགས་བསྐང་བཤགས་གང་རྒྱས་དང་བཅས་མཆོད་གཏོར་ཁ་གསོ། གཞན་ཡང་མཆོད་རྫས་ཚོགས་ཀྱི་ཡོ་བྱད་བཱ་ལ་དང་མ་དཱ་ན་སོགས་བཟའ་བཅའ་བཏུང་བའི་རིགས་འཁོས་བསྟུན་བཟང་ཞིང་གྱ་ནོམ་པ་དང༌། སྤྲོ་ན་འབྲང་རྒྱས་ཀྱང་བཤམས་ཤིང༌། ནངས་པར་ཐོར་ཐུན་ནམ་སྔ་ཐུན་ལ། གསོལ་འདེབས་ནས་བཟུང་ལས་གཞུང་བགེགས་སྐྲོད་དང༌། མཚམས་གཅོད་བྱིན་འབེབས་ནན་ཏན་དུ་བྱ། མཆོད་རློབ་ནས་བཟུང་སྟེ་བསྙེན་སྒྲུབ་ལས་གསུམ། བུམ་བཟླས་དང༌། ཚེ་འགུགས་མཐར་མཆོད་བསྟོད་དང༌། དེ་ནས་དངོས་གྲུབ་ལེན་པ་ལ། ཐོག་མར་ལས་བྱང་ལྟར་བགེགས་གཏོར། སྲུང་འཁོར། བྱིན་འབེབས། འཛབ་བསྐུལ། ཧཱུྃ་ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་སོགས་མཐར། རང་ཉིད་གཙོ་བོ་ལས་ལོགས་སུ་ཕྱེ་བ་དངོས་གྲུབ་ལེན་པ་པོར་བྱས་ཏེ། མདུན་གྱི་ལྷ་ཚོགས་རྣམས་ཀྱི་དཔྲལ་མགྲིན་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་བརྟན་གཡོ་སྲིད་ཞིའི་མཐུ་དཔལ་གཟི་བརྗིད་ཚེ་བཅུད་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པ་བར་མ་ཆད་པར་བྱོན་ནས། རང་གི་གནས་གསུམ་དུ་ཐིམ་པར་བསམས་ལ། བསྙེན་སྒྲུབ་ལས་གསུམ་སོ་སོའི་སྔགས་མཐར། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་མང་ཉུང་བསྙེན་སྒྲུབ་ལས་གསུམ་སོ་སོའི་བཟླས་པའི་འགྲོས་དང་བསྟུན་ནས་མང་དུ་བཟླ། དེ་ནས་ལས་བྱང་བཞིན་སྨན་མཆོད་རྒྱས་པ་དང༌། གཏོར་མ་རཀྟས་མཆོད། ཧོཿ ཚེ་ཡི་ལྷ་ཚོགས་སོགས་འཁོན་གཅུགས་བཤགས་ལ་ཡིག་བརྒྱ་བཟླས་ཏེ། གསོལ་བ་རྩེ་གཅིག་ཏུ་འདེབས་བཞིན་པ་ནས། ཧྲཱིཿ བཅོམ་ལྡན་མགོན་པོ་སོགས་ནས། ད་ལྟ་ཉིད་དུ་འགྲུབ་པར་མཛོད༔ ཅེས་པའི་བར་དལ་བུས་ཐོག །བསྙེན་སྒྲུབ་ལས་གསུམ་གའི་སྔགས་མཐར། ཀཱ་ཡ་ཝཱ་ཀ་སོགས་གཞུང་གི་སྔགས་བཏགས་པ་བཟླ་བཞིན་པ་དང་བཅས། དཀྱིལ་འཁོར་བའི་གནས་གསུམ་ལྟེ་གསང་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྒྱ་མཚོའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་སྣ་ཚོགས་པ་དང་བཅས་ཏེ། འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་རང་གི་གནས་ལྔར་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་གཅིག་ཅར་དུ་ཐོབ་པར་བསམ་ལ། ལྷ་ཙཀ་དང་བཅས་པའི་བུམ་པ་དང༌། ཚེ་འབྲང་གནས་བཞིར་བཞག་ནས་དབང་བླང༌། ཚེ་རིལ་དང༌། ཚེ་ཆང་ཐབས་ཤེས་ཀྱི་རྫས་སུ་རོལ། ཚེ་མདའ་རྡོ་རྗེའི་གོར་སྤྱི་བོར་རྒྱ་གྲམ་དུ་འགོད་པ་དང༌། འདིར་སྤྲོ་ཞིང་ནུས་ན་བདག་འཇུག་ཀྱང་ལེན་ཅིང༌། མཐར་དངོས་གྲུབ་ཀྱི་རྫས་རྣམས་ཀྱང་ཐོག་མར་རང་གི་ལོངས་སྤྱད་ཅིང༌། དེ་རྗེས་ནང་འཁོར་དམ་གཙང་རྣམས་ལའང་སྦྱིན་དུ་རུང༌། སྐབས་སུ་བབས་ན་ཕྲིན་ལས་མེ་རླུང་ལ་བརྟེན་ནས་རྒྱས་པའི་སྲེགས་བླུགས་གྲུབ་ན་འདིར་བྱ་བ་སྟེ། མདངས་ནུབ་ཚོམ་བུ་དང༌། མེ་གཏོར། བསྲེག་རྫས་སྤྱི་དང༌། བྱེ་བྲག་དཱུརྦ་སོགས་ཕྱག་ལེན་བཞིན་འདུ་བྱ་བ་སྟེ། ཁོ་བོས་བྲིས་པའི་སྲེག་བླུགས་འཆི་མེད་གྲུབ་པའི་དགའ་སྟོན་ལས་ཤེས་པར་བྱ་བའོ། །དེ་ནས་ཚོགས་མཆོད། སྐོང་བ་དང༌། གཏོར་བསྔོ། གཏང་རག་ཆོ་ག་རྒྱས་པ་གྲུབ་ན་ལྷག་གཏོར་བཅས་སྔར་བཞིན་ནས། གཏོར་སྐྱོང་བྲོ་བརྡུང་བར་དང༌། སླར་ཡང་མཆོད་ཁ་གསོ་ཞིང་གཏང་རག་གི་མཆོད་བསྟོད་ནས་ཤིས་བརྗོད་བར་གྱིས་ནང་མཚམས་གྲོལ་བའོ། །ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གྲུབ་ཚེ་དགོས་པ་དང་ཕན་ཡོན་དུ་མ་དང་ལྡན་པས་གལ་ཆེ་སྟེ། དེའང་གང་བྱུང་ཙམ་གྱིས་ཆོག་ཤེས་པར་བགྱིས་ཚེ་རང་ཉིད་གཅིག་པུས་དང༌། དེ་མིན་འདི་ཉིད་ཀྱི་གཞི་བསྙེན་ཟླ་དྲུག་མ་ལྟ་བུར་བཅུ་ཆའི་གྲངས་ལོངས་ངེས་འགྲུབ་པར་འདོད་ན་གྲོགས་དམ་གཙང་དུ་མ་འདུས་ནས་གྲངས་བསགས་ཀྱང་རུང་སྟེ། དེ་ནི་བསྙེན་སྒྲུབ་ལས་གསུམ་གྲུབ་པའི་ཕྱི་དྲོའམ། ཕྱི་ཉིན་སྔ་ཐུན་ནས་དབུ་ཚུགས་ན་སྐབས་སུ་བབ་ཅིང༌། དེའི་ཆོ་གའི་ཁྲིགས་དང་གོང་གི་རྒྱས་བསྲེགས་ཁ་བསྒྱུར་ཚུལ་སྔ་མ་ལས་མཁྱེན་པར་མཛོད་ཅིག །དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་གྲུབ་ནས་ཡར་ངོའི་གཟའ་སྐར་འབྱུང་འཕྲོད་དང་བསྟུན་གཏང་རག་གི་ཚོགས་མཆོད་རྒྱས་པར་བཤམས་ལ་ལས་གཞུང་གསོལ་འདེབས་ནས་བཟུང་དགའ་སྟོན་ཚོགས་སྐོང་གང་རྒྱས་བྱ། ལྷག་མ་སྔར་གཏའ་རུ་བཟུང་བ་དེ་ཡང་ལས་གཞུང་ཚོགས་ལྷག་དང་མཉམ་དུ་སྟབས་བདེ་ན་ལྷོ་ནུབ་ཕྱོགས་སུ་གོམ་པ་བདུན་ཅུའི་གཙང་སར་སྐྱེལ། གནས་ཁང་གི་ཐལ་རྡུལ་རྣམས་ཀྱང་ཕྱིར་དོར། བཀའ་སྲུང་ཆོས་སྐྱོང་གཞི་བདག་རྣམས་ལའང་གཏང་རག་གི་གཏོར་མ་གསར་གཤོམ་དང༌། སྔར་གྱི་རྟག་གཏོར་ལྷན་ཅིག་པར་སྒྲུབ་ཁང་གི་ཡང་ཐོག་ཏུ་འབུལ་བ་སོགས་གཏོར་སྐྱོང་མཐའ་རྒྱས་དང༌། དམ་སྲི་སྒབ་འདྲེ་རྣམས་གཏོར་གཞོང་རི་རབ་ཏུ་བསམས་ཏེ་གཏོར་བྲོ་བརྡུང༌། གཏང་རག་གི་མཆོད་བསྟོད། ནོངས་པ་བཤགས་ཤིང་བརྟན་བཞུགས་རས་བྲིས་ཡོད་ན་དང༌། དེ་མིན་བྲིས་སྐུར་ནན་ཏན་བྱ། ཚེ་སྒྲུབ་ཀྱི་སྐབས་རྟེན་ཡོད་མེད་གང་ལྟར་ཡང་བརྟན་བཞུགས་ལས་གཤེགས་གསོལ་རྟེན་འབྲེལ་གྱིས་མི་རུང་གསུངས། དམ་ཚིག་གི་དཀྱིལ་འཁོར་བསྡུ་སྐབས་སྔར་བསྐྱེད་པའི་བསྲུང་འཁོར་བསྡུ་བ་ཙམ་གྱིས་ཁྱད་པར་ལས་སྔར་བཞིན་ལྷར་ལྡང་བར་དང༌། དེ་ནས་ཐོའི་དྲུང་དུ་སྔར་བཞིན་མཆོད་གཏོར་བཤམས་ནས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པའི་བར་སྔར་བཞིན་དང༌། ཕྱོགས་བཞིའི་བགེགས་ཀྱི་ཞེས་ཚིག་རྐང་ཚབ་ཏུ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང༌། སྔགས་རྣམས་མཐར། ཏིཥྛའི་ཚབ་ཏུ། བཛྲ་མུཿ ཞེས་གཤེགས་གསོལ་བྱས་ལ་ཐོ་བསྡུ། སླར་རང་མལ་འདུག་ལ་ལས་གཞུང་གི་བསྔོ་སྨོན་དང་བཅས་ཇི་ལྟར་བགྱིས་པའི་བསྙེན་སྒྲུབ་ཀྱི་དགེ་ཚོགས་རྣམས་བྱང་ཆེན་དུ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་འདེབས་ནན་ཏན་དང༌། བཀྲ་ཤིས་པའི་ཚིགས་བཅད་གཞུང་དང༌། སངས་རྒྱས་ཀྱི་བདེན་པའི་གསུང་ཇི་ལྟར་རིགས་པ་བརྗོད་ལ་མེ་ཏོག་འཐོར་ཞིང་དགེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །དེ་ནས་མཚམས་བགས་ཀྱིས་གསེང་བ་སྟེ་ཉིན་ཤས་གཞན་དུ་མི་འགྲོ་བར་སྡོད་གང་ཚུགས་བྱས་ན་རྟེན་འབྲེལ་བཟང༌། རྒྱུན་བཟླས་ནང་སྒྲུབ་འདི་ཉིད་དམ། ཡང་ན་ཕྱི་ནང་གསང་བ་ཡང་གསང་ཀུན་དྲིལ་ཤིན་ཏུ་ཟབ་པ་རྒྱུན་གྱི་རྣལ་འབྱོར་གུད་དུ་རྡོ་རྗེའི་གསུང་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པས་ཇི་ལྟར་མོས་པ་ལྟར་དམ་བཅའ་བཟུང་སྟེ་དེའི་དབུ་འཛུགས་པ་དང༌། འགྲུབ་ན་ཚོགས་བསྐང་བཤགས་དང༌། བླ་གབ་མེད་པར་བསང་མཆོད་བརྒྱགས་བརྔན་སོགས་གནས་གཞིའི་བདག་པོ་སྤྱི་བྱེར་མཆོད་སྦྱིན་དང༌། ངན་སློང་སྤྱིན་གཏོང་གིས་མཚོན་ཆོས་ཀྱི་དགའ་སྟོན་ཇི་ལྟར་འོས་པར་བྱའོ། །དེ་ནས་ཐོག་མར་དམ་གཙང་གི་མི་དང་མཇལ་འཕྲད་བྱེད་ཅིང༌། ཕྱིར་བསྐྱོད་པའི་ཚེ་གོམ་པ་གྱེན་དུ་འདོར་ནས་མིག་ཉི་ཟླར་བལྟ་བ་དང་བཅས་ཕྱི་མཚམས་གྲོལ་བའི་རྟེན་འབྲེལ་བཟང་པོའི་སྒོ་དུ་མའང་བྱ་བ་སོགས་འདིར་དབང་བརྟུལ་རྣམས་ལ་སྨན་སླད་བསྙེན་སྒྲུབ་འཇུག་ལྡང་གི་ལག་ལེན་དང༌། ལྷ་སྔགས་ཀྱི་དམིགས་གནད་གཙོ་བོར་སྨོས་པ་ཙམ་ལས་བསྙེན་སྒྲུབ་ཀྱི་སྤང་བླང་མཐའ་དག་ཞིབ་པ་བླ་མའི་ཞལ་དང༌། འཇམ་མགོན་བློ་མཐས་མཛད་པའི་བསྙེན་སྒྲུབ་སྤྱིའི་གནད་བསྡུས་རབ་གསལ་ནོར་སྒྲོན་དང༌། འབྲི་གུང་ཆོས་གྲགས་ཀྱི་མཛད་པ་བསྡེབས་ནས་མཁྱེན་པར་གལ་ཆེའོ། །གསུམ་པ་གསང་སྒྲུབ་དང་ཡང་ཟབ་བླ་མའི་སྒྲུབ་པ་སོགས་འཕྲོས་དོན་དུ་གླེང་བ་ལ། གསང་བ་རྫོགས་རིམ་གྱི་སྔོན་འགྲོ་ལྟ་བུ་དབྱིངས་ཕྱུག་མནྷ་ར་རིགས་ལྔ་དང༌། དེ་ཁོ་ན་ཉིད་ཡང་ཟབ་རིག་འཛིན་བླ་མ་ཧེ་རུ་ཀ་རིགས་འདུས་དང༌། དེ་དག་གི་སྔ་ཕྱི་སྐབས་གང་རིགས་སུ་ཚེ་བདུད་གཞོམ་པའི་ལྷ་མཆོག་པདྨ་དྲག་པོ་དབང་ཆེན་ཧེ་རུ་ཀ་སོགས་ཀྱི་བསྙེན་སྒྲུབ་ཀྱི་སྦྱོར་བ་དང༌། རྗེས་ཀྱི་ཆིངས་གོང་སྨོས་དང་མཚུངས་པས་རྟོགས་པར་འགྱུར་བ་མ་ཟད། དངོས་གཞི་ཡང་ལྷ་སོ་སོའི་རྣམ་འགྱུར་མདོག་རྒྱན་བསྒྱུར་བ་ཙམ་ལས་གོང་དང་འདྲ་ཞིང༌། བཟླས་དམིགས་གསང་སྒྲུབ་ལ་མནྡ་ར་རིགས་ལྔར་ཡེ་ཤེས་སེམས་མ་རེ་དང༌། དེའི་ཐུགས་ཀར་ཐུགས་སྲོག་སྔགས་ཕྲེང་གསལ་སྣང་གིས་མ་དག་ཕུང་ཁམས་ཀྱི་བག་ཆགས་སྦྱངས་ཏེ། འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་རྟག་བརྟན་བདེ་བ་ཆེན་པོའི་ངང་མདངས་སྐྱོང་བ་བསྙེན་པ་དང༌། རིགས་བཞིའི་ཐུགས་སྲོག་གི་འོད་ཟེར་གྱིས་ཕྱི་འབྱུང་བ་ལྔའི་བཅུད་ནང་གི་འབྱུང་བ་ལྔའི་དྭངས་མར་བསྡུ་ཐིམ་གྱིས། གསང་བ་རྩ་རླུང་ཐིག་ལེ་མི་ཕྱེད་སྐུ་གསུམ་ཡེ་ཤེས་རྡོ་རྗེའི་སྲོག་ཐོབ་བ་སྟེ་སྒྲུབ་པ་དང༌། གཙོ་མོ་ལྔའི་ཐུགས་འོད་ཀྱིས་སྒོ་བཞིའི་རྟ་མགྲིན་བསྐུལ་བས་ཐུན་མོང་ལས་བཞིའི་དངོས་གྲུབ་བསྡུས་ནས་རང་ལ་བསྟིམ་པ་ལས་སྦྱོར་དང༌། དེ་བཞིན་དུ་ཡང་ཟབ་བླ་སྒྲུབ་ཀྱི་བཟླས་དམིགས་ཀྱང་གཙོ་བོའི་ཐུགས་ཀར་གསེར་གྱི་རྡོ་རྗེའི་ལྟེ་བར་ཐུགས་སྲོག་ཧྲཱིཿཡིག་སྔགས་ཕྲེང་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ། འཁོར་འདས་བརྟན་གཡོའི་དྭངས་མ་ཡེ་ཤེས་བདུད་རྩིའི་སྙིང་པོ་ཐུགས་སྲོག་ལ་བསྟིམ། དེ་ལས་འོད་ཟེར་དཔག་མེད་སྤྲོས་ཏེ་ལུས་ནང་གང་བས་ནད་གདོན་སྡིག་སྒྲིབ་སྦྱངས། རྩ་ཐིག་རླུང་གསུམ་གྱི་རྒུད་པ་སེལ་ཞིང༌། བླ་ཚེ་སྲོག་དབུགས་ཉམས་པ་བསྡུས། འཆི་མེད་ཚེ་དང་ཡེ་ཤེས་རྡོ་རྗེའི་སྲོག་རོ་གཅིག་པས་སྐྱེ་འཆིའི་མཚན་རྟོག་དབྱིངས་སུ་དག་ནས་སྙིང་པོ་མི་འགྱུར་བའི་ཡེ་ཤེས་དེ་ཁོ་ན་ཉིད་གཅིག་ཏུ་འཁྱིལ་བར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུ་ཛྙཱ་ན་བཟླ་བ་བསྙེན་པ་དང༌། གཙོ་འཁོར་ཀུན་གྱི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤར་ཞིང༌། ཀུན་ཀྱང་གཉིས་སུ་མི་ཕྱེད་པའི་ཡེ་ཤེས་རྡོ་རྗེའི་དགོངས་པའི་སྲོག་ཐོབ་ནས་འཆི་མེད་རྟག་པ་དམ་པའི་བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་གཅིག་ཅར་ཡིད་བཞིན་དུ་ཐོབ་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བཟླ་བ་སྒྲུབ་པ། ཡང་གཙོ་འཁོར་སོ་སོའི་ཐུགས་ཀ་ནས་འོད་ཟེར་དྲྭ་བའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོས་པས་ཐུན་མོང་གི་ལས་བཞི་དང༌། ཁྱད་པར་གྱི་ཕྲིན་ལས་རྣམ་པ་བཞི་སོགས་སྲིད་ཞིའི་འདོད་དོན་ཡིད་བཞིན་དུ་འགྲུབ་པར་བསམས་ཏེ་གོང་གི་སྔགས་ལ་ལས་བཞིའི་ཤམ་བུ་བཏགས་པ་སྟེ་ལས་སྦྱོར་དང༌། བར་ཆད་སེལ་བའི་ལྷ་མཆོག་དབང་དྲག་པདྨ་རྟ་མགྲིན་རིགས་ལྔའི་བཟླས་དམིགས་ནི། ཐུགས་ཀར་པད་ཉིའི་སྟེང་དུ་ཐུགས་སྲོག་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱ་བ་སྟེ། འོད་ཟེར་འཕྲོས་པས་བདེ་གཤེགས་མཆོད་ཅིང་བྱིན་རླབས་བསྡུ་བ་བསྙེན་པ། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཤིང་ལྷར་གྱུར་པ་སྒྲུབ་པ་དང༌། དབང་ཆེན་རོལ་པའི་ལྷ་ཚོགས་ཀྱི་སྐུ་ཆེ་ཆུང་གྲངས་མེད་པ་དང༌། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་གྲངས་མེད་ཕོ་ཉའི་ཚོགས་ནམ་མཁའ་ཁྱབ་པར་སྤྲོས། རང་གི་ཚེ་ཡི་བདུད་དང་གཤེད་དུ་གྱུར་པའི་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་དབྱིངས་སུ་བསྒྲལ་ བསད་པ། མཆན། ནས། འཁྲུལ་རྟོག་གཟུང་འཛིན་གྱིས་འདུས་པའི་དམ་སྲི་རྒྱལ་འགོང་མ་རུང་འབྱུང་པོའི་སྲུང་མཚམས་གོ་ཆས་བཅད་ སྲུང་བ། མཆན། དེ། བྱད་ཕུར་རྦོད་གཏོང་རྣམས་དེ་དག་རང་རང་གི་བདུད་གཤེད་དུ་སྤྲུལ་པའི་ཁྲོ་བོའི་ཕོ་ཉ་རྣམས་ཀྱིས་དམིགས་མེད་ཀྱི་དབྱིངས་སུ་བཟློག་བཟློག་པ། མཆན། ཅིང་བསྒྱུར་ཏེ། ཕྱི་སྣོད་སྣང་བ་ནང་བཅུད་སྐྱེ་འགྲོ་སྲིད་དོ་ཅོག་རྟ་མཆོག་རིགས་ལྔའི་སྐུ་ཕྱག་རྒྱ། གསུང་སྔགས་སྒྲ། ཐུགས་དབྱིངས་རིག་ཟུང་འཇུག་མཉམ་ཉིད་ཁྱབ་བརྡལ་དགོངས་པའི་རྩལ་ཆེན་ཡོངས་སུ་རྫོགས་པ་ལས་སྦྱོར་ཏེ་བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་དེ་ཐེག་རྩེའི་དགོངས་པ་བསམ་གྱིས་མི་ཁྱབ་པའི་ཁྱད་ཆོས་དང་བཅས་པའོ། །དེ་ཐམས་ཅད་ཀྱི་མཐར་ཐུག་ཡང་ཟབ་རྒྱུན་གྱི་རྣལ་འབྱོར་རམ་ཡང་གསང་དྲིལ་སྒྲུབ་ལྟ་བུ་ངོ་བོ་འཆི་མེད་པདྨ་འབྱུང་གནས་ལ་རྣམ་པ་རིགས་འདུས་ཚེ་དཔག་མེད་དུ་གསལ་བ་རིགས་འདུས་བླ་མ། གནས་ལྔར་རིགས་ལྔ་ཚེ་དཔག་མེད་ཡབ་ཡུམ་སྒོམ་པ་ཡི་དམ་རིགས་ལྔའི་ཚེ་སྒྲུབ། རྩ་འདབ་རྣམས་སུ་ཚེ་ཡི་མགྱོགས་མ་གསལ་བ་མཁའ་འགྲོའི་ཚེ་སྒྲུབ་དང༌། ཐུགས་ཀར་ཚེ་དཔག་མེད་ལྷ་བརྒྱད་ཕྱི་སྒྲུབ་ཛེ་ཏཱ་རིའི་ལུགས་ཀྱི་ཚེ་སྒྲུབ་བཅས་ཕྱི་ནང་གསང་བ་ཡང་ཟབ་དཀྱིལ་འཁོར་ཆིག་རྫོགས་སུ་སྒྲུབ་ཚུལ་འཆི་མེད་སྲོག་ཏིག་གི་ཚེ་ཡི་ཕྲིན་ལས་རྗེ་གཏེར་ཆེན་བླ་མ་དངོས་ཀྱིས་མཛད་པ་ལྟར་སྒྲུབ་ཚུལ་ནི་འདིར་མ་སྨོས་ཏེ། ཤིན་ཏུ་ཟབ་རྒྱ་དང་ལྡན་པས་གུད་དུ་བྱུང་བ་ལས་ཤེས་པར་བྱའོ། །སྨྲས་པ། འཆི་མེད་མགོན་པོའི་གསང་གསུམ་དྲན་ཙམ་གྱིས། །ཚེ་དང་ཡེ་ཤེས་གྲུབ་ཅེས་ཐུབ་པས་བསྔགས། །དེ་ཕྱིར་རྒྱུད་དང་སྒྲུབ་ཐབས་བྱེ་བའི་ཕུལ། །ཡིད་བཞིན་དབང་གི་རྒྱལ་པོ་འདི་ཁོ་ན། །བཀའ་ཡི་ལུང་བཞིན་བསྙེན་ཅིང་སྒྲུབ་པའི་ཚུལ། ཅུང་ཟད་ལེགས་པར་ཕྱེས་ཀུན་བླ་མའི་དྲིན། །མ་རྟོགས་ལོག་རྟོགས་བདག་ཉིད་ཁོ་ནའི་སྐྱོན། །རྩ་གསུམ་ལྷ་དང་སྤྱན་ལྔའི་གཟིགས་པར་འཆགས། །འབད་པ་གང་དེས་བསྟན་འཛིན་ཞབས་བརྟན་ཅིང༌། །སྐྱེ་རྒུ་ཀུན་ཀྱང་བྱང་ཆུབ་སེམས་མ་སྐྱེས། །དེ་སྲིད་དལ་བའི་རྟེན་ཉིད་ཡུན་བསྲིངས་ནས། །གཟི་བརྗིད་རྒྱལ་པོའི་གོ་འཕང་རྒྱུ་རུ་བསྔོ། །རིང་འཚོའི་རྩ་བ་མི་ཤིགས་ཁམས་སུ་བརླིང༌། །ཕན་བདེའི་ཁོ་ལག་རབ་འབྱམས་ཞིང་ཀུན་ཁྱབ། །ཚེ་དང་ཡེ་ཤེས་རིན་ཆེན་སྙེ་མ་ཡིས། །དོན་གཉིས་དགེ་ལེགས་རྒྱས་པའི་དཔལ་དུ་ཤོག །ཅེས་པ་འདི་ཡང་རང་ཉིད་ལམ་འདིའི་བསྙེན་སྒྲུབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བའི་ཚེ་ན་ཟབ་ཆོས་འདི་ཉིད་ཀྱི་འཁོར་ལོས་སྒྱུར་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁྱེན་བརྩེ་ནུས་པའི་གཏེར་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་འཇམ་མགོན་བླ་མ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེས་སངས་རྒྱས་གླིང་པའི་གཏེར་བྱོན་གུ་རུ་པདྨ་ཀཱ་རའི་སྐུ་སྤར་ལ་གང་གི་ཕྱག་གིས་བཏབ་པའི་བྱིན་སྐུ་ཁྱད་ཅན་དབང་པོའི་གྲངས་ལྡན་དང༌། འཁོར་འདས་ཀྱི་དྭངས་མ་བཅུད་དུ་སྨིན་པའི་ཚེ་རྫས་ལེ་ཚན་དང་བཅས་འདི་ལ་བསྙེན་ཡིག་རྒྱས་བསྡུས་ཀྱི་མཐར་མ་ལྷུང་བ་ཞིག་བྲིས་ཤིག་ཅེས་བཀའ་ཡི་ཅོད་པན་སྤྱི་བོར་དཔྱངས་པ་གུས་པས་མཆོད་དེ། མགོན་པོ་གང་དང་ཡོངས་འཛིན་དམ་པ་དུ་མའི་བཀའ་དྲིན་གྱིས་འཚོ་བའི་འབངས་ཐ་ཞྭ་སྤྲུལ་རྨོངས་བརྟུལ་རྟགས་ཙམ་འཛིན་པའི་ཤཱཀྱའི་དགེ་སྦྱོང་ངག་དབང་ཆོས་ཀྱི་བློ་གྲོས་དཔལ་བཟང་པོས་རང་ལོ་བཞི་བཅུ་རྩ་དགུར་རང་གནས་ཐུབ་བསྟན་མདོ་སྔགས་ཆོས་གླིང་གི་དབེན་སྤྱིལ་འཆི་མེད་དགའ་ཚལ་དུ་འགལ་བྱེད་ཀྱི་ལོ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་དང་བསྟུན་བྲིས་པས་འགྲོ་ཀུན་ཚེ་མཐའ་ཡས་པའི་དཔལ་ལ་རྟག་ཏུ་ངལ་འཚོ་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ།། །།}} | ༄༅། །ན་མོ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཡེ། གང་གི་མཚན་ཐོས་ཉི་བུའི་གཡུལ་ཕམ་ནས། འཆི་མེད་ཡེ་ཤེས་གྲོང་ཁྱེར་དབང་མཛད་པའི། །རྣམ་པར་ངེས་པའི་གཟི་བརྗིད་རྒྱལ་པོ་དང༌། །དབྱེར་མེད་གཏེར་ཆེན་བླ་མར་སྙིང་ནས་འདུད། །འཕགས་བོད་བཀའ་གཏེར་ཚེ་ཡི་རྒྱུད་སྒྲུབ་ཐབས། །བྱེ་བའི་ཉིང་ཁུ་ཙམ་མིན་ལམ་ཡོངས་རྫོགས། །ཀུན་འདུས་པདྨ་ཚེ་ཡི་སྙིང་ཐིག་གི །བསྙེན་ཅིང་སྒྲུབ་ཚུལ་ཐོ་བྱང་སྤེལ་ལ་སྤྲོ། །དེ་ལ་འདིར་ཡོངས་རྫོགས་བསྟན་པའི་སྤྱི་མེས་བཀའ་བབས་བདུན་གྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་མཚན་གྱི་བ་དན་སྲིད་རྩེར་སྒྲེང་བ་ཉིད་སླར་ཡང་བསམ་བཞིན་སྲིད་པའི་སྒྱུ་འཕྲུལ་མཚན་དཔེར་སྣང་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་ཞེས་བདག་ཉིད་ཆེན་པོ་གང་གི་ཟབ་མོ་དགོངས་པའི་ཆོས་གཏེར་ནམ་མཁའ་མཛོད་ཀྱི་ནང་ཚན་པདྨ་ཚེ་ཡི་སྙིང་ཐིག་གི་བསྙེན་སྒྲུབ་ཟབ་མོ་ཇི་ལྟར་ཉམས་སུ་ལེན་པ་ལ། བསྙེན་སྒྲུབ་ལས་གསུམ་རྒྱས་འབྲིང་བསྡུས་པའི་རྣམ་བཞག་སྤྱིར་བསྟན་པ་དང༌། མན་ངག་དངོས་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་སྒྱུ་འཕྲུལ་སོགས་སྔ་འགྱུར་གྱི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དགོངས་པ་དང་བསྟུན་ན་རྒྱུད་འདིའི་དངོས་བསྟན་གཙོ་བོ་ནང་སྒྲུབ་ལ། ལེའུ་ཉི་ཤུ་པ་ནས་འབྱུང་བའི་ཚེ་དཔག་མེད་ཕྱག་རྒྱ་གཅིག་པ་ལུས་དཀྱིལ་དང་བཅས་པས་བསྙེན་པ། ལེའུ་ལྔ་པ་ནས་འབྱུང་བའི་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ལས་བྱང་རྒྱས་པའི་བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་བཅས་དུས་གྲངས་རྟགས་གསུམ་གྱི་བསྙེན་ཚད་རྫོགས་པར་བྱས་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལས་ཚོགས་རིགས་མཐའ་རྒྱས་སུ་བྱ་བ་དང༌། དེ་རྗེས་སྤྲོ་ཞིང་ནུས་ན་རིགས་ལྔ་ཚེ་དཔག་མེད་སོ་སོའི་སྒོས་སྒྲུབ་ལྟར་རྣམ་སྣང་ཚེ་དཔག་མེད་སྐུ་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོའི་དབང་ཕྱུག་གི་བསྙེན་སྒྲུབ་ལས་གསུམ་རྒྱས་བསྡུས་གང་ལྕོགས་བྱ། ཁྱད་པར་གྱི་ལས་སྦྱོར་སཱཙྪ་བརྒྱ་རྩ་བཏབ་ལ་གཞུང་བཞིན་སྒྲུབ། འཕྲོད་ན་ཤ་ཆེན་གྱི་བཅུད་ལེན་ཀྱང་བྱ། དེའི་འགྲེས་ཏེ་སྣང་མཐའ་ཚེ་དཔག་མེད་གསུང་པདྨའི་རིགས་ཀྱི་བསྙེན་སྒྲུབ། ལས་ཚོགས་མར་མེ་དང་སྦྱིན་སྲེག་གང་འགྲུབ། ཚེ་རྫས་ཀྱི་བཅུད་ལེན་བྱ། ཡང་མི་བསྐྱོད་ཚེ་དཔག་མེད་ཐུགས་རྡོ་རྗེའི་རིགས་ཀྱི་བསྙེན་སྒྲུབ་ལས་གསུམ་དང༌། ཐུན་མཚམས་ཁྱད་པར་གྱི་ལས་སྦྱོར་ནམ་མཁའ་མཐོང་སར་ཁ་ཤར་དུ་བལྟས། ལུས་དྲང་པོར་འདུག །རླུང་རོ་བསལ། ལུས་གནད་གཅུན། ཁམས་གསུམ་ཐམས་ཅད་ནམ་མཁར་བསྡུས་ཏེ་འོད་ཟེར་མཐིང་ག་ཤིན་ཏུ་དྭངས་པ་བདེ་བར་གཤེགས་པ་ཀུན་གྱི་ཡེ་ཤེས་ཀྱི་དབྱིངས་སུ་བསམ། ཁ་ནས་རླུང་ཧུབ་ཀྱིས་དྲངས་ཏེ་ལུས་སྔོ་མེར་གྱིས་ཁྱབ་པའི་དྭངས་མ་སེམས་ཀྱི་དབྱིངས་སུ་ཐིམ་པས། ལུས་གདོས་བཅས་ཀྱི་ཤ་རུས་སྦྱངས། སྟོང་གཟུགས་འོད་ཀྱི་རང་བཞིན་དུ་བསམ་ཞིང༌། བུམ་ཅན་ཡང་ཡང་བཟུང༌། སྒྲེགས་པ་བྱུང་ན་ངལ་གསོ། རླུང་རིག་དབྱིངས་གསུམ་བསྲེ་བ་སྟེ་ནམ་མཁའི་བཅུད་ལེན་བྱ། རིན་འབྱུང་ཚེ་དཔག་མེད་ཡོན་ཏན་རིན་ཆེན་རིགས་ཀྱི་བསྙེན་སྒྲུབ། དྲི་བཟང་སྨན་འབྲུའི་ཆུ་མཆོད་བརྒྱ་སྟོང་ཁྲི་འབུམ་ཇི་ལྟར་ནུས་པ་ཕྱི་སྒྲུབ་འབྱུང་བའི་ཁྲུས་ཀྱི་ཆོ་ག་ལྷ་སྔགས་ཁ་བསྒྱུར་ཅན་དང༌། ཆུ་དང་མེ་ཏོག་གི་བཅུད་ལེན་བྱ། དོན་གྲུབ་ཚེ་དཔག་མེད་ཕྲིན་ལས་ལས་ཀྱི་རིགས་ཀྱི་བསྙེན་སྒྲུབ། རླུང་བསྐྱེད་ཅོད་པན་དང་རླུང་འཁོར་བཅས་བྱ་བ་ནི་བསྙེན་སྒྲུབ་ཤིན་ཏུ་རྒྱས་པའི་ཚུལ་དང༌། དེ་ཙམ་མ་གྲུབ་ཀྱང་རྒྱུན་ཁྱེར་གྱི་སྟེང་ནས་བསྙེན་པ་ནང་སྒྲུབ་དངོས་གཞིའི་བསྙེན་སྒྲུབ་ལས་གསུམ་ཞིབ་རྒྱས་མཐར། ཚོགས་སྒྲུབ་ཀྱི་ཆིངས་སྦྱར་བའི་རྩ་བའི་སྒྲུབ་ཆེན། དེའི་ཡན་ལག་ཟུར་ཚོགས་ཞག་ལྔས་རིགས་ལྔ་ཚེ་དཔག་མེད་སོ་སོའི་སྒོས་སྒྲུབ་ཀྱི་གཞུང་བསྲང༌། མཐར་ཞི་རྒྱས་ཀྱི་སྦྱིན་སྲེག་བཅས་བྱ་བ་འབྲིང༌། བསྡུ་ན། ནང་སྒྲུབ་རིགས་ལྔ་སྤྱི་དྲིལ་གྱི་བསྙེན་སྒྲུབ་ལས་གསུམ། སྦྱིན་སྲེག་བཅས་བྱ་བ་བསྡུས་པའི་ཕྱག་བཞེས་དང༌། ནང་སྒྲུབ་དངོས་གཞིའི་བསྙེན་པ་མ་གྲུབ་ཀྱང་རིགས་ལྔ་ཚེ་དཔག་མེད་སོ་སོའི་སྒོས་སྒྲུབ་རང་གང་མོས་གཅིག་གི་བསྙེན་སྒྲུབ་ལས་གསུམ་བྱས་ཀྱང་མི་རུང་བ་མ་ཡིན་ཏེ། སྒོས་སྒྲུབ་རེ་རེ་ལའང་དབང་དང་བསྙེན་བཟླས་རྫོགས་གསུམ་ཀ་ཡོད་པའི་ཕྱིར་རོ། །དེར་མ་ཟད་ཚེ་ཡི་ཕྲིན་ལས་ཕྱག་རྒྱ་གཅིག་པ་ཁོ་ན་ཉམས་ལེན་བྱས་ཀྱང་ཤིན་ཏུ་ཟབ་པ་རྒྱུན་གྱི་ཉམས་ལེན་དུ་གདམས་པ་ལྟར་རོ། །གཉིས་པ་མན་ངག་དངོས་བཤད་པ་ལ། ཕྱི་སྒྲུབ་ཀྱི་འཇུག་སྒོ་སྨོས་པ། ནང་སྒྲུབ་ཅུང་ཟད་རྒྱས་པ་མཐར་ཆགས་སུ་བསྟན་པ། གསང་སྒྲུབ་དང་ཡང་ཟབ་བླ་མའི་སྒྲུབ་པ་སོགས་འཕྲོས་དོན་དུ་གླེང་བ་དང་གསུམ་ལས། དང་པོ་ནི། སྤྱིར་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ངེས་འབྱུང་གི་བསམ་པས་བློ་ལྡོག་རྣམ་བཞི་མྱོང་བ་ནམ་ཐོན་གྱི་བར་རྩེ་གཅིག་ཏུ་དཔྱད་འཇོག་གིས་བསྒོམ་པ་དང༌། བྱེ་བྲག་སྒོས་ཀྱི་ཕྱི་སྒྲུབ་དངོས་སློབ་དཔོན་ཛཱེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱི་རྒྱ་གཞུང་ཚེ་དཔག་མེད་ལྷ་དགུའི་སྒྲུབ་ཐབས་དང་དགོངས་པ་ཆུ་བོ་གཅིག་འདྲེས་ཏེ། སངས་རྒྱས་ཀྱི་ཐུགས་རྗེ་གདུལ་བྱའི་ཡུལ་ལ་འཇུག་པའི་སྒོ་དུ་མའི་ནང་ནས་གཙོ་བོ་ནི་གསུང་གི་གསང་བ་སྟེ། གསུང་པདྨའི་རིགས་བསྒྲུབས་པས་ཐུགས་རྗེ་དང་བྱིན་རླབས་ལྷག་པར་མྱུར་ཞིང༌། དེ་ལས་ཀྱང་ཚེ་འོད་དཔག་ཏུ་མེད་པའི་སྐུ་དང་ཞིང་ཁམས་གཟུངས་སྔགས་ཀྱི་ཡོན་ཏན་ནི་མདོ་རྒྱུད་དུ་མར་ལན་གཅིག་མ་ཡིན་པར་རྒྱ་ཆེར་བསྔགས་པར་མཛད་པས་ན་དགོས་པ་དང༌། ཕན་ཡོན་མཐའ་ཡས་པས་ན་དེ་དང་དེར་ཡིད་ཆེས་ཀྱི་དད་འདུན་རྩེ་གཅིག་གིས་ཐུན་གྱི་སྐབས་སུ་ཕྱག་མཆོད་འབུལ་ཞིང༌། ཐུགས་རྒྱུད་བསྐུལ་བའི་ཕྱིར་གཟུངས་སྔགས་བཟླ་བ་དང༌། ཐུན་མཚམས་སུ་ཚེ་ལྷ་གང་གི་མདོ་རྒྱུད་བཀླག་པར་བརྩོན་པ་དང༌། ཞར་བྱུང་སྐབས་སུ་བབས་ན་འགལ་རྐྱེན་སེལ་བའི་ཁྲུས་དང༌། མཐུན་རྐྱེན་སྤེལ་བའི་མཆོད་སྡོང་བཞེངས་པ་སོགས་གཙོ་བོ་གཏེར་གཞུང་དང༌། ཕྱག་ལེན་བདེ་བའི་ལྗགས་བསྒྲིགས་ལྟར་ཉམས་སུ་ལེན་པ་ནི་མཆོག་ཏུ་གཅེས་ཤིང་ཟབ་པར་གསུངས་སོ། །གལ་ཏེ་དེ་དག་ཅིས་ཀྱང་མ་འགྲུབ་ཚེ་ནང་སྒྲུབ་ལ་འཇུག་ཏུ་མི་རུང་བ་མིན་ཞིང༌། འདིའི་རྩ་བའི་གཞུང་དངོས་ནང་སྒྲུབ་ཡིན་པའི་ཕྱིར་ན་དེ་དག་གི་དོན་རྣམས་ཀྱང་དེར་ཚང་བའི་ཕྱིར་རོ། །གཉིས་པ་ནང་སྒྲུབ་ཅུང་ཟད་རྒྱས་པ་མཐར་ཆགས་སུ་བསྟན་པ་ལའང་སྦྱོར་བ་དང༌། དངོས་གཞི། རྗེས་གསུམ་ལས། དང་པོ་ལ། རྩ་བའི་དབང་བསྐུར་སྟ་གོན་དང༌། དངོས་གཞིའི་དབང་ཆེན་བཅས་དང༌། དེ་ལས་ཁོལ་ཕྱུང་དོན་དབང༌། ཞར་བྱུང་ཐུན་མོང་ཚེ་ཡི་དབང་བསྐུར་བཅས་གསུམ་དུ་ཡོད་པ་ལས། བསྙེན་སྒྲུབ་དང༌། བསྐྱེད་རྫོགས་ཉམས་ལེན་ཅན་ལ་སྔ་མ་གཉིས་ངེས་པར་ཐོབ་དགོས་པའི་གནད་ཤེས་པར་བྱས་ནས། འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་གང་ཟག་གིས། གནས་དབེན་ཅིང་ཉམས་དགའ་བ་སོགས་སུ་ཡིད་དང་མཐུན་ལ། བཀྲ་ཤིས་ཤིང་རང་དབང་དུ་གྱུར་པའི་སྒྲུབ་ཁང་གི་ཐོ་ཕྱི་དང་བཅས་པ་ཕྱག་བདར་གྱིས་གཙང་ཞིང་ཡིད་དུ་འོང་བར་བྱས་ཏེ། རང་གི་གོ་སར་སྟན་ནང་ཚངས་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་གཡས་སྐོར་དུ་བྲི། མཚམས་གཡོག་དང་སྨན་པ་འཚོ་ཆས་སོགས་ཉེར་མཁོའི་ཡོ་བྱད་དང༌། མཚམས་ཁོངས་སུ་ཆུད་དགོས་པ་ཐམས་ཅད་ཀྱང་སྤྱི་མཐུན་འདུ་བྱས་ལ། ཉི་མ་བྱང་བགྲོད་དམ། ཡང་ན་ར་ཆེན་བཞི་སོགས་ཀྱི་དུས་ཟླ་བ་ཡར་གྱི་ངོ་རྒྱས་པའི་ལས་ལ་ཤིས་ཤིང་གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་ནས་དབུ་བཟུང་བ་རྟེན་འབྲེལ་གྱི་གནད་ཆེ་སྟེ། རྒྱས་པར་མོས་ན་བསྙེན་པ་དངོས་མ་ཚུགས་པར་ཞག་གསུམ་ལྔ་བདུན་སོགས་ལོངས་ཁྱབ་དང་བསྟུན་པའི་རིང་ལ་ཕྱི་མཚམས་བཅད་དེ་དལ་འབྱོར་རྙེད་དཀའ་བ་དང༌། ཚེ་མི་རྟག་པས་ཡིད་བསྐུལ་ནས་འཁོར་བའི་རྒྱུ་འབྲས་མཐའ་དག་གི་མཚང་ཤེས་པས་དེ་ལས་རང་དང་གཞན་ཀུན་ཐར་འདོད་ཀྱི་བློ་བཅོས་མིན་རྒྱུད་ལ་སྐྱེ་བའི་ངེས་འབྱུང་གི་བློ་རྩེ་གཅིག་པས་སྐྱབས་འགྲོ་དང༌། སེམས་བསྐྱེད། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་རྣམས་སྤྱི་འགྲོ་ལྟར་ཐུན་བཞིའམ་གཉིས་སོགས་ཁྲིགས་སུ་བཅད་ནས་ཇི་ལྟར་རིགས་པས་སེམས་རྒྱུད་འདྲེས་ངེས་སུ་བྱས་ནས་བསྙེན་སྒྲུབ་ཉིད་ལེགས་སྨོན་དང༌། འཇིགས་སྐྱོབ་སོགས་ཀུན་སློང་མ་དག་པས་མ་བསླད་པར་ཐེག་ཆེན་གྱི་བསམ་པས་ཟིན་ངེས་གཞན་ཕན་བྱང་ཆུབ་ཀྱི་རྒྱུར་འགྲོ་བའི་ཐབས་ལ་འབད་པ་སྟེ། སྔོན་དུ་ཕྱི་སྒྲུབ་སོང་ན་དེ་དག་དེར་རྫོགས་པས་དོར་བས་ཀྱང་ཆོག་གོ །འགྲུབ་ན་བླ་མ་དཀོན་མཆོག་ལ་མཆོད་པ་འབུལ་བ། དགེ་འདུན་ལ་བསྙེན་བཀུར་དང་འབྲེལ་བའི་རྒྱལ་བའི་བཀའ་སྒྲོགས་པ་དང༌། དམ་ལྡན་གཞན་དག་ཀྱང་བསྐུལ་ཏེ་སྐོང་བཤགས། ཆབ་གཏོར། སཱཙྪ་འདེབས་པ་སོགས་དང༌། གཞན་ཡང་ཉེའུ་འདོན། སྲོག་བསླུ། ལམ་འཕྲང་བཅོས་པས་མཚོན་དགེ་བའི་དཔུང་བསྐྱེད་ཀྱང་ཅི་འགྲུབ་བྱ་བ་ནི་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་ཅིང༌། གལ་ཏེ་དེ་དག་མ་འགྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་གསུངས། གང་ལྟར་ཡང་བསྙེན་པ་དངོས་ལ་འཇུག་པ་ན། བཅའ་གཤོམ་ནི། གོ་ཡུལ་བདེ་ན་རང་དང་ཞལ་སྤྲོད་དམ་གང་འོས་སུ་དམ་ཚིག་གི་བྲིས་སྐུ་ཚད་ལྡན་སོགས་ཀྱི་མདུན་དུ་སྟེགས་བུ་ཁེབས་ལྡན་ལ་རས་བྲིས་མཚན་ཉིད་རྫོགས་པ་བཀྲམ་པའམ། མ་འབྱོར་ན་རིན་པོ་ཆེ་སོགས་ཀྱི་མཎྜལ་གྱི་གཞི་དྲིས་བྱུགས་པར་ལྷ་གྲངས་ཀྱི་ཚོམ་བུ་ལེགས་པར་བཀོད། མཐར་མཚམས་འཛིན་ནས་བརྩམས་ཉེར་སྤྱོད་མདུན་དཀྱིལ་ལ་བསྐོར་བཤམ་ཚར་དུ་དངར་བ་བྱ། དེ་ལྟར་རྗེ་གཏེར་ཆེན་བླ་མའི་ཚེ་ཁྲིད་དུ་སྟབས་བདེ་ཕྱིར་བསྙེན་དུས་ནས་དཀྱིལ་ཐང་འདུ་བགྱིས་ཀྱང་རུང་གསུངས་པ་ལྟར་བཀོད་པ་ཡིན་གྱི། ཡང་དེ་ལས་བསྙེན་དུས་མདུན་དཀྱིལ་མེད་ཀྱང་རུང་གསུངས་བས་ན་གང་བདེ་མཛད་པར་རིགས། གང་ལྟར་ཡང་སྟེགས་བུར་མཆོད་གཏོར་དང༌། སྤྱི་སྒོས་སྲུང་མའི་གཏོར་མ། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་བཅས་མཐོང་བརྒྱུད་ཕྱག་ལེན་ལྟར་བཤམས། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། ཌཱ་རུ། མེ་ཏོག་གི་སྣོད་སོགས་བཞག །གཞན་ཡང་ཚོགས་དང་མཆོད་པར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །དེ་ནས་བླ་མ་ལ་མོས་གུས་དང༌། སེམས་ཅན་ལ་སྙིང་རྗེ་བསྒོམས་ནས། སྐྱིད་སྡུག་ལེགས་ཉེས་གང་ལའང་རེ་དོགས་ཀྱི་རྩིས་གདབ་རྒྱང་བསྲིངས་ཏེ། ད་རེས་བསྙེན་སྒྲུབ་འདི་མ་གྲོལ་གྱི་བར་དུ་རྐྱེན་གང་གི་ཡང་དབང་དུ་མི་གཏོང༌། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཀྱང་དོན་མེད་ཁོ་ནར་སོང་བ་ལ། ད་རེས་ལྷག་པའི་ལྷ་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་སྐལ་བ་རེ་བཟང་སྙམ་པས་བློ་ཁྲིགས་སུ་བཅུར་ནས་འབད་རྩོལ་དྲག་ཏུ་བྱ་སྙམ་དུ་ཞེ་དམ་ཡང་ཡང་འཆའ་བ་དང་བཅས་སྔ་དྲོའི་ཆ་ཉི་མ་ཕྱེད་ཡན་ལ་དབུ་བཟུང་ཐུབ་པར་བྱས་ཏེ། ཐོག་མར་ཚིག་བདུན་གསོལ་འདེབས། གཏེར་ཆེན་གྱི་འཁྲུངས་རབས་སོགས་གསོལ་འདེབས་རྒྱས་བསྡུས་གང་རིགས་སྔོན་དུ་བཏང་སྟེ། བརྒྱུད་འདེབས་ནས་བརྩམས་ལས་གཞུང་བཞིན་གནས་གཞིའི་བདག་པོ་དཀར་ཕྱོགས་པ་རྣམས་ལ་སྔོན་གཏོར་འདོད་དགུ་མི་འཛད་པའི་གཏེར་དུ་བྱིན་གྱིས་བརླབས་ནས་ཕུལ་ལ་བསྙེན་སྒྲུབ་ཀྱི་འགལ་རྐྱེན་སེལ་ཞིང༌། མཐུན་རྐྱེན་སྤེལ་བའི་ཕྲིན་ལས་བཅོལ། ངེས་འབྱུང་གི་བློས་བསྐུལ་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་གསལ་བཏབ་ལ་རེ་ལྟོས་ལིང་བསྐྱུར་གྱི་སྐྱབས་འགྲོ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཚེ་སྤེལ་བའི་ཐབས་ཁྱད་པར་ཅན་ཡིན་པས་ན་རང་གཞན་སེམས་ཅན་ཐམས་ཅད་འཆི་མེད་རྡོ་རྗེའི་གོ་འཕང་ལ་འགོད་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་པའི་སྨོན་འཇུག་གི་སེམས་བསྐྱེད་ཅིང༌། ཚད་མེད་བཞི་དྲག་ཏུ་བསྒོམ་པ་དང༌། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་དྲུང་དུ་ཡན་ལག་བདུན་པས་བསགས་སྦྱངས་ཀྱི་གནད་ལ་ནན་ཏན་དུ་འབད་དེ་ཚོགས་ཞིང་རང་ལ་བསྡུས་ནས་མཉམ་པར་ཅུང་ཟད་བཞག །དེ་ནས་རང་ཉིད་རྟ་མགྲིན་དུ་བསྐྱེད་དེ། བསྙེན་སྒྲུབ་ལ་བར་གཅོད་བྱེད་པའི་གཉིས་འཛིན་ལོག་འདྲེན་སྤྱི་དང༌། བྱེ་བྲག་ཚེ་སྲོག་གི་ཤ་འཁོན་ལན་ཆགས་ཚེ་ཡི་བདུད་དང་གཤེད་དུ་བབས་པའི་བགེགས་ཀྱི་ཚོགས་ནག་ཕྱོགས་པ་རྣམས་ལ་གཏོར་མ་བསྔོས་ཏེ་ཕྱིར་བསྐྲད་ཐུན་བྲབས། གུ་གུལ་བདུག་པ་སོགས་ཚམས་རྔམས་ཀྱིས་བགེགས་སྐྲོད་ནན་ཏན་བྱ། སྒོ་དྲུང་དུ་ཐོ་བརྩིགས་པར་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བཙུགས། མདུན་དུ་མཆོད་གཏོར་བཤམས་ལ། རང་གཞུང་རྟ་སྔགས། ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་སརྦ་བི1$0000250གྷྣཱ1$0000300ན་ཧ་ན་ཧ་ན་ཧཱུྃ་ཕཊ༔ཀྱིས་བསངས། སྭ་བྷཱ་ཝས་སྦྱང༌། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པཱུ་ཛ་ས་མ་ཡ་ཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བྱིན་གྱིས་བརླབས། ཐོ་སྔར་བཞིན་རྟ་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་ཤར་དུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ། ལྷོར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་ཏུ་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ་རྣམས་སུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་དྷྲིཥྚཱ་རཥྚཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་དྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་པཱཀཥ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་གཏོར་མ་དབུལ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཕྱོགས་བཞིའི་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་གོང་གི་སོ་སོའི་སྔགས་སྦྲེལ་བའི་མཐར། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། སྒྲུབ་ཁང་གི་ཕྱོགས་སོ་སོར་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་ཏེ་སྲུང་ཞིང་བཞུགས་པར་བསམ། དེ་ཕྱིན་མཚམས་ཐོའི་ཕྱིར་མི་འགྲོ། དེ་ནས་ནང་དུ་ཞུགས་ལ། ལས་གཞུང་ལྟར་སྲུང་འཁོར་རྡོ་རྗེ་སོགས་ནང་ནས་རིམ་པར་རིགས་ལྔའི་ཕྱག་མཚན་གྱི་གུར་ཁང་རིམ་པ་ལྔ་དང་བཅས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གཏམས་པ་ལས་ཡེ་ཤེས་ཀྱི་མེ་ཕུང་ཁ་དོག་ལྔ་ལྡན་དུ་འཕྲོ་བར་བསམས་ལ་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དེའང་བྱ་བྱེད་ལས་གསུམ་ཀ་མི་དམིགས་ཤེས་རབ་ཀྱིས་ཟིན་པ་ནི་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཏེ་སྲུང་བའི་མཆོག་གོ །འདི་མཚམས་གྲོལ་རྒྱུའི་ནུབ་མཐའ་མའི་ཚེ་མ་གཏོགས་ཐུན་གྱི་བསྡུ་རིམ་གྱི་སྐབས་སུའང་མི་བསྡུ་བར་སྦྲ་ཕུབ་པ་ལྟར་གནས་པར་བསམ་ཞིང༌། ཐུན་གྱི་འགོ་མཇུག་ཏུའང་གསལ་འདེབས་རེ་བྱ་སྟེ། བར་ཆད་མི་འཇུག་པའི་དགོས་པ་ཡོད་གསུངས། འདི་སྐབས་མཐུན་རྐྱེན་ཟས་གོས་སྨན་པ་མཚམས་གཡོག་གིས་མཚོན་རྒྱུ་འགྲུལ་གཞན་ནས་འོང་དགོས་པ་རྣམས་ཀྱང་དམིགས་རྡེལ་བཞག་པའམ་སྲུང་འཁོར་གྱི་ནང་དུ་ཆུད་པར་བསམ། འདི་ནས་བཟུང་དགོས་ངེས་དམིགས་འོག་ཏུ་བཅུག་པ་ལས་ཆས་ཀའི་གཏོང་ལེན་མི་བྱ་བ་སོགས་མཚམས་ཀྱི་སྤང་བླང་ཐམས་ཅད་ཚུལ་བཞིན་དུ་བསྒྲུབ་པ་གནད་ཆེ་བ་སྟེ་ནང་མཚམས་བཅད་པའོ། །དེ་ནས་བཤགས་ཡུལ་རྭ་གུར་གྱི་ནང་དུ་རྩ་གསུམ་ཚེ་ལྷའི་ཚོགས་མདུན་མཁར་བསྒོམས་ལ་རང་གི་ལས་ཉོན་གཞན་དབང་གིས་ཚེ་ཡི་འགལ་རྐྱེན་སྲོག་གཅོད་རྟེན་གསུམ་བཤིག་གཞོམ་གཙོ་བོར་གྱུར་པའི་འཁོར་བའི་ལས་བསགས་པ་ཐམས་ཅད་སྙིང་ནས་བཤགས་ཏེ། དག་ཅིང་ཚངས་པའི་དངོས་གྲུབ་སྩོལ་བར་བསམས་ཤིང༌། སླར་ཡང་བཤགས་ཡུལ་ལས་སོ་བྱང་སྔགས་གསུམ་གྱི་དམ་སྡོམ་མ་ལུས་པ་བཟུང་བའི་ལུས་ངག་ཡིད་གསུམ་གྱི་དམ་བཅའ་བརྟན་པོར་ནོད་པ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་འགེངས་བ་ཙམ་བྱོན་ནས་བདག་དང་གནས་ཡོར་བསྟིམས་པས་བྱིན་དབབ། མཆོད་རྫས་ཐམས་ཅད་སྤྱིར་ཆོས་ཉིད་ཀྱི་རང་རྩལ་འགག་མེད་ལ་མཆོད་སྤྲིན་གྱི་རོལ་པ་ཅིར་ཡང་འཆར་བའི་ཡེ་ཤེས་སྒྱུ་མའི་སྣང་བ་རབ་འབྱམས་ལ་དབང་བསྒྱུར་བའི་དགོངས་པས་བརླབས་པ་ཡིན་ལ། བྱེ་བྲག་ཉེར་སྤྱོད། སྨན་གཏོར་རཀྟ་སྟེ་ཕྱི་ནང་གི་མཆོད་པ་དེ་དང་དེར་བྱིན་གྱིས་རློབ་བོ། །གཉིས་པ་དངོས་གཞི་ལ། བསྙེན་པ་དང༌། སྒྲུབ་པ། ལས་སྦྱོར་དང་གསུམ་ལས། དང་པོ་ལའང་སྐུ་བསྐྱེད་པ་ལྷའི་རྣལ་འབྱོར་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་བརྗོད་པས་མ་དག་པའི་སྣང་ཆ་དབྱིངས་སུ་དག་ནས། ཆོས་ཐམས་ཅད་དོན་གྱི་སྟོང་ཉིད་སྤྲོས་བྲལ་བསམ་བརྗོད་དང་བྲལ་བ་རྣམ་ཐར་སྒོ་གསུམ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངང་དུ་མཉམ་པར་འཇོག་པ་དེ་ཏིང་དང༌། ཆོས་ཉིད་ཀུན་གྱི་གནས་ལུགས་དེ་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པ་ཀུན་ཏིང༌། དེ་གཉིས་ཟུང་དུ་འཇུག་པའི་རང་རིག་ཧྲཱིཿཡིག་དམར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་པ་རྒྱུ་ཏིང་སྟེ། སྤྲོ་ན་ཏིང་འཛིན་གསུམ་སོ་སོའི་མཐར་འཆི་བ་དག་པ་ཆོས་སྐུ། བར་དོ་དག་པ་ལོངས་སྐུ། སྐྱེ་བ་དག་པ་སྤྲུལ་པའི་སྐུའོ། །ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་ཡང་བྱ། རྟེན་དང་བརྟེན་པ་སོ་སོའི་ཐད་གཞི་འབྲས་སྦྲེལ་བའི་ང་རྒྱལ་གསལ་མ་ཐེབས་ཀྱང༌། ཕྱི་མ་འདིའི་ནང་དུ་འདུ་བའི་གནད་ཤེས་པའང་གལ་ཆེའོ། །དེ་ལྟར་ཧྲཱིཿལས་སྲུང་འཁོར་གྱི་ནང་དུ་ས་བོན་ཡི་གེ་ལྔ་བྷཱུྃ་ཡིག་དང་བཅས་པ་སྤྲོས་ཏེ་བསྒོམས་པས་འབྱུང་ལྔ་དག་པ་རིགས་ཀྱི་ཡུམ་ལྔ་དང༌། དེ་སྟེང་རྡོ་རྗེའི་རྡུལ་ཕྲ་རབ་འཐས་པ་ལས་རིན་པོ་ཆེའི་རང་བཞིན་གྱི་པདྨ་འདབ་མ་སོ་གཉིས་གྱེས་པའི་ལྟེ་བ་ལེབ་ཆགས་ཅན་དང༌། རྡོ་རྗེ་རྒྱ་གྲམ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་གཞལ་ཡས་ཁང་གདན་དང་བཅས་པ་བློས་བསླང་གི་རྣམ་པ་ཡིད་ཡུལ་དུ་བྱས་ནས་ལེགས་པར་བསྐྱེད་ཅིང༌། སེམས་ཅན་གྱི་ཡུལ་དང་ཁང་ཁྱིམ་གྱི་ཞེན་རྟོག་དག་པ་སངས་རྒྱས་རྣམས་ཀྱི་བརྟེན་གནས་ཆོས་དབྱིངས་སྤྲོས་བྲལ་རང་བཞིན་གྱི་གཞལ་ཡས་ཁང་ངོ་སྙམ་པའི་ང་རྒྱལ་བྱ། དེ་ནས་རྒྱུའི་ཧྲཱིཿཡིག་གདན་སྟེང་བབས་པ་ལས་ཕྱག་མཚན་པདྨ་རཱ་གའི་རྡོ་རྗེ་ལ་འོད་ཟེར་སྤྲོ་བསྡུ་དང་བཅས་ཆོ་ག་གསུམ་གྱི་སྐྱེ་སྲིད་དག་པ་སྤྲུལ་སྐུ་ལམ་དུ་ཁྱེར་བས་གཙོ་བོ་ཡབ་ཡུམ་བསྐྱེད། རིགས་ལྔ་དང་འཁོར་རྣམས་རང་ཉིད་ལས་ས་བོན་མངལ་འབྱིན་གྱི་ཚུལ་གྱིས་བསྐྱེད་དེ། བདག་དང་རྟེན་རྣམས་དབྱེར་མེད་དཀྱིལ་འཁོར་གྱི་འཁོར་ལོར་བསམས་ལ། གནས་རྣམས་སུ་རྡོ་རྗེ་གསུམ་གྱིས་བྱིན་རློབ་ཅིང་རིགས་བདག་གོ་འཕོའི་སྦྱོར་བས་དབང་བསྐུར། སྙིང་གའི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ཆོས་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་སུ་གསོལ་བར་སྤྱན་དྲངས། གཉིས་མེད་དུ་བསྟིམས་ནས། བདག་ཉིད་ཀྱི་ཐུགས་ཀ་ནས་རང་འདྲའི་རྣམ་པར་འཐོན་པས་ཕྱག་དང༌། འདོད་ཡོན་གྱི་ལྷ་མོའི་སྤྲིན་སྤྲོས་ཏེ་ཕྱི་ནང་གིས་མཆོད་ཅིང༌། ཁྱད་པར་ཏ་ན་གཟུང་འཛིན་གྱི་རུ་དྲ་བསྒྲལ་བ་དང༌། ལྷ་རྣམས་སྙོམས་འཇུག་གི་ག་ནའི་མཆོད་པ་སྟེ་གསང་མཆོད་དང༌། མཆོད་ཡུལ་མཆོད་རྫས་མཆོད་བྱེད་དང་བཅས་པ་དབྱེར་མེད་མཉམ་པ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཅས་པས་མཆོད། ཆོས་ཉིད་ཀྱི་རང་སྒྲ་བསྒྲགས་པས་ཡོན་ཏན་བརྗོད་པར་བསམ་སྟེ། ལས་བྱང་གི་བསྟོད་པའི་བར་ཚིག་ཤར་ཙམ་དུ་མ་སོང་བར་དེ་དང་དེའི་དོན་རྗེས་སུ་དྲན་པར་བྱ། དེ་ནས་དམིགས་པའི་གཙོ་བོ་ལས་དང་པོ་བས་ལྷའི་སྣང་ཞེན་ལ་བསླབ་པའི་མདོ་འགག་ནི། ཐ་མལ་གྱི་སྣང་བ་ལྡོག་པའི་དོན་དུ་ལྷའི་རྣམ་པ་སྤྱི་དང་བྱེ་བྲག་ལ་སེམས་འཛིན་པ་དང༌། ཐ་མལ་གྱི་ཞེན་པ་ལྡོག་པའི་དོན་དུ་ལྷའི་ང་རྒྱལ་ལ་སེམས་འཛིན་པ་དང༌། ལྷར་སྣང་དང་ང་རྒྱལ་དེའང་ཡང་དག་པའི་ཡེ་ཤེས་སུ་འཆར་བའི་དོན་དུ་དཀྱིལ་འཁོར་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་མོས་པའི་དག་དྲན་དང་སྙོམས་འཇུག་གི་དམིགས་པས་ཞུ་བདེ་དྲངས་ཏེ། བདེ་བའི་ངང་ལས་ལྷའི་གསལ་སྣང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྩིས་བཏབ་ནས་དཀྱིལ་འཁོར་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་སྐུའི་རོལ་པར་འཆར་བའི་ཏིང་ངེ་འཛིན་ལ་ཇི་སྲིད་མི་སྐྱོ་བའི་བར་བསླབ་པར་བྱའོ། །དེས་སྐྱོ་ན་ངག་གི་ཞེན་པ་སྦྱོང་ཞིང་ལྷའི་ཐུགས་རྒྱུད་བསྐུལ་བའི་དོན་དུ་བཟླས་པ་བྱ་སྟེ། བཟླས་ཕྲེང་གསར་པ་ཡིན་ན་ཐོག་མར་བྱིན་རླབས་ནི། རང་ཉིད་ལྷའི་ང་རྒྱལ་ལ་གནས་ཏེ། ཕྲེང་བ་ལག་པ་གཡོན་དུ་བསྐྱིལ་ནས་མདོ་འཛིན་སྟེང་དུ་ཡོད་པ་བྱས་ལ། ལག་གཡས་པའི་མཐིལ་དུ་ཉི་མ་ལ་ཧཱུྃ། གཡོན་གྱི་མཐིལ་དུ་ཟླ་བ་ལ་ཨཱཿས་མཚན་པར་གྱུར། ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་ལས་པདྨ་ཉི་ཟླའི་སྟེང༔ མདོ་འཛིན་གཙོ་བོ་ཡབ་ཡུམ་ལ༔ ཕྲེང་བ་འཁོར་གྱི་རྣམ་པས་བསྐོར༔ གནས་གསུམ་འབྲུ་གསུམ་མཚན་པ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ༔ ཨརྒྷཾསོགས་ཀྱིས་མཆོད། ཧྲཱིཿ འཆི་བདག་ལ་སོགས་ཤླཽ་ཀ་གཅིག་དང༌། ཆོས་ཉིད་གཅིག་ལ་སོགས་ཤླཽ་ཀ་གཅིག་སྟེ་ལས་གཞུང་ལྟར་བསྟོད། ལྷ་ཚོགས་ཐམས་ཅད་བཟླ་བྱའི་ཡིག་འབྲུའི་རྣམ་པར་ཆར་ལྟར་བབ་ནས་ཕྲེང་བ་ལ་ཐིམ་པར་མོས་ལ། བསྙེན་སྒྲུབ་ལས་གསུམ་གྱི་སྔགས་མཐར། ཨོཾ་རུ་ཙི་པྲ་མརྡྷ་ན་ཡེ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་བ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བཟླ། ལྷ་རྣམས་འོད་ཞུ་ཕྲེང་བར་གྱུར། །ཆོས་དབྱིངས་ཀུན་ཁྱབ་རྩ་གསུམ་ལྷ། །གདོད་ནས་ཕྲེང་བའི་ངོ་བོར་ཤར། །ཐབས་ཤེས་སོར་མོའི་སྦྱོར་བ་ཡིས། །བགྲང་བ་ཙམ་གྱིས་མཆོག་ཐུན་དངོས། །ཐོགས་མེད་འགྲུབ་པའི་མཐུ་ཅན་གྱུར། །ཅེས་མོས་ལ་སླར་རྩ་སྔགས་རྣམས་ཀྱི་མཐར་དབྱངས་གསལ་རྟེན་སྙིང་བཏགས་པ་གང་འགྲུབ་མེ་ཏོག་ལ་སྔགས་ཏེ་འཐོར་ཞིང་ཤིས་པ་བརྗོད་པས་ཕྲེང་བ་དེ་ལ་བཟླས་པ་གྲུབ་ཚད་འབུམ་གྱུར་དུ་འགྲོ་བར་གསུངས་སོ། ཡང་རྒྱུན་དུའང་འགའ་ཞིག་གི་ལུགས་བཞིན་ངག་བྱིན་རླབས་དང༌། ཕྲེང་བ་བྱིན་རླབས་ཐོ་རངས་ལྡང་བའི་སྐབས་སུ་མཛད་སྲོལ་ལྟར་གྲུབ་ན་བཟླས་པའི་འགོར་ཕྲེང་བ་བྱིན་རླབས་མ་བྱས་ཀྱང་རུང་སྟེ། དེ་ལྟར་མ་གྲུབ་ཚེ་བསྒྲུབ་བྱ་གང་ཡིན་གྱི་ལྷ་རྣམས་སྔགས་སོ་སོའི་རྣམ་པ་ལས་མཐུན་གྱི་ཁ་དོག་ཅན་ཆར་ལྟར་བབས་པ་ཕྲེང་བར་ཐིམ་པར་བསམས་ལ་འབྲུ་གསུམ་ཅི་འགྲུབ་དང༌། དབྱངས་གསལ་ལན་གསུམ། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ན་ཡེ་སྭཱཧཱ། ཞེས་ལན་བདུན་བཟླས་པའི་ཧས་བཏབ་ན་འགྱུར་ཆེ་བར་བཤད་དོ། བཟླས་དམིགས་དངོས་ནི། རང་ཉིད་གཙོ་བོ་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གདན་ཐབས་སུ་ཡོད་པའི་ལྟེ་བའི་སྟེང་དུ་འོག་ཉི་མ་དང་སྟེང་ཟླ་བ་གཉིས་ཀྱི་གྭའུ་ཁ་སྦྱོར་ཅུང་ཟད་ཕྱེ་བ། དེའི་དབུས་སུ་ཐུགས་སྲོག་ཧྲཱིཿཡིག་དམར་པོ་སྤུས་བྲིས་པ་ལྟ་བུ་བྱེ་རུའི་མདོག་ཅན་འགྲེང་སྟབས་སུ་འོད་འཚེར་རེ་གནས་པའི་མཐར་བཟླ་བྱའི་སྔགས་ཕྲེང་རྣམས་གྱེན་ལངས་སུ་འཁོར་རེ་བསྐོར་བ་ལས་འོད་ཟེར་ལྔ་ལྡན་དག་པའི་ཞིང་ཁམས་རྣམས་སུ་དཔག་ཏུ་མེད་པར་སྤྲོས་པས། ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་སྲས་དང་བཅས་པར་ཡེ་ཤེས་བདེ་བ་ཆེན་པོའི་མཆོད་པ་རྒྱ་མཚོས་མཉེས་པར་བྱས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཏེ། སླར་ཡང་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཀྱི་རང་བཞིན་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པ་ཆར་ལྟར་བྱུང་བ་རང་གི་གནས་ལྔར་ཐིམ་པས་སྒྲིབ་གཉིས་བྱང་ཞིང༌། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་སྟེ་ལུས་ཁྲ་ལྟེམས་ཀྱིས་གང་བས་གཟི་བྱིན་མཆོག་ཏུ་འབར་བར་བསམ། ཡང་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས་མ་དག་པའི་སྣོད་བཅུད་ཐམས་ཅད་ལ་ཁྱབ། འཁོར་བའི་རྒྱུ་ཀུན་འབྱུང་ཉོན་མོངས་དང༌། འབྲས་བུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་སྲིད་པའི་རྒྱུ་འབྲས་མཐའ་དག་སྦྱངས་ཏེ་དག་པ་ལྷ་ཡི་འཁོར་ལོར་སད་པར་བསམ། ཡང་སྔར་བཞིན་འོད་ཟེར་འཕྲོས་པས་ལྕི་བས་དངུལ་ཆུ་བསྡུས་པ་བཞིན་ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལྔའི་དྭངས་མ་དང༌། ནང་བཅུད་སྐྱེ་འགྲོ་རིགས་དྲུག་གིས་བསྡུས་པའི་འགྲོ་བ་མཐའ་དག་གི་ཚེ་དང་བསོད་ནམས་ལས་དང་ཡེ་ཤེས་ལ་སོགས་པ་དང༌། ཁྱད་པར་དུ་འཇིག་རྟེན་གྱི་གཙོ་བོ་གསུམ་དང་འཆི་མེད་དབང་པོ་སོགས་ལྷ་དང་དྲང་སྲོང་ཚེའི་རིག་འཛིན་གྲུབ་པ་རྣམས་ཀྱི་ཚེ་དང༌། བསོད་ནམས། མཐུ་དཔལ། མཁས་པའི་པཎྜི་ཏ། གྲུབ་པའི་རིག་འཛིན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་ཕྲན་ལ་སོགས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པ་མཐུ་སྟོབས་གཟི་བརྗིད་ཚེ་དཔལ་ཕུན་སུམ་ཚོགས་པའི་ཡོན་ཏན་དབང་ཐང་ལ་སོགས་པ་ཐམས་ཅད་འོད་ཁ་དོག་སྣ་ཚོགས། ཟེར་བཀྲག་མདངས་ཆེན་པོ་རྣམས་ཡེ་ཤེས་བདུད་རྩིའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་མ་དག་པའི་ཕུང་ཁམས་སྐྱེ་མཆེད། གནས་པ་རྩ་གཡོ་བ་རླུང་བཀོད་པ་ཐིག་ལེ་དང་བཅས་པར་ཁྱབ་སྟེ། དེ་དག་ཤིན་ཏུ་ཕྲ་བ་དྭངས་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་དག་གྱུར་གྱིས། གཞོམ་གཞིག་ཡོངས་བྲལ་གཉུག་མའི་སྲོག་སྟེ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བདེ་ཆེན་ཕྱག་རྒྱ་ཆེན་པོ་གྲུབ་པར་བསམས་ལ་བཟླས་པ་ཆུ་བོའི་རྒྱུན་བཞིན་བྱ་བ་སྟེ། སྒྲ་ཆེ་ཆུང་མྱུར་དལ་སོགས་ཀྱི་སྐྱོན་དང༌། བྱིངས་རྒོད། མི་ཚིག་གི་བར་ཆོད་པ་སོགས་ཀྱི་སེལ་མ་ཞུགས་པས་མཚོན་གཞན་ནས་བྱུང་བ་ལྟར་བླང་དོར་གྱི་གནད་ལ་མཁས་པས་བཟླ་ཞིང༌། སྙིང་པོ་མ་ཡེངས་པ་ཁོ་ན་གལ་ཆེ་སྟེ། ཞི་བ་ལྷས། བཟླས་བརྗོད་དང་ནི་དཀའ་ཐུབ་དག །ཡུན་རིང་དུ་ནི་འབད་བྱས་ཀྱང༌། །སེམས་གཞན་གཡེང་བར་གྱུར་ན་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་པ་ལྟར་ལས་དང་པོ་བས་ཐོག་མར་སྔགས་ཕྲེང་ལ་སེམས་གཏད་པ་དང་བཅས་སྔགས་བཟླ་བ་གཙོ་ཆེ་སྟེ། གཏེར་གཞུང་ལས། གསང་སྔགས་བཟླས་པའི་ཏིང་འཛིན་གྱིས༔ དངོས་གྲུབ་གནད་ལ་ངེས་པར་བསྐུལ༔ ཞེས་དང༌། གཞན་ཡང༌། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་ལྷའི་གསལ་སྣང་གི་ཏིང་འཛིན་གྱི་མེ་དང་བཟླས་བརྗོད་རླུང་གི་རྩོལ་བས་བསྐྱོད་པ་ལས་ནུས་པའི་མེ་ལྕེ་འབྱིན་ཏེ་སེམས་ཀྱི་དྲི་མ་སྦྱོང༌། ངག་ལ་ནུས་པ་འབར། རང་ལས་རྒྱུད་གཞན་དུ་སྣང་བའི་ལྷའི་ཐུགས་དམ་བསྐུལ་བས་དངོས་གྲུབ་ཐོབ་པ་ཙམ་དུ་མ་ཟད། སངས་རྒྱས་ཀྱི་ཡེ་ཤེས་གསང་བ་གསུམ་ཀ་གཅིག་ཉིད་དུ་མར་འཕྲུལ་པའི་ཡེ་ཤེས་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་ལྷ་སྔགས་ཡེ་ཤེས་རོ་གཅིག་པ་བཞིན་བཟླས་པའི་སྐབས་སུ་ཡང་ཕྱག་རྒྱ་སྔགས་དང་ཏིང་འཛིན་རྣམས་ཆིག་དྲིལ་དུ་བྱ་བའི་གནད་ཤེས་དགོས་པར་གསུངས་པ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བླ་ན་མེད་པ་སྟེ། སྤྱིར་གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང༌། །སྲོག་སྡོམ་གཟེར་བཞི་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང༌། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པ་ཡིས་ཀུན་སྲོག་འཕྲོག །ཅེས་གསུངས་པ་ལྟར། ཏིང་འཛིན་དམིགས་པའི་གཟེར་སྐུ་ཕྱག་རྒྱའི་གསལ་སྣང་གིས་ཡུལ་གསུམ་གྱད་དུ་གྱུར་པ་དང༌། སྙིང་པོ་སྔགས་ཀྱི་གཟེར་གསུང་ཐུགས་སྲོག་སྔགས་འཁོར་ལ་སེམས་རྩེ་གཅིག་ཏུ་གཏོད་པ་དང༌། དགོངས་པ་མི་འགྱུར་བའི་གཟེར་ཐུགས་སྟོང་གསལ་འགག་པ་མེད་པའི་ཆོས་ཉིད་རང་སེམས་དང་གཉིས་སུ་མེད་པ་དེ་ཉིད་ལྷའི་རྣམ་པར་ཤར་བ་ལས་བསྒྲུབ་བྱའི་ལྷ་གུད་ན་མེད་པར་ཤེས་པ་བྱ་བ་དང༌། འཕྲོ་འདུ་སྣ་ཚོགས་པའི་གཟེར་རྣམ་བཞིའི་ཕྲིན་ལས་སོགས་དམིགས་པའི་ཁ་གང་ལ་གང་དགོས་བསྒྱུར་བའོ། །རྒྱུན་དུ་ལྷའི་གསལ་སྣང་ལྷའི་སྐུ་གསུང་ཐུགས་དངོས་ཡིན་སྙམ་པའི་ང་རྒྱལ་གྱི་རྩི་དང་མ་བྲལ་བ་དང༌། ཁྱད་པར་བཟླས་པ་ཕྲེང་སྐོར་རེའི་མཚམས་སུ་རང་ཉིད་ལྷར་ལམ་གྱིས་གསལ་འདེབས་བསྐྱར་མ་རེ་དང༌། བླ་མ་དང་ལྷ་དབྱེར་མེད་དུ་མོས་གདུང་གིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་རེ་དང༌། སེམས་ཅན་ལ་སྙིང་རྗེ་དུམ་པ་རེའང་ངེས་པར་དྲན་པ་གནད་ཆེ་གསུངས། བཟླས་པས་སྐྱོ་ན་ཐུན་ལས་ལྡང་སྟེ། སྤྲོ་ན་ལས་གཞུང་གི་ཚེ་འགུགས་བདག་མདུན་གྱི་ཞེས་པར་བསྙེན་དུས་བདག་གི་ཞེས་སོགས་ཚིག་བསྒྱུར་དང་བཅས་གྱེར་ལ། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླ། སྔགས་སྟོང་ཚོ་སོང་ན་སྟོང་ཚིགས་དང༌། དེ་མིན་གཞུང་གི་སྔགས་མཆོད་ཙམ་དང༌། ཐོག་མཐའི་བསྟོད་པ་ཤླཽ་ཀ་རེ་དང༌། ནོངས་བཤགས་ནས་བརྩམས་བསྡུ་རིམ་ནི། དམ་ཡེ་དབྱེར་མེད་ཀྱི་བསྡུ་བྱའི་དཀྱིལ་འཁོར་གསལ་བཏབ་ལ། རང་གི་ཐུགས་ཀའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་སྦྱངས་ནས་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ། དེ་ཡང་བྱང་གི་སྒོ་མ་ནས་གཡོན་སྐོར་དུ་རིམ་གྱིས་གཙོ་བོ་ཡབ་ཡུམ་ལ། དེ་ཐུགས་སྲོག །དེ་གྱེན་རྫོགས་མི་དམིགས་པའི་དབྱིངས་སུ་ཐིམ་པའི་ངང་ལ་བཞག་པས་སྣང་རིག་ངོས་གཟུང་དང་བྲལ་བའི་རྗེན་ནེ་བ་དེ་ཀ་རང་བྱུང་གི་ཡེ་ཤེས་ཏེ་ལྟ་བ་དང༌། དེ་གའི་གཤིས་ལུགས་བསལ་བཞག་མེད་པར་གསལ་ལེ་ཡེ་རེ་བསྐྱང་བ་ལ་ཡུན་ཇི་གནས་སུ་འཇོག་པ་སྒོམ་སྤྱོད་དང༌། དེ་ལ་བརྟན་པ་ཐོབ་པ་འབྲས་བུ་སྟེ། དེའི་ངང་ལས་ཐུན་མཚམས་ཀྱི་ལྷར་ལྡང་སྟེ་གནས་གསུམ་བྱིན་བརླབ། གོ་བགོ་ལུས་བསྲུང་བ་དང༌། སྲུང་བའི་འཁོར་ལོ་གསལ་གདབ་སྐྱོར་རྣམས་དང༌། བསྔོ་སྨོན་བཀྲ་ཤིས་ཀྱི་བར་དུ་བྱ་ཞིང༌། ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པ་ནི། འདུས་བྱས་ཀྱི་མཐའ་མ་འཇིག་ཅིང་སླར་ཡང་ལྡང་བ་སྦྱོང༌། སངས་རྒྱས་སྤྲུལ་པའི་སྣང་བའང་ཆོས་དབྱིངས་སུ་རོ་གཅིག་པས་དེར་ཐིམ་ཞིང༌། དེ་ལས་ལྡང་བ་མཚོན་པའོ། །དེ་ནས་དགོང་སྲོད་ཀྱི་ཐུན་ཡང་བགེགས་སྐྲོད་ལ་ཚིག་བསྒྱུར་དང་བཅས་ཐུན་བསྡུ་བའི་བར་སྔར་བཞིན་ལས། སྲོད་ཐུན་གྱི་བཟླས་པའི་མཆོད་བསྟོད་མཐར་རྩ་གསུམ་ཆོས་སྐྱོང་སྤྱི་དང༌། སྒོས་ཀྱི་བཀའ་སྲུང་འཆི་མེད་ཙཎྜི་ཀའི་གཏོར་བསྔོ་བྱ། ཚོགས་མཆོད་ལྕོགས་ན་ཉིན་རེ་བཞིན་དགོང་སྲོད་གང་རུང་ལ་མ་ཆག་པར་བྱ་བ་གལ་ཆེ་སྟེ། ཚོགས་མཆོད་ལན་གཅིག་གིས་ཟླ་བ་དེའི་རིང་གི་ཉམས་ཆག་ཐམས་ཅད་བྱང་བར་བཤད་པས་བསྙེན་སྒྲུབ་ཀྱི་སྐབས་ཙམ་དུ་མ་ཟད། རབ་ན་རྒྱུན་དང༌། དེ་མིན་ཡར་མར་ཚེས་བཅུ་རྣམ་གཉིས་སུ་གྲུབ་པ་གནད་ཆེ་ཞིང༌། མཚོ་རྒྱལ་གྱིས། ཚོགས་འཁོར་གཅིག་གིས་ངན་སོང་སྐྱེ་སྒོ་ཆོད། །ཕྱིར་མི་ལྡོག་པའི་ས་ལ་མི་སྐྱོལ་རེ། །ཞེས་དང༌། ཇི་སྐད་དུ། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང༌། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང༌། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཏེ། གལ་ཏེ་ཅིས་ཀྱང་མ་འགྲུབ་ན་བསྙེན་པ་ཚུགས་པའི་ཉིན་དང་པོ་དང༌། གྲོལ་བའི་ཉིན་ཕྱི་མ། ཡར་མར་གྱི་ཚེས་བཅུ་ཉ་སྟོང་བརྒྱད་གསུམ་རྣམས་ལ་ངེས་པར་ཆག་ཏུ་མི་རུང་ཞིང༌། སྐབས་འདིར་ཚོགས་མཆོད་ཕུལ་ལ་ལྷག་མ་གཏར་གཟུང་བར་གསུངས་ཀྱང་ཡུལ་དུས་དང་བསྟུན། ཡང་ན་འབྲས་སོགས་སྐམ་རྫས་ཅུང་ཟད་རེ་ལྷག་མ་ལས་བླངས་ཏེ་བཞག །འཕྲོས་ཕྱི་རོལ་དུ་ཕུལ་ནའང་རུང་ངམ་སྙམ། སྤྲོ་ན་བསྐུལ་དང་གཏོར་སྐྱོང་དང༌། མ་གྲུབ་ཚེ་ལྷག་བསྔོའི་མཐར་གཏང་རག་མཆོད་བསྟོད་ནས་བསྡུ་ལྡང་སོགས་སྔར་བཞིན་གྱིས་མཐའ་དབྱུང་ཞིང༌། ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་ལ་འཇོག་པའམ། སྙིང་གར་བླ་མའམ་ཧྲཱིཿཡིག་སོགས་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ཉལ་བ་གང་བདེའི་རྣལ་འབྱོར་གྱིས་ཉལ། ཐོ་རངས་ལྡང་བ་ན་ནམ་མཁའ་གང་བའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་རྣམས་ཀྱི་སྔགས་ཀྱི་སྒྲ་དང༌། ཌཱ་མ་རུ་དང་དྲིལ་བུའི་སྒྲས་གཉིད་སད་པར་བསམས་ལ་སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ངག་བྱིན་རླབས་སོགས་ཁྲིགས་ཡོད་ན་དེ་དག་དང༌། ཚིག་བདུན་གསོལ་འདེབས་ནས་བཟུང༌། སྐྱབས་སེམས་ནས་ཐུན་མཚམས་ཀྱི་བར་སྔར་བཞིན་དང༌། ཐུན་མཚམས་སུ་དགེ་སྦྱོར་ཆག་མེད་ཀྱི་རིགས་ཡོད་ན་བྱ། ཉིན་རེ་ཐུན་བཞིའམ། ཡང་ན་ཐོ་རངས་ནས་ཉིན་གུང་ཡན་ལ་ཐུན་གཅིག་དང༌། དེ་ནས་སྲོད་ཐུན་ཡན་ལ་ཐུན་གཅིག་སྟེ་ཐུན་གཉིས་སུ་བྱས་ན་ཡང་མི་འགལ་ཞིང༌། འོན་ཀྱང་ངག་འདོན་ཉུང་བས་ཐུན་བཞི་མར་བྱ་བ་ཉིད་བློ་འཇུར་བ་ལ་ཕན་པའི་ཕྱིར་དེ་ལྟར་ལེགས་ཤིང༌། གང་ལྟར་ཡང་རིམ་པ་དེ་ལྟ་བུས་གྲངས་བསྙེན་ནི་རྩ་གཞུང་ལས། འབུམ་ཕྲག་བཞི་བཟླས་ཏིང་འཛིན་གྱི༔ དངོས་གྲུབ་སྒོ་རྙེད་གདོན་མི་ཟ༔ ཞེས་གསུངས་པ་ལྟར་ཏེ། དུས་སྙིགས་མར་བཞི་འགྱུར་དུ་བརྩི་ན་འབུམ་ཕྲག་བཅུ་དྲུག་ཙམ་མོ། །དེ་ལྟར་བསྙེན་པ་ཐེམས་པ་ན་ཐོར་ཐུན་གྱི་ཆར་ལས་གཞུང་བསྲངས་ཏེ་གཏོར་བསྔོ། ཚོགས་མཆོད་དང༌། ལྷག་བསྔོ་གཏོར་སྐྱོང་གི་མཐར་དངོས་གྲུབ་མདོར་བསྡུས་ཤིག་བླངས་བར་གསུངས་ཞིང༌། མཆོད་བསྟོད་ནོངས་བཤགས། ཉེ་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱིས་གྲུབ་བོ། །གཉིས་པ་སྒྲུབ་པ་ནི། བཅའ་གཤོམ་རས་དཀྱིལ་ཚོམ་བུ་སོགས་སྔར་སྨོས་པ་ལྟར་བསྙེན་པའི་སྐབས་འདུ་མ་བྱས་ཚེ་དེ་དང་དེའི་སྟེང་དུ་མཉྫིའི་ཁར་བུམ་པ་དྲི་བཟང་གི་ཆུ་ཉེར་ལྔའི་བཅུད་ལྡན། ཁ་རྒྱན་ལྷ་ཙཀ་ཅན་དང༌། དེའི་མདུན་ཚེའི་འབྲང་རྒྱས། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། རྒྱབ་བམ་རང་གི་མདུན་གང་བདེར་ཚེ་མདའ། ལུགས་འགའ་ཞིག་ལ་དཀྱིལ་འཁོར་དུ་སྒྲུབ་རྟེན་གྱི་མདའ་དར་དང༌། སློབ་དཔོན་གྱི་མདུན་དུ་ཚེ་འགུགས་ལ་གཡབ་རྒྱུའི་མདའ་དར་གཉིས་མཛད་སྲོལ་འདུག་ཀྱང་དཀྱིལ་འཁོར་དུ་ཚེ་བུམ་མདའ་དར་སོགས་ལྷ་སོ་སོར་དམིགས་དགོས་ཡོད་ན་ལས་སྤྱིར་བཏང་མདའ་དར་གཅིག་གིས་ཆོག་པར་སེམས། བསྙེན་པ་རྫོགས་པའི་ཉིན་དེ་གའི་ཕྱི་ཐུན་ལ་སྒྲུབ་པའི་དབུ་བཙུགས་ཏེ། གསོལ་འདེབས་ནས་བཟུང་ཚོགས་ཞིང་བསྡུ་བའི་བར་དང༌། དེ་ནས་ཚེ་གླུད་བགེགས་གཏོར་གཤམ་ལ་བསྔོ་བ་སྟེ། སྒྲུབ་པའི་སྐབས་འདིར་བགེགས་གཏོར་རྒྱས་འམ་ཆངས་བུ་རེ་ཐུན་རེ་བཞིན་བསྔོ་བ་ཕྱག་ལེན་འགའ་ཞིག་ལ་གནང་བའང་ལེགས་པའི་ཆ་དང༌། སྲུང་འཁོར་ནས་བཟུང་མཆོད་རློབ་བར་དང༌། དངོས་གཞི་བདག་མདུན་སོ་སོར་དམིགས་པས་ཕྱེ་བ་ཙམ་ལས་སྔར་བཞིན་དང༌། བཟླས་པའི་དབུར་ཛཔ་ཁང་དབྱེ། བསྙེན་དམིགས་གསལ་བཏབ་ལ་བསྙེན་བཟླས་ཁྱུག་ཙམ་སོང་བ་དང་སྒྲུབ་པའི་ཛཔ་དགོངས་གཙོ་བོར་བྱས་ཏེ། དམིགས་པའི་ཁྱད་པར་རིགས་ལྔ་སོ་སོའི་ཐུགས་ཀར་རྒྱ་གྲམ་སྟེང་དུ་ཉི་ཟླའི་གྭའུར་རང་རང་གི་ས་བོན་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿརྣམས་གསལ་བར་སྔགས་ཕྲེང་རང་རང་གི་མདོག་ཅན་གྱིས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུ་མདུན་བསྐྱེད་བརྒྱུད་བྱ་བ་ཙམ་ལས་བསྙེན་པའི་སྐབས་སུ་སྨོས་པ་བཞིན་དོན་གཉིས་བྱ་བ་དང༌། དེ་ནས་རིགས་ལྔ་སོ་སོའི་ཁྱད་པར་གྱི་དམིགས་གནད་ནི། བདག་མདུན་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐུགས་རྡོ་རྗེའི་རིགས་དང༌། འབྱུང་བ་ནམ་མཁའི་དྭངས་མ་དང་འཁོར་འདས་ཀྱི་བཅུད་ཐམས་ཅད་ཨཱཿནྲྀཿཧཱུྃ་གསུམ་མམ་ཡང་ན་འོད་ཟེར་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བར་དབུགས་ཀྱི་རྟ་ལ་ཚུར་དྲངས་ཏེ། འབྲུ་གསུམ་དང་ཁྱད་པར་ནྲྀཿའཁྱམས་པ། རང་གི་བླ་ཚེ་རང་བཞིན་གྱིས་ཡར་བ་དང༌། གདོན་བགེགས་ཀྱིས་ཁྱེར་བ་ཐམས་ཅད་དབང་དུ་བསྡུས་ཤིང་བཀུག་ལ་བདག་མདུན་ལ་བསྟིམ་ཞིང༌། རང་ལུས་ཁེངས་པས་ཐུགས་ཀའི་ཉི་ཟླའི་གྭའུའི་བར་གྱི་ཐུགས་སྲོག་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམས་ལ། སྔགས་བཟླ་བ་ནི་ཐུགས་རྡོ་རྗེའི་རིགས་ཀྱི་བསྡུ་བསྟིམ་བྱ་བའོ། །ཡང་འོད་ཟེར་སྔར་བཞིན་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྐུ་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་དང༌། འབྱུང་བ་ཆུ་དང༌། གངྒཱ་ལ་སོགས་པ་ཆུ་བོ་ཆེན་པོ། ཆུ་བྲན་ལྟེང་ཀ །རྒྱ་མཚོ་ཆེན་པོ་དང་ཆུ་སྲིན་ཚེ་རིང་པོར་བསྐལ་པར་གནས་པ་ཡོད་པར་གསུངས་པས་དང་ཟླ་བ་ནོར་བུ་ཤེལ་གྱི་དྭངས་མ་ལ་སོགས་པའི་འབྱུང་བ་ཆུའི་བཅུད་བརླན་ཞིང་གཤེར་བ་ཐམས་ཅད་ཨཱཿནྲྀཿཧཱུྃ་གསུམ་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བ་དབུགས་རྔུབ་པ་ལས་དྲངས་ཏེ་བསྡུ་བསྟིམ་བྱ་བ་སྔར་བཞིན་ཏེ་སྐུ་བདེ་གཤེགས་རིགས་ཀྱིས་སོ། །ཡང་འོད་ཟེར་སྔར་བཞིན་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཡོན་ཏན་རིན་པོ་ཆེའི་རིགས་ཐམས་ཅད་དང༌། འབྱུང་བ་སའི་བཅུད། འོག་གཞི་གསེར་གྱི་ས་གཞི། རིའི་རྒྱལ་པོ་རི་རབ། གསེར་གྱི་རི་བདུན། གླིང་བཞི་གླིང་ཕྲན་བརྒྱད། རི་བྲག །གངས་རི། སྨན་རི། རྩི་ཤིང་ནགས་ཚལ་སོགས་ས་ཡི་བཅུད་སྲ་ཞིང་འཐས་པ་ཐམས་ཅད་ཡོན་ཏན་རིན་ཆེན་རིགས་ཀྱིས་སོ། །ཡང་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་གསུང་པདྨའི་རིགས་ཐམས་ཅད་དང༌། འབྱུང་བ་འོག་གཞི་མེའི་དཀྱིལ་འཁོར་དང༌། རྟ་གདོང་གི་མེ། སྲེག་ཟའི་མེ། ཁྱིམ་གྱི་མེ། བརྡབས་པ་དང༌། གཙུབས་པ་ལས་བྱུང་བ་དང༌། བསྐལ་པའི་མེ། ཉི་མ་དང༌། ནོར་བུའི་འོད། ཡེ་ཤེས་ཀྱི་མེ་ལ་སོགས་པ་འབྱུང་བ་མེ་ཡི་བཅུད་ཚ་ཞིང་བསྲེག་པ་ཐམས་ཅད་གསུང་པདྨའི་རིགས་ཀྱིས་སོ། །ཡང་འོད་ཟེར་སྔར་བཞིན་འཕྲོས་པས། སྟེང་རླུང་ནམ་མཁའ་ལ་འཕྱོ་བའི་སྒྲ་གཅན། འོག་གཞི་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ། ལྡེམ་འདེགས་འཐོར་བསྐྱོད་ལ་སོགས་པ་ལས་བྱེད་ཀྱི་རླུང་དང༌། ལྷ་ཡུལ་དང་དག་པའི་ཞིང་དུ་ཡོད་པའི་དྲི་ཞིམ་གྱི་ངད་འཕྲོ་བའི་རླུང་ཚ་བ་བསིལ་བ་གང་འདོད་འབྱུང་བ་དང༌། སྐྱེས་བུའི་ལུས་ལ་གནས་པའི་ལས་དང་ཡེ་ཤེས་ཀྱི་རླུང་ལ་སོགས་པ་འབྱུང་བ་རླུང་གི་བཅུད་ཡང་ཞིང་གཡོ་བ་ཐམས་ཅད་ནི་ཕྲིན་ལས་ཀརྨ་རིགས་ཀྱི་སྟེ། མདོར་ན་ཕྱི་འབྱུང་ལྔའི་དྭངས་མ་དང༌། འགྲོ་བ་རྒྱུད་ལྔའི་བླ་ཚེ་སྲོག་གི་སྙིང་པོ། རྡོ་དང་ལྕགས་ཁམས་ཀྱི་རིན་པོ་ཆེའི་རིགས་ཀྱི་ནུས་པ་དང༌། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་ཏིང་འཛིན་ལས་བྱུང་བ་ལུས་ལ་རེག་པ་ཙམ་གྱིས་ནད་དང་ཉོན་མོངས་སེལ། ཏིང་འཛིན་ཁྱད་པར་ཅན་བསྐྱེད་ནུས་པ་སོགས་བརྟན་གཡོ་སྲིད་ཞིའི་དྭངས་མ། ནང་རྒྱལ་བ་རིགས་ལྔ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེའི་དངོས་གྲུབ། གསང་བ་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་རང་བཞིན་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་བདུད་རྩི་དྭངས་མའི་རྣམ་པར་བདག་དང་མདུན་བསྐྱེད་ལ་འདུས་ཤིང་བསྟིམས་ལ། སྣང་སྲིད་ཡེ་ཤེས་ཀྱི་ཕྱག་རྒྱའི་འཁོར་ལོར་སད་པས་ཀུན་ཀྱང་ཛཔ་ཀྱི་སྒྲ་དབྱངས་དི་རི་རིར་སྒྲོགས་པར་བསམ་མོ། །བཟླས་པ་དངོས་གཞིའི་མཇུག་ཏུ་མཚན་བརྒྱ་རྩའང་ཅུང་ཟད་བཟླས་ལ། སྒྲུབ་པའི་སྐབས་ལས་སྦྱོར་མི་དགོས། ཐུན་རྗེས་ཚེ་འགུགས་ཀྱང་ལྷ་མོ་མགྱོགས་མའི་ཚོགས་སྤྲོ་བསྡུ་འགུགས་བསྟིམ་གྱི་དམིགས་གནད་དང་བཅས་ནན་ཏན་དུ་བྱ་ཞིང་རྗེས་བསྡུ་རྣམས་བསྙེན་པ་བཞིན་དང༌། སྒྲུབ་པའི་སྐབས་འདིར་མཆོད་པ་ཚོགས་སྐོང་སོགས་ཇི་ཙམ་རྒྱས་བཞིན་ལེགས་པར་གསུངས་སོ། །དེ་ལྟར་རྩ་བའི་སྒྲུབ་སྔགས་ཀྱི་གྲངས་ནི། གཞུང་ལས། འབུམ་ཕྲག་བཞི་བཟླས་རྣལ་འབྱོར་ལ༔ བརྩོན་པས་ཚེ་ཡི་དངོས་གྲུབ་ཐོབ༔ ཅེས་གསུངས་པ་ལྟར་དང༌། མཚན་བརྒྱ་རྩ་ཡང་བསྒྲུབས་ན་གྲངས་འབུམ་ཕྲག་གཅིག་བཟླ་བ་གཞུང་དུ་གསུངས་པས་མཚོན་ཇི་ལྟར་རིགས་པ་བསྒྲུབ་པར་བྱའོ། །གསུམ་པ་ལས་སྦྱོར་ནི། སྒྲུབ་པ་ཐེམས་པ་དང་ཐུན་དེ་གའི་བསྙེན་སྒྲུབ་ཀྱི་བཟླས་པ་མཐར་ཆགས་སོང་བ་དང་ལས་སྦྱོར་བྱ་བ་སྟེ། དམིགས་གནད་ནི། བདག་མདུན་གྱི་གཙོ་འཁོར་ཡོངས་རྫོགས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྒོ་མ་བཞི་བསྐུལ་བས་ཕོ་ཉའི་ཚོགས་རང་རང་གི་མདོག་ཅན་འོད་ཟེར་དང་ལྡན་པ་སྟོང་གསུམ་ནམ་མཁའ་རབ་འབྱམས་ཁྱབ་པར་འཕྲོས་པས། དེ་དག་ཞི་བའི་ལས་མཛད་མ་རྣམས་ཀྱིས་སྣོད་ཀྱི་འབྱུང་བའི་དུག་དང༌། བཅུད་ཀྱི་སྐྱེ་འགྲོའི་ལས་ཉོན་ཚེ་བདུད་བར་ཆད་ཀྱི་སྡིག་པ་སྦྱངས། ཕོ་ཉའི་འོད་ཟེར་དང་བཅས་པ་ཚུར་བསྡུས་པས་རང་གི་ཕྲ་རགས་གཟུང་འཛིན་གྱི་སྒྲིབ་པ་ཞི་བའི་ཕྲིན་ལས་བསྒྲུབ་པར་བསམས་པ་དང༌། དེ་བཞིན་དུ་རྒྱས་པའི་ལས་མཛད་མ་རྣམས་ཀྱིས་བསོད་ནམས་ལོངས་སྤྱོད་སོགས་འབྱོར་བ་དྲུག་རྒྱས་ཤིང༌། རྩ་རླུང་ཁམས་ཀྱི་དྭངས་སྟོབས་འཕེལ་བ་དང༌། དབང་མཛད་མ་རྣམས་ཀྱིས་སྐྱེ་འགྲོ་ལྷ་འདྲེ་མི་གསུམ་རང་དབང་མེད་པར་བཀུག་ཅིང་ཕྱི་ནང་གི་རླུང་སེམས་མ་ལུས་པ་དབང་དུ་བསྡུ་བ་དང༌། དྲག་མཛད་མ་རྣམས་ཀྱིས་བདུད་བཞི་ལོག་འདྲེན་ཞིང་བཅུའི་དགྲ་བགེགས་རྣམས་རྡུལ་དུ་བརླག་པའི་ཕྲིན་ལས་བསྒྲུབ་པ་སོགས་ཐུན་མོང་དང༌། ཁྱད་པར་ལས་བཞི་ལྷུན་གྲུབ་ཡེ་ཤེས་མཆོག་གི་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བར་བསམས་ལ་བཟླས་པ་བྱ། གྲངས་ནི་གཞུང་ལས། འབུམ་རེས་ལས་གྲུབ་གདོན་མི་ཟ༔ ཞེས་པས་སོ། །དེ་ལྟར་བསྙེན་སྒྲུབ་ལས་གསུམ་གའི་གྲངས་ནི་སོ་སོའི་མཇུག་ཏུ་སྨོས་པས་ཤེས་ལ། དུས་ནི་དཔེར་མཚོན་ན་འབྲེལ་འཇོག་ལྟར་བུར་བསྙེན་སྒྲུབ་ལས་གསུམ་ག་ཟླ་གཅིག་གི་དབང་དུ་ན་བསྙེན་པ་བདུན་གསུམ། སྒྲུབ་པ་བདུན་གཅིག །ལས་སྦྱོར་ཞག་གསུམ་ལྟ་བུས་མཚོན་ཏེ་གྲངས་བསྙེན་ཟླ་བ་དྲུག་མ་སོགས་ལ་བསྙེན་སྒྲུབ་ལས་གསུམ་ག་དེ་དང་དེར་དཔག་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ལས་གསུམ་ལེགས་པར་ཐེམས་པའི་སང་ཉིན་དངོས་གྲུབ་ཞུ་རྒྱུའི་དོ་ནུབ་ཀྱང་ཚོགས་བསྐང་བཤགས་གང་རྒྱས་དང་བཅས་མཆོད་གཏོར་ཁ་གསོ། གཞན་ཡང་མཆོད་རྫས་ཚོགས་ཀྱི་ཡོ་བྱད་བཱ་ལ་དང་མ་དཱ་ན་སོགས་བཟའ་བཅའ་བཏུང་བའི་རིགས་འཁོས་བསྟུན་བཟང་ཞིང་གྱ་ནོམ་པ་དང༌། སྤྲོ་ན་འབྲང་རྒྱས་ཀྱང་བཤམས་ཤིང༌། ནངས་པར་ཐོར་ཐུན་ནམ་སྔ་ཐུན་ལ། གསོལ་འདེབས་ནས་བཟུང་ལས་གཞུང་བགེགས་སྐྲོད་དང༌། མཚམས་གཅོད་བྱིན་འབེབས་ནན་ཏན་དུ་བྱ། མཆོད་རློབ་ནས་བཟུང་སྟེ་བསྙེན་སྒྲུབ་ལས་གསུམ། བུམ་བཟླས་དང༌། ཚེ་འགུགས་མཐར་མཆོད་བསྟོད་དང༌། དེ་ནས་དངོས་གྲུབ་ལེན་པ་ལ། ཐོག་མར་ལས་བྱང་ལྟར་བགེགས་གཏོར། སྲུང་འཁོར། བྱིན་འབེབས། འཛབ་བསྐུལ། ཧཱུྃ་ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་སོགས་མཐར། རང་ཉིད་གཙོ་བོ་ལས་ལོགས་སུ་ཕྱེ་བ་དངོས་གྲུབ་ལེན་པ་པོར་བྱས་ཏེ། མདུན་གྱི་ལྷ་ཚོགས་རྣམས་ཀྱི་དཔྲལ་མགྲིན་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་བརྟན་གཡོ་སྲིད་ཞིའི་མཐུ་དཔལ་གཟི་བརྗིད་ཚེ་བཅུད་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པ་བར་མ་ཆད་པར་བྱོན་ནས། རང་གི་གནས་གསུམ་དུ་ཐིམ་པར་བསམས་ལ། བསྙེན་སྒྲུབ་ལས་གསུམ་སོ་སོའི་སྔགས་མཐར། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་མང་ཉུང་བསྙེན་སྒྲུབ་ལས་གསུམ་སོ་སོའི་བཟླས་པའི་འགྲོས་དང་བསྟུན་ནས་མང་དུ་བཟླ། དེ་ནས་ལས་བྱང་བཞིན་སྨན་མཆོད་རྒྱས་པ་དང༌། གཏོར་མ་རཀྟས་མཆོད། ཧོཿ ཚེ་ཡི་ལྷ་ཚོགས་སོགས་འཁོན་གཅུགས་བཤགས་ལ་ཡིག་བརྒྱ་བཟླས་ཏེ། གསོལ་བ་རྩེ་གཅིག་ཏུ་འདེབས་བཞིན་པ་ནས། ཧྲཱིཿ བཅོམ་ལྡན་མགོན་པོ་སོགས་ནས། ད་ལྟ་ཉིད་དུ་འགྲུབ་པར་མཛོད༔ ཅེས་པའི་བར་དལ་བུས་ཐོག །བསྙེན་སྒྲུབ་ལས་གསུམ་གའི་སྔགས་མཐར། ཀཱ་ཡ་ཝཱ་ཀ་སོགས་གཞུང་གི་སྔགས་བཏགས་པ་བཟླ་བཞིན་པ་དང་བཅས། དཀྱིལ་འཁོར་བའི་གནས་གསུམ་ལྟེ་གསང་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྒྱ་མཚོའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་སྣ་ཚོགས་པ་དང་བཅས་ཏེ། འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་རང་གི་གནས་ལྔར་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་གཅིག་ཅར་དུ་ཐོབ་པར་བསམ་ལ། ལྷ་ཙཀ་དང་བཅས་པའི་བུམ་པ་དང༌། ཚེ་འབྲང་གནས་བཞིར་བཞག་ནས་དབང་བླང༌། ཚེ་རིལ་དང༌། ཚེ་ཆང་ཐབས་ཤེས་ཀྱི་རྫས་སུ་རོལ། ཚེ་མདའ་རྡོ་རྗེའི་གོར་སྤྱི་བོར་རྒྱ་གྲམ་དུ་འགོད་པ་དང༌། འདིར་སྤྲོ་ཞིང་ནུས་ན་བདག་འཇུག་ཀྱང་ལེན་ཅིང༌། མཐར་དངོས་གྲུབ་ཀྱི་རྫས་རྣམས་ཀྱང་ཐོག་མར་རང་གི་ལོངས་སྤྱད་ཅིང༌། དེ་རྗེས་ནང་འཁོར་དམ་གཙང་རྣམས་ལའང་སྦྱིན་དུ་རུང༌། སྐབས་སུ་བབས་ན་ཕྲིན་ལས་མེ་རླུང་ལ་བརྟེན་ནས་རྒྱས་པའི་སྲེགས་བླུགས་གྲུབ་ན་འདིར་བྱ་བ་སྟེ། མདངས་ནུབ་ཚོམ་བུ་དང༌། མེ་གཏོར། བསྲེག་རྫས་སྤྱི་དང༌། བྱེ་བྲག་དཱུརྦ་སོགས་ཕྱག་ལེན་བཞིན་འདུ་བྱ་བ་སྟེ། ཁོ་བོས་བྲིས་པའི་སྲེག་བླུགས་འཆི་མེད་གྲུབ་པའི་དགའ་སྟོན་ལས་ཤེས་པར་བྱ་བའོ། །དེ་ནས་ཚོགས་མཆོད། སྐོང་བ་དང༌། གཏོར་བསྔོ། གཏང་རག་ཆོ་ག་རྒྱས་པ་གྲུབ་ན་ལྷག་གཏོར་བཅས་སྔར་བཞིན་ནས། གཏོར་སྐྱོང་བྲོ་བརྡུང་བར་དང༌། སླར་ཡང་མཆོད་ཁ་གསོ་ཞིང་གཏང་རག་གི་མཆོད་བསྟོད་ནས་ཤིས་བརྗོད་བར་གྱིས་ནང་མཚམས་གྲོལ་བའོ། །ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གྲུབ་ཚེ་དགོས་པ་དང་ཕན་ཡོན་དུ་མ་དང་ལྡན་པས་གལ་ཆེ་སྟེ། དེའང་གང་བྱུང་ཙམ་གྱིས་ཆོག་ཤེས་པར་བགྱིས་ཚེ་རང་ཉིད་གཅིག་པུས་དང༌། དེ་མིན་འདི་ཉིད་ཀྱི་གཞི་བསྙེན་ཟླ་དྲུག་མ་ལྟ་བུར་བཅུ་ཆའི་གྲངས་ལོངས་ངེས་འགྲུབ་པར་འདོད་ན་གྲོགས་དམ་གཙང་དུ་མ་འདུས་ནས་གྲངས་བསགས་ཀྱང་རུང་སྟེ། དེ་ནི་བསྙེན་སྒྲུབ་ལས་གསུམ་གྲུབ་པའི་ཕྱི་དྲོའམ། ཕྱི་ཉིན་སྔ་ཐུན་ནས་དབུ་ཚུགས་ན་སྐབས་སུ་བབ་ཅིང༌། དེའི་ཆོ་གའི་ཁྲིགས་དང་གོང་གི་རྒྱས་བསྲེགས་ཁ་བསྒྱུར་ཚུལ་སྔ་མ་ལས་མཁྱེན་པར་མཛོད་ཅིག །དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་གྲུབ་ནས་ཡར་ངོའི་གཟའ་སྐར་འབྱུང་འཕྲོད་དང་བསྟུན་གཏང་རག་གི་ཚོགས་མཆོད་རྒྱས་པར་བཤམས་ལ་ལས་གཞུང་གསོལ་འདེབས་ནས་བཟུང་དགའ་སྟོན་ཚོགས་སྐོང་གང་རྒྱས་བྱ། ལྷག་མ་སྔར་གཏའ་རུ་བཟུང་བ་དེ་ཡང་ལས་གཞུང་ཚོགས་ལྷག་དང་མཉམ་དུ་སྟབས་བདེ་ན་ལྷོ་ནུབ་ཕྱོགས་སུ་གོམ་པ་བདུན་ཅུའི་གཙང་སར་སྐྱེལ། གནས་ཁང་གི་ཐལ་རྡུལ་རྣམས་ཀྱང་ཕྱིར་དོར། བཀའ་སྲུང་ཆོས་སྐྱོང་གཞི་བདག་རྣམས་ལའང་གཏང་རག་གི་གཏོར་མ་གསར་གཤོམ་དང༌། སྔར་གྱི་རྟག་གཏོར་ལྷན་ཅིག་པར་སྒྲུབ་ཁང་གི་ཡང་ཐོག་ཏུ་འབུལ་བ་སོགས་གཏོར་སྐྱོང་མཐའ་རྒྱས་དང༌། དམ་སྲི་སྒབ་འདྲེ་རྣམས་གཏོར་གཞོང་རི་རབ་ཏུ་བསམས་ཏེ་གཏོར་བྲོ་བརྡུང༌། གཏང་རག་གི་མཆོད་བསྟོད། ནོངས་པ་བཤགས་ཤིང་བརྟན་བཞུགས་རས་བྲིས་ཡོད་ན་དང༌། དེ་མིན་བྲིས་སྐུར་ནན་ཏན་བྱ། ཚེ་སྒྲུབ་ཀྱི་སྐབས་རྟེན་ཡོད་མེད་གང་ལྟར་ཡང་བརྟན་བཞུགས་ལས་གཤེགས་གསོལ་རྟེན་འབྲེལ་གྱིས་མི་རུང་གསུངས། དམ་ཚིག་གི་དཀྱིལ་འཁོར་བསྡུ་སྐབས་སྔར་བསྐྱེད་པའི་བསྲུང་འཁོར་བསྡུ་བ་ཙམ་གྱིས་ཁྱད་པར་ལས་སྔར་བཞིན་ལྷར་ལྡང་བར་དང༌། དེ་ནས་ཐོའི་དྲུང་དུ་སྔར་བཞིན་མཆོད་གཏོར་བཤམས་ནས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པའི་བར་སྔར་བཞིན་དང༌། ཕྱོགས་བཞིའི་བགེགས་ཀྱི་ཞེས་ཚིག་རྐང་ཚབ་ཏུ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང༌། སྔགས་རྣམས་མཐར། ཏིཥྛའི་ཚབ་ཏུ། བཛྲ་མུཿ ཞེས་གཤེགས་གསོལ་བྱས་ལ་ཐོ་བསྡུ། སླར་རང་མལ་འདུག་ལ་ལས་གཞུང་གི་བསྔོ་སྨོན་དང་བཅས་ཇི་ལྟར་བགྱིས་པའི་བསྙེན་སྒྲུབ་ཀྱི་དགེ་ཚོགས་རྣམས་བྱང་ཆེན་དུ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་འདེབས་ནན་ཏན་དང༌། བཀྲ་ཤིས་པའི་ཚིགས་བཅད་གཞུང་དང༌། སངས་རྒྱས་ཀྱི་བདེན་པའི་གསུང་ཇི་ལྟར་རིགས་པ་བརྗོད་ལ་མེ་ཏོག་འཐོར་ཞིང་དགེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །དེ་ནས་མཚམས་བགས་ཀྱིས་གསེང་བ་སྟེ་ཉིན་ཤས་གཞན་དུ་མི་འགྲོ་བར་སྡོད་གང་ཚུགས་བྱས་ན་རྟེན་འབྲེལ་བཟང༌། རྒྱུན་བཟླས་ནང་སྒྲུབ་འདི་ཉིད་དམ། ཡང་ན་ཕྱི་ནང་གསང་བ་ཡང་གསང་ཀུན་དྲིལ་ཤིན་ཏུ་ཟབ་པ་རྒྱུན་གྱི་རྣལ་འབྱོར་གུད་དུ་རྡོ་རྗེའི་གསུང་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པས་ཇི་ལྟར་མོས་པ་ལྟར་དམ་བཅའ་བཟུང་སྟེ་དེའི་དབུ་འཛུགས་པ་དང༌། འགྲུབ་ན་ཚོགས་བསྐང་བཤགས་དང༌། བླ་གབ་མེད་པར་བསང་མཆོད་བརྒྱགས་བརྔན་སོགས་གནས་གཞིའི་བདག་པོ་སྤྱི་བྱེར་མཆོད་སྦྱིན་དང༌། ངན་སློང་སྤྱིན་གཏོང་གིས་མཚོན་ཆོས་ཀྱི་དགའ་སྟོན་ཇི་ལྟར་འོས་པར་བྱའོ། །དེ་ནས་ཐོག་མར་དམ་གཙང་གི་མི་དང་མཇལ་འཕྲད་བྱེད་ཅིང༌། ཕྱིར་བསྐྱོད་པའི་ཚེ་གོམ་པ་གྱེན་དུ་འདོར་ནས་མིག་ཉི་ཟླར་བལྟ་བ་དང་བཅས་ཕྱི་མཚམས་གྲོལ་བའི་རྟེན་འབྲེལ་བཟང་པོའི་སྒོ་དུ་མའང་བྱ་བ་སོགས་འདིར་དབང་བརྟུལ་རྣམས་ལ་སྨན་སླད་བསྙེན་སྒྲུབ་འཇུག་ལྡང་གི་ལག་ལེན་དང༌། ལྷ་སྔགས་ཀྱི་དམིགས་གནད་གཙོ་བོར་སྨོས་པ་ཙམ་ལས་བསྙེན་སྒྲུབ་ཀྱི་སྤང་བླང་མཐའ་དག་ཞིབ་པ་བླ་མའི་ཞལ་དང༌། འཇམ་མགོན་བློ་མཐས་མཛད་པའི་བསྙེན་སྒྲུབ་སྤྱིའི་གནད་བསྡུས་རབ་གསལ་ནོར་སྒྲོན་དང༌། འབྲི་གུང་ཆོས་གྲགས་ཀྱི་མཛད་པ་བསྡེབས་ནས་མཁྱེན་པར་གལ་ཆེའོ། །གསུམ་པ་གསང་སྒྲུབ་དང་ཡང་ཟབ་བླ་མའི་སྒྲུབ་པ་སོགས་འཕྲོས་དོན་དུ་གླེང་བ་ལ། གསང་བ་རྫོགས་རིམ་གྱི་སྔོན་འགྲོ་ལྟ་བུ་དབྱིངས་ཕྱུག་མནྷ་ར་རིགས་ལྔ་དང༌། དེ་ཁོ་ན་ཉིད་ཡང་ཟབ་རིག་འཛིན་བླ་མ་ཧེ་རུ་ཀ་རིགས་འདུས་དང༌། དེ་དག་གི་སྔ་ཕྱི་སྐབས་གང་རིགས་སུ་ཚེ་བདུད་གཞོམ་པའི་ལྷ་མཆོག་པདྨ་དྲག་པོ་དབང་ཆེན་ཧེ་རུ་ཀ་སོགས་ཀྱི་བསྙེན་སྒྲུབ་ཀྱི་སྦྱོར་བ་དང༌། རྗེས་ཀྱི་ཆིངས་གོང་སྨོས་དང་མཚུངས་པས་རྟོགས་པར་འགྱུར་བ་མ་ཟད། དངོས་གཞི་ཡང་ལྷ་སོ་སོའི་རྣམ་འགྱུར་མདོག་རྒྱན་བསྒྱུར་བ་ཙམ་ལས་གོང་དང་འདྲ་ཞིང༌། བཟླས་དམིགས་གསང་སྒྲུབ་ལ་མནྡ་ར་རིགས་ལྔར་ཡེ་ཤེས་སེམས་མ་རེ་དང༌། དེའི་ཐུགས་ཀར་ཐུགས་སྲོག་སྔགས་ཕྲེང་གསལ་སྣང་གིས་མ་དག་ཕུང་ཁམས་ཀྱི་བག་ཆགས་སྦྱངས་ཏེ། འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་རྟག་བརྟན་བདེ་བ་ཆེན་པོའི་ངང་མདངས་སྐྱོང་བ་བསྙེན་པ་དང༌། རིགས་བཞིའི་ཐུགས་སྲོག་གི་འོད་ཟེར་གྱིས་ཕྱི་འབྱུང་བ་ལྔའི་བཅུད་ནང་གི་འབྱུང་བ་ལྔའི་དྭངས་མར་བསྡུ་ཐིམ་གྱིས། གསང་བ་རྩ་རླུང་ཐིག་ལེ་མི་ཕྱེད་སྐུ་གསུམ་ཡེ་ཤེས་རྡོ་རྗེའི་སྲོག་ཐོབ་བ་སྟེ་སྒྲུབ་པ་དང༌། གཙོ་མོ་ལྔའི་ཐུགས་འོད་ཀྱིས་སྒོ་བཞིའི་རྟ་མགྲིན་བསྐུལ་བས་ཐུན་མོང་ལས་བཞིའི་དངོས་གྲུབ་བསྡུས་ནས་རང་ལ་བསྟིམ་པ་ལས་སྦྱོར་དང༌། དེ་བཞིན་དུ་ཡང་ཟབ་བླ་སྒྲུབ་ཀྱི་བཟླས་དམིགས་ཀྱང་གཙོ་བོའི་ཐུགས་ཀར་གསེར་གྱི་རྡོ་རྗེའི་ལྟེ་བར་ཐུགས་སྲོག་ཧྲཱིཿཡིག་སྔགས་ཕྲེང་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ། འཁོར་འདས་བརྟན་གཡོའི་དྭངས་མ་ཡེ་ཤེས་བདུད་རྩིའི་སྙིང་པོ་ཐུགས་སྲོག་ལ་བསྟིམ། དེ་ལས་འོད་ཟེར་དཔག་མེད་སྤྲོས་ཏེ་ལུས་ནང་གང་བས་ནད་གདོན་སྡིག་སྒྲིབ་སྦྱངས། རྩ་ཐིག་རླུང་གསུམ་གྱི་རྒུད་པ་སེལ་ཞིང༌། བླ་ཚེ་སྲོག་དབུགས་ཉམས་པ་བསྡུས། འཆི་མེད་ཚེ་དང་ཡེ་ཤེས་རྡོ་རྗེའི་སྲོག་རོ་གཅིག་པས་སྐྱེ་འཆིའི་མཚན་རྟོག་དབྱིངས་སུ་དག་ནས་སྙིང་པོ་མི་འགྱུར་བའི་ཡེ་ཤེས་དེ་ཁོ་ན་ཉིད་གཅིག་ཏུ་འཁྱིལ་བར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུ་ཛྙཱ་ན་བཟླ་བ་བསྙེན་པ་དང༌། གཙོ་འཁོར་ཀུན་གྱི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤར་ཞིང༌། ཀུན་ཀྱང་གཉིས་སུ་མི་ཕྱེད་པའི་ཡེ་ཤེས་རྡོ་རྗེའི་དགོངས་པའི་སྲོག་ཐོབ་ནས་འཆི་མེད་རྟག་པ་དམ་པའི་བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་གཅིག་ཅར་ཡིད་བཞིན་དུ་ཐོབ་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བཟླ་བ་སྒྲུབ་པ། ཡང་གཙོ་འཁོར་སོ་སོའི་ཐུགས་ཀ་ནས་འོད་ཟེར་དྲྭ་བའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོས་པས་ཐུན་མོང་གི་ལས་བཞི་དང༌། ཁྱད་པར་གྱི་ཕྲིན་ལས་རྣམ་པ་བཞི་སོགས་སྲིད་ཞིའི་འདོད་དོན་ཡིད་བཞིན་དུ་འགྲུབ་པར་བསམས་ཏེ་གོང་གི་སྔགས་ལ་ལས་བཞིའི་ཤམ་བུ་བཏགས་པ་སྟེ་ལས་སྦྱོར་དང༌། བར་ཆད་སེལ་བའི་ལྷ་མཆོག་དབང་དྲག་པདྨ་རྟ་མགྲིན་རིགས་ལྔའི་བཟླས་དམིགས་ནི། ཐུགས་ཀར་པད་ཉིའི་སྟེང་དུ་ཐུགས་སྲོག་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱ་བ་སྟེ། འོད་ཟེར་འཕྲོས་པས་བདེ་གཤེགས་མཆོད་ཅིང་བྱིན་རླབས་བསྡུ་བ་བསྙེན་པ། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཤིང་ལྷར་གྱུར་པ་སྒྲུབ་པ་དང༌། དབང་ཆེན་རོལ་པའི་ལྷ་ཚོགས་ཀྱི་སྐུ་ཆེ་ཆུང་གྲངས་མེད་པ་དང༌། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་གྲངས་མེད་ཕོ་ཉའི་ཚོགས་ནམ་མཁའ་ཁྱབ་པར་སྤྲོས། རང་གི་ཚེ་ཡི་བདུད་དང་གཤེད་དུ་གྱུར་པའི་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་དབྱིངས་སུ་བསྒྲལ་ བསད་པ། མཆན། ནས། འཁྲུལ་རྟོག་གཟུང་འཛིན་གྱིས་འདུས་པའི་དམ་སྲི་རྒྱལ་འགོང་མ་རུང་འབྱུང་པོའི་སྲུང་མཚམས་གོ་ཆས་བཅད་ སྲུང་བ། མཆན། དེ། བྱད་ཕུར་རྦོད་གཏོང་རྣམས་དེ་དག་རང་རང་གི་བདུད་གཤེད་དུ་སྤྲུལ་པའི་ཁྲོ་བོའི་ཕོ་ཉ་རྣམས་ཀྱིས་དམིགས་མེད་ཀྱི་དབྱིངས་སུ་བཟློག་བཟློག་པ། མཆན། ཅིང་བསྒྱུར་ཏེ། ཕྱི་སྣོད་སྣང་བ་ནང་བཅུད་སྐྱེ་འགྲོ་སྲིད་དོ་ཅོག་རྟ་མཆོག་རིགས་ལྔའི་སྐུ་ཕྱག་རྒྱ། གསུང་སྔགས་སྒྲ། ཐུགས་དབྱིངས་རིག་ཟུང་འཇུག་མཉམ་ཉིད་ཁྱབ་བརྡལ་དགོངས་པའི་རྩལ་ཆེན་ཡོངས་སུ་རྫོགས་པ་ལས་སྦྱོར་ཏེ་བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་དེ་ཐེག་རྩེའི་དགོངས་པ་བསམ་གྱིས་མི་ཁྱབ་པའི་ཁྱད་ཆོས་དང་བཅས་པའོ། །དེ་ཐམས་ཅད་ཀྱི་མཐར་ཐུག་ཡང་ཟབ་རྒྱུན་གྱི་རྣལ་འབྱོར་རམ་ཡང་གསང་དྲིལ་སྒྲུབ་ལྟ་བུ་ངོ་བོ་འཆི་མེད་པདྨ་འབྱུང་གནས་ལ་རྣམ་པ་རིགས་འདུས་ཚེ་དཔག་མེད་དུ་གསལ་བ་རིགས་འདུས་བླ་མ། གནས་ལྔར་རིགས་ལྔ་ཚེ་དཔག་མེད་ཡབ་ཡུམ་སྒོམ་པ་ཡི་དམ་རིགས་ལྔའི་ཚེ་སྒྲུབ། རྩ་འདབ་རྣམས་སུ་ཚེ་ཡི་མགྱོགས་མ་གསལ་བ་མཁའ་འགྲོའི་ཚེ་སྒྲུབ་དང༌། ཐུགས་ཀར་ཚེ་དཔག་མེད་ལྷ་བརྒྱད་ཕྱི་སྒྲུབ་ཛེ་ཏཱ་རིའི་ལུགས་ཀྱི་ཚེ་སྒྲུབ་བཅས་ཕྱི་ནང་གསང་བ་ཡང་ཟབ་དཀྱིལ་འཁོར་ཆིག་རྫོགས་སུ་སྒྲུབ་ཚུལ་འཆི་མེད་སྲོག་ཏིག་གི་ཚེ་ཡི་ཕྲིན་ལས་རྗེ་གཏེར་ཆེན་བླ་མ་དངོས་ཀྱིས་མཛད་པ་ལྟར་སྒྲུབ་ཚུལ་ནི་འདིར་མ་སྨོས་ཏེ། ཤིན་ཏུ་ཟབ་རྒྱ་དང་ལྡན་པས་གུད་དུ་བྱུང་བ་ལས་ཤེས་པར་བྱའོ། །སྨྲས་པ། འཆི་མེད་མགོན་པོའི་གསང་གསུམ་དྲན་ཙམ་གྱིས། །ཚེ་དང་ཡེ་ཤེས་གྲུབ་ཅེས་ཐུབ་པས་བསྔགས། །དེ་ཕྱིར་རྒྱུད་དང་སྒྲུབ་ཐབས་བྱེ་བའི་ཕུལ། །ཡིད་བཞིན་དབང་གི་རྒྱལ་པོ་འདི་ཁོ་ན། །བཀའ་ཡི་ལུང་བཞིན་བསྙེན་ཅིང་སྒྲུབ་པའི་ཚུལ། ཅུང་ཟད་ལེགས་པར་ཕྱེས་ཀུན་བླ་མའི་དྲིན། །མ་རྟོགས་ལོག་རྟོགས་བདག་ཉིད་ཁོ་ནའི་སྐྱོན། །རྩ་གསུམ་ལྷ་དང་སྤྱན་ལྔའི་གཟིགས་པར་འཆགས། །འབད་པ་གང་དེས་བསྟན་འཛིན་ཞབས་བརྟན་ཅིང༌། །སྐྱེ་རྒུ་ཀུན་ཀྱང་བྱང་ཆུབ་སེམས་མ་སྐྱེས། །དེ་སྲིད་དལ་བའི་རྟེན་ཉིད་ཡུན་བསྲིངས་ནས། །གཟི་བརྗིད་རྒྱལ་པོའི་གོ་འཕང་རྒྱུ་རུ་བསྔོ། །རིང་འཚོའི་རྩ་བ་མི་ཤིགས་ཁམས་སུ་བརླིང༌། །ཕན་བདེའི་ཁོ་ལག་རབ་འབྱམས་ཞིང་ཀུན་ཁྱབ། །ཚེ་དང་ཡེ་ཤེས་རིན་ཆེན་སྙེ་མ་ཡིས། །དོན་གཉིས་དགེ་ལེགས་རྒྱས་པའི་དཔལ་དུ་ཤོག །ཅེས་པ་འདི་ཡང་རང་ཉིད་ལམ་འདིའི་བསྙེན་སྒྲུབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བའི་ཚེ་ན་ཟབ་ཆོས་འདི་ཉིད་ཀྱི་འཁོར་ལོས་སྒྱུར་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁྱེན་བརྩེ་ནུས་པའི་གཏེར་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་འཇམ་མགོན་བླ་མ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེས་སངས་རྒྱས་གླིང་པའི་གཏེར་བྱོན་གུ་རུ་པདྨ་ཀཱ་རའི་སྐུ་སྤར་ལ་གང་གི་ཕྱག་གིས་བཏབ་པའི་བྱིན་སྐུ་ཁྱད་ཅན་དབང་པོའི་གྲངས་ལྡན་དང༌། འཁོར་འདས་ཀྱི་དྭངས་མ་བཅུད་དུ་སྨིན་པའི་ཚེ་རྫས་ལེ་ཚན་དང་བཅས་འདི་ལ་བསྙེན་ཡིག་རྒྱས་བསྡུས་ཀྱི་མཐར་མ་ལྷུང་བ་ཞིག་བྲིས་ཤིག་ཅེས་བཀའ་ཡི་ཅོད་པན་སྤྱི་བོར་དཔྱངས་པ་གུས་པས་མཆོད་དེ། མགོན་པོ་གང་དང་ཡོངས་འཛིན་དམ་པ་དུ་མའི་བཀའ་དྲིན་གྱིས་འཚོ་བའི་འབངས་ཐ་ཞྭ་སྤྲུལ་རྨོངས་བརྟུལ་རྟགས་ཙམ་འཛིན་པའི་ཤཱཀྱའི་དགེ་སྦྱོང་ངག་དབང་ཆོས་ཀྱི་བློ་གྲོས་དཔལ་བཟང་པོས་རང་ལོ་བཞི་བཅུ་རྩ་དགུར་རང་གནས་ཐུབ་བསྟན་མདོ་སྔགས་ཆོས་གླིང་གི་དབེན་སྤྱིལ་འཆི་མེད་དགའ་ཚལ་དུ་འགལ་བྱེད་ཀྱི་ལོ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་དང་བསྟུན་བྲིས་པས་འགྲོ་ཀུན་ཚེ་མཐའ་ཡས་པའི་དཔལ་ལ་རྟག་ཏུ་ངལ་འཚོ་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ།། །།}} | ||
</onlyinclude> | </onlyinclude> | ||
Line 46: | Line 48: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-19-DZA]] | [[Category:DKR-KABUM-Volume-19-DZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:11, 1 June 2024
Wylie title | pad+ma tshe yi snying thig gi bsnyen cing sgrub pa'i tho byang 'chi med ye shes grub pa'i dgongs rgyan | |
---|---|---|
Location | dil mgo mkhyen brtse bka' 'bum Volume 19, Text 19, Pages 290-313 (Folios 1a to 24b1) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Pad+ma tshe yi snying thig gi bsnyen cing sgrub pa'i tho byang 'chi med ye shes grub pa'i dgongs rgyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 290-313. Delhi: Shechen Publications, 1994. | |
Genre | Recitation Manual - bsnyen yig · Records - tho | |
Cycle | འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig) | |
Deity | tshe dpag med | |
Colophon |
།ཅེས་པ་འདི་ཡང་རང་ཉིད་ལམ་འདིའི་བསྙེན་སྒྲུབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བའི་ཚེ་ན་ཟབ་ཆོས་འདི་ཉིད་ཀྱི་འཁོར་ལོས་སྒྱུར་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁྱེན་བརྩེ་ནུས་པའི་གཏེར་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་འཇམ་མགོན་བླ་མ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེས་སངས་རྒྱས་གླིང་པའི་གཏེར་བྱོན་གུ་རུ་པདྨ་ཀཱ་རའི་སྐུ་སྤར་ལ་གང་གི་ཕྱག་གིས་བཏབ་པའི་བྱིན་སྐུ་ཁྱད་ཅན་དབང་པོའི་གྲངས་ལྡན་དང༌། འཁོར་འདས་ཀྱི་དྭངས་མ་བཅུད་དུ་སྨིན་པའི་ཚེ་རྫས་ལེ་ཚན་དང་བཅས་འདི་ལ་བསྙེན་ཡིག་རྒྱས་བསྡུས་ཀྱི་མཐར་མ་ལྷུང་བ་ཞིག་བྲིས་ཤིག་ཅེས་བཀའ་ཡི་ཅོད་པན་སྤྱི་བོར་དཔྱངས་པ་གུས་པས་མཆོད་དེ། མགོན་པོ་གང་དང་ཡོངས་འཛིན་དམ་པ་དུ་མའི་བཀའ་དྲིན་གྱིས་འཚོ་བའི་འབངས་ཐ་ཞྭ་སྤྲུལ་རྨོངས་བརྟུལ་རྟགས་ཙམ་འཛིན་པའི་ཤཱཀྱའི་དགེ་སྦྱོང་ངག་དབང་ཆོས་ཀྱི་བློ་གྲོས་དཔལ་བཟང་པོས་རང་ལོ་བཞི་བཅུ་རྩ་དགུར་རང་གནས་ཐུབ་བསྟན་མདོ་སྔགས་ཆོས་གླིང་གི་དབེན་སྤྱིལ་འཆི་མེད་དགའ་ཚལ་དུ་འགལ་བྱེད་ཀྱི་ལོ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་དང་བསྟུན་བྲིས་པས་འགྲོ་ཀུན་ཚེ་མཐའ་ཡས་པའི་དཔལ་ལ་རྟག་ཏུ་ངལ་འཚོ་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ།། | |
/ces pa 'di yang rang nyid lam 'di'i bsnyen sgrub kyi skal bzang nyams su myong ba'i tshe na zab chos 'di nyid kyi 'khor los sgyur ba dus gsum sangs rgyas thams cad kyi ngo bo mkhyen brtse nus pa'i gter chen dkyil 'khor rgya mtsho'i khyab bdag rdo rje 'chang 'jam mgon bla ma gar dbang mdo sngags gling pa tshe mchog grub pa'i sdes sangs rgyas gling pa'i gter byon gu ru pad+ma kA ra'i sku spar la gang gi phyag gis btab pa'i byin sku khyad can dbang po'i grangs ldan dang*/_'khor 'das kyi dwangs ma bcud du smin pa'i tshe rdzas le tshan dang bcas 'di la bsnyen yig rgyas bsdus kyi mthar ma lhung ba zhig bris shig ces bka' yi cod pan spyi bor dpyangs pa gus pas mchod de/_mgon po gang dang yongs 'dzin dam pa du ma'i bka' drin gyis 'tsho ba'i 'bangs tha zhwa sprul rmongs brtul rtags tsam 'dzin pa'i shAkya'i dge sbyong ngag dbang chos kyi blo gros dpal bzang pos rang lo bzhi bcu rtsa dgur rang gnas thub bstan mdo sngags chos gling gi dben spyil 'chi med dga' tshal du 'gal byed kyi lo gro bzhin zla ba'i dkar phyogs kyi rgyal ba gnyis pa dang bstun bris pas 'gro kun tshe mtha' yas pa'i dpal la rtag tu ngal 'tsho ba'i rgyur gyur cig_/dza yan+tu// |