DKR-KABUM-19-DZA-018: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=པདྨ་ཚེ་ཡི་སྙིང་ཐིག་གི་ཕྱི་ནང་གསང་བ་ཀུན་དྲིལ་གྱི་ཕྲིན་ལས་སྙིང་པོ་ཉམས་སུ་ལེན་ཚུལ་གྱི་གནད་ཡིག་འཆི་མེད་པདྨའི་ཐུགས་ཐིག། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 19: . Delhi: Shechen Publications, 1994. | |fulltitle=pad+ma tshe yi snying thig gi phyi nang gsang ba kun dril gyi phrin las snying po nyams su len tshul gyi gnad yig 'chi med pad+ma'i thugs thig | ||
|citation=[[Khyentse, Dilgo]]. ''Pad+ma tshe yi snying thig gi phyi nang gsang ba kun dril gyi phrin las snying po nyams su len tshul gyi gnad yig 'chi med pad+ma'i thugs thig''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 19: 282-289. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Contemplative Guide Books and Instructional Manuals - khrid yig | |||
|tibgenre= | |||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity=tshe dpag med | |deity=tshe dpag med | ||
|cycle= | |cycle='chi med pad+ma tshe yi snying thig | ||
|cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | |cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | ||
| | |language=Tibetan | ||
|volumenumber=019 | |volumenumber=019 | ||
|volnumtib=༡༩ | |volnumtib=༡༩ | ||
|volyigtib=ཛ་ | |volyigtib=ཛ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=018 | |||
|pagenumbers=282-289 | |||
|totalpages=16 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=8b3 | ||
|totalfolios=8 | |||
|multivolumework=No | |||
|rectonotes=gnad yig | |||
|versonotes=pad+ma tshe yi snying thig | |versonotes=pad+ma tshe yi snying thig | ||
|pdflink=File:DKR-KABUM-19-DZA-018.pdf | |pdflink=File:DKR-KABUM-19-DZA-018.pdf | ||
}} | }} | ||
Line 38: | Line 38: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །པདྨ་ཚེ་ཡི་སྙིང་ཐིག་གི་ཕྱི་ནང་གསང་བ་ཀུན་དྲིལ་གྱི་ཕྲིན་ལས་སྙིང་པོ་ཉམས་སུ་ལེན་ཚུལ་གྱི་གནད་ཡིག་འཆི་མེད་པདྨའི་ཐུགས་ཐིག་བཞུགས་སོ།། | {{TibP|༄༅། །པདྨ་ཚེ་ཡི་སྙིང་ཐིག་གི་ཕྱི་ནང་གསང་བ་ཀུན་དྲིལ་གྱི་ཕྲིན་ལས་སྙིང་པོ་ཉམས་སུ་ལེན་ཚུལ་གྱི་གནད་ཡིག་འཆི་མེད་པདྨའི་ཐུགས་ཐིག་བཞུགས་སོ།། | ||
<br> | |||
༄༅། །ན་མོ་གུ་ར་ཝེ། །རྨད་བྱུང་ཐུགས་བསྐྱེད་པདྨའི་ཚལ། རྫོགས་སྨིན་སྦྱངས་པའི་ལང་ཚོ་ཡི། མཚན་ཙམ་དྲན་དང་ཐོས་པས་ཀྱང༌། །འཆི་མེད་སྦྲང་རྩི་སྟེར་ལ་འདུད། །གོ་འཕང་མཆོག་དེ་མངོན་བྱེད་ཕྱིར། །རྡོ་རྗེའི་གསེང་ལམ་ཟབ་མོའི་དཔྱིད། །བདག་གི་སྐལ་པར་འཕོས་པ་ལ། །མ་ཉམས་དགའ་སྟོན་སྤྲོ་ལ་བྲེལ། །པདྨ་ཚེ་ཡི་སྙིང་ཐིག་གི་རིམ་པ་དང་པོའི་རྣལ་འབྱོར་ལའང་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཚུལ་ཐམས་ཅད་ཀུན་དྲིལ་ནས་ནང་གི་ཏིང་འཛིན་གཙོ་བོར་བཏོན་ཏེ་ཉམས་སུ་ལེན་པ་ལ། ཐོག་མར་སྔོན་འགྲོ་སྦྱོར་བའི་ཆོས་ནི་ཚུལ་འདིའི་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་དབང་ཚང་བར་ཐོབ་ཅིང༌། དམ་ཚིག་ལ་གནས་པ་གང་གིས་དཀར་ཕྱོགས་ཀྱི་འཕེལ་ཚེས་སྒྲུབ་པ་པོའི་སྲོག་གཟའ་དར་བའི་སྔ་དྲོའི་ཆར་ཉམས་ལེན་ལ་འཇུག་དགོས་ཤིང༌། དེ་ཡང་སྤྲོས་བཅས་རས་བྲིས་སམ། སྤྲོས་མེད་ཚོམ་བུའི་དཀྱིལ་འཁོར་དང་འབྲེལ་ན་ཚེ་ཡི་འབྲང་རྒྱས་ཐབས་ཤེས་ཀྱི་རྫས་དང་མདའ་དར་སོགས་སྤྱི་མཐུན་མཐར་ཉེར་སྤྱོད་བསྐོར་བཤམས་ཀྱི་མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ་བཀོད། བདག་འཇུག་དང་དོན་དབང་སོགས་ཀྱི་ཆེད་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་དང་བུམ་སྒྲུབ་དགོས་ན་དེ་མཐུན་དབང་རྫས་རྣམས་ཀྱང་འདུ་བྱ། ཡང་དེ་དག་གི་སྤྲོས་པ་དང་མ་འབྲེལ་བར་ཤིན་ཏུ་སྤྲོས་མེད་ཀྱི་ཚེ་སྨན་རཀ་གཏོར་གསུམ་ཙམ་ལ་བརྟེན་ཀྱང་རུང༌། གང་ལྟར་བདེ་བའི་སྟན་ལ་འཁོད་པས། ངེས་འབྱུང་དང་སྙིང་རྗེ་དད་པའི་སེམས་ཀྱིས་ཉམས་ལེན་ལ་འཇུག་པར་བྱ། བརྒྱུད་འདེབས་ཀྱི་སྐབས་འཆི་མེད་ཚེ་ཡི་རྩ་བརྒྱུད་ཀྱི་བླ་མ་ལ་མོས་གུས་ཀྱིས་རྡོ་རྗེ་ཚེ་ཡི་མཆོག་མྱུར་དུ་འགྲུབ་པའི་གསོལ་འདེབས་དང༌། སྐྱབས་གསུམ་ལ་ཁ་ཞེ་ངོ་ལྐོག་མེད་པས་སྲོག་ལ་བབས་ཀྱང་བླ་མ་དཀོན་མཆོག་བློས་གཏང་བར་མི་བྱ་སྙམ་པའི་སྐྱབས་འགྲོ། མཁའ་ཁྱབ་ཀྱི་སེམས་ཅན་གྱི་ཕྱིར་རྡོ་རྗེའི་ལམ་ལ་འཇུག་སྙམ་པའི་སེམས་བསྐྱེད། བསག་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་རྣམས་འཆི་མེད་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཡིན་པས་ཉམས་ལེན་གནད་དུ་འགྲོ་བ་དང༌། བཀའ་བསྒོ། སྲུང་འཁོར། བྱིན་འབེབས། མཆོད་པ་བྱིན་རླབས་རྣམས་ཚིག་རྗེས་དོན་དྲན་ལ་བསླབ་པ་རྣམས་སྤྱི་ལྟར་བྱའོ། །གཉིས་པ་དངོས་གཞི་ལ། བསྐྱེད་བཟླས་རྫོགས་གསུམ་ལས། དང་པོ་སྐུ་བསྐྱེད་རིམ་གྱི་རྣལ་འབྱོར་ནི། རྒྱུ་ཏིང་ངེ་འཛིན་གསུམ་བསྒོམ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། ཕྲིན་ལས་ཀྱི་ཡན་ལག་རྫོགས་པར་བྱ་བ་རྣམས་རྒྱུད་དོན་ཁྲིད་ཡིག་ཏུ་བསྡེབས་པ་དང༌། བསྙེན་ཡིག་ལས་ཤེས་པར་བྱ་ཞིང༌། དམིགས་པའི་མདོ་འགག་ནི། ཕྱི་སྣོད་བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོའི་དབུས་པདྨ་འདབ་བརྒྱད་གེ་སར་སྟེང་ཉི་ཟླ་དང་བཅས་པའི་སྟེང་དུ་རྒྱུ་ཡི་ས་བོན་ཧྲཱིཿཡིག་དམར་གསལ་བབས་པ་དང་ལྷན་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་གྲགས་པས་ངོ་བོ་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ་ཅན་རིག་འཛིན་པདྨ་འབྱུང་གནས་ལ་རྣམ་པ་གསུང་རྡོ་རྗེ་པདྨའི་རིགས་ཀྱི་ཁྱབ་བདག་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་གསལ་དར་དམར་གྱི་གུར་ཕུབ་པ་ལྟ་བུ་སྟོང་གསལ་འཇའ་འོད་ཀྱི་སྐུ་ཅན། ཞི་ཚུལ་མཛེས་སྡུག་མཚུངས་པ་མེད་པ། ཤིན་ཏུ་གཞོན་ནུའི་མཚན་དཔེའི་ན་ཚོད་བལྟ་ན་སྡུག་པ། ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་ཐམས་ཅད་ཡོངས་སུ་རྫོགས་པའི་པང་དུ་ཡུམ་ཀུན་བཟང་དཀར་མོ་སྐུ་གཅེར་བུ་གཞོན་མཛེས་སྒེག་ཆགས་ཀྱི་ཉམས་འགྱུར་ཅན། མེ་ཏོག་པདྨ་དམར་པོའི་ཕྲེང་བ་དང༌། འཆི་མེད་ཚེ་ཡི་བུམ་པ་འཛིན་པ་དང་མཉམ་པར་སྦྱོར་བ་དེ་ཡང་གཙོ་བོ་ཚེ་དཔག་མེད་ཀྱི་ཡུམ་གོས་དཀར་མོར་ཡོངས་སུ་གྲགས་ཀྱང་འདིར་མཁྱེན་བརྩེའི་དབང་པོའི་ཕྱག་བྲིས་དངོས་ལས་ཞལ་བཤུས་བགྱིས་པས་ཀུན་བཟང་དཀར་མོ་གསུངས་འདུག་པ། ཡབ་ཡུམ་ཐབས་ཤེས་ཀྱི་ཆ་སོ་སོའི་དབང་དུ་བྱས་ཏེ་ཐབས་བདེ་བ་ཆེན་པོའི་དགའ་བཞིའི་ཡེ་ཤེས་ཤེས་རབ་གཏུམ་མོའི་རེག་བྱས་དྲངས་དགོས་པས་ཡབ་ཀྱི་སྐུ་མདོག་དམར་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི་མྱོང་བ་ཐབས་ཞུ་བདེའི་བྱེད་པས་འདྲེན་དགོས་ཕྱིར་ཡུམ་ཀུན་བཟང་དཀར་མོ་ཞེས་ཐབས་ལ་ཤེས་རབ་ཀྱིས་དང་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་ཀྱི་ཟབ་གནད་ཡིན་སྙམ་ལགས། ཡབ་ཡུམ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུའི་དབུས་རྩ་འཁོར་ལོ་ལྔ་དབུ་མའི་སྲོག་ཤིང་ཅན་གྱི་གནས་ལྔར་ཕུང་ལྔ་དག་པའི་ཡབ་ལྔ་དང༌། འབྱུང་ལྔ་དག་པའི་ཡུམ་ལྔ་རྣམ་པ་ཁྱབ་བྱ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ་ཚེ་དཔག་མེད་ཡབ་ཡུམ་ལ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་ཚེའི་མགྱོགས་མ་དཀར་དམར་མཐིང་སེར་ལྗང་གུ་རྣམས་ཞལ་གཙོ་བོ་ལ་ཕྱོགས་པ་མདའ་དར་དང་ཚེ་བུམ་བསྣམས་པ། གར་སྟབས་ཅན་གྱིས་བསྐོར་བ་དང༌། སྙིང་གའི་རྩ་འཁོར་བརྒྱད་ཀྱི་ལྟེ་བར་ཁྱབ་བྱེད་ཡེ་ཤེས་ལྔ་ཡི་བདག་ཉིད་མི་བསྐྱོད་ཚེ་དཔག་མེད། ཕྱོགས་བཞིའི་རྩ་འདབ་ལ་རིགས་བཞི། བྱང་ཤར་ནས་བརྩམས་ཏེ་ཀུན་གཟིགས། ཡོན་ཏན། ཡེ་ཤེས། མི་གཡོ་ཚེ་དཔག་མེད་བརྒྱད། མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་གཙོ་བོ་སངས་རྒྱས་ཚེ་དཔག་མེད་བཅས་ཐམས་ཅད་སྐུ་མདོག་དམར་གསལ་ཞི་ཚུལ་ལོངས་སྐུའི་ཆས་ཅན་ཞལ་ནང་དུ་གཟིགས་པ། དབང་པོའི་སྒོ་གཡས་གཡོན་ལ་དབང་པོ་དང༌། དབང་ཤེས་དག་པའི་སྒེག་སོགས་ལྷ་མོ་བརྒྱད་དང༌། ཡན་ལག་བཞི་ལ་སྒོ་སྐྱོང་མགྱོགས་མ་བཞི་བཅས་ཕྲ་ལ་ཞལ་ཕྱག་རྫོགས་པར་བསམ། དེ་ཡང་སྦྱང་གཞི་ཕུང་ཁམས་ཐ་མལ་དུ་ཞེན་པས་ཟག་བཅས་སྡུག་བསྔལ་གྱི་བདེན་པའི་མཚན་གཞི་ཅན་འདི། དབང་ཤེས་ཡུལ་གསུམ་འདུས་པའི་རེག་པས་ཀུན་འབྱུང་ལས་ཉོན་གྱི་འཁྲུལ་པས་སྒྲོ་བཏགས་པའི་དབང་གིས་སྐྱེ་འཆི་བར་དོའི་སྲིད་པའི་འཁྲུལ་སྣང་བསྐྱེད་ཅིང༌། འཆི་བདག་སོགས་བདུད་བཞིའི་དབང་དུ་གྱུར་པ་ལ། སྦྱོང་བྱེད་ཆོས་ཉིད་ངོ་བོ་དབང་བཙན་དུ་བྱས་ནས་རིགས་ལྔ་ཡབ་ཡུམ། སྒེག་སོགས་ལྷ་མོ་བརྒྱད། སྒོ་སྐྱོང་མགྱོགས་མ་བཅས་དོན་ལ་སངས་རྒྱས་རྣམས་ཀྱི་ཟག་མེད་ཀྱི་ཡོན་ཏན་ཡེ་ཤེས་ལྔ། འཕགས་ལམ་བརྒྱད། ཚད་མེད་བཞི་ཡི་རང་གཟུགས་ཀྱི་དག་པའི་ལྷར་གསལ་ཞིང་སྒོམ་པའི་ནུས་པས། ཀུན་བཏགས་འཁྲུལ་རྟོག་གིས་གཉིས་སུ་སྣང་བའི་ལོག་རྟོག་གི་དྲི་མ་དག་ནས། སྦྱངས་འབྲས་གདན་གསུམ་ཚང་བ་འཆི་མེད་ཚེ་ལྷའི་དཀྱིལ་འཁོར་དུ་ཡིན་ལུགས་བཞིན་མངོན་གྱུར་དུ་ཤར་བའི་ཐབས་ཀྱི་ཏིང་ངེ་འཛིན་གྱི་གནད་ཤེས་ཏེ་བསྒོམས་པས་སྐྱེ་འཆི་འཕོ་བཅས་ཀྱི་སྲིད་པའི་རྒྱུ་འབྲས་དག་ནས་གཉུག་མའི་རྡོ་རྗེ་གསུམ་གྱི་རང་མདངས་འཆི་མེད་ཚེ་ལྷའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ་བསླབ་པ་སྟེ། དེ་ཡང་དབང་པོ་རབ་ཀྱིས་གོ་དོན་ལྷོངས་པ། འབྲིང་གིས་མོས་པ་ལམ་བྱེད། ཐ་མས་ཡེ་ཤེས་སེམས་དཔའ་ལ་གསལ་སྣང་བརྟན་པོ་སྒྲུབ། བསྐྱེད་རིམ་སྤྱི་ལྟར་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་རྣམས་ལ་རིམ་ཅན་དུ་བསྒོམས་ཀྱང་རུང་ཞིང༌། བཟླས་པའི་སྐབས་རྒྱས་པ་བསྙེན་སྒྲུབ་ལས་གསུམ་སོ་སོར་བྱེད་ན། བསྙེན་པའི་སྐབས་ཡེ་ཤེས་སེམས་དཔའ་སངས་རྒྱས་ཚེ་དཔག་མེད་ཀྱི་ཐུགས་ཀར་འོད་ལྔའི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་སྦུབས་སུ་ཧྲཱིཿདམར་གསལ་གྱི་མཐར་སྔགས་ཕྲེང་གིས་བསྐོར་བར་སྤྲོ་བསྡུའི་དམིགས་པ་བྱ། སྒྲུབ་པ་ལ། གནས་ལྔའི་ཚེ་དཔག་མེད་རིགས་ལྔའི་ཐུགས་ཀར་ཨོཾ་ཧྲཱིཿཧཱུྃ་ཏྲཱྃ་ཨཱཿདང༌། ཡུམ་ལྔར་མཱུྃ་པཱྃ་མཱྃ་ལཱྃ་ཏཱྃ་རྣམས་ལ་སྔགས་ཕྲེང་གིས་བསྐོར་བར་བསམ། ཐུགས་ཀར་ཡང་མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་རྒྱ་གྲམ་གྱི་ལྟེ་བར་ཉི་ཟླའི་དབུས་ཧཱུྃ་དང༌། མཱ་མ་ཀཱིའི་ཐུགས་ཀར་མཱྃ་བཅས་རང་མདོག་ཏུ་གསལ། ཚེ་དཔག་མེད་ཀྱི་ཐུགས་ཀར་མི་བསྐྱོད་དང༌། སངས་རྒྱས་ཚེ་དཔག་མེད་པའི་ལྷ་རུ་སྒོམ་པ་འདི་དག་སྣོད་ནང་དུ་སྣོད་བཅུག་པ་ལྟ་བུའི་ཐུག་རེག་དང༌། གདོས་བཅས་སུ་ཞེན་པས་གཅིག་གིས་གཅིག་སྒྲིབ་པའི་རྟོག་ངན་སྤངས་ནས་སངས་རྒྱས་ཀྱི་ཡེ་ཤེས་གདུལ་བྱའི་བསམ་པ་བཞིན་གང་འདོད་དུ་འཆར་བ་ཆོས་ཉིད་ཡིན་པས་བཟླས་པ་སོ་སོའི་སྐབས་ཀྱི་ལྷའི་གསལ་སྣང་ཉིད་ལྷག་པར་གསལ་བ་ལ་རིག་པ་གཏད་ཅིང༌། གང་ལྟར་ཡང་རང་བཞིན་མ་བཅོས་པའི་གནས་ལུགས་ཀྱི་གདངས་ལྷའི་རྣམ་པ་དེ་དང་དེར་ཤར་བས་འགལ་བ་མེད་པའི་བདག་ཉིད་ཅན་དུ་ཤེས་པ་གལ་ཆེའོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ནི། བསྙེན་སྒྲུབ་ལས་གསུམ་སྤྱིའི་དམིགས་གནད་དང༌། ཡང་ཟབ་རྒྱུན་གྱི་བཟླས་དམིགས་གཉིས་ལས། སྔ་མ་ནི་ནང་སྒྲུབ་ཀྱི་བསྙེན་ཡིག་ཏུ་གསལ་བ་ལྟར་ལ། ཕྱི་མ་བསྐྱེད་རིམ་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ནི། རང་གི་སྙིང་དབུས་མི་བསྐྱོད་ཚེ་དཔག་མེད་པའི་ཐུགས་ཀྱི་སྦུབས་སུ་ཡེ་ཤེས་སེམས་དཔའ་སངས་རྒྱས་ཚེ་དཔག་མེད་པའི་ཐུགས་ཀར་པདྨ་དཀར་པོ་གེ་སར་ཟིལ་ཕོད་དང་བཅས་པའི་ལྟེ་བར་ཐུགས་སྲོག་ཧྲཱིཿཡིག་དམར་པོ་རང་སྒྲ་ཅན་འོད་ཀྱི་སྣང་བ་མར་མེ་ལྟར་འབར་བ་ལས། འོད་ཟེར་འཕྲོས་ནས་བརྟན་གཡོ་སྲིད་ཞིའི་དྭངས་བཅུད་དང་བདེ་བ་ཅན་སོགས་དག་པའི་ཞིང་རབ་འབྱམས་ན་བཞུགས་པའི་དཀོན་མཆོག་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་བྱིན་རླབས་དང་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་མགོན་པོ་ཚེ་དཔག་མེད་རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་ཡེ་ཤེས་སེམས་དཔའི་ཚུལ་དུ་གྲངས་མེད་དཔག་ཏུ་མེད་པ་ཆར་བཞིན་དུ་བབས་ནས་བདག་གི་སྒོ་གསུམ་དང་ལུས་གནས་ཀྱི་ཚེ་ལྷ་རིགས་ལྔ། ཁྱད་པར་སྙིང་གའི་ཚེ་དཔག་མེད་ལྷ་དགུའི་ཚོགས་ལ་ཐིམ་པས་བྱིན་རླབས་ཀྱི་གཟི་བྱིན་འབར། སྒོ་གསུམ་གྱི་ཟག་པ་ཐམས་ཅད་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན། ལྷག་མེད་དུ་སྦྱངས་ནས་སྐྱེ་འཆི་གཞོམ་གཞིག་དང་བྲལ་བའི་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་དྭངས་མ་ཚེ་དང་ཡེ་ཤེས་གཉིས་སུ་མེད་པའི་རྡོ་རྗེའི་སྲོག་འགྲུབ་པར་བསམ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་ཚེ་དཔག་མེད་རིགས་ལྔ་ཀུན་འདུས་ཀྱི་མཚན་སྔགས་ཉིད་ཆིག་དྲིལ་དུ་བཟླ་སྟེ། རྩ་སྔགས་འདི་ཡང་ཚེ་དཔག་མེད་རིགས་ལྔ་གཅིག་དྲིལ་བསྙེན་སྒྲུབ་ལས་གསུམ་ཀུན་འདུས་སྟེ། དེའི་དོན་ནི། ཨོཾ་ཞེས་སྐུ་དང་ཡེ་ཤེས་ལྔ་ལྡན་རྣམ་སྣང་ཚེ་དཔག་མེད་པས་ཐོག་དྲངས། བཛྲ་སྐུ་གསུང་ཐུགས་རྡོ་རྗེ་གཉིས་སུ་མི་ཕྱེད་པའི་ཡེ་ཤེས་རྡོ་རྗེའི་སྲོག་སྲིད་ཞི་ཀུན་ཁྱབ་མི་བསྐྱོད་ཚེ་དཔག་མེད། ཨཱ་ཡུ་ཥེ་སྐྱེ་འཆི་འཕོ་འགྱུར་དང་བྲལ་བའི་ཆོས་ཉིད་གཉུག་མའི་ཚེ་ཟབ་རྒྱས་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་ཤར་བ་པདྨ་ཚེ་དཔག་མེད། སྭཱ་ཟག་མེད་ཆོས་ཁམས་རྒྱ་མཚོའི་གསང་བ་མི་ཟད་རྒྱན་འཁོར་མཛེས་པ་རིན་ཆེན་ཚེ་དཔག་མེད། ཧཱ་མི་སློབ་ལམ་གྱི་ཡོན་ཏན་གྱི་དཔལ་དམ་པས་ཕྱོགས་དུས་འགྲོ་ཀུན་སྒྲོལ་བའི་ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་པ་དོན་གྲུབ་ཚེ་དཔག་མེད་མཚོན་པ་སྟེ། དེས་ན་རིགས་ལྔ་ཡེ་ཤེས་ལྔ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀུན་མཚོན་ནུས་པའི་རྡོ་རྗེའི་གསང་སྔགས་ཏེ། སྤྱིར་སྐབས་འདིར་བསྒྲུབ་བྱའི་དངོས་གྲུབ་ཚེ་ཞེས་པ་ལ་གསུམ་དུ་དབྱེ་ཡང་བཛྲ་ཨཱ་ཡུ་ཥེ་ཞེས་རྡོ་རྗེའི་ཚེ་འདི་བསྒྲུབ་བྱའི་ལྷ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐྱེ་འཆི་འཕོ་འགྱུར་དང་བྲལ་བའི་གཉུག་མ་དོན་གྱི་ཚེ་ཆོས་སྐུའི་དབྱིངས་མཚོན་པས་ན་དེའི་ལྡོག་ཆས་ཚེ་དཔག་མེད་རིགས་ལྔ་ཡང་དབྱེར་རུང་ཞིང་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་རྡོ་རྗེའི་གསང་སྔགས་བླ་ན་མེད་པ་རུ་ཤེས་པར་བྱ། དེ་ཉིད་གྲངས་བསྙེན་འབུམ་ཕྲག་གསུམ་དུ་གསུངས་པ་རྩོད་དུས་བཞི་འགྱུར་བྱས་ན་འབུམ་བཅུ་གཉིས་ཏེ་རྒྱས་བསྡུས་གང་འདོད་པ་ཉིད་བཟླ་བའོ། །གསུམ་པ་རྫོགས་རིམ་གྱི་དམིགས་པ་ནི། རང་ཚེ་དཔག་མེད་ཡབ་ཡུམ་སྟོང་གསལ་འོད་ཀྱི་རང་བཞིན་དར་དམར་གྱི་གུར་ཕུབ་པ་ལྟ་བུར་གསལ། འདི་སྐབས་ལུས་དཀྱིལ་མ་གསལ་ཀྱང་རུང༌། སྙིང་དབུས་པདྨའི་གེ་སར་སྟེང་དྭངས་མའི་སྲོག་ཧྲཱིཿཡིག་དམར་གསལ་རང་སྒྲ་ཅན་ལ་སེམས་གཏད། གསལ་སྣང་བརྟན་པོ་ཟིན་པ་དང་རླུང་རོ་སུམ་ཕྲུག་ཏུ་བསལ། ཟག་བཅས་ཀྱི་རླུང་སེམས་སྐྱོན་ཅན་ཐམས་ཅད་སངས་ཀྱིས་དག་ནས་ལུས་སེམས་བདེ་སངས་ཀྱིས་སོང་བར་བསམ། དེ་ནས་ཐུགས་སྲོག་ཧྲཱིཿལས་འོད་ཟེར་ཁ་དོག་ལྔ་ལྡན་ཕྱོགས་ཐམས་ཅད་དུ་འཕྲོས་པས་བརྟན་པ་སྣོད་ཀྱི་འབྱུང་བ་ལྔ། གཡོ་བ་བཅུད་ཀྱི་སྐྱེ་འགྲོའི་ཚེ་བསོད་དབང་ཐང་དཔལ་ཡོན་ཐམས་ཅད། སྲིད་ན་གནས་པའི་ལྷ་དང་དྲང་སྲོང་ཀླུ་སོགས་འཆི་མེད་ཀྱི་ཚེ། བསོད་ནམས། གཟི་བརྗིད། སྟོབས་རྩལ་ཡོན་ཏན་གྱི་བཅུད། ཞི་བ་འཕགས་བཞིའི་སྐྱེས་བུའི་མཁྱེན་བརྩེ་ནུས་སྟོབས་དབང་དང་དཔལ་འབྱོར་ཕྲིན་ལས་ཀྱི་དྭངས་མ་ཐམས་ཅད་ཁབ་ལེན་གྱི་ལྕགས་ལྟར་རང་དབང་མེད་པར་བསྡུས་ཤིང་དྭངས་མའི་ཉིང་ཁུར་དྲིལ་ཏེ་འཆི་མེད་བདུད་རྩིའི་ཟིལ་མངར་འོད་ཁ་དོག་ལྔ་ལྡན་གྱི་ཟེགས་མའི་རྣམ་པར་འུབ་འུབ་བསྡུས་ནས་སྣ་བུག་གཉིས་ནས་ལུས་ཀྱི་ནང་དུ་ཞུགས། སྙིང་གའི་ཧྲཱིཿལ་ཐིམ་པས་འོད་དང་གཟི་བྱིན་ལྷག་པར་རྒྱས་ཏེ་བྱུང་བར་བསམ་ལ་རླུང་བུམ་ཅན་བཟུང་སྟེ་དབྱིངས་རིག་བསྲེས་ལ་འཆི་མེད་གཉུག་མའི་ཆོས་ཉིད་ཀྱི་རང་ངོ་བསྐྱངས་པས་རླུང་སེམས་ཡེ་ཤེས་ཀྱི་སྲོག་ཏུ་སྡོམ་པས་ནང་དང་གསང་བའི་རྡོ་རྗེའི་ཚེ་སྒྲུབ་པའི་ཨུ་པ་དེ་ཤ་གྷརྦྷ་གུ་ཧྱ་ཏི་ལ་ཀའོ། །དེ་ལས་དང་པོ་རྡོ་རྗེའི་རིགས་སྔགས་བསྙེན་སྒྲུབ་ལས་གསུམ་ཆིག་བསྒྲིལ་དུ་བཟླ་ཞིང༌། ཐུན་མཐར་རྫོགས་རིམ་གྱི་ཚེ་སྒྲུབ་ཉིད་གནད་དུ་བསྣུན་པས་ཤིན་ཏུ་ཟབ་པའོ། །ཐུན་ལས་ལྡང་བ་ན་མཚན་བརྒྱ་རྩ་བརྒྱད་པའི་མདོ་སྡེ་བཀླག །ཚེ་འགུགས་ཀྱིས་དྭངས་མ་བསྡུ་བསྟིམ་གྱི་དམིགས་པ་བྱ། བསྒྲུབ་བྱ་གཞན་ལ་དམིགས་པའི་ཚེ་སྒྲུབ་དགོས་ན་རང་གི་སྙིང་དབུས་དྭངས་མའི་སྲོག་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པའི་ཀློང་དུ་བདག་གཞན་དབྱེར་མེད་མཉམ་པའི་ངེས་ཤེས་ཀྱི་ལྟ་གདིང་བསྐྱེད་པས་རུང་ཞིང༌། སྔགས་ཀྱི་ལྷག་ཆད་ཁ་བསྐང་བྱིན་རླབས་བརྟན་པའི་དོན་དུ་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་སོགས་བཟླ། རང་ཉིད་ལྷའི་གསལ་སྣང་ལས་ལས་ཀྱི་སེམས་དཔའི་རྣམ་པར་ལོགས་སུ་ཕྱེ་ནས་ཚེ་དཔག་མེད་པའི་འཁོར་དུ་འཆི་མེད་རྩ་གསུམ་ཚེ་ལྷ་རབ་འབྱམས་གསལ་བ་ལ་ལུས་ཞིང་རྡུལ་དང་མཉམ་པར་སྤྲུལ་ཏེ་ཕྱག་སོགས་ཡན་ལག་བདུན་གྱི་བསག་སྦྱང་ལ་འཇུག་པར་བསམ་ལ་ཡན་ལག་བདུན་གྱི་དམིགས་རྣམ་དང་མ་བྲལ་བས་ལན་གསུམ་སོགས་ཇི་ལྟར་རིགས་པར་བྱས་མཐར། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སོགས་ཀྱིས་གསོལ་བ་གདབ། ཚོགས་བསག་གཙོ་བོར་བྱེད་ན་ཡན་ལག་བདུན་པའི་གཤམ་དུ་མཎྜལ་དང༌། གཏེར་གཞུང་ལས་འབྱུང་བའི་མར་མེའི་མཆོད་ཕྲེང་ཀྱང་ཕུལ་ན་རུང་ངོ༌། །གསུམ་པ་རྗེས་རིམ་ནི། བསྙེན་བཟླས་ལ་འཇུག་པའི་ཐོག་མཐའ་དང་དུས་བཟང་རྣམས་ལ་ཚོགས་མཆོད་དང་བཀའ་སྲུང་གི་གསོལ་མཆོད་མ་ཆད་པ་དང༌། ལྷ་སྣང་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བཅས་སྤྱི་ལྟར་བྱ་ཞིང༌། དཀྱིལ་འཁོར་སྒྲུབ་རྫས་སོགས་ཡོད་ན་དངོས་གྲུབ་ལེན་ཆོག་བཅས་གང་བསྒྲུབ་བསྙེན་ཡིག་ལྟར་བྱ་དགོས་སོ། །སྤྱིར་ཚེ་སྒྲུབ་འདི་ཕྱི་སྒྲུབ་ཚེ་དཔག་མེད་ལྷ་དགུ་ལ་བརྟེན་ནས་བསག་སྦྱང་གི་ཆོ་གས་ཚེ་བསྲིང་བ་འདིར་སྙིང་དབུས་སུ་བསྒོམས་པ། ཐུན་གཤམ་དུ་བསག་སྦྱང་ཡན་ལག་བདུན་པ་ལ་གནད་ཚང་བ་དང༌། ནང་དང་གསང་སྒྲུབ་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་སྒྱུ་འཕྲུལ་དྲྭ་བའི་བསྐྱེད་རིམ་གྱི་སྙིང་པོའི་རྣལ་འབྱོར་འདི་ཉིད་ཡིན་ཅིང་ལུས་ཀྱི་གནས་ལྔ་དང༌། དབང་པོའི་སྐྱེ་མཆེད་རྣམས་ལ་ལྷ་ཡང་ཚང་བ་དང༌། དེ་ཐམས་ཅད་བླ་མའི་ཡེ་ཤེས་རོལ་པར་ཤེས་པས་ཡང་ཟབ་རིག་འཛིན་ཚེ་སྒྲུབ་ཏུ་དོན་གྱིས་འགྱུར་བས་ན་ཚིག་ཉུང་དོན་ཚང་བཀྲ་ཤིས་ཞལ་གྲོ་ལྟ་བུ་ཡིན་པས་རང་ཆོས་རང་ལ་ཕན་པ་ཞིག་ཡིན་སྙམ་གྱིས། ཤིང་ཡོས་ལོར་ཚུལ་འདིར་ཉམས་ལེན་ཉུང་ཟད་རེ་བགྱིད་པའི་ཞོར་རང་སློབ་དད་བློ་ཡངས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནས་ཀྱང་བསྙེན་ཡིག་ཅིག་དགོས་ལུགས་ཆེས་དོན་གཉེར་ཆེན་པོས་ཡང་ཡང་བསྐུལ་བ་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ནུབ་ཕྱོགས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་དབུ་འཛིན་ཀ་ལི་ཕོར་ནི་ཡར་གྲུབ་པར་བྱས་པ་འགྲོ་ཀུན་འཆི་མེད་ཚེ་དང་ཡེ་ཤེས་མཐའ་ཡས་པའི་གོ་འཕང་མཆོག་ལ་ངལ་འཚོ་ཐོབ་པའི་རྒྱུར་གྱུར་ཅིག ༈ དྲི་མེད་རིག་གསང་པདྨའི་ཤེལ་ཕུག་ནས། །རིག་རྩལ་ཁྱེའུ་དབྱིངས་ཆེན་ཌཱ་ཀི་ནཱིས། །གཏད་པར་བརྫུ་བའི་ཚེ་ཡི་སྙིང་ཐིག་གིས། །འགྲོ་ཀུན་སྐྱེ་འཆིའི་ཆུ་བོ་ལས་བརྒལ་ཤོག །སརྦ་ཨཱ་ཡུརྫྙཱ་ན་སིདྡྷི་གྷརྦྷ་ཀུ་རུ་བྷ་ཝནྟུ། །སརྦ་མངྒ་ལཾ། དགེའོ།། །།}} | ༄༅། །ན་མོ་གུ་ར་ཝེ། །རྨད་བྱུང་ཐུགས་བསྐྱེད་པདྨའི་ཚལ། རྫོགས་སྨིན་སྦྱངས་པའི་ལང་ཚོ་ཡི། མཚན་ཙམ་དྲན་དང་ཐོས་པས་ཀྱང༌། །འཆི་མེད་སྦྲང་རྩི་སྟེར་ལ་འདུད། །གོ་འཕང་མཆོག་དེ་མངོན་བྱེད་ཕྱིར། །རྡོ་རྗེའི་གསེང་ལམ་ཟབ་མོའི་དཔྱིད། །བདག་གི་སྐལ་པར་འཕོས་པ་ལ། །མ་ཉམས་དགའ་སྟོན་སྤྲོ་ལ་བྲེལ། །པདྨ་ཚེ་ཡི་སྙིང་ཐིག་གི་རིམ་པ་དང་པོའི་རྣལ་འབྱོར་ལའང་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཚུལ་ཐམས་ཅད་ཀུན་དྲིལ་ནས་ནང་གི་ཏིང་འཛིན་གཙོ་བོར་བཏོན་ཏེ་ཉམས་སུ་ལེན་པ་ལ། ཐོག་མར་སྔོན་འགྲོ་སྦྱོར་བའི་ཆོས་ནི་ཚུལ་འདིའི་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་དབང་ཚང་བར་ཐོབ་ཅིང༌། དམ་ཚིག་ལ་གནས་པ་གང་གིས་དཀར་ཕྱོགས་ཀྱི་འཕེལ་ཚེས་སྒྲུབ་པ་པོའི་སྲོག་གཟའ་དར་བའི་སྔ་དྲོའི་ཆར་ཉམས་ལེན་ལ་འཇུག་དགོས་ཤིང༌། དེ་ཡང་སྤྲོས་བཅས་རས་བྲིས་སམ། སྤྲོས་མེད་ཚོམ་བུའི་དཀྱིལ་འཁོར་དང་འབྲེལ་ན་ཚེ་ཡི་འབྲང་རྒྱས་ཐབས་ཤེས་ཀྱི་རྫས་དང་མདའ་དར་སོགས་སྤྱི་མཐུན་མཐར་ཉེར་སྤྱོད་བསྐོར་བཤམས་ཀྱི་མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ་བཀོད། བདག་འཇུག་དང་དོན་དབང་སོགས་ཀྱི་ཆེད་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་དང་བུམ་སྒྲུབ་དགོས་ན་དེ་མཐུན་དབང་རྫས་རྣམས་ཀྱང་འདུ་བྱ། ཡང་དེ་དག་གི་སྤྲོས་པ་དང་མ་འབྲེལ་བར་ཤིན་ཏུ་སྤྲོས་མེད་ཀྱི་ཚེ་སྨན་རཀ་གཏོར་གསུམ་ཙམ་ལ་བརྟེན་ཀྱང་རུང༌། གང་ལྟར་བདེ་བའི་སྟན་ལ་འཁོད་པས། ངེས་འབྱུང་དང་སྙིང་རྗེ་དད་པའི་སེམས་ཀྱིས་ཉམས་ལེན་ལ་འཇུག་པར་བྱ། བརྒྱུད་འདེབས་ཀྱི་སྐབས་འཆི་མེད་ཚེ་ཡི་རྩ་བརྒྱུད་ཀྱི་བླ་མ་ལ་མོས་གུས་ཀྱིས་རྡོ་རྗེ་ཚེ་ཡི་མཆོག་མྱུར་དུ་འགྲུབ་པའི་གསོལ་འདེབས་དང༌། སྐྱབས་གསུམ་ལ་ཁ་ཞེ་ངོ་ལྐོག་མེད་པས་སྲོག་ལ་བབས་ཀྱང་བླ་མ་དཀོན་མཆོག་བློས་གཏང་བར་མི་བྱ་སྙམ་པའི་སྐྱབས་འགྲོ། མཁའ་ཁྱབ་ཀྱི་སེམས་ཅན་གྱི་ཕྱིར་རྡོ་རྗེའི་ལམ་ལ་འཇུག་སྙམ་པའི་སེམས་བསྐྱེད། བསག་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་རྣམས་འཆི་མེད་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཡིན་པས་ཉམས་ལེན་གནད་དུ་འགྲོ་བ་དང༌། བཀའ་བསྒོ། སྲུང་འཁོར། བྱིན་འབེབས། མཆོད་པ་བྱིན་རླབས་རྣམས་ཚིག་རྗེས་དོན་དྲན་ལ་བསླབ་པ་རྣམས་སྤྱི་ལྟར་བྱའོ། །གཉིས་པ་དངོས་གཞི་ལ། བསྐྱེད་བཟླས་རྫོགས་གསུམ་ལས། དང་པོ་སྐུ་བསྐྱེད་རིམ་གྱི་རྣལ་འབྱོར་ནི། རྒྱུ་ཏིང་ངེ་འཛིན་གསུམ་བསྒོམ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། ཕྲིན་ལས་ཀྱི་ཡན་ལག་རྫོགས་པར་བྱ་བ་རྣམས་རྒྱུད་དོན་ཁྲིད་ཡིག་ཏུ་བསྡེབས་པ་དང༌། བསྙེན་ཡིག་ལས་ཤེས་པར་བྱ་ཞིང༌། དམིགས་པའི་མདོ་འགག་ནི། ཕྱི་སྣོད་བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོའི་དབུས་པདྨ་འདབ་བརྒྱད་གེ་སར་སྟེང་ཉི་ཟླ་དང་བཅས་པའི་སྟེང་དུ་རྒྱུ་ཡི་ས་བོན་ཧྲཱིཿཡིག་དམར་གསལ་བབས་པ་དང་ལྷན་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་གྲགས་པས་ངོ་བོ་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ་ཅན་རིག་འཛིན་པདྨ་འབྱུང་གནས་ལ་རྣམ་པ་གསུང་རྡོ་རྗེ་པདྨའི་རིགས་ཀྱི་ཁྱབ་བདག་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་གསལ་དར་དམར་གྱི་གུར་ཕུབ་པ་ལྟ་བུ་སྟོང་གསལ་འཇའ་འོད་ཀྱི་སྐུ་ཅན། ཞི་ཚུལ་མཛེས་སྡུག་མཚུངས་པ་མེད་པ། ཤིན་ཏུ་གཞོན་ནུའི་མཚན་དཔེའི་ན་ཚོད་བལྟ་ན་སྡུག་པ། ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་ཐམས་ཅད་ཡོངས་སུ་རྫོགས་པའི་པང་དུ་ཡུམ་ཀུན་བཟང་དཀར་མོ་སྐུ་གཅེར་བུ་གཞོན་མཛེས་སྒེག་ཆགས་ཀྱི་ཉམས་འགྱུར་ཅན། མེ་ཏོག་པདྨ་དམར་པོའི་ཕྲེང་བ་དང༌། འཆི་མེད་ཚེ་ཡི་བུམ་པ་འཛིན་པ་དང་མཉམ་པར་སྦྱོར་བ་དེ་ཡང་གཙོ་བོ་ཚེ་དཔག་མེད་ཀྱི་ཡུམ་གོས་དཀར་མོར་ཡོངས་སུ་གྲགས་ཀྱང་འདིར་མཁྱེན་བརྩེའི་དབང་པོའི་ཕྱག་བྲིས་དངོས་ལས་ཞལ་བཤུས་བགྱིས་པས་ཀུན་བཟང་དཀར་མོ་གསུངས་འདུག་པ། ཡབ་ཡུམ་ཐབས་ཤེས་ཀྱི་ཆ་སོ་སོའི་དབང་དུ་བྱས་ཏེ་ཐབས་བདེ་བ་ཆེན་པོའི་དགའ་བཞིའི་ཡེ་ཤེས་ཤེས་རབ་གཏུམ་མོའི་རེག་བྱས་དྲངས་དགོས་པས་ཡབ་ཀྱི་སྐུ་མདོག་དམར་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི་མྱོང་བ་ཐབས་ཞུ་བདེའི་བྱེད་པས་འདྲེན་དགོས་ཕྱིར་ཡུམ་ཀུན་བཟང་དཀར་མོ་ཞེས་ཐབས་ལ་ཤེས་རབ་ཀྱིས་དང་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་ཀྱི་ཟབ་གནད་ཡིན་སྙམ་ལགས། ཡབ་ཡུམ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུའི་དབུས་རྩ་འཁོར་ལོ་ལྔ་དབུ་མའི་སྲོག་ཤིང་ཅན་གྱི་གནས་ལྔར་ཕུང་ལྔ་དག་པའི་ཡབ་ལྔ་དང༌། འབྱུང་ལྔ་དག་པའི་ཡུམ་ལྔ་རྣམ་པ་ཁྱབ་བྱ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ་ཚེ་དཔག་མེད་ཡབ་ཡུམ་ལ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་ཚེའི་མགྱོགས་མ་དཀར་དམར་མཐིང་སེར་ལྗང་གུ་རྣམས་ཞལ་གཙོ་བོ་ལ་ཕྱོགས་པ་མདའ་དར་དང་ཚེ་བུམ་བསྣམས་པ། གར་སྟབས་ཅན་གྱིས་བསྐོར་བ་དང༌། སྙིང་གའི་རྩ་འཁོར་བརྒྱད་ཀྱི་ལྟེ་བར་ཁྱབ་བྱེད་ཡེ་ཤེས་ལྔ་ཡི་བདག་ཉིད་མི་བསྐྱོད་ཚེ་དཔག་མེད། ཕྱོགས་བཞིའི་རྩ་འདབ་ལ་རིགས་བཞི། བྱང་ཤར་ནས་བརྩམས་ཏེ་ཀུན་གཟིགས། ཡོན་ཏན། ཡེ་ཤེས། མི་གཡོ་ཚེ་དཔག་མེད་བརྒྱད། མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་གཙོ་བོ་སངས་རྒྱས་ཚེ་དཔག་མེད་བཅས་ཐམས་ཅད་སྐུ་མདོག་དམར་གསལ་ཞི་ཚུལ་ལོངས་སྐུའི་ཆས་ཅན་ཞལ་ནང་དུ་གཟིགས་པ། དབང་པོའི་སྒོ་གཡས་གཡོན་ལ་དབང་པོ་དང༌། དབང་ཤེས་དག་པའི་སྒེག་སོགས་ལྷ་མོ་བརྒྱད་དང༌། ཡན་ལག་བཞི་ལ་སྒོ་སྐྱོང་མགྱོགས་མ་བཞི་བཅས་ཕྲ་ལ་ཞལ་ཕྱག་རྫོགས་པར་བསམ། དེ་ཡང་སྦྱང་གཞི་ཕུང་ཁམས་ཐ་མལ་དུ་ཞེན་པས་ཟག་བཅས་སྡུག་བསྔལ་གྱི་བདེན་པའི་མཚན་གཞི་ཅན་འདི། དབང་ཤེས་ཡུལ་གསུམ་འདུས་པའི་རེག་པས་ཀུན་འབྱུང་ལས་ཉོན་གྱི་འཁྲུལ་པས་སྒྲོ་བཏགས་པའི་དབང་གིས་སྐྱེ་འཆི་བར་དོའི་སྲིད་པའི་འཁྲུལ་སྣང་བསྐྱེད་ཅིང༌། འཆི་བདག་སོགས་བདུད་བཞིའི་དབང་དུ་གྱུར་པ་ལ། སྦྱོང་བྱེད་ཆོས་ཉིད་ངོ་བོ་དབང་བཙན་དུ་བྱས་ནས་རིགས་ལྔ་ཡབ་ཡུམ། སྒེག་སོགས་ལྷ་མོ་བརྒྱད། སྒོ་སྐྱོང་མགྱོགས་མ་བཅས་དོན་ལ་སངས་རྒྱས་རྣམས་ཀྱི་ཟག་མེད་ཀྱི་ཡོན་ཏན་ཡེ་ཤེས་ལྔ། འཕགས་ལམ་བརྒྱད། ཚད་མེད་བཞི་ཡི་རང་གཟུགས་ཀྱི་དག་པའི་ལྷར་གསལ་ཞིང་སྒོམ་པའི་ནུས་པས། ཀུན་བཏགས་འཁྲུལ་རྟོག་གིས་གཉིས་སུ་སྣང་བའི་ལོག་རྟོག་གི་དྲི་མ་དག་ནས། སྦྱངས་འབྲས་གདན་གསུམ་ཚང་བ་འཆི་མེད་ཚེ་ལྷའི་དཀྱིལ་འཁོར་དུ་ཡིན་ལུགས་བཞིན་མངོན་གྱུར་དུ་ཤར་བའི་ཐབས་ཀྱི་ཏིང་ངེ་འཛིན་གྱི་གནད་ཤེས་ཏེ་བསྒོམས་པས་སྐྱེ་འཆི་འཕོ་བཅས་ཀྱི་སྲིད་པའི་རྒྱུ་འབྲས་དག་ནས་གཉུག་མའི་རྡོ་རྗེ་གསུམ་གྱི་རང་མདངས་འཆི་མེད་ཚེ་ལྷའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ་བསླབ་པ་སྟེ། དེ་ཡང་དབང་པོ་རབ་ཀྱིས་གོ་དོན་ལྷོངས་པ། འབྲིང་གིས་མོས་པ་ལམ་བྱེད། ཐ་མས་ཡེ་ཤེས་སེམས་དཔའ་ལ་གསལ་སྣང་བརྟན་པོ་སྒྲུབ། བསྐྱེད་རིམ་སྤྱི་ལྟར་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་རྣམས་ལ་རིམ་ཅན་དུ་བསྒོམས་ཀྱང་རུང་ཞིང༌། བཟླས་པའི་སྐབས་རྒྱས་པ་བསྙེན་སྒྲུབ་ལས་གསུམ་སོ་སོར་བྱེད་ན། བསྙེན་པའི་སྐབས་ཡེ་ཤེས་སེམས་དཔའ་སངས་རྒྱས་ཚེ་དཔག་མེད་ཀྱི་ཐུགས་ཀར་འོད་ལྔའི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་སྦུབས་སུ་ཧྲཱིཿདམར་གསལ་གྱི་མཐར་སྔགས་ཕྲེང་གིས་བསྐོར་བར་སྤྲོ་བསྡུའི་དམིགས་པ་བྱ། སྒྲུབ་པ་ལ། གནས་ལྔའི་ཚེ་དཔག་མེད་རིགས་ལྔའི་ཐུགས་ཀར་ཨོཾ་ཧྲཱིཿཧཱུྃ་ཏྲཱྃ་ཨཱཿདང༌། ཡུམ་ལྔར་མཱུྃ་པཱྃ་མཱྃ་ལཱྃ་ཏཱྃ་རྣམས་ལ་སྔགས་ཕྲེང་གིས་བསྐོར་བར་བསམ། ཐུགས་ཀར་ཡང་མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་རྒྱ་གྲམ་གྱི་ལྟེ་བར་ཉི་ཟླའི་དབུས་ཧཱུྃ་དང༌། མཱ་མ་ཀཱིའི་ཐུགས་ཀར་མཱྃ་བཅས་རང་མདོག་ཏུ་གསལ། ཚེ་དཔག་མེད་ཀྱི་ཐུགས་ཀར་མི་བསྐྱོད་དང༌། སངས་རྒྱས་ཚེ་དཔག་མེད་པའི་ལྷ་རུ་སྒོམ་པ་འདི་དག་སྣོད་ནང་དུ་སྣོད་བཅུག་པ་ལྟ་བུའི་ཐུག་རེག་དང༌། གདོས་བཅས་སུ་ཞེན་པས་གཅིག་གིས་གཅིག་སྒྲིབ་པའི་རྟོག་ངན་སྤངས་ནས་སངས་རྒྱས་ཀྱི་ཡེ་ཤེས་གདུལ་བྱའི་བསམ་པ་བཞིན་གང་འདོད་དུ་འཆར་བ་ཆོས་ཉིད་ཡིན་པས་བཟླས་པ་སོ་སོའི་སྐབས་ཀྱི་ལྷའི་གསལ་སྣང་ཉིད་ལྷག་པར་གསལ་བ་ལ་རིག་པ་གཏད་ཅིང༌། གང་ལྟར་ཡང་རང་བཞིན་མ་བཅོས་པའི་གནས་ལུགས་ཀྱི་གདངས་ལྷའི་རྣམ་པ་དེ་དང་དེར་ཤར་བས་འགལ་བ་མེད་པའི་བདག་ཉིད་ཅན་དུ་ཤེས་པ་གལ་ཆེའོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ནི། བསྙེན་སྒྲུབ་ལས་གསུམ་སྤྱིའི་དམིགས་གནད་དང༌། ཡང་ཟབ་རྒྱུན་གྱི་བཟླས་དམིགས་གཉིས་ལས། སྔ་མ་ནི་ནང་སྒྲུབ་ཀྱི་བསྙེན་ཡིག་ཏུ་གསལ་བ་ལྟར་ལ། ཕྱི་མ་བསྐྱེད་རིམ་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ནི། རང་གི་སྙིང་དབུས་མི་བསྐྱོད་ཚེ་དཔག་མེད་པའི་ཐུགས་ཀྱི་སྦུབས་སུ་ཡེ་ཤེས་སེམས་དཔའ་སངས་རྒྱས་ཚེ་དཔག་མེད་པའི་ཐུགས་ཀར་པདྨ་དཀར་པོ་གེ་སར་ཟིལ་ཕོད་དང་བཅས་པའི་ལྟེ་བར་ཐུགས་སྲོག་ཧྲཱིཿཡིག་དམར་པོ་རང་སྒྲ་ཅན་འོད་ཀྱི་སྣང་བ་མར་མེ་ལྟར་འབར་བ་ལས། འོད་ཟེར་འཕྲོས་ནས་བརྟན་གཡོ་སྲིད་ཞིའི་དྭངས་བཅུད་དང་བདེ་བ་ཅན་སོགས་དག་པའི་ཞིང་རབ་འབྱམས་ན་བཞུགས་པའི་དཀོན་མཆོག་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་བྱིན་རླབས་དང་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་མགོན་པོ་ཚེ་དཔག་མེད་རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་ཡེ་ཤེས་སེམས་དཔའི་ཚུལ་དུ་གྲངས་མེད་དཔག་ཏུ་མེད་པ་ཆར་བཞིན་དུ་བབས་ནས་བདག་གི་སྒོ་གསུམ་དང་ལུས་གནས་ཀྱི་ཚེ་ལྷ་རིགས་ལྔ། ཁྱད་པར་སྙིང་གའི་ཚེ་དཔག་མེད་ལྷ་དགུའི་ཚོགས་ལ་ཐིམ་པས་བྱིན་རླབས་ཀྱི་གཟི་བྱིན་འབར། སྒོ་གསུམ་གྱི་ཟག་པ་ཐམས་ཅད་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན། ལྷག་མེད་དུ་སྦྱངས་ནས་སྐྱེ་འཆི་གཞོམ་གཞིག་དང་བྲལ་བའི་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་དྭངས་མ་ཚེ་དང་ཡེ་ཤེས་གཉིས་སུ་མེད་པའི་རྡོ་རྗེའི་སྲོག་འགྲུབ་པར་བསམ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་ཚེ་དཔག་མེད་རིགས་ལྔ་ཀུན་འདུས་ཀྱི་མཚན་སྔགས་ཉིད་ཆིག་དྲིལ་དུ་བཟླ་སྟེ། རྩ་སྔགས་འདི་ཡང་ཚེ་དཔག་མེད་རིགས་ལྔ་གཅིག་དྲིལ་བསྙེན་སྒྲུབ་ལས་གསུམ་ཀུན་འདུས་སྟེ། དེའི་དོན་ནི། ཨོཾ་ཞེས་སྐུ་དང་ཡེ་ཤེས་ལྔ་ལྡན་རྣམ་སྣང་ཚེ་དཔག་མེད་པས་ཐོག་དྲངས། བཛྲ་སྐུ་གསུང་ཐུགས་རྡོ་རྗེ་གཉིས་སུ་མི་ཕྱེད་པའི་ཡེ་ཤེས་རྡོ་རྗེའི་སྲོག་སྲིད་ཞི་ཀུན་ཁྱབ་མི་བསྐྱོད་ཚེ་དཔག་མེད། ཨཱ་ཡུ་ཥེ་སྐྱེ་འཆི་འཕོ་འགྱུར་དང་བྲལ་བའི་ཆོས་ཉིད་གཉུག་མའི་ཚེ་ཟབ་རྒྱས་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་ཤར་བ་པདྨ་ཚེ་དཔག་མེད། སྭཱ་ཟག་མེད་ཆོས་ཁམས་རྒྱ་མཚོའི་གསང་བ་མི་ཟད་རྒྱན་འཁོར་མཛེས་པ་རིན་ཆེན་ཚེ་དཔག་མེད། ཧཱ་མི་སློབ་ལམ་གྱི་ཡོན་ཏན་གྱི་དཔལ་དམ་པས་ཕྱོགས་དུས་འགྲོ་ཀུན་སྒྲོལ་བའི་ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་པ་དོན་གྲུབ་ཚེ་དཔག་མེད་མཚོན་པ་སྟེ། དེས་ན་རིགས་ལྔ་ཡེ་ཤེས་ལྔ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀུན་མཚོན་ནུས་པའི་རྡོ་རྗེའི་གསང་སྔགས་ཏེ། སྤྱིར་སྐབས་འདིར་བསྒྲུབ་བྱའི་དངོས་གྲུབ་ཚེ་ཞེས་པ་ལ་གསུམ་དུ་དབྱེ་ཡང་བཛྲ་ཨཱ་ཡུ་ཥེ་ཞེས་རྡོ་རྗེའི་ཚེ་འདི་བསྒྲུབ་བྱའི་ལྷ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐྱེ་འཆི་འཕོ་འགྱུར་དང་བྲལ་བའི་གཉུག་མ་དོན་གྱི་ཚེ་ཆོས་སྐུའི་དབྱིངས་མཚོན་པས་ན་དེའི་ལྡོག་ཆས་ཚེ་དཔག་མེད་རིགས་ལྔ་ཡང་དབྱེར་རུང་ཞིང་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་རྡོ་རྗེའི་གསང་སྔགས་བླ་ན་མེད་པ་རུ་ཤེས་པར་བྱ། དེ་ཉིད་གྲངས་བསྙེན་འབུམ་ཕྲག་གསུམ་དུ་གསུངས་པ་རྩོད་དུས་བཞི་འགྱུར་བྱས་ན་འབུམ་བཅུ་གཉིས་ཏེ་རྒྱས་བསྡུས་གང་འདོད་པ་ཉིད་བཟླ་བའོ། །གསུམ་པ་རྫོགས་རིམ་གྱི་དམིགས་པ་ནི། རང་ཚེ་དཔག་མེད་ཡབ་ཡུམ་སྟོང་གསལ་འོད་ཀྱི་རང་བཞིན་དར་དམར་གྱི་གུར་ཕུབ་པ་ལྟ་བུར་གསལ། འདི་སྐབས་ལུས་དཀྱིལ་མ་གསལ་ཀྱང་རུང༌། སྙིང་དབུས་པདྨའི་གེ་སར་སྟེང་དྭངས་མའི་སྲོག་ཧྲཱིཿཡིག་དམར་གསལ་རང་སྒྲ་ཅན་ལ་སེམས་གཏད། གསལ་སྣང་བརྟན་པོ་ཟིན་པ་དང་རླུང་རོ་སུམ་ཕྲུག་ཏུ་བསལ། ཟག་བཅས་ཀྱི་རླུང་སེམས་སྐྱོན་ཅན་ཐམས་ཅད་སངས་ཀྱིས་དག་ནས་ལུས་སེམས་བདེ་སངས་ཀྱིས་སོང་བར་བསམ། དེ་ནས་ཐུགས་སྲོག་ཧྲཱིཿལས་འོད་ཟེར་ཁ་དོག་ལྔ་ལྡན་ཕྱོགས་ཐམས་ཅད་དུ་འཕྲོས་པས་བརྟན་པ་སྣོད་ཀྱི་འབྱུང་བ་ལྔ། གཡོ་བ་བཅུད་ཀྱི་སྐྱེ་འགྲོའི་ཚེ་བསོད་དབང་ཐང་དཔལ་ཡོན་ཐམས་ཅད། སྲིད་ན་གནས་པའི་ལྷ་དང་དྲང་སྲོང་ཀླུ་སོགས་འཆི་མེད་ཀྱི་ཚེ། བསོད་ནམས། གཟི་བརྗིད། སྟོབས་རྩལ་ཡོན་ཏན་གྱི་བཅུད། ཞི་བ་འཕགས་བཞིའི་སྐྱེས་བུའི་མཁྱེན་བརྩེ་ནུས་སྟོབས་དབང་དང་དཔལ་འབྱོར་ཕྲིན་ལས་ཀྱི་དྭངས་མ་ཐམས་ཅད་ཁབ་ལེན་གྱི་ལྕགས་ལྟར་རང་དབང་མེད་པར་བསྡུས་ཤིང་དྭངས་མའི་ཉིང་ཁུར་དྲིལ་ཏེ་འཆི་མེད་བདུད་རྩིའི་ཟིལ་མངར་འོད་ཁ་དོག་ལྔ་ལྡན་གྱི་ཟེགས་མའི་རྣམ་པར་འུབ་འུབ་བསྡུས་ནས་སྣ་བུག་གཉིས་ནས་ལུས་ཀྱི་ནང་དུ་ཞུགས། སྙིང་གའི་ཧྲཱིཿལ་ཐིམ་པས་འོད་དང་གཟི་བྱིན་ལྷག་པར་རྒྱས་ཏེ་བྱུང་བར་བསམ་ལ་རླུང་བུམ་ཅན་བཟུང་སྟེ་དབྱིངས་རིག་བསྲེས་ལ་འཆི་མེད་གཉུག་མའི་ཆོས་ཉིད་ཀྱི་རང་ངོ་བསྐྱངས་པས་རླུང་སེམས་ཡེ་ཤེས་ཀྱི་སྲོག་ཏུ་སྡོམ་པས་ནང་དང་གསང་བའི་རྡོ་རྗེའི་ཚེ་སྒྲུབ་པའི་ཨུ་པ་དེ་ཤ་གྷརྦྷ་གུ་ཧྱ་ཏི་ལ་ཀའོ། །དེ་ལས་དང་པོ་རྡོ་རྗེའི་རིགས་སྔགས་བསྙེན་སྒྲུབ་ལས་གསུམ་ཆིག་བསྒྲིལ་དུ་བཟླ་ཞིང༌། ཐུན་མཐར་རྫོགས་རིམ་གྱི་ཚེ་སྒྲུབ་ཉིད་གནད་དུ་བསྣུན་པས་ཤིན་ཏུ་ཟབ་པའོ། །ཐུན་ལས་ལྡང་བ་ན་མཚན་བརྒྱ་རྩ་བརྒྱད་པའི་མདོ་སྡེ་བཀླག །ཚེ་འགུགས་ཀྱིས་དྭངས་མ་བསྡུ་བསྟིམ་གྱི་དམིགས་པ་བྱ། བསྒྲུབ་བྱ་གཞན་ལ་དམིགས་པའི་ཚེ་སྒྲུབ་དགོས་ན་རང་གི་སྙིང་དབུས་དྭངས་མའི་སྲོག་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པའི་ཀློང་དུ་བདག་གཞན་དབྱེར་མེད་མཉམ་པའི་ངེས་ཤེས་ཀྱི་ལྟ་གདིང་བསྐྱེད་པས་རུང་ཞིང༌། སྔགས་ཀྱི་ལྷག་ཆད་ཁ་བསྐང་བྱིན་རླབས་བརྟན་པའི་དོན་དུ་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་སོགས་བཟླ། རང་ཉིད་ལྷའི་གསལ་སྣང་ལས་ལས་ཀྱི་སེམས་དཔའི་རྣམ་པར་ལོགས་སུ་ཕྱེ་ནས་ཚེ་དཔག་མེད་པའི་འཁོར་དུ་འཆི་མེད་རྩ་གསུམ་ཚེ་ལྷ་རབ་འབྱམས་གསལ་བ་ལ་ལུས་ཞིང་རྡུལ་དང་མཉམ་པར་སྤྲུལ་ཏེ་ཕྱག་སོགས་ཡན་ལག་བདུན་གྱི་བསག་སྦྱང་ལ་འཇུག་པར་བསམ་ལ་ཡན་ལག་བདུན་གྱི་དམིགས་རྣམ་དང་མ་བྲལ་བས་ལན་གསུམ་སོགས་ཇི་ལྟར་རིགས་པར་བྱས་མཐར། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སོགས་ཀྱིས་གསོལ་བ་གདབ། ཚོགས་བསག་གཙོ་བོར་བྱེད་ན་ཡན་ལག་བདུན་པའི་གཤམ་དུ་མཎྜལ་དང༌། གཏེར་གཞུང་ལས་འབྱུང་བའི་མར་མེའི་མཆོད་ཕྲེང་ཀྱང་ཕུལ་ན་རུང་ངོ༌། །གསུམ་པ་རྗེས་རིམ་ནི། བསྙེན་བཟླས་ལ་འཇུག་པའི་ཐོག་མཐའ་དང་དུས་བཟང་རྣམས་ལ་ཚོགས་མཆོད་དང་བཀའ་སྲུང་གི་གསོལ་མཆོད་མ་ཆད་པ་དང༌། ལྷ་སྣང་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བཅས་སྤྱི་ལྟར་བྱ་ཞིང༌། དཀྱིལ་འཁོར་སྒྲུབ་རྫས་སོགས་ཡོད་ན་དངོས་གྲུབ་ལེན་ཆོག་བཅས་གང་བསྒྲུབ་བསྙེན་ཡིག་ལྟར་བྱ་དགོས་སོ། །སྤྱིར་ཚེ་སྒྲུབ་འདི་ཕྱི་སྒྲུབ་ཚེ་དཔག་མེད་ལྷ་དགུ་ལ་བརྟེན་ནས་བསག་སྦྱང་གི་ཆོ་གས་ཚེ་བསྲིང་བ་འདིར་སྙིང་དབུས་སུ་བསྒོམས་པ། ཐུན་གཤམ་དུ་བསག་སྦྱང་ཡན་ལག་བདུན་པ་ལ་གནད་ཚང་བ་དང༌། ནང་དང་གསང་སྒྲུབ་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་སྒྱུ་འཕྲུལ་དྲྭ་བའི་བསྐྱེད་རིམ་གྱི་སྙིང་པོའི་རྣལ་འབྱོར་འདི་ཉིད་ཡིན་ཅིང་ལུས་ཀྱི་གནས་ལྔ་དང༌། དབང་པོའི་སྐྱེ་མཆེད་རྣམས་ལ་ལྷ་ཡང་ཚང་བ་དང༌། དེ་ཐམས་ཅད་བླ་མའི་ཡེ་ཤེས་རོལ་པར་ཤེས་པས་ཡང་ཟབ་རིག་འཛིན་ཚེ་སྒྲུབ་ཏུ་དོན་གྱིས་འགྱུར་བས་ན་ཚིག་ཉུང་དོན་ཚང་བཀྲ་ཤིས་ཞལ་གྲོ་ལྟ་བུ་ཡིན་པས་རང་ཆོས་རང་ལ་ཕན་པ་ཞིག་ཡིན་སྙམ་གྱིས། ཤིང་ཡོས་ལོར་ཚུལ་འདིར་ཉམས་ལེན་ཉུང་ཟད་རེ་བགྱིད་པའི་ཞོར་རང་སློབ་དད་བློ་ཡངས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནས་ཀྱང་བསྙེན་ཡིག་ཅིག་དགོས་ལུགས་ཆེས་དོན་གཉེར་ཆེན་པོས་ཡང་ཡང་བསྐུལ་བ་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ནུབ་ཕྱོགས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་དབུ་འཛིན་ཀ་ལི་ཕོར་ནི་ཡར་གྲུབ་པར་བྱས་པ་འགྲོ་ཀུན་འཆི་མེད་ཚེ་དང་ཡེ་ཤེས་མཐའ་ཡས་པའི་གོ་འཕང་མཆོག་ལ་ངལ་འཚོ་ཐོབ་པའི་རྒྱུར་གྱུར་ཅིག ༈ དྲི་མེད་རིག་གསང་པདྨའི་ཤེལ་ཕུག་ནས། །རིག་རྩལ་ཁྱེའུ་དབྱིངས་ཆེན་ཌཱ་ཀི་ནཱིས། །གཏད་པར་བརྫུ་བའི་ཚེ་ཡི་སྙིང་ཐིག་གིས། །འགྲོ་ཀུན་སྐྱེ་འཆིའི་ཆུ་བོ་ལས་བརྒལ་ཤོག །སརྦ་ཨཱ་ཡུརྫྙཱ་ན་སིདྡྷི་གྷརྦྷ་ཀུ་རུ་བྷ་ཝནྟུ། །སརྦ་མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> | ||
Line 48: | Line 47: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-19-DZA]] | [[Category:DKR-KABUM-Volume-19-DZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:11, 1 June 2024
🚧 This website is under continued development. We appreciate your patience!
Wylie title | pad+ma tshe yi snying thig gi phyi nang gsang ba kun dril gyi phrin las snying po nyams su len tshul gyi gnad yig 'chi med pad+ma'i thugs thig | |
---|---|---|
Location | dil mgo mkhyen brtse bka' 'bum Volume 19, Text 18, Pages 282-289 (Folios 1a to 8b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Pad+ma tshe yi snying thig gi phyi nang gsang ba kun dril gyi phrin las snying po nyams su len tshul gyi gnad yig 'chi med pad+ma'i thugs thig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 282-289. Delhi: Shechen Publications, 1994. | |
Genre | Contemplative Guide Books and Instructional Manuals - khrid yig | |
Cycle | འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig) | |
Deity | tshe dpag med |