DKR-KABUM-02-KHA-015: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-015
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 5: | Line 5: | ||
|fulltitletib=བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་ཀྱི་ཟབ་གནད་གསལ་བྱེད་འོད་ཀྱི་དྲྭ་བ། | |fulltitletib=བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་ཀྱི་ཟབ་གནད་གསལ་བྱེད་འོད་ཀྱི་དྲྭ་བ། | ||
|fulltitle=bla ma'i rnal 'byor byin rlabs nyin byed kyi zab gnad gsal byed 'od kyi drwa ba | |fulltitle=bla ma'i rnal 'byor byin rlabs nyin byed kyi zab gnad gsal byed 'od kyi drwa ba | ||
|citation=[[Khyentse, Dilgo]]. ''Bla ma'i rnal 'byor byin rlabs nyin byed kyi zab gnad gsal byed 'od kyi drwa ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 2: . Delhi: Shechen Publications, 1994. | |citation=[[Khyentse, Dilgo]]. ''Bla ma'i rnal 'byor byin rlabs nyin byed kyi zab gnad gsal byed 'od kyi drwa ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 2: 95-112. Delhi: Shechen Publications, 1994. | ||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
Line 19: | Line 19: | ||
|totalvolumes=25 | |totalvolumes=25 | ||
|textnuminvol=015 | |textnuminvol=015 | ||
|pagenumbers=95-112 | |||
|totalpages=35 | |||
|beginfolioline=1a | |beginfolioline=1a | ||
|endfolioline=18a6 | |||
|totalfolios=18 | |||
|multivolumework=No | |multivolumework=No | ||
|rectonotes= | |rectonotes=zab gnad | ||
|versonotes=byin rlabs nyin byed | |versonotes=byin rlabs nyin byed | ||
|colophontib=* '''First colophon:''' །ཅེས་མདོ་སྨད་དུ་སྐྱེས་པའི་དཱ་རི་དྲ་སྨྲ་བ་མང་པོའི་རྒྱུད་མང་མཁན་ཞིག་ནུབ་ཕྱོགས་སྐད་རིགས་དང་སྤྱོད་ལམ་མི་གཅིག་པའི་རྒྱལ་ཁམས་སུ་འཁྱམས་པའི་ཚེ་མཁས་བཙུན་གྲུབ་པའི་རྣམ་ཐར་སྔ་འགྱུར་བསྟན་པའི་རྒྱན་དུ་མཛེས་པའི་རྣམ་འདྲེན་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ནས་ཐུན་མོང་མ་ཡིན་པའི་ཐུགས་བརྩེ་དང་དད་མོས་ཀྱིས་རྩ་བ་གསུམ་གྱི་སྣང་བརྙན་གྱི་རྟེན་གཙོའི་གནང་སྐྱེས་གྱ་ནོམ་པ་དང་བཅས་བཀའ་ནན་གྱིས་བསྩལ་བ་དང༌། རྒྱ་མཚོ་ཆེན་པོའི་ཕ་རོལ་འདན་མག་གི་རྒྱལ་ཁམས་ནས་དད་སློབ་གཞོན་ནུ་ཨེ་རིག་པདྨ་ཀུན་བཟང་སོགས་ཁོ་བོ་ལ་བླ་མར་མཐོང་བའི་སློབ་ཚོགས་དུ་མས་བསྐུལ་ཏེ་བྲིས་པ་འདི་ཡང་འཁོར་ལོའི་མགོན་པོ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་འོད་གསལ་ཆོས་སྐུའི་དབྱིངས་སུ་སྙོམས་པར་ཞུགས་པའི་དུས་ཀྱི་མཆོད་པའི་ཉིན་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་རྒྱལ་ས་ལྟེ་བ་བདེ་ཆེན་ཆོས་གླིང་ཞེས་སུམ་རྩེན་ལེགས་བྲིས་ཀྱི་ཀུན་དགའི་དོ་རར་འགྲན་པར་བསྟི་བའི་སྐབས་རྫོགས་པར་བྱས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ་འཇུག་པའི་སྐལ་བཟང་དུ་གྱུར་ཅིག | |||
* '''Second colophon:''' །ཅེས་པ་འདི་ཡང་རྗེ་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན་གང་གི་དངོས་སློབ་མི་ཕྱེད་པའི་དད་པས་ཕྱུག་ཅིང༌། སྒྱུ་མའི་ནོར་རྫས་རྣམ་དཀར་གྱི་ཕྱོགས་སུ་སྙིང་པོ་ལེན་ཕོད་པ་སྟེ། འཛམ་གླིང་ཆུ་ལྷའི་ས་ཕྱོགས་ཨ་མེ་རི་ཀ་བ་མ་རི་ལིན་འམ་དགེ་ཚུལ་མ་ངག་དབང་ཆོས་སྒྲོན་དང༌། འདན་མག་པ་གཞོན་ནུ་བློ་གྲོས་ཅན་ཨི་རིག་པདྨ་ཀུན་བཟང་ཟུང་ནས་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ་བའི་སྨོན་ཚིག་ཏུ་དགེ་སྦྱོང་ཝཱ་གེནྡྲ་དྷརྨ་མ་ཏིས་བྲིས་པ་ཛ་ཡནྟུ། སརྦ་མངྒ་ལཾ། དགེའོ།། | |||
|colophonwylie=* '''First colophon:''' /ces mdo smad du skyes pa'i dA ri dra smra ba mang po'i rgyud mang mkhan zhig nub phyogs skad rigs dang spyod lam mi gcig pa'i rgyal khams su 'khyams pa'i tshe mkhas btsun grub pa'i rnam thar snga 'gyur bstan pa'i rgyan du mdzes pa'i rnam 'dren 'khrul zhig mchog sprul 'gyur med chos kyi blo gros rin po che nas thun mong ma yin pa'i thugs brtse dang dad mos kyis rtsa ba gsum gyi snang brnyan gyi rten gtso'i gnang skyes gya nom pa dang bcas bka' nan gyis bstsal ba dang*/__rgya mtsho chen po'i pha rol 'dan mag gi rgyal khams nas dad slob gzhon nu e rig pad+ma kun bzang sogs kho bo la bla mar mthong ba'i slob tshogs du mas bskul te bris pa 'di yang 'khor lo'i mgon po thams cad mkhyen gzigs 'jam dbyangs chos kyi blo gros 'od gsal chos sku'i dbyings su snyoms par zhugs pa'i dus kyi mchod pa'i nyin kha bzhi lho yi sman ljongs kyi rgyal sa lte ba bde chen chos gling zhes sum rtsen legs bris kyi kun dga'i do rar 'gran par bsti ba'i skabs rdzogs par byas pa 'dis kyang 'gro kun bla ma sku bzhi'i dkyil 'khor du 'jug pa'i skal bzang du gyur cig | |||
* '''Second colophon:''' /ces pa 'di yang rje bka' drin mtshungs pa med pa'i gter chen gang gi dngos slob mi phyed pa'i dad pas phyug cing*/__sgyu ma'i nor rdzas rnam dkar gyi phyogs su snying po len phod pa ste/__'dzam gling chu lha'i sa phyogs a me ri ka ba ma ri lin 'am dge tshul ma ngag dbang chos sgron dang*/__'dan mag pa gzhon nu blo gros can i rig pad+ma kun bzang zung nas chos sbyin gyi sgo 'phar phye ba'i smon tshig tu dge sbyong wA gen+d+ra d+harma ma tis bris pa dza yan+tu/__sarba mang+ga laM/__dge'o// | |||
|pdflink=File:DKR-KABUM-02-KHA-015.pdf | |pdflink=File:DKR-KABUM-02-KHA-015.pdf | ||
}} | }} | ||
Line 29: | Line 37: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་ཀྱི་ཟབ་གནད་གསལ་བྱེད་འོད་ཀྱི་དྲྭ་བ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་ཀྱི་ཟབ་གནད་གསལ་བྱེད་འོད་ཀྱི་དྲྭ་བ་ཞེས་བྱ་བ་བཞུགས་སོ།། | ||
༄༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཛྙཱ་ན་ཀཱ་ཡ་ཡ། ཡབ་གཅིག་བརྩེ་བ་ཆེན་པོ་བླ་མ་རྗེས། །བདག་གི་སྒོ་གསུམ་རྡོ་རྗེ་གསུམ་དབྱིངས་སུ། །མི་ཕྱེད་མཉམ་པ་ཆེན་པོར་རྗེས་བཟུང་ནས། །བརྗོད་པ་འདི་ཡང་དོན་དང་ལྡན་པར་མཛོད། །དེ་ཡང་དཔལ་སཏྟ་བྷུ་ཊ་ལས། ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་ན་སྲིད་ཐར་མིན། །སྐྱ་བ་འཛིན་པ་མེད་པ་ན། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཞེས་གསུངས་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བླ་མ་སངས་རྒྱས་སུ་ཤེས་ནས་བཀའ་དྲིན་སངས་རྒྱས་ལས་ལྷག་པར་རྗེས་སུ་དྲན་པའི་མོས་གུས་གཡོ་ཟོལ་མེད་པར་གསོལ་བ་བཏབ་པ་གཅིག་པུས་འགྲུབ་པར་ནི་མདོ་རྒྱུད་ཐམས་ཅད་ནས་ཡང་ཡང་གསུངས་ཤིང༌། མཁས་གྲུབ་ཀུན་གྱི་མན་ངག་གིས་བཀྲལ་བས་མདོ་སྔགས་ཀྱི་ལམ་ཐམས་ཅད་དང་མཐུན་ཞིང༌། རྒྱུད་ཀྱི་མན་ངག་དང་གྲུབ་ཐོབ་དགོངས་ཉམས་བྱིན་རླབས་ཀྱི་གཟི་བྱིན་འབར་བའི་ངོ་མཚར་བསམ་གྱིས་མི་ཁྱབ་པ་གསར་རྙིང་ཀུན་ལ་ནོར་བུ་རིན་པོ་ཆེ་ཐང་མར་བརྡལ་བ་སྨིན་གྲོལ་གྱི་རྒྱུན་མ་ཉམས་པ་ནམ་མཁའི་སྐར་ཚོགས་ཙམ་བཞུགས་ཀྱང༌། དེང་སང་ནི་དག་སུམ་སྙན་ངག་ལེའུ་བར་པ་ཙམ་ཤེས་པས་འགྲིག་འགྲིག་ལེགས་ལེགས་བློས་དཔྱད་ཁོ་ན་ལ་ཡིད་བརྟན་འཆའ་ཞིང་དེ་ཁོ་ན་དོན་དུ་གཉེར་བས་རིན་ཐང་རྨད་དུ་བྱུང་བའི་ཟབ་ཆོས་རྣམས་ཉམས་ལེན་ལྟ་ཅི། དཔེ་ཙམ་ཞལ་འབྱེད་མཁན་མེད་པར་ཐལ་རྡུལ་གྱི་ན་བཟས་གཡོགས་ཤིང༌། འབུ་སྲིན་དང་བྱི་བའི་ཁ་ཟས་སུ་གྱུར་པ་བསྟན་པ་ཉམས་པའི་རྟགས་གསལ་བར་བསྟན་པའི་ཚེ་བདག་ལྟ་བུ་ལས་ཉོན་གྱི་ཁུར་ལྕི་ཞིང་མི་ཐེག་པའི་ཁར་དཀོར་ནག་གི་ཐག་པས་དར་གྱི་སྲིན་བུ་རང་གི་ཁ་ཆུས་རང་བཅིངས་ཏེ་ཤི་བ་དང་ཆོས་མཚུངས་པས་ཟབ་ཆོས་འདོན་པའི་རོལ་མོ་སྲང་མདོའི་ཁྱི་སྐད་བཞིན་བསྒྲགས་པའི་རྐྱེན་བྱས་ནས་བླ་མའི་རྣལ་འབྱོར་རྫིག་རྫིག་པོ་ཞིག་ངོ་ཚ་སྤངས་ཏེ། གདོང་ལྤགས་འཐུག་པོས་འབྲི་དགོས་བྱུང་བ་ལ། དམ་རྫས་ཀྱི་ཕབ་གཏའ་ཡུངས་ཀར་ཙམ་ཕྱེ་བྲེ་བཞི་ལྔ་ལ་བསྲེས་ན་དམ་རྫས་མྱོང་གྲོལ་དུ་འགྱུར་བར་གསུངས་པ་བཞིན། འཕགས་པའི་སར་བཞུགས་པ་ཚད་མས་གྲུབ་པའི་སྐྱེས་ཆེན་དམ་པ་དུ་མ་དང་ཆོས་ཉིད་ཀྱི་ཀློང་ན་ངོ་བོ་དབྱེར་མེད་དུ་མོས་པའི་དག་སྣང་དང༌། མདོ་རྒྱུད་ཀུན་གྱི་ལམ་ཟབ་ཐམས་ཅད་བླ་མའི་རྡོ་རྗེ་བཞིའི་ལམ་བྱེད་དུ་བྱས་ནས་ཀུ་སཱ་ལིའི་གོས་ཧྲུལ་ལྟ་བུའི་བླ་རྣལ་ཞིག་བྲིས་པ་ལ། རང་གི་ཁོང་སྙིང་རང་གིས་ཕྱུངས་ཏེ་རང་རྒྱུད་དུ་ཉམས་མྱོང་གི་གདིང་ཏིལ་འབྲུ་ཙམ་མེད་པར་རང་གིས་ཤེས་བཞིན་ཕྱི་རོལ་དུ་ཟབ་ཆོས་ཀྱི་ཁྲོམ་བསྟན་པས་གཞན་དག་མགོ་སྐོར་བཏང་བ་ལ་ལྷ་དང་མཁའ་འགྲོས་བཟོད་པར་མཛད་དུ་གསོལ། །བླ་རྣལ་དངོས་ལ་སྔོན་དངོས་རྗེས་གསུམ་ལས། དང་པོ་ནི། བླ་མའི་རྣལ་འབྱོར་ཞེས་པའི་གོ་དོན་བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་ལྟེམ་རྐྱང་མ་ཤོར་བ་ཞིག་སྐྱེ་བའི་ཐབས་ཉམས་སུ་ལེན་པའི་གནད་དོན་གོ་བས། ཐོག་མར་འོ་སྐོལ་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་ཐ་རྒོད་དེ་བཏུལ་བའི་ཕྱིར་ཚེ་འདིའི་བྱ་བཞག་ཟིན་མེད་ཆུའི་རི་མོ་ལྟ་བུ་དང༌། མ་རྒན་སེམས་ཅན་ཐམས་ཅད་འཁོར་བའི་བྱ་བཞག་མཐའ་དག་ཡིད་རྟོན་མི་རུང་བའི་སྡུག་བསྔལ་གྱི་ལས་ཐབས་འབའ་ཞིག་ཏུ་རང་གཞན་ཐམས་ཅད་འཁྲུལ་ཞིང་འཁོར་བར་འཁྱམས་པར་ཤེས་པ་ལ་སྙིང་རྗེའི་རྩིས་ཟིན་པ་དང༌། བྱ་རྒྱུ་དམ་ཆོས་དང༌། རེ་ས་བླ་མ་ལས་མེད་པར་ཐག་བཅད་ནས་སྐྱབས་སེམས་ཀྱི་ཚིག་ཟིན་ལྟར། ངེས་འབྱུང་གིས་སྐྱེས་བུ་ཆུང་འབྲིང༌། སྙིང་རྗེ་སྐྱེས་བུ་ཆེན་པོ། དག་སྣང་གིས་གསང་སྔགས་ལམ་གྱི་དོན་གནད་ཚང་བས་གནད་དུ་འགྲོ་བར་བྱས་ལ་སྐྱབས་སེམས་ཀྱི་དོན་རྒྱུད་ལ་འདྲེས་ངེས་སུ་བྱ། སྤྱིར་སྔོན་འགྲོའི་བསགས་སྦྱང་ཞེས་པ་བརྗོད་ཚིག་གྲངས་བསགས་ལ་གཙོར་མི་འདོན་པར་ངེས་འབྱུང་དང༌། སྙིང་རྗེ། དག་སྣང་རྣམས་བློ་རྒྱུད་དུ་སྐྱེད་ཐོན་པ་ལ་གོ་དགོས་པ་ལགས། ཚོགས་བསགས་གཙོར་འདོན་སྐབས་གནས་ཡོ་བྱིན་རླབས་ཡོད་ན་ལེགས་པས་སྔགས་རྒྱ་ཏིང་འཛིན་དང་ལྡན་པས་བྱའོ། །དངོས་གཞིའི་ཉམས་ལེན་ལ་གསུམ་ལས། དང་པོ་ཚོགས་རྟེན་གསལ་གདབ་པ་ནི། རྡོ་རྗེ་ཐེག་པ་སྔགས་ཀྱི་ལྟ་སྒོམ་གྱིས་ཞིང་ཁམས་སྦྱང་བའི་ཚུལ་དུ། གང་དུ་འདུག་པའི་གནས་དེ་ཡེ་ཤེས་རང་སྣང་འོག་མིན་སྟུག་པོ་བཀོད་པའི་ཞིང་གནས་སྣང་གཉིས་ཀ་ལ་དག་པ་རབ་འབྱམས་གདོད་ནས་ལྷུན་གྱིས་གྲུབ་པའི་ལྟ་གདིང་གིས་གསལ་བཏབ་པའི་དབུས་སུ་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་གདབ་པར་བྱ་སྟེ། དེའི་རྒྱུ་མཚན་ཡང་རྗེ་ཐམས་ཅད་མཁྱེན་གཟིགས་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་སུ། རྒྱལ་ཡུམ་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང༌། །སྣང་སྲིད་དག་པ་རབ་འབྱམས་འཁོར་ལོར་ཤར། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གསལ་བར་གཟིགས། །གྲུབ་པའི་ཁྱུ་མཆོག་ཁྱོད་ལ་གསོལ་བ་འདེབས། །ཞེས་པའི་དགོངས་དོན་ལྟར་རྗེ་བླ་མའི་ཐུན་མིན་ཐུགས་དམ་གསང་བའི་ལྷ་མཆོག་ཡིན་པ་དང༌། མཆོག་བདེའི་ཡེ་ཤེས་བསྐྱེད་པའི་དབང་རྟེན་དུ་ཤེས་རབ་ཀྱི་ཆར་བསྔགས་པ་དང༌། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཐབས་ཤེས་འདུ་འབྲལ་མེད་པའི་བརྡ་རྟགས་སུ་མཚོན་པའི་མདུན་དུ། ལས་ཉོན་བག་ཆགས་ཀྱི་སྒྲིབ་པ་དག་པས་མཇལ་ན་བླ་མ་རྡོ་རྗེ་འཆང་ངམ། རྡོ་རྗེ་སེམས་དཔའ་རུ་བཞུགས་ཀྱང་སྐུའི་རྣམ་པ་དེ་མཇལ་བའི་སྐལ་བ་མེད་པ་ལ་དགོངས་ནས་མི་ཡི་གཟུགས་ཀྱི་ཞལ་མཐོང་གསུང་ཐོས་ཀྱི་བཀའ་དྲིན་ནོད་པ་ལས་སྨོན་འབྲེལ་ཆེ་ཤོས་ཡིན་པས་བྱིན་རླབས་མྱུར་བར་གསུངས་པ་ལྟར་ད་ལྟའི་སློབ་མའི་དོན་དུ་ཁོ་བོའི་མིང་དང་གཟུགས་ལྟར་བྲིས་པ་ལ། དེའི་སྙིང་དབུས་སུ་ངོ་བོ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བི་མ་ལ་དངོས་དང་རྣམ་དབྱེར་མེད་པའི་མཁྱེན་བརྩེའི་དབང་པོ་མཆོག་གི་སྤྲུལ་པའི་སྐུ་ཡེ་ཤེས་སེམས་དཔའི་ཚུལ་དུ་སྟོན་ཅིང༌། དཔེར་ན་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་ངོར་ཐང་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ནག་པོ་ལུགས་ཀྱི་བདེ་མཆོག་གི་དབང་གསན་སྐབས་བུམ་པའི་ཆུ་དབང་མ་རྫོགས་བར་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་སུ་གཟིགས་པ་བཞིན་གདུལ་བྱ་མཐོང་ལམ་པ་ཡན་ཆད་ཀྱི་བླ་མ་ལོངས་སྐུར་མཇལ་ཞིང་གཟུགས་སྐུའི་མཐར་ཐུག་ཡིན་པ་དང༌། གསང་བ་སྔགས་ཀྱི་སྟོན་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་ངེས་པའི་ཕྱིར་ཡེ་ཤེས་སེམས་དཔའི་ཐུགས་ཀར་འཇམ་དཔལ་ཁྲག་འཐུང་ཕྱག་རྒྱ་ཟིལ་གནོན་བསྒོམ་པས་བླ་མ་སྐུ་གསུམ་ཕྱི་ནང་གསང་བ་ཆིག་དྲིལ་གྱི་སྒྲུབ་པའི་གནད་ཚང་བ་དང༌། ཀུན་མཁྱེན་འཇམ་དབྱངས་བླ་མ་ཉིད་བསྟན་པ་ཡོངས་རྫོགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་མཁས་གྲུབ་ཀྱི་ཡོན་ཏན་མཐར་ཕྱིན་པ་འཇིག་རྟེན་གསུམ་ན་གྲགས་ཤིང་རྡོ་རྗེའི་གསུང་གི་ཐ་ཚིག་གིས་ཞལ་གྱིས་བཞེས་པའི་བྱིན་རླབས་ཐོབ་ཅིང༌། རང་ཉིད་ཀྱང་དེའི་རྗེས་སུ་སློབ་པའི་རྟེན་འབྲེལ་དུ། དེ་བཞིན་གཤེགས་པས་མཐའ་འཁོབ་འདུལ་བ་ལ་ཀཱ་ཏྱཱ་ཡ་ན་དང༌། མ་སྐྱེས་དགྲ་འདུལ་བ་ལ་འཇམ་དཔལ་བསྔགས་པ་བཞིན་གདུལ་བྱ་འདུལ་བྱེད་ཀྱི་ལམ་སོ་སོའི་བཀའ་བབས་དང་ཀུན་གཟིགས་འཇམ་དབྱངས་བླ་མ་མཆོག་ཉིད་ཡུལ། རིགས། མཚན། རྣམ་པ་གཅིག་ཏུ་མ་ངེས་པར་བསྟན་པའི་སྐུ་སྟེ་དངོས་གཅིག་དུ་མའི་རོལ་གར་དུ་གསུངས་བའི་ཆེ་བ་ངོ་ཤེས་པའི་ཕྱིར། མདུན་དུ་བྱང་ཆུབ་སེམས་ཀྱི་མངའ་བདག་འབྲོམ་སྟོན་ཨུ་པཱ་སི་ཀ །གཡས་སུ་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་དངོས་རྗེ་བཙུན་གྲགས་པ་རྒྱལ་མཚན། རྒྱབ་ཏུ་འབྲེལ་ཚད་དོན་ལྡན་གྱི་ཆོས་སྐུའི་སྟོན་པ་མཉམ་མེད་དྭགས་པོ། གཡོན་དུ་རྣལ་འབྱོར་མཐར་ཐུག་སྦྱོར་བ་ཡན་ལག་དྲུག་དང༌། རྡོ་རྗེའི་བསྙེན་སྒྲུབ་ཀྱི་ཟབ་ལམ་ས་བཅུ་དབུ་མར་རྫོགས་པའི་རྟོགས་ལྡན་ཟླ་བ་སེང་གེ །སྤྱི་གཙུག་ཏུ་བཀའ་གཏེར་བསྟན་པའི་བདག་པོ་སློབ་དཔོན་སངས་རྒྱས་གཉིས་པ། དེའི་རིགས་བདག་འཇམ་དཔལ་དབྱངས། འཁོར་དུ་སྐྱབས་གནས་རྒྱ་མཚོའི་ཚོགས་དང་བཅས་པ་ཀུན་ཀྱང་རྣམ་པ་གཙོ་འཁོར་དུ་སྟོན་ཀྱང་ངོ་བོ་དཔལ་ལྡན་བླ་མ་གཅིག་གི་ཡེ་ཤེས་ལས་གཞན་དུ་མ་དམིགས་པར་གསལ་གདབ་པ་སྟེ། དེ་ཐམས་ཅད་ཞལ་མཐོང་བ་ཙམ་གྱིས་ཐ་མལ་པའི་རྣམ་རྟོག་གཅོད་པ། སྤྱན་གཟིགས་པ་ཙམ་གྱིས་བྱིན་རླབས་ཀྱི་གཟི་བྱིན་འབེབས་པ། ཐུགས་དགོངས་གཏད་པ་ཙམ་གྱིས་ཡེ་ཤེས་བཙན་ཐབས་སུ་འཆར་བ། རྗེས་སུ་དྲན་མ་ཐག་ཏུ་ཐུགས་རྗེའི་ཤུགས་གཡོ་བ། གཅིག་ཆོག་སྐྱབས་གནས་ཡོངས་ཀྱི་རྒྱལ་པོར་མངོན་སུམ་བཞིན་དུ་བཞུགས་པར་གསལ་གདབ་ཅིང་ཡིད་རྩེ་གཅིག་ཏུ་གཏད་པར་གལ་ཆེའོ། །གཉིས་པ་བསག་སྦྱང་གི་སྙིང་པོ་ཡན་ལག་བདུན་བྱ་བ་ནི། ཚོགས་ཞིང་ལ་དད་མོས་སྐྱེས་ནས་དེ་ཉིད་གོང་འཕེལ་དུ་བྱེད་པ་དང༌། བྱིན་རླབས་འཇུག་པ་ལ་རྒྱུད་རྣམ་པར་དག་དགོས་པས་དེའི་ཐབས་ཟབ་ཤོས་ཡན་ལག་བདུན་གྱིས་བསག་སྦྱང་བྱ་བའི་དམིགས་རྣམ་ལ། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་མཁའ་མཉམ་གྱི་འགྲོ་བ་དང་ལྷན་ཅིག་ལག་པ་ཐལ་མོ་སྦྱར་ནས་ལུས་ཀྱི་གནས་ལྔ་ས་ལ་གཏུགས་པས་བཏུད། ངག་བསྟོད་ཚིགས་དབྱངས་སུ་ལེན། །ཡིད་དད་གུས་ཀྱི་གདུང་ཤུགས་ཕྱུང་བས་གྲུབ་ན་ལུས་ཕྱག་དངོས་སུ་བྱ་བའམ། སེམས་ཀྱིས་དམིགས་པས་ཀྱང་རུང༌། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་བྱིན་གྱིས་བརླབས་ནས་འབུལ་བ་སྟེ། ཀུན་བཟང་མཆོད་སྤྲིན་ཞེས་པ་ནི་ནམ་མཁའི་མཐས་གཏུགས་པའི་ཞིང་ཁམས་ཐམས་ཅད་མཆོད་རྫས་ཀྱིས་གཏམས་པ་དང༌། དེ་དག་གི་རྡུལ་ཕྲན་རེ་རེ་ལ་ཡང་ནམ་མཁའ་དང་མཉམ་པའི་མཆོད་སྤྲིན་གཏིབས་པ་དང༌། མཆོད་པ་དེ་དག་གི་འོད་ཟེར་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་གང་བའི་ཡོ་བྱད་ཀྱི་ཆར་འབེབས་པ་སོགས་མདོ་ལས་གསུངས་པ་ལྟར་མོས་པས་འབུལ། ཁྱད་པར་རང་ལུས་ཕུལ་ན་བླ་མའི་བཀའ་བཅག་པ་དང་ཐུགས་དཀྲུགས་པའི་ཉེས་པ་ལྕི་བ་ཡང་བྱང་བར་གསུངས་ཤིང༌། ལུས་ཀྱང་བྲན་གྱི་ཚུལ་དུ་འབུལ་བ་དང༌། ལུས་བདུད་རྩིར་བྱས་ཏེ་འབུལ་བ་གཉིས་གང་ཡིན་ཀྱང་ཕན་ཡོན་ལ་ཁྱད་པར་མེད། ལུས་བདུད་རྩིར་དམིགས་པས་བསྒྱུར་ཏེ་ཨོཾ་ཨཱཿཧཱུྃ་བརྗོད་བཞིན་འབུལ་བ་ལས་ངག་འདོན་དམིགས་བསལ་མི་དགོས། ཚེ་རབས་ཀྱི་སྡིག་པ་སྤྱི་དང་ཁྱད་པར་བླ་མའི་སྤྱན་སྔར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཁས་མ་བླངས་བ་མེད་ཅིང༌། ལག་ལེན་ལ་བསམ་དུས་ཁ་ཆག་སྣ་རལ་ལས་བློ་གཏད་འཕེར་བ་སྣ་གཅིག་མེད་པས། སྡིག་ལྟུང་སྔར་བྱས་ལ་གནོང་འགྱོད་དྲག་པོ་དང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་སྲུང་སྡོམ་རྩ་བ་ནས་མི་བཏང་ཞིང༌། བག་ཡོད་ཅི་ནུས་སུ་བྱ་སྙམ་པའི་སྡོམ་སེམས་བཟུང༌། བླ་མ་རྒྱལ་བ་སྲས་བཅས་རྣམས་ཀྱིས་དམ་པའི་ཆོས་བསྟན་པ། ཆོས་ཀྱི་མཛོད་བཟུང་བ། སངས་རྒྱས་ཀྱི་ཞིང་སྦྱང་བ། སེམས་ཅན་སྨིན་གྲོལ་དུ་མཛད་པ། ཡེ་ཤེས་ཀྱི་སྒོ་ཚད་མེད་པ་བསྒྲུབ་པ་ལ་སོགས་པའི་ཚོགས་གཉིས་ཀྱི་སྤྱོད་པ་འབྲས་བུ་དང་བཅས་པ་ཐམས་ཅད་ལ་རིན་པོ་ཆེའི་གཏེར་རྙེད་པ་ལྟར་དགའ་ཞིང་སྙིང་ནས་རྗེས་སུ་ཡི་རང་བ་དང༌། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་རྒྱུ་དང་བཅས་པ་མཐའ་དག་ནི་བླ་མའི་གསུང་དམ་པའི་ཆོས་ཀྱི་སྣང་བ་གཅིག་པུའི་མཐུ་ལ་རག་ལས་པས་གདུལ་བྱའི་འཇིག་རྟེན་ལ་ཐུགས་བརྩེ་བས་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བར་གསོལ་བ་འདེབས་པའི་རྟེན་དུ་གསེར་སྦྱང་གི་འཁོར་ལོ་དང་དུང་དཀར་གཡས་འཁྱིལ་འབུལ་ཞིང༌། འགྲོ་བ་ཐམས་ཅད་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། དེ་ལྟ་བུའི་གསུང་གི་ཕྲིན་ལས་དེ་སྐུ་ལ་བརྟེན་པ་ཡིན་པས་ཕྱི་མའི་མཐར་ཐུག་གི་བར་དུ་གཟུགས་སྐུ་བསྟན་པ་རྒྱ་མཚོའི་དཔལ་དུ་བཞུགས་པར་རྡོ་རྗེའི་གདན་ཁྲི་ཕུལ་ཏེ་གསོལ་བ་དང༌། དེ་དག་གིས་མཚོན་པའི་དུས་གསུམ་གྱིས་དགེ་ཚོགས་ཐམས་ཅད་རང་གཞན་ཡིད་ཅན་མཐའ་དག་བླ་མ་སངས་རྒྱས་རིན་པོ་ཆེ་དང་འབྲལ་བ་མེད་པར་ཐེག་པ་མཆོག་གི་ལམ་དུ་རྗེས་སུ་འཛིན་པ་དང༌། དེས་ཇི་ལྟར་གདམས་པའི་བཀའ་བཞིན་བསྒྲུབ་པ་དང༌། སྒྲུབ་པ་མཐར་ཕྱིན་ཏེ་ཐམས་ཅད་གཟིགས་པའི་གོ་འཕང་ལ་རེག་པའི་རྒྱུར་སྙིང་ནས་སྨོན་ཞིང་བསྔོ་བ་རྣམས་རེ་རེ་བཞིན་གནད་ལ་ཐེབས་པར་བྱ་སྟེ། བླ་མ་བསྟེན་ཐབས་ལ་བསམ་སྦྱོར་གཉིས་ལས། བསམ་པ་ནི་གོང་འོག་ཏུ་སྨོས་པའི་དམིགས་པ་རྣམས་ཏེ། སྦྱོར་བ་རྙེད་པ་དང་བཀུར་བསྟི་དང་རིམ་གྲོའི་སྒོ་ནས་བསྟེན་ཚུལ་གྱི་དོན་འདིར་ཚང་ངོ༌། །མཆོད་པའི་བྱེ་བྲག་མཎྜལ་ནི། ཚད་ཡོངས་སུ་མེད་པའི་མཆོད་པ་ཞེས་ཚོགས་བསགས་ཐམས་ཅད་ཀྱི་རྒྱལ་པོར་བསྔགས་པ་སྟེ། རྙིང་ལུགས་སུ་སྐུ་གསུམ་གྱི་ཞིང་གི་མཎྜལ་དང༌། སྤྱིར་བཏང་རྒྱས་པ་ཚོམ་བུ་སོ་བདུན་དང༌། བདུན་མ་གང་འོས་ཕུལ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང༌། དམིགས་རྣམ་སོགས་ཡོངས་སུ་གྲགས་པ་ལྟར་བྱའོ། །བླ་མའི་རྣལ་འབྱོར་ཁོ་ན་ལ་བརྟེན་ནས་སྔོན་འགྲོ་འབུམ་ལྔ་གསོག་པར་འདོད་ན་སྐྱབས་སེམས་དང་སྟོབས་བཞིའི་གོ་དོན་སོགས་སྤྱི་ལྟར་ཤེས་པར་བྱས་ནས་ཡན་ལག་བདུན་གྱི་སྔོན་དུ་གོང་གསལ་སྐྱབས་སེམས་སྦྲེལ་མ་འབུམ་ཕྲག་བསག །ལུས་ཕྱག་དངོས་སུ་འཚལ་བ་སྐྱབས་སེམས་ཀྱི་སྐབས་སམ་ཡན་ལག་བདུན་པ་གང་རུང་ལ་བྱ། རང་ལུས་ཐ་མལ་དང་བླ་མ་གཙོ་བོ་ཉིད་རྡོར་སེམས་སུ་གནས་བསྒྱུར་བའམ། ཡང་ན་གཙོ་འཁོར་ལྔ་དབུས་རྡོ་རྗེ་སེམས་དཔའ། ཤར་དེ་བཞིན་རིགས་ཀྱི་རྡོར་སེམས་སོགས་རིགས་ལྔར་གནས་བསྒྱུར་བའི་ཐམས་ཅད་ཀྱི་ཐུགས་ཀར་ཧཱུྃ་ཡིག་རང་མདོག་གི་མཐར་ཡིག་བརྒྱས་བསྐོར་བ་ལས་བདུད་རྩི་འབེབས་སྦྱོང་གི་དམིགས་པ་དང་བཅས་ཡིག་བརྒྱ་གྲངས་བསག །བཤགས་སྦྱང་གཙོ་བོར་བྱེད་ན་ཡིག་བརྒྱ་བཟླས་པའི་གཤམ་དུ་དགོངས་གཏེར་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས་འབྱུང་བའི་ལུས་ངག་ཡིད་ཀྱི་བཤགས་པ་དང༌། མི་ཕམ་འཇམ་པའི་དབྱངས་ཀྱི་རྡོ་རྗེའི་གསུང་ཀློང་བཤགས་ཀྱང་སྦྱར། བསྡུ་ན་མགོན་པོ་བདག་ནི་མི་ཤེས་སོགས་བཤགས་ཚིག་བརྗོད། མཎྜལ་དང་གསོལ་འདེབས་དཀྱུས་ལྟར་བྱས་ཀྱང་རུང་ངོ༌། །གསུམ་པ་ཉམས་ལེན་གྱི་གཙོ་བོ་གསོལ་འདེབས་དངོས་ནི། བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་བྱིན་རླབས་ཞུ་བའི་ཕྱིར་དམིགས་འདུན་རྩེ་གཅིག་ཏུ་གཏད་པས་མོས་གུས་གདུང་ཤུགས་དྲག་པོས་འཕྲུལ་བརྡེག་བྱས་ན་ཐུགས་རྗེ་སྨོན་ལམ་གཏིང་ནས་ལྷོངས་ནུས་པ་འབྱུང་ངེས་པས་ཕུར་ཚུགས་སུ་གསོལ་བ་གདབ་པ་ཞེས་གསུངས། དེ་འདྲའི་མོས་གུས་སྐྱེ་བ་ལ། གཏན་བདེའི་གོ་འཕང་སྒྲུབ་ལུགས་དང༌། ལྷག་པར་རང་གཞན་མཐའ་དག་གཏན་བདེའི་མཆོག་དང་སྤྲད་པའི་ལམ་མ་ནོར་བ་ཞིག་ལག་བཅངས་སུ་སྤྲོད་མཁན་བླ་མ་ལས་གཞན་སུ་ཡང་མེད། ཐམས་ཅད་མཁྱེན་པའི་ལམ་མ་ནོར་བ་དང༌། ལྷག་ཆད་མེད་པ། གོང་འོག་མ་འཆོལ་བ་ཉམས་སུ་ལེན་ལུགས་ཀྱི་གནད་ཐམས་ཅད་བླ་མས་གསལ་བར་བསྟན་ནས། རང་གི་བཀའ་བཞིན་བསྒྲུབ་ནུས་ན་སངས་རྒྱས་ཀྱི་ས་ལ་ཐོགས་པ་མེད་པར་འགྲོ་ཆོག་ངེས་ཀྱི་ཕྲིན་ལས་མཛད་པའི་བཀའ་དྲིན་ཞིབ་ཏུ་བསམས་ན། ཕྱོགས་དུས་ཀྱི་སངས་རྒྱས་སྲས་བཅས་ཀུན་གྱི་མཁྱེན་གཉིས་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྤྱི་གཟུགས་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་མཇལ་ཀྱང་དེ་བས་ཟབ་པ་དང༌། རླབས་ཆེ་བ་དང༌། གྱ་ནོམ་པའི་ཆོས་ཤིག་བསྟན་དུ་མེད། རང་གི་ཐོས་པས་གོ་མ་ཆོད་པར་འདུག་པས་འདུ་འཛིའི་འཆིང་བ་སྐྱུར་ཅི་ནུས། གཡེང་བ་ཅི་ཁེག་བྱས་ནས། བླ་མའི་རྣམ་ཐར་མིན་པ་བསམ་རྒྱུ་མེད་པ་དང༌། མོས་གུས་སྒོམ་པ་མིན་པ་བྱ་རྒྱུ་མེད་པ། འཕྲལ་ཡུན་གྱི་འདུན་མ་གང་ལ་ཡང་ཐབས་གཞན་མི་ཚོལ་བར་མོས་གུས་དཀར་པོ་ཆིག་ཐུབ་ལ་བློ་གཏད་ཆིག་དྲིལ་དུ་ནུས་བ་ཞིག་དགོས། རང་གི་བླ་མ་དེ་ཡོན་ཏན་བཟང་པོ་ཞིག་ཡིན་བསམ་པ་དང༌། བཀའ་དྲིན་ཆེ་སྙམ་པའི་ཡིད་བྱེད་ཐུམ་ཐུམ་ཡུན་རིང་གོམས་པ་རྐྱང་པས་ཀྱང་དད་གུས་ལ་ཡར་སྐྱེད་འདོན་མི་ཐུབ་པས་བླ་མའི་མཁས་བཙུན་བཟང་གྲུབ་ཀྱི་ཡོན་ཏན་སྒོ་དུ་མ་ནས་སེམས། དངོས་དང་བརྒྱུད་ནས་ཐུགས་བརྩེའི་བཀའ་དྲིན་ཆེ་ཚུལ་བསམ་པས་མོས་གུས་རྩལ་སྦྱང་གལ་ཆེ། དེ་ལྟར་བསམས་ན་རྒྱལ་ཀུན་ཐུགས་རྗེ་བརྩེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྣམ་རོལ་འཕགས་པ་སྤྱན་རས་གཟིགས་ལྟ་བུས་དངོས་སུ་རྗེས་སུ་བཟུང་ཡང་དེ་བས་ལྷག་པ་མཛད་རྒྱུ་མ་མཆིས་ཤིང༌། ཐུགས་རྗེ་དེའི་ཤུགས་ཀྱིས་དུས་ངན་སྙིགས་མ་ལྔ་བདོ་འདི་ལྟ་བུའི་སྐབས་སུ་ཡང་དོན་དམ་ཡེ་ཤེས་ཀྱི་ཀློང་ན་འཇམ་དཔལ་དབྱངས་དང་དབྱེར་མེད་ཀྱང་རྣམ་པ་དགེ་བའི་བཤེས་སུ་བསྟན་པའི་མཛད་པ་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་གྱིས་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ་མཛད་ནས་འཕགས་ཡུལ་ཤིང་རྟ་ཆེན་པོ་རྣམས་དང་དབྱེར་མེད་པས་གཙུག་ལག་རྒྱ་མཚོའི་ཕ་མཐར་བརྒལ་བས་མཁས་ཤིང༌། མཆོག་གི་རྡོ་རྗེའི་ཡེ་ཤེས་དངོས་སུ་གྲུབ་པའི་གྲུབ་བརྒྱའི་དབུས་ནས་དབང་པོའི་མིག་ལྟ་བུར་མཚུངས་མེད་རྣམ་འདྲེན་ཆེན་པོ་འདི་མཐོང་ཐོས་དྲན་པ་ཙམ་གྱིས་དམྱལ་བ་རི་གཟར་གྱི་འབབ་ལྟར་ཤུགས་དྲག་ཏུ་རྒྱུག་པའང་གཏན་བཟློག་བྱས་ཏེ་སངས་རྒྱས་ཀྱི་ས་ལ་དཔག་ཆེན་གྱི་མདའ་ལྟར་འཕེན་པའི་ནུས་མཐུ་མངོན་ཤེས་དྲུག་དང་དབང་བཅུ་ཐོགས་པ་མེད་པས་གསང་བདག་ཕྱག་ན་རྡོ་རྗེ་ལྟ་བུ་སྟེ། དེ་ལྟ་བུའི་གང་ཟག་མཐོང་བ་དང༌། ཐོས་པ་དང༌། ཡིད་ལ་དྲན་པ་རྣམས་ཀྱང་རྡོ་རྗེ་འཆང་གི་ས་ལ་རེག་ངེས་པར་རྒྱུད་སྡེ་ཆེན་པོ་རྣམས་ལས་གསུངས་བའི་རྡོ་རྗེའི་སློབ་དཔོན་སྒྲ་ཇི་བཞིན་པ་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྟེ། དེ་ལ་དུས་གསུམ་ཀུན་མཁྱེན་ཨོ་རྒྱན་ཆེན་པོས་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བའི་ཆབ་སྲིད་ལ་དབང་བསྒྱུར་བའི་མཚན་པདྨ་འོད་གསལ་མདོ་སྔགས་གླིང་པ་གསོལ་བ་ལ་གསོལ་བ་འདེབས་པའོ། །ཁྱེད་ནི་ཕྱོགས་དུས་ཀུན་ཏུ་སོ་སོར་བྱོན་པའི་སངས་རྒྱས་ཀྱི་གྲངས་མཐའ་བློས་མི་དཔོག་པའི་ཐུགས་བསྐྱེད་དང་རྣམ་ཐར་རེ་རེ་བཞིན་ངོ་མཚར་བསམ་གྱིས་མི་ཁྱབ་པ་ཟག་མེད་ཡོན་ཏན་མངའ་བ་ཀུན་ཀྱང༌། ཡུལ་ཆོས་ཀྱི་དབྱིངས་ལ་རྒྱུད་ཐ་དད་མེད་པས་ཐམས་ཅད་ཀྱང་དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་དབྱིངས་སུ་རོ་གཅིག་ཏུ་འཁྱིལ་བའི་གཏེར་ཆེན་པོའི་བུམ་བ་བཟང་པོ་ལྟ་བུ་དགོངས་པས། མོས་གུས་ཅན་གྱི་རེ་བ་ཡིད་བཞིན་དུ་སྐོང་བའི་དངོས་གྲུབ་ཟད་མི་ཤེས་པའི་དཔལ་དང་ལྡན་པའི་རིགས་བརྒྱའི་ཁྱབ་བདག་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་དུ་མ་རོ་གཅིག་གི་ཡེ་ཤེས་ཆེན་པོས་བདག་ཅག་ཐ་མལ་ལྟར་སྣང་བའི་སྒོ་ལུས་ངག་ཡིད་གསུམ་དག་པ་ཡེ་ཤེས་ཆེན་པོའི་སྐུ་གསུམ་བླ་མའི་དཀྱིལ་འཁོར་དང་རོ་གཅིག་ཏུ་སྨིན་ཅིང་གྲོལ་བས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་སེམས་ཅན་སངས་རྒྱས་སུ་ཡུད་ཙམ་ཞིག་གིས་བསྒྱུར་ནས་ཆུ་དང་འོ་མ་ལྟར་ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་བརླབ་ཏུ་གསོལ། མདོར་ན་དཀོན་མཆོག་བརྩེགས་པ་ལས། བཟང་པོ་སངས་རྒྱས་གཅིག་ལ་མཆོད་བྱས་ན། །ཕྱོགས་བཅུའི་རྒྱལ་བ་ལ་ནི་མཆོད་འགྱུར་ཏེ། །འདི་ལྟར་དེ་དང་ང་ཡི་ཆོས་དབྱིངས་དང༌། །ཐ་དད་བྱ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་སྲས་ཉན་རང་བྱང་སེམས་དང་བཅས་པའི་སྟོན་པ་དུས་གསུམ་དུ་བྱོན་པའི་རྒྱལ་བའི་གསང་བ་བསམ་གྱིས་མི་ཁྱབ་པ་རྒྱན་གྱི་འཁོར་ལོའི་ཟག་མེད་ཀྱི་རྣམ་ཐར་ངོ་མཚར་བློ་ལས་འདས་པ་མ་ལུས་པ་རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་ལ་རྫོགས་པར་མངའ་བ་བཞིན་བདག་གིས་ཆེ་བ་དེ་རྗེས་སུ་དྲན་པའི་ཡིད་ཆེས་རྩེ་གཅིག་པས་གསོལ་བ་འདེབས་པས་ན། མཁའ་ཁྱབ་ཀྱི་འགྲོ་ཀུན་སྲིད་ཞིའི་མཐའ་ལས་གྲོལ་བ་ལ་རྗེ་བཙུན་འཕགས་པའི་ཐུགས་བསྐྱེད་དང་མཛད་པ་དེ་བཞིན་འགྲུབ་པར་ཤོག་ཅེས་སྨོན་པའོ། །དེ་དག་ནི་བླ་མ་འཇམ་པའི་དབྱངས་དང་མཁྱེན་བརྩེའི་དབང་པོ་དབྱེར་མེད་པའི་རྣམ་ཐར་གསེར་སྦྱང་གི་ཞུན་མ་ལྟ་བུ་ལ་བསམ་ནས་བྲིས་པའོ། །དེས་ནི་མོས་གུས་ཅན་གྱི་གང་ཟག་ལ་བླ་མ་སངས་རྒྱས་ཀྱི་དགོངས་རྒྱུད་ཡེ་ཤེས་འཕོ་བའི་ཐུགས་དམ་སྐད་ཅིག་ཀྱང་མི་བསྙེལ་བའི་ཚུལ་ཡང་ཡང་བསམ། ངེས་ཤེས་བསྐྱེད། བློ་སྙིང་གཏད་དེ་མོས་གུས་ཀྱི་ཉམས་ཅི་ཐོན་བྱས་ལ་རྩེ་གཅིག་འདུན་པའི་ཁུར་ལ་དྲངས་ནས་གསོལ་བ་གདབ་ཅིང༌། སྐབས་ཅི་རིགས་པར་རང་སེམས་བླ་མ་བསྲེ་བའི་ཚུལ་གྱིས་ཤེས་པ་ཁོང་ཀློད་དེ་རང་བབ་ཀྱི་ངང་ལ་བཞག་ཅིང་ངལ་གསོ། མཚན་སྔགས་ནི། ཨོཾ་བྱིན་རླབས་འབྱུང་པའི་རྟེན་སྐུ། ཨཱཿདངོས་གྲུབ་སྩོལ་བའི་མཐུ་ནུས་བརྟན་པ་གསུང༌། ཧཱུྃ་དགོངས་པའི་རྩལ་གྱི་ཕྲིན་ལས་ལྟ་བུར་གྱུར་པའི་སྔགས་ཐུགས་ཏེ་རྡོ་རྗེའི་འབྲུ་གསུམ་འདི་རིག་འཛིན་བླ་མའི་སྤྱིའི་བསྙེན་སྔགས་སུ་གསུངས་པས་ཐོག་དྲངས། བཛྲ་མ་ཧཱ་གུ་རུ་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་ཡེ་ཤེས་བླ་མའི་བྱིན་རླབས་ལས་སུས་ཀྱང་སྟེར་མི་ནུས་པས་དེ་ནི་ཕན་གནོད་ཀྱི་ཡུལ་གཉན་པ་དང་བྱིན་ནུས་ཀྱི་སྟོབས་ལྕི་བ་གང༌། རང་ལ་ད་ལྟ་བཀའ་དྲིན་ཆེ་བའི་གང་ཟག་དེའི་མིང་མངྒ་ལ་ཤྲཱི་བྷཱུ་ཏི་སྟེ་བོད་སྐད་དུ་བཀྲ་ཤིས་དཔལ་འབྱོར་ཞེས་མི་ཕམ་འཇམ་པའི་དབྱངས་ཀྱི་རྡོ་རྗེའི་བཀའ་ལུང་ཐོག་མར་བསྩལ་བའི་མིང་ནས་བསྐུལ་བས། སརྦ་སིདྡྷི་ཧཱུྃ་ཞེས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་སྩོལ་ཞེས་པ་སྟེ་སྐབས་འདིར་མཆོག་སྒྲུབ་གཙོ་བོར་བཏོན་ནས་བླ་མའི་བྱིན་རླབས་རང་རྒྱུད་ལ་ཞུགས། རང་གི་སྒོ་གསུམ་བླ་མ་དང་འདྲེས་ནས། འོད་གསལ་ཐུགས་ཀྱི་ཐིག་ལེར་མངོན་པར་བྱང་ཆུབ་པར་མཛད་པ་ཞིག་ཁྱེད་རང་མཁྱེན་སྙམ་པའི་འདུ་ཤེས་བསྐྱེད་པ་གལ་ཆེའོ། །མཚན་སྔགས་ཕྱི་མ་བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་པའི་སྔགས་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པ་ལ་ཤིན་ཏུ་མྱུར་ཞེས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱི་ཕྱག་བྲིས་ཤིག་མཇལ་བ་ལྟར་བྲིས་པའོ། །བཟླས་པའི་སྐབས་བསྙེན་དམིགས་སྦྱར་བ་སྤྲོ་ན། བླ་མའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །དཀར་དམར་སྤྲོས་པས་རང་ལུས་ཡོངས་སུ་གང༌། །ནད་གདོན་སྡིག་སྒྲིབ་ཉམས་ཆག་བྱང་ཞིང་དག །བདེ་ཆེན་ཡེ་ཤེས་ཉམས་རྟོགས་ཆེས་ཆེར་འཕེལ། །རླུང་སེམས་སྣང་བ་མཐའ་དག་དབང་དུ་གྱུར། །གཟུང་འཛིན་ཉོན་མོངས་འཁྲུལ་རྟོག་དབྱིངས་སུ་ཆོམ། །ཕྱི་སྣོད་གཞལ་ཡས་ནང་བཅུད་བླ་མའི་སྐུ། །སྒྲ་གྲགས་སྙིང་པོ་དྲན་རྟོག་འོད་གསལ་ངང༌། །ཅིར་སྣང་བདེ་བ་ཆེན་པོའི་རོལ་པར་གྱུར། །ཅེས་སྦྱར་ཀྱང་རུང་ངོ༌། །དེ་ནས་སྤྱིར་ཚོགས་འཁོར་ནི། ཉམས་ཆག་སྦྱོང་བ་དང༌། སྔགས་ཀྱི་གསོ་སྦྱོང༌། དཔའ་བོ་མཁའ་འགྲོ་ཁྱད་པར་གྱི་མཆོད་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ལ་བརྡ་དོན་རྟགས་ཀྱི་ཚོགས་འཁོར་དང༌། ཕྱི་ནང་གསང་བ་བླ་མེད་ཀྱི་ཚོགས་འཁོར་སོགས་རྣམ་གཞག་དུ་མ་མཆིས་པ་ལས། བརྡའམ་ཕྱི་ཡི་ཚོགས་བཟའ་བཅའ་བཏུང་བ་ལྡག་གཞིབ་རོ་ནུས་ཕུན་སུམ་ཚོགས་པ་དང༌། རྟགས་སམ་ནང་གི་ཚོགས་རིགས་ལྔའི་དམ་རྫས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་གསང་སྔགས་ནང་གི་དམ་རྫས། དོན་གསང་བའི་ཚོགས་ཐབས་ཤེས་རྡོ་རྗེ་སྡོམ་པའི་ཨེ་ཝཏྟ་མཉམ་སྦྱོར་གྱི་དགའ་བཞིའི་ཉམས་འགྱུར། མཐར་ཐུག་ཕྱི་ནང་གཞན་གསུམ་བདེ་སྟོང་མཆོག་ཏུ་མི་འགྱུར་བའི་དོན་གྱི་ཡེ་ཤེས་ཀྱི་ཚོགས་རྫས། ངེས་དོན་དབྱིངས་རིག་སྒྲོན་མ་དྲུག་ལྡན་གྱི་ཚོགས་མཆོད་རྣམས་སྒྲུབ་བརྒྱུད་ཤིང་རྟ་སོ་སོར་བཀའ་བབས་ཀྱི་ལམ་དང་འབྲེལ་བར་ཚིག་སྦྱོར་ལྟར་རྒྱུན་དུའམ་ཡར་མར་གྱི་ཚེས་བཅུ་དང༌། སྐུ་མཆོད་སོགས་ལ་ལྷག་པར་བསྔགས་པའོ། །རྗེས་དབང་ལེན་ནི། སྐབས་འདིར་མདོ་སྔགས་ཟུང་འཇུག་བཀའ་གདམས་པའི་ལམ་གྱིས་སྒོ་དབྱེ། གསང་ཆེན་རྒྱུད་སྡེའི་མངའ་བདག་ས་སྐྱ་པ་དང༌། མན་ངག་རྫོགས་རིམ་བཀའ་བཞི་བརྒྱུད་པ་དང༌། དཔལ་དུས་ཀྱི་འཁོར་ལོས་བུམ་གསང་ཤེར་ཡེའི་གཞུང་བསྲང༌། མཐར་ཐུག་རྫོགས་ཆེན་གྱི་བཞི་པས་ཉམས་མྱོང་མཐར་སྐྱེལ་བས་བསྟན་པ་ཐམས་ཅད་འགལ་མེད་དུ་གང་ཟག་གཅིག་སངས་རྒྱས་པའི་གདམས་ངག་འཇམ་མགོན་རྣམ་གཉིས་བཀའ་སྲོལ་ལྟར་འཆད་པས། མི་སློབ་རྡོ་རྗེ་ཐེག་པ་ནི་ཐེག་ཆེན་མཐར་ཐུག་སྟེ་དེའི་ཉམས་ལེན་གྱི་རྩ་བ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་པས་ཐོག་མར་དེ་རྒྱུད་ལ་སྐྱེ་བ་ཡང་བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་གཙོ་ཆེ་བའི་ཚུལ་ཇོ་བོ་རྗེས་བླ་མ་ཀུན་ལས་གསེར་གླིང་པ་གཙོ་བོར་མཛད་པའི་རྣམ་ཐར་བསྐྱང་དགོས་པས། མདུན་གྱི་ནམ་མཁར་བཞུགས་པའི་གཙོ་འཁོར་ཐམས་ཅད་ཐུགས་ཡེ་ཤེས་ཆེན་པོར་དགོངས་པ་མཉམ་པ་ཉིད་ལས་བཟང་ངན་དང༌། རྒྱུད་ཐ་དད་དུ་མེད་ཀྱང༌། རྣམ་པ་དུ་མ་བསྟན་དགོས་པའི་རྒྱུ་མཚན་འཇམ་མགོན་བླ་མ་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཡིན་པས་དེའི་མཛད་པའི་རྗེས་སུ་སློབ་པའི་ཕྱིར་མདོ་རྒྱུད་རྣམས་ནས་ཀྱང་མཁྱེན་རབ་སྩོལ་བ་ལ་འཇམ་དབྱངས། ཚུལ་ཁྲིམས་དག་པ་ལ་རྒྱལ་ཚབ་བྱམས་པ། སྙིང་རྗེ་སྐྱེ་བ་ལ་སྤྱན་རས་གཟིགས། སྨོན་ལམ་འགྲུབ་པ་ལ་ཀུན་ཏུ་བཟང་པོ་སོགས་བསྔགས་པ་བཞིན་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་སྐུ་ཕྲེང་སོ་སོའི་ཐུགས་བསྐྱེད་དང་རྣམ་ཐར་གྱི་ཆེ་བ་ལ་བསམས་ན་ངེས་ཤེས་བསྐྱེད་ཅིང་གསོལ་བ་བཏབ་དབང་ལེན་བྱས་ན་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པས་དག་སྣང་ཕྱོགས་མེད་དུ་སྐྱེ། ཐམས་ཅད་ཀྱི་ཉམས་ལེན་གྱི་གནད་བླ་མའི་བྱིན་རླབས་ལམ་བྱེད་གཅིག་ལ་འདུས་པར་གསུངས་པས་འཇུག་པ་བདེ་བའི་དགོས་པ་དང་ལྡན་པས་སྤྲོས་པ་ཏེ། ཐོག་མར་ཇོ་བོ་བཀའ་གདམས་པའི་མན་ངག་གིས་དབང་བཞིའི་ཁོག་ཕུབ་པའི་ཕྱིར་མཉམ་མེད་ཨ་ཏི་ཤའི་རིང་ལུགས་གཞུང་གདམས་མན་ངག་ཐམས་ཅད་ཀྱི་བཀའ་བབས་བརྙེས་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སྤྱན་རས་གཟིགས་ཀྱི་སྐུ་རུ་གནས་གྱུར་པ་ལ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་བླ་མ་སྤྱན་རས་གཟིགས་ཁྱེད་ཀྱིས་བདག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་བཅོས་མིན་དུ་སྐྱེ་བར་བྱིན་གྱིས་བརླབས་ཏུ་གསོལ་སྙམ་ལ། ཡོངས་ཀྱི་དགེ་བའི་བཤེས་གཉེན་སོགས་ཀྱིས་གསོལ་བ་ཡང་ཡང་གདབ། སྤྲོ་ཞིང་ནུས་ན་མཁྱེན་བརྩེ་རིན་པོ་ཆེའི་གསུང་ཇོ་བོ་རྗེའི་གསོལ་འདེབས་ཀྱང་བྱ། རྒྱུན་ཁྱེར་སྐབས་ཇོ་འབྲོམ་གྱི་གསོལ་འདེབས་མ་བཏོན་ཀྱང་རུང༌། བྱང་ཆུབ་སེམས་མཆོག་མའི་སྨོན་ལམ་འབའ་ཞིག་གཅིག་ཆོག་རྒྱལ་པོ་ཡིན་ཏེ། དེའི་དོན་བྱངྃ་ཆུབྃ་ཀྱི་སེམྃས་ཞེས་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་བསྐྱེད་ནུས་པའི་མཆོྃག་དེ་ལ་ཀུན་རྫོབ་དང༌། དོན་དམ་བྱང་སེམས་གཉིས་ཏེ། དེ་ནི་རང་སེམས་སྐྱེ་འགག་གནས་བྲལ་གྱི་ངོ་བོ་ཀུན་གཞི་ངང་ལུགས་དགེ་བ་ཞེས་བདེ་གཤེགས་སྙིང་པོའི་སྒྲས་བསྟན་པ་དོན་དམ་བྱང་སེམས་ཏེ། དེ་རང་གི་རྒྱུད་དུ་བཞུགས་ཀྱང༌། རང་སེམས་འཁྲུལ་ངོར་སྣང་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སུ་སྣང་བས་བསྒྲིབས་པ་སྟེ། ད་ལྟ་སྣང་བཞིན་པའི་སྐབས་ནས་རྟེན་འབྱུང་ཙམ་ལས་དོན་ལ་དེ་ཐམས་ཅད་བརྟགས་ཤིང་སྐྱེ་འགག་གནས་མེད་ནམ་མཁའ་ལྟ་བུ་ལས་མ་འདས་པས་གཞི་མེད་རྩ་བྲལ་སྒྱུ་མའི་དཔེ་བརྒྱད་ལྟ་བུ་ཡིན། དེ་ལྟ་བུའི་དོན་ལ་སྟོང་པའོ་སྙམ་པའི་ངེས་ཤེས་སེམས་ཀྱི་འཛིན་སྟངས་ཙམ་ཡང་མེད་པ་གསལ་ལ་སྣང་ཙམ་དུ་ངེས་པའི་དོན་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་གཏན་ལ་ཕབ་ཤེས་ན་སྨྲ་བསམ་བརྗོད་མེད་དོན་གྱི་བཞུགས་ཚུལ་རྣམ་གྲངས་མ་ཡིན་པའི་དོན་དམ་ངོ་ཤེས་པར་བསླབ། དེས་རྣམ་རྟོག་གི་ངོ་བོ་སྟོང་པ་ཉིད་དུ་རྟོག་པས་ཅིར་ཡང་བསྒྱུར་བཏུབ་པའི་ཕྱིར་དོན་དམ་བྱང་ཆུབ་ཀྱི་སེམས་བོགས་འབྱིན་སླད་ཀུན་རྫོབ་བྱང་སེམས་རིནྃ་པོྃ་ཆེྃ་སྒོམ་དགོས། དེ་ནི་ད་སྔ་བདག་གཅེས་འཛིན་གྱིས་བསྒྲིབས་ཏེ་མྃ་སྐྱེསྃ་པའི་ཉེས་པྃ་རྣམྃས་ཡན་ལག་བདུན་གྱི་བསག་སྦྱང་གིས་བཤགས་ཏེ་ཡུལ་སེམས་ཅན་ལ་དམིགས་ནས་སྐྱེྃ་བའིྃ་ཕྱིར་རང་གི་རྩ་བའི་ཨ་མས་ཐོག་དྲངས་པའི་སྡང་དགྲ་གཙོ་བོར་གྱུར་བའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་ཤུགས་དྲག་པོས་དབུགས་འབྱུང་རྔུབ་དངྃ་སྦྱར་བའི་བདེ་སྡུག་གཏོང་ལེན་གྱི་དམིགས་པ་ཡང་ཡང་བྱ། གཏོང་ལེན་དགོས་པའི་རྒྱུ་མཚན། དེ་ཡང་སངས་རྒྱས་ཀྱི་གོ་འཕང་ཡུལ་སེམས་ཅན་ལ་བརྟེན་ནས་ཐོབ་དགོས། སེམས་ཅན་གཞན་ལས་ཀྱང་གནོད་བྱེད་དགྲ་བགེགས་འདི་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་བསག་སྦྱང་གི་གྲོགས་ཡིན་པས་དོན་ལ་སངས་རྒྱས་སྤྲུལ་སྐུ་ཡིན། བདག་ལ་ལམ་གྱི་གྲོགས་སུ་དཀོན་མཆོག་གི་ཕྲིན་ལས་ཀྱི་སྣང་བ་ཡིན་པས་འདི་ཇི་ཙམ་མང་བ་བཞིན་དགའ་བ་སྒོམ། འདི་དག་ལ་གཡོ་ཟོལ་མེད་པའི་ཕན་ཅི་ཐོགས་བྱེད་ནུས་ན་ཆོས་པ་རྣམ་དག་གི་ཕྱག་ལེན་ཡིན་བསམ། དེས་ན་བླ་མ་དང་དཀོན་མཆོག་རིན་པོ་ཆེས་སེམས་ཅན་དང་གནོད་བྱེད་ཀྱི་དོན་དུ་བདག་ན་ཤི་སྡུག་བསྔལ་གང་བྱུང་བ་ལེགས་ན་དེ་བཞིན་དུ་འབྱུང་བར་མཛད་དུ་གསོལ་བསམ། དུས་འདི་ནས་བཟུང་སྟེ་སངས་རྒྱས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་ཐམས་ཅད་བདག་གི་རྒྱུད་དུ་འདུས་པར་ཤོག་ཅིག །སེམས་ཅན་ཐམས་ཅད་ལས་ཉོན་སྡུག་བསྔལ་དང་བྲལ་བར་ཤོག་ཅིག །འདི་ནས་སངས་རྒྱས་མ་ཐོབ་བར་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ཅི་སྐྱེསྃ་སུ་བྱེད་པྃ་འཕེན་པའི་སྟོབས་དང༌། དགེ་སྦྱོར་གྱི་གཙོ་བོ་བྱང་སེམས་སྒོམ་པ་གོམས་པའི་སྟོབས་དང༌། བདག་གཅེས་འཛིན་ཅི་ནུས་སུ་འདུལ་བ་སུན་འབྱིན་པའི་སྟོབས་དང༌། སྐྱེ་འཆི་གང་བྱུང་ཡང་བྱང་ཆུབ་སེམས་ཉམྃས་པྃ་མེདྃ་པའིྃ་ཐབས་སུ་སྒོ་གསུམ་དག་པ་ལ་རྟག་དུ་འབུང་བ་དཀར་པོའི་ས་བོན་གྱི་སྟོབ་དངྃ༌། སྐྱེས་ན་དགའ་བ་སྒོམས་པས་གོངྃ་ནསྃ་གོངྃ་དུྃ་འཕེྃལ་བའི་ཆེད་དགེ་བ་ཐམས་ཅད་བསྔོ་བ་སྨོན་ལམ་གྱི་སྟོབས་ཏེ་སྟོབས་ལྔས་བསླབས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་མཐར་ཕྱིན་པ་སློབ་ནུས་པརྃ་ཤོགྃ་ཅེས། མཐར་སྤྱན་རས་གཟིགས་རང་གི་སྙིང་དབུས་སུ་བཞུགས་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་བསམ། དབང་གི་སྐབས་ལྟར་རང་སྤྱན་རས་གཟིགས་ཀྱི་གསལ་སྣང་དང་ལྡན་པས་ཡིག་དྲུག་བཟླས་པས་བློ་སྦྱོང་དོན་བདུན་མའི་དམིགས་པ་ཤར་སྒོམ་བྱས་ཀྱང་རུང༌། དེ་ནས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་དབང་བཞི་ལ་འདུས་པས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་བཀའ་བབ་དཔལ་ས་སྐྱ་བའི་ལམ་གྱི་དང་པོ་བུམ་དབང་བསྐུར་བའི་སླད་དུ། བླ་མའི་སྐུའི་གཡས་ཀྱི་བོད་ཡུལ་རྡོ་རྗེ་འཛིན་པའི་གཙུག་རྒྱན་རྗེ་བཙུན་གྲགས་པ་རྒྱལ་མཚན་ཉིད་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་སྐུ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་སྨིན་མཚམས་ཀྱི་མཛོད་སྤུ་ནས་ཕུང་ཁམས་དག་པ་རིགས་ལྔ་ཡབ་ཡུམ། དབང་ཡུལ་དག་པ་སེམས་དཔའ་སེམས་མ། བྱ་བྱེད་དག་པ་ཁྲོ་བོ་ཁྲོ་མོ་སྟེ་གདན་གསུམ་གྱི་འཁོར་ལོ་ནམ་མཁའ་གང་བར་སྤྲོས་ཏེ་རིག་པའི་ལྷ་མོ་རྣམས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་རང་ཡང་རྩ་བའི་ཡི་དམ་གང་ཡིན་གྱི་སྐུར་གསལ། དབང་ལྷ་རྣམས་དང་རྡོ་རྗེ་འཆང་དང་བཅས་པ་རང་ལ་ཐིམ་པར་བསམ། གཞི་ལུས་ལྷའི་གསལ་སྣང་གི་སྙིང་ག་ནས་འཕྲོས་པའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ལྷའི་འཁོར་ལོར་སད་པར་བསམ་ལ་ཡི་དམ་གང་ཡིན་གྱི་རྩ་སྔགས་ཅི་ནུས་སུ་བཟླའོ། །རྡོ་རྗེ་ནང་གི་རྣལ་འབྱོར་མཐར་སོན་པས་ས་བཅུའི་སྤང་རྟོགས་དབུ་མའི་དབྱིངས་སུ་རྫོགས་པའི་རང་བྱིན་བརླབས་པའི་ལམ་མཐར་སོན་པ་འགྲོ་མགོན་བཀའ་བརྒྱུད་པའི་ལམ་གྱིས་གསང་དབང་བསྐུར་བས་གཞུང་བསྲང་བ་ལ། ངེས་པ་དོན་གྱི་རྣལ་འབྱོར་ཆེན་པོ་རྗེ་བཙུན་སྒམ་པོ་པ་ཆེན་པོ་རྗེ་བཙུན་ལྷན་ཅིག་སྐྱེས་མ་རྡོ་རྗེ་ཕག་མོའི་སྐུར་བཞེངས་ཡབ་ཧེ་རུ་ཀ་སྡོམ་པ་ཆེན་པོ་དང་སྦྱོར་བའི་རྗེས་སུ་ཆགས་པའི་འོད་དང་སྒྲས་སངས་རྒྱས་སྲས་དང་བཅས་པ་བསྐུལ། ཀུན་ཀྱང་བདེ་བ་ཆེན་པོའི་ངོ་བོར་ཞུ་བའི་བདུད་རྩི་བླ་མ་ཡབ་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་མཁའ་གསང་ནས་སྤྲོས་པའི་བདུད་རྩི་རང་གི་ལྕེ་ལ་འཕོས་པ་མྱོང་བས་རྩ་ཐམས་ཅད་བདུད་རྩིས་ཁྱབ། ཁམས་ཞུ་བའི་བདེ་བས་དུག་གསུམ་གྱི་རྟོག་པ་འགགས་ནས་རྡོ་རྗེ་ཕག་མོའམ་མཁའ་སྤྱོད་དཀར་དམར་གང་མོས་ཀྱི་སྐུ་གཞུང་ལྟར་གསལ་བཏབ་ལ། དེ་ཡང་གསང་སྔགས་ཀྱི་དབང་མཐར་ཐུག་ཟབ་དབང་གསུམ་ཡིན་ལ། དེའི་དང་པོ་འདི་སྒྲ་ཇི་བཞིན་དུ་བསྐུར་བའི་བླ་སློབ་ནང་འཛོམ་ན་སྣང་གསུམ་འཕོ་བའི་སྒྲིབ་པ་སྦྱང་ནུས་ཤིང༌། དེས་ན་རྣལ་འབྱོར་བླ་མེད་རྒྱུད་སྡེ་རྒྱ་མཚོའི་དབང་གི་མཐར་ཐུག་རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ་ལ་བརྟེན་ནས་བྱང་སེམས་ཀྱི་རོལ་རྒྱུ་ལས་དབང་བསྐུར་བ་ཉིད་དབང་གསུམ་པའི་སྔོན་འགྲོ་སྟེ་དབང་ཐོབ་པའི་ཉམས་སྐྱོང་བའི་ཕྱིར་རང་ཕག་མོར་གསལ་བའི་སྐུ་ཡི་འཁོར་ལོ་བཞིར་ལྟེ་བའི་ཨ་ཤད་ཀྱི་དྲོད་ཀྱིས་བསྐུལ་བའི་སྤྱི་བོའི་ཧཏྟ་ཡིག་ཟླ་བ་འཁོར་ལོ་བཞིར་སོན་བས་དབང་བཞི་ཐོབ། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱང༌། དགའ་བཞིའི་ཡེ་ཤེས་སྐྱེས། སྐུ་བཞིའི་གོ་འཕང་མངོན་དུ་གྱུར། དཀར་དམར་འདྲེས་པའི་བདུད་རྩིས་ལུས་ཐམས་ཅད་ཁྱབ། རྡོ་རྗེའི་ལུས་ཀྱི་གནས་སྤྱི་བོ་ཛ་ལནྡྷ་ར་སོགས་སུ་བཞུགས་པའི་ཐུགས་གསུང་སྐུ་ཡི་དཔའ་བོ་མཁའ་འགྲོ་ཐམས་ཅད་བདེ་སྟོང་གི་མཆོད་པས་མཉེས་པར་བསམ་ལ་ནུས་ན་བུམ་ཅན་བཟུང༌། སྔར་གསལ་བཏབ་པའི་མཁའ་འགྲོ་གང་ཡིན་གྱི་སྔགས་འགོག་བཟླས་སམ། ངག་བཟླས་གང་རུང་བྱ། དམིགས་བཟླས་རྫོགས་པ་དང་ཕག་མོ་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་རྔམས་པའི་ཐིག་ལེར་ཐིམ་པས་རླུང་སེམས་ཐིག་ལེ་དང་བཅས་པ་དྭངས་མ་མི་ཤིགས་པའི་དབྱིངས་སུ་ཐིམ་པར་བསམ་ལ་ཆོས་ཉིད་ཀྱི་རང་ངོ་བསྐྱང་ངོ༌། །དབང་གསུམ་པ་དངོས་གཞིའི་དོན་དུ་གྲུབ་ཐོབ་ཨོ་རྒྱན་པའི་ཐུགས་སྲས་རྟོགས་ལྡན་ཟླ་བ་སེང་གེ་ཞེས་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ལམ་མཐར་སོན་པ་དེ་དང་པོའི་སངས་རྒྱས་འཕོ་མེད་བདེ་བ་ཆེན་པོའི་སྐུར་བཞེངས་ཏེ་སྣ་ཚོགས་ཡུམ་ལས་གཟུགས་དང་ལང་ཚོ་རྫོགས་པའི་ཕྱག་རྒྱ་མ་སྤྲོས་ཏེ་འདུ་ཤེས་གསུམ་གྱིས་ཡིད་རིག་མ་དང་སྙོམས་པར་ཞུགས་པའི་དམིགས་པས་རྗེས་ཆགས་ཀྱི་རྣལ་འབྱོར་བསྒོམ། མཐར་བླ་མ་དུས་ཀྱི་འཁོར་ལོ་ཡབ་ཡུམ་རང་ལ་ཐིམ་པར་བསམ་མོ། །དེ་ནས་དབང་བཞི་བ་ལ་ཐུན་མོང་དང་ཁྱད་པར་གཉིས་ལས་དང་པོའི་སླད་དུ། དབུས་ཀྱི་བླ་མའི་གནས་གསུམ་ནས་སྐུ་སྔགས་ཐུགས་སྲོག་ཧཱུྃ་ཡིག་ཡེ་ཤེས་ལྔ་ལྡན་དུ་སྤྲོས་པ་བདག་གི་ལྟེ་བར་ཐིམ་པས་དབང་བཞི་པའི་ཡེ་ཤེས་མངོན་དུ་གྱུར་ནས་བླ་མ་རང་ལ་ཐིམ་པས་ཐུགས་ཡིད་བསྲེ་བཞིན་བཏགས་གྲོལ་གྱི་སྙིང་པོ་བཟླ། ཏིང་ངེ་འཛིན་གྱི་དབང་ལེན་འདི་ཀ་ཇི་ཙམ་དམིགས་པ་གསལ་ཞིང་བརྟན་པ་དེ་ཙམ་དུ་ནུས་པ་ཆེ་བས། དམིགས་པ་ཡིད་ཚིམ་པར་བྱས་ན་སྔར་བླ་མ་ལས་དབང་བསྐུར་ཐོབ་ནས་སྔགས་སྡོམ་གྱི་བྱིན་རླབས་གོང་འཕེལ་དུ་བྱེད་པས་ལམ་དབང་ཞེས་བྱ་ཞིང༌། ཡང་ཡང་བླངས་ན་ཉམས་ཆག་བསྐང་བ་དང༌། དབང་བཞིའི་ཡེ་ཤེས་གོང་འཕེལ་དུ་བྱེད་པས་ཐབས་ཀྱི་རྒྱལ་པོ་ལྟ་བུར་གྱུར་པའོ། །སྤྱིར་གོང་སྨོས་ཤིང་རྟ་བརྒྱད་སོ་སོར་ལམ་སྔོན་དངོས་རྗེས་གསུམ་ཚང་བ་དང༌། ཁྱད་པར་དབང་བཞིའི་ལམ་རེ་རེ་བཞིན་རྫོགས་པར་ཡོད་ཀྱང་དེ་ཐམས་ཅད་བླ་མའི་རྡོ་རྗེ་བཞིའི་བྱིན་རླབས་དང་ཡེ་ཤེས་ངོ་བོ་དང་རྣམ་པ་གཉིས་ཀ་དགོངས་པ་ལམ་བྱེད་གཅིག་ཡིན་ཅིང༌། འཇམ་དབྱངས་བླ་མ་རིན་པོ་ཆེས་དེ་ཐམས་ཅད་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད་པའི་རྒྱུ་མཚན་དང་དགོས་པ་འབྲེལ་སྙམ་ནས་སྤྲོས་པའོ། །གཉིས་པ་ཁྱད་པར་བ་ནི། སླར་ཡང་བླ་མའི་རྣལ་འབྱོར་གྱི་གཞུང་གཅིག་ཏུ་རང་རང་གི་ལམ་གྱི་གཙོ་བོ་དེ་གཅེས་བཏུས་སུ་བྱས་ན་དོན་གནད་ལ་འགལ་བ་མེད། ཉམས་ལེན་ཁྱེར་བདེ་བའི་སྔར་སྟོན་འཁོར་ལྷ་རུ་སྣང་བ་ཐམས་ཅད་རིགས་ཀུན་ཁྱབ་བདག་གུ་རུ་རིན་པོ་ཆེ་གཅིག་གི་ཡེ་ཤེས་ལས་ཐ་མི་དད་པའི་ངེས་ཤེས་ཀྱིས་རིགས་བདག་གུ་རུ་རིན་པོ་ཆེ་ལ་རྡོ་རྗེའི་ཚིག་རྐང་བདུན་མའི་གསོལ་འདེབས་བྱིན་རླབས་མཚུངས་པ་མེད་པས་ལན་བདུན་གྱིས་ཕུར་ཚུགས་སུ་གསོལ་བ་བཏབ་པས་རིག་པ་རྩལ་གྱི་དབང་བསྐུར་བའི་དགོངས་པ་གཏད་མ་ཐག་བླ་མའི་ཐུགས་ཡེ་ཤེས་ཀྱི་གསང་མཛོད་ལས་ཁ་དོག་ལྔ་ལྡན་གྱི་ཐིག་ལེ་སྐར་མདའ་མཆེད་པ་ལྟར་རང་གི་སྙིང་གར་ཐིམ་པས་རིག་པ་རྩལ་གྱི་དབང་ཆེན་ཐོབ་པས་བླ་མའི་གསང་བ་གསུམ་ལ་ཇི་ལྟར་མངའ་བའི་ཡེ་ཤེས་ཐམས་ཅད་སྤར་བཏབ་པ་བཞིན་སད་ནས་རིག་སྟོང་དོན་གྱི་བླ་མ་འོད་གསལ་ཐིག་ལེ་ཆེན་པོ་ཆོས་ཀྱི་དབྱིངས་ཁྱབ་པའི་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བ་ན། གར་སྡོད་ཨོ་རྒྱན་གནས་སུ་མོས༔ གང་ཚོགས་ལྷ་ཡི་རྣམ་པར་བལྟ༔ ཞེས་གསུངས་པ་ལྟར་སྣང་གྲགས་རིག་གསུམ་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་འབའ་ཞིག་ཏུ་བལྟ་བ་ལ་བསླབ་པར་བྱའོ། །དེ་ལྟར་སྟན་ཐོག་གཅིག་ཏུ་བླ་མའི་རྣལ་འབྱོར་བསྒོམས་པས་མཚོན་དུས་གསུམ་གྱི་དགེ་བ་མཐའ་དག་རང་གཞན་སེམས་ཅན་ཐམས་ཅད་ཚེ་རབས་ཐམས་ཅད་དུ་མཚན་ལྡན་གྱི་བླ་མ་ཡང་ཡང་མཇལ། སངས་རྒྱས་སུ་ངོ་ཤེས། གདམས་ངག་གི་སྣོད་དུ་གྱུར། ལམ་གྱི་གནད་སྨིན་གྲོལ་ཚང་བ་ཐོབ། སྒོ་གསུམ་རྩེ་གཅིག་འབད་པས་ཉམས་སུ་བླངས་ཏེ། རིང་པོར་མི་ཐོགས་པར་ཀུན་བཟང་ཆོས་རྗེ་བླ་མའི་ཐུགས་ཀློང་དུ་རྣམ་པར་གྲོལ་བ་དང༌། སྐྱེ་འཆི་བར་དོ་བླ་མ་སྐུ་གསུམ་གྱི་བདག་ཉིད་དུ་ངོ་ཤེས་པས་གྲོལ་བར་གྱུར་ཅིག་སྙམ་དུ་བསམ་དགོས་སོ། །ཚངས་ཆེན་ཞིང་གི་འབྱོར་བས་མི་ཁུག་ཅིང༌། །མཐོང་ཐོས་དྲན་པས་གྲོལ་བའི་དམ་པའི་ཆོས། །ཚིགས་བཅད་རེ་ཡང་སྲོག་ལས་གཅེས་པའི་ཚད། །འབུམ་གྱིས་སྒྲུབ་འོས་ལག་རྩེར་ལྷུག་སྟེར་བ། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་བླ་མ་རྗེའི། །བཀའ་དྲིན་མཁའ་དང་རྒྱ་མཚོ་སྣོད་དུ་ཆུང༌། །ཚུལ་དེ་དྲན་པས་མོས་གུས་གནད་དུ་ཆེ། །དེས་བསྐྱེད་ཆོ་གས་གནས་སྐབས་མཐར་ཐུག་གི །ལམ་ཀུན་འདུས་ཀྱང་ཚོགས་རྟེན་བདག་ལྟ་བུར། །བླ་མའི་རྣལ་འབྱོར་མིང་ཙམ་སྙན་པར་ཟད། །ཐོས་འཛིན་ཨུཏྤལ་མང་ཐོས་སྦྲང་རྩིའི་གཏེར། །ལོག་འཚོའི་ལྟོ་འགྲངས་སོས་དལ་སོར་མོའི་འགྲོས། །ཡིན་མདོག་ཁ་པོའི་ཡི་གེའི་སྦྱོར་བ་འདི། །གཞན་མགོ་བསྐོར་བའི་བསླུ་བྲིད་ཙམ་དུ་བས། །ཤེས་མདོག་རིས་མེད་བསྟན་པའི་མན་ངག་འཇའ། །བདག་བློའི་སྤྲིན་ནག་ངོགས་སུ་བཀྲག་ཆེ་ཡང༌། །ཉམས་ལེན་སྣང་བ་མེད་པའི་ཚོན་རིས་འདིས། །གཞན་རྒྱུད་གྲོལ་བའི་རེ་བ་ཅང་མ་མཆིས། །དེ་ལྟ་ན་ཡང་ལས་ཉོན་བྲག་རིའི་དྲུང༌། །གཞན་བསྐུལ་སྒྲ་ཡི་ཅ་ཅོ་འདི་བྱུང་བ། །རང་ལ་མི་ནོངས་དད་ལྡན་རེ་བ་རྫོགས། །བླ་མ་སྐུ་བཞིའི་དབྱིངས་སུ་གྲོལ་གྱུར་ཅིག །ཅེས་མདོ་སྨད་དུ་སྐྱེས་པའི་དཱ་རི་དྲ་སྨྲ་བ་མང་པོའི་རྒྱུད་མང་མཁན་ཞིག་ནུབ་ཕྱོགས་སྐད་རིགས་དང་སྤྱོད་ལམ་མི་གཅིག་པའི་རྒྱལ་ཁམས་སུ་འཁྱམས་པའི་ཚེ་མཁས་བཙུན་གྲུབ་པའི་རྣམ་ཐར་སྔ་འགྱུར་བསྟན་པའི་རྒྱན་དུ་མཛེས་པའི་རྣམ་འདྲེན་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ནས་ཐུན་མོང་མ་ཡིན་པའི་ཐུགས་བརྩེ་དང་དད་མོས་ཀྱིས་རྩ་བ་གསུམ་གྱི་སྣང་བརྙན་གྱི་རྟེན་གཙོའི་གནང་སྐྱེས་གྱ་ནོམ་པ་དང་བཅས་བཀའ་ནན་གྱིས་བསྩལ་བ་དང༌། རྒྱ་མཚོ་ཆེན་པོའི་ཕ་རོལ་འདན་མག་གི་རྒྱལ་ཁམས་ནས་དད་སློབ་གཞོན་ནུ་ཨེ་རིག་པདྨ་ཀུན་བཟང་སོགས་ཁོ་བོ་ལ་བླ་མར་མཐོང་བའི་སློབ་ཚོགས་དུ་མས་བསྐུལ་ཏེ་བྲིས་པ་འདི་ཡང་འཁོར་ལོའི་མགོན་པོ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་འོད་གསལ་ཆོས་སྐུའི་དབྱིངས་སུ་སྙོམས་པར་ཞུགས་པའི་དུས་ཀྱི་མཆོད་པའི་ཉིན་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་རྒྱལ་ས་ལྟེ་བ་བདེ་ཆེན་ཆོས་གླིང་ཞེས་སུམ་རྩེན་ལེགས་བྲིས་ཀྱི་ཀུན་དགའི་དོ་རར་འགྲན་པར་བསྟི་བའི་སྐབས་རྫོགས་པར་བྱས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ་འཇུག་པའི་སྐལ་བཟང་དུ་གྱུར་ཅིག །སྭ་སྟི། གང་ཞིག་ཐུབ་བསྟན་སཱ་ལའི་སྨན་ལྗོངས་སུ། །དྲངས་པའི་ཤིང་རྟ་མ་ལུས་རྗེ་བླ་མའི། །ཐུགས་གསང་དཔལ་གྱི་བེའུར་རབ་བཀྲ་བ། །ཡང་དག་རིགས་པས་འདོམས་མཁས་ཁྱོད་མིན་སུ། །ཚོགས་རྟེན་དངོས་གཅིག་དུ་མའི་འཕྲུལ་གྱིས་རྒྱུད། །ཁྱད་ཆོས་རེ་རེས་མ་འདྲེས་འགྲོལ་བའི་གནད། །ཟབ་དགུའི་ཁྲིད་ཡིག་ནོར་བུ་ཀུན་ཚང་འདི། །སྔོན་མེད་ངོ་མཚར་མཛོད་ཆེན་འདི་ཁོ་ན། །བདག་འདྲ་སྙིགས་འགྲོས་གཏན་འདུན་སྒྲུབ་མི་ཁོམ། །ཁོམ་ཀྱང་རྣམ་མང་མཐའ་རྒྱ་ཆོད་ལ་རྡུགས། །དེ་བས་སྙིང་བཅུད་ལོངས་སུ་སྤྱོད་འདོད་ན། །ཡང་ཟབ་འདི་ལས་བྱ་སླ་ཁེ་ཆེ་གང༌། །དེ་ཕྱིར་ཆོས་ཀྱི་རིང་བསྲེལ་ཟླ་བའི་དྲི། །བྱང་ཆེན་ཟིལ་ཕོ་གསར་པས་ཉེར་སྤུད་པ། །ལས་ཅན་ཀུན་གྱི་རྒྱན་དུ་མ་སྙིགས་པར། །རྟག་ཏུ་ཕན་བདེའི་སྣང་བ་རྒྱས་གྱུར་ཅིག །ཅེས་པ་འདི་ཡང་རྗེ་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན་གང་གི་དངོས་སློབ་མི་ཕྱེད་པའི་དད་པས་ཕྱུག་ཅིང༌། སྒྱུ་མའི་ནོར་རྫས་རྣམ་དཀར་གྱི་ཕྱོགས་སུ་སྙིང་པོ་ལེན་ཕོད་པ་སྟེ། འཛམ་གླིང་ཆུ་ལྷའི་ས་ཕྱོགས་ཨ་མེ་རི་ཀ་བ་མ་རི་ལིན་འམ་དགེ་ཚུལ་མ་ངག་དབང་ཆོས་སྒྲོན་དང༌། འདན་མག་པ་གཞོན་ནུ་བློ་གྲོས་ཅན་ཨི་རིག་པདྨ་ཀུན་བཟང་ཟུང་ནས་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ་བའི་སྨོན་ཚིག་ཏུ་དགེ་སྦྱོང་ཝཱ་གེནྡྲ་དྷརྨ་མ་ཏིས་བྲིས་པ་ཛ་ཡནྟུ། སརྦ་མངྒ་ལཾ། དགེའོ།། །།}} | ༄༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཛྙཱ་ན་ཀཱ་ཡ་ཡ། ཡབ་གཅིག་བརྩེ་བ་ཆེན་པོ་བླ་མ་རྗེས། །བདག་གི་སྒོ་གསུམ་རྡོ་རྗེ་གསུམ་དབྱིངས་སུ། །མི་ཕྱེད་མཉམ་པ་ཆེན་པོར་རྗེས་བཟུང་ནས། །བརྗོད་པ་འདི་ཡང་དོན་དང་ལྡན་པར་མཛོད། །དེ་ཡང་དཔལ་སཏྟ་བྷུ་ཊ་ལས། ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་ན་སྲིད་ཐར་མིན། །སྐྱ་བ་འཛིན་པ་མེད་པ་ན། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཞེས་གསུངས་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བླ་མ་སངས་རྒྱས་སུ་ཤེས་ནས་བཀའ་དྲིན་སངས་རྒྱས་ལས་ལྷག་པར་རྗེས་སུ་དྲན་པའི་མོས་གུས་གཡོ་ཟོལ་མེད་པར་གསོལ་བ་བཏབ་པ་གཅིག་པུས་འགྲུབ་པར་ནི་མདོ་རྒྱུད་ཐམས་ཅད་ནས་ཡང་ཡང་གསུངས་ཤིང༌། མཁས་གྲུབ་ཀུན་གྱི་མན་ངག་གིས་བཀྲལ་བས་མདོ་སྔགས་ཀྱི་ལམ་ཐམས་ཅད་དང་མཐུན་ཞིང༌། རྒྱུད་ཀྱི་མན་ངག་དང་གྲུབ་ཐོབ་དགོངས་ཉམས་བྱིན་རླབས་ཀྱི་གཟི་བྱིན་འབར་བའི་ངོ་མཚར་བསམ་གྱིས་མི་ཁྱབ་པ་གསར་རྙིང་ཀུན་ལ་ནོར་བུ་རིན་པོ་ཆེ་ཐང་མར་བརྡལ་བ་སྨིན་གྲོལ་གྱི་རྒྱུན་མ་ཉམས་པ་ནམ་མཁའི་སྐར་ཚོགས་ཙམ་བཞུགས་ཀྱང༌། དེང་སང་ནི་དག་སུམ་སྙན་ངག་ལེའུ་བར་པ་ཙམ་ཤེས་པས་འགྲིག་འགྲིག་ལེགས་ལེགས་བློས་དཔྱད་ཁོ་ན་ལ་ཡིད་བརྟན་འཆའ་ཞིང་དེ་ཁོ་ན་དོན་དུ་གཉེར་བས་རིན་ཐང་རྨད་དུ་བྱུང་བའི་ཟབ་ཆོས་རྣམས་ཉམས་ལེན་ལྟ་ཅི། དཔེ་ཙམ་ཞལ་འབྱེད་མཁན་མེད་པར་ཐལ་རྡུལ་གྱི་ན་བཟས་གཡོགས་ཤིང༌། འབུ་སྲིན་དང་བྱི་བའི་ཁ་ཟས་སུ་གྱུར་པ་བསྟན་པ་ཉམས་པའི་རྟགས་གསལ་བར་བསྟན་པའི་ཚེ་བདག་ལྟ་བུ་ལས་ཉོན་གྱི་ཁུར་ལྕི་ཞིང་མི་ཐེག་པའི་ཁར་དཀོར་ནག་གི་ཐག་པས་དར་གྱི་སྲིན་བུ་རང་གི་ཁ་ཆུས་རང་བཅིངས་ཏེ་ཤི་བ་དང་ཆོས་མཚུངས་པས་ཟབ་ཆོས་འདོན་པའི་རོལ་མོ་སྲང་མདོའི་ཁྱི་སྐད་བཞིན་བསྒྲགས་པའི་རྐྱེན་བྱས་ནས་བླ་མའི་རྣལ་འབྱོར་རྫིག་རྫིག་པོ་ཞིག་ངོ་ཚ་སྤངས་ཏེ། གདོང་ལྤགས་འཐུག་པོས་འབྲི་དགོས་བྱུང་བ་ལ། དམ་རྫས་ཀྱི་ཕབ་གཏའ་ཡུངས་ཀར་ཙམ་ཕྱེ་བྲེ་བཞི་ལྔ་ལ་བསྲེས་ན་དམ་རྫས་མྱོང་གྲོལ་དུ་འགྱུར་བར་གསུངས་པ་བཞིན། འཕགས་པའི་སར་བཞུགས་པ་ཚད་མས་གྲུབ་པའི་སྐྱེས་ཆེན་དམ་པ་དུ་མ་དང་ཆོས་ཉིད་ཀྱི་ཀློང་ན་ངོ་བོ་དབྱེར་མེད་དུ་མོས་པའི་དག་སྣང་དང༌། མདོ་རྒྱུད་ཀུན་གྱི་ལམ་ཟབ་ཐམས་ཅད་བླ་མའི་རྡོ་རྗེ་བཞིའི་ལམ་བྱེད་དུ་བྱས་ནས་ཀུ་སཱ་ལིའི་གོས་ཧྲུལ་ལྟ་བུའི་བླ་རྣལ་ཞིག་བྲིས་པ་ལ། རང་གི་ཁོང་སྙིང་རང་གིས་ཕྱུངས་ཏེ་རང་རྒྱུད་དུ་ཉམས་མྱོང་གི་གདིང་ཏིལ་འབྲུ་ཙམ་མེད་པར་རང་གིས་ཤེས་བཞིན་ཕྱི་རོལ་དུ་ཟབ་ཆོས་ཀྱི་ཁྲོམ་བསྟན་པས་གཞན་དག་མགོ་སྐོར་བཏང་བ་ལ་ལྷ་དང་མཁའ་འགྲོས་བཟོད་པར་མཛད་དུ་གསོལ། །བླ་རྣལ་དངོས་ལ་སྔོན་དངོས་རྗེས་གསུམ་ལས། དང་པོ་ནི། བླ་མའི་རྣལ་འབྱོར་ཞེས་པའི་གོ་དོན་བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་ལྟེམ་རྐྱང་མ་ཤོར་བ་ཞིག་སྐྱེ་བའི་ཐབས་ཉམས་སུ་ལེན་པའི་གནད་དོན་གོ་བས། ཐོག་མར་འོ་སྐོལ་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་ཐ་རྒོད་དེ་བཏུལ་བའི་ཕྱིར་ཚེ་འདིའི་བྱ་བཞག་ཟིན་མེད་ཆུའི་རི་མོ་ལྟ་བུ་དང༌། མ་རྒན་སེམས་ཅན་ཐམས་ཅད་འཁོར་བའི་བྱ་བཞག་མཐའ་དག་ཡིད་རྟོན་མི་རུང་བའི་སྡུག་བསྔལ་གྱི་ལས་ཐབས་འབའ་ཞིག་ཏུ་རང་གཞན་ཐམས་ཅད་འཁྲུལ་ཞིང་འཁོར་བར་འཁྱམས་པར་ཤེས་པ་ལ་སྙིང་རྗེའི་རྩིས་ཟིན་པ་དང༌། བྱ་རྒྱུ་དམ་ཆོས་དང༌། རེ་ས་བླ་མ་ལས་མེད་པར་ཐག་བཅད་ནས་སྐྱབས་སེམས་ཀྱི་ཚིག་ཟིན་ལྟར། ངེས་འབྱུང་གིས་སྐྱེས་བུ་ཆུང་འབྲིང༌། སྙིང་རྗེ་སྐྱེས་བུ་ཆེན་པོ། དག་སྣང་གིས་གསང་སྔགས་ལམ་གྱི་དོན་གནད་ཚང་བས་གནད་དུ་འགྲོ་བར་བྱས་ལ་སྐྱབས་སེམས་ཀྱི་དོན་རྒྱུད་ལ་འདྲེས་ངེས་སུ་བྱ། སྤྱིར་སྔོན་འགྲོའི་བསགས་སྦྱང་ཞེས་པ་བརྗོད་ཚིག་གྲངས་བསགས་ལ་གཙོར་མི་འདོན་པར་ངེས་འབྱུང་དང༌། སྙིང་རྗེ། དག་སྣང་རྣམས་བློ་རྒྱུད་དུ་སྐྱེད་ཐོན་པ་ལ་གོ་དགོས་པ་ལགས། ཚོགས་བསགས་གཙོར་འདོན་སྐབས་གནས་ཡོ་བྱིན་རླབས་ཡོད་ན་ལེགས་པས་སྔགས་རྒྱ་ཏིང་འཛིན་དང་ལྡན་པས་བྱའོ། །དངོས་གཞིའི་ཉམས་ལེན་ལ་གསུམ་ལས། དང་པོ་ཚོགས་རྟེན་གསལ་གདབ་པ་ནི། རྡོ་རྗེ་ཐེག་པ་སྔགས་ཀྱི་ལྟ་སྒོམ་གྱིས་ཞིང་ཁམས་སྦྱང་བའི་ཚུལ་དུ། གང་དུ་འདུག་པའི་གནས་དེ་ཡེ་ཤེས་རང་སྣང་འོག་མིན་སྟུག་པོ་བཀོད་པའི་ཞིང་གནས་སྣང་གཉིས་ཀ་ལ་དག་པ་རབ་འབྱམས་གདོད་ནས་ལྷུན་གྱིས་གྲུབ་པའི་ལྟ་གདིང་གིས་གསལ་བཏབ་པའི་དབུས་སུ་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་གདབ་པར་བྱ་སྟེ། དེའི་རྒྱུ་མཚན་ཡང་རྗེ་ཐམས་ཅད་མཁྱེན་གཟིགས་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་སུ། རྒྱལ་ཡུམ་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང༌། །སྣང་སྲིད་དག་པ་རབ་འབྱམས་འཁོར་ལོར་ཤར། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གསལ་བར་གཟིགས། །གྲུབ་པའི་ཁྱུ་མཆོག་ཁྱོད་ལ་གསོལ་བ་འདེབས། །ཞེས་པའི་དགོངས་དོན་ལྟར་རྗེ་བླ་མའི་ཐུན་མིན་ཐུགས་དམ་གསང་བའི་ལྷ་མཆོག་ཡིན་པ་དང༌། མཆོག་བདེའི་ཡེ་ཤེས་བསྐྱེད་པའི་དབང་རྟེན་དུ་ཤེས་རབ་ཀྱི་ཆར་བསྔགས་པ་དང༌། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཐབས་ཤེས་འདུ་འབྲལ་མེད་པའི་བརྡ་རྟགས་སུ་མཚོན་པའི་མདུན་དུ། ལས་ཉོན་བག་ཆགས་ཀྱི་སྒྲིབ་པ་དག་པས་མཇལ་ན་བླ་མ་རྡོ་རྗེ་འཆང་ངམ། རྡོ་རྗེ་སེམས་དཔའ་རུ་བཞུགས་ཀྱང་སྐུའི་རྣམ་པ་དེ་མཇལ་བའི་སྐལ་བ་མེད་པ་ལ་དགོངས་ནས་མི་ཡི་གཟུགས་ཀྱི་ཞལ་མཐོང་གསུང་ཐོས་ཀྱི་བཀའ་དྲིན་ནོད་པ་ལས་སྨོན་འབྲེལ་ཆེ་ཤོས་ཡིན་པས་བྱིན་རླབས་མྱུར་བར་གསུངས་པ་ལྟར་ད་ལྟའི་སློབ་མའི་དོན་དུ་ཁོ་བོའི་མིང་དང་གཟུགས་ལྟར་བྲིས་པ་ལ། དེའི་སྙིང་དབུས་སུ་ངོ་བོ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བི་མ་ལ་དངོས་དང་རྣམ་དབྱེར་མེད་པའི་མཁྱེན་བརྩེའི་དབང་པོ་མཆོག་གི་སྤྲུལ་པའི་སྐུ་ཡེ་ཤེས་སེམས་དཔའི་ཚུལ་དུ་སྟོན་ཅིང༌། དཔེར་ན་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་ངོར་ཐང་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ནག་པོ་ལུགས་ཀྱི་བདེ་མཆོག་གི་དབང་གསན་སྐབས་བུམ་པའི་ཆུ་དབང་མ་རྫོགས་བར་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་སུ་གཟིགས་པ་བཞིན་གདུལ་བྱ་མཐོང་ལམ་པ་ཡན་ཆད་ཀྱི་བླ་མ་ལོངས་སྐུར་མཇལ་ཞིང་གཟུགས་སྐུའི་མཐར་ཐུག་ཡིན་པ་དང༌། གསང་བ་སྔགས་ཀྱི་སྟོན་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་ངེས་པའི་ཕྱིར་ཡེ་ཤེས་སེམས་དཔའི་ཐུགས་ཀར་འཇམ་དཔལ་ཁྲག་འཐུང་ཕྱག་རྒྱ་ཟིལ་གནོན་བསྒོམ་པས་བླ་མ་སྐུ་གསུམ་ཕྱི་ནང་གསང་བ་ཆིག་དྲིལ་གྱི་སྒྲུབ་པའི་གནད་ཚང་བ་དང༌། ཀུན་མཁྱེན་འཇམ་དབྱངས་བླ་མ་ཉིད་བསྟན་པ་ཡོངས་རྫོགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་མཁས་གྲུབ་ཀྱི་ཡོན་ཏན་མཐར་ཕྱིན་པ་འཇིག་རྟེན་གསུམ་ན་གྲགས་ཤིང་རྡོ་རྗེའི་གསུང་གི་ཐ་ཚིག་གིས་ཞལ་གྱིས་བཞེས་པའི་བྱིན་རླབས་ཐོབ་ཅིང༌། རང་ཉིད་ཀྱང་དེའི་རྗེས་སུ་སློབ་པའི་རྟེན་འབྲེལ་དུ། དེ་བཞིན་གཤེགས་པས་མཐའ་འཁོབ་འདུལ་བ་ལ་ཀཱ་ཏྱཱ་ཡ་ན་དང༌། མ་སྐྱེས་དགྲ་འདུལ་བ་ལ་འཇམ་དཔལ་བསྔགས་པ་བཞིན་གདུལ་བྱ་འདུལ་བྱེད་ཀྱི་ལམ་སོ་སོའི་བཀའ་བབས་དང་ཀུན་གཟིགས་འཇམ་དབྱངས་བླ་མ་མཆོག་ཉིད་ཡུལ། རིགས། མཚན། རྣམ་པ་གཅིག་ཏུ་མ་ངེས་པར་བསྟན་པའི་སྐུ་སྟེ་དངོས་གཅིག་དུ་མའི་རོལ་གར་དུ་གསུངས་བའི་ཆེ་བ་ངོ་ཤེས་པའི་ཕྱིར། མདུན་དུ་བྱང་ཆུབ་སེམས་ཀྱི་མངའ་བདག་འབྲོམ་སྟོན་ཨུ་པཱ་སི་ཀ །གཡས་སུ་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་དངོས་རྗེ་བཙུན་གྲགས་པ་རྒྱལ་མཚན། རྒྱབ་ཏུ་འབྲེལ་ཚད་དོན་ལྡན་གྱི་ཆོས་སྐུའི་སྟོན་པ་མཉམ་མེད་དྭགས་པོ། གཡོན་དུ་རྣལ་འབྱོར་མཐར་ཐུག་སྦྱོར་བ་ཡན་ལག་དྲུག་དང༌། རྡོ་རྗེའི་བསྙེན་སྒྲུབ་ཀྱི་ཟབ་ལམ་ས་བཅུ་དབུ་མར་རྫོགས་པའི་རྟོགས་ལྡན་ཟླ་བ་སེང་གེ །སྤྱི་གཙུག་ཏུ་བཀའ་གཏེར་བསྟན་པའི་བདག་པོ་སློབ་དཔོན་སངས་རྒྱས་གཉིས་པ། དེའི་རིགས་བདག་འཇམ་དཔལ་དབྱངས། འཁོར་དུ་སྐྱབས་གནས་རྒྱ་མཚོའི་ཚོགས་དང་བཅས་པ་ཀུན་ཀྱང་རྣམ་པ་གཙོ་འཁོར་དུ་སྟོན་ཀྱང་ངོ་བོ་དཔལ་ལྡན་བླ་མ་གཅིག་གི་ཡེ་ཤེས་ལས་གཞན་དུ་མ་དམིགས་པར་གསལ་གདབ་པ་སྟེ། དེ་ཐམས་ཅད་ཞལ་མཐོང་བ་ཙམ་གྱིས་ཐ་མལ་པའི་རྣམ་རྟོག་གཅོད་པ། སྤྱན་གཟིགས་པ་ཙམ་གྱིས་བྱིན་རླབས་ཀྱི་གཟི་བྱིན་འབེབས་པ། ཐུགས་དགོངས་གཏད་པ་ཙམ་གྱིས་ཡེ་ཤེས་བཙན་ཐབས་སུ་འཆར་བ། རྗེས་སུ་དྲན་མ་ཐག་ཏུ་ཐུགས་རྗེའི་ཤུགས་གཡོ་བ། གཅིག་ཆོག་སྐྱབས་གནས་ཡོངས་ཀྱི་རྒྱལ་པོར་མངོན་སུམ་བཞིན་དུ་བཞུགས་པར་གསལ་གདབ་ཅིང་ཡིད་རྩེ་གཅིག་ཏུ་གཏད་པར་གལ་ཆེའོ། །གཉིས་པ་བསག་སྦྱང་གི་སྙིང་པོ་ཡན་ལག་བདུན་བྱ་བ་ནི། ཚོགས་ཞིང་ལ་དད་མོས་སྐྱེས་ནས་དེ་ཉིད་གོང་འཕེལ་དུ་བྱེད་པ་དང༌། བྱིན་རླབས་འཇུག་པ་ལ་རྒྱུད་རྣམ་པར་དག་དགོས་པས་དེའི་ཐབས་ཟབ་ཤོས་ཡན་ལག་བདུན་གྱིས་བསག་སྦྱང་བྱ་བའི་དམིགས་རྣམ་ལ། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་མཁའ་མཉམ་གྱི་འགྲོ་བ་དང་ལྷན་ཅིག་ལག་པ་ཐལ་མོ་སྦྱར་ནས་ལུས་ཀྱི་གནས་ལྔ་ས་ལ་གཏུགས་པས་བཏུད། ངག་བསྟོད་ཚིགས་དབྱངས་སུ་ལེན། །ཡིད་དད་གུས་ཀྱི་གདུང་ཤུགས་ཕྱུང་བས་གྲུབ་ན་ལུས་ཕྱག་དངོས་སུ་བྱ་བའམ། སེམས་ཀྱིས་དམིགས་པས་ཀྱང་རུང༌། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་བྱིན་གྱིས་བརླབས་ནས་འབུལ་བ་སྟེ། ཀུན་བཟང་མཆོད་སྤྲིན་ཞེས་པ་ནི་ནམ་མཁའི་མཐས་གཏུགས་པའི་ཞིང་ཁམས་ཐམས་ཅད་མཆོད་རྫས་ཀྱིས་གཏམས་པ་དང༌། དེ་དག་གི་རྡུལ་ཕྲན་རེ་རེ་ལ་ཡང་ནམ་མཁའ་དང་མཉམ་པའི་མཆོད་སྤྲིན་གཏིབས་པ་དང༌། མཆོད་པ་དེ་དག་གི་འོད་ཟེར་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་གང་བའི་ཡོ་བྱད་ཀྱི་ཆར་འབེབས་པ་སོགས་མདོ་ལས་གསུངས་པ་ལྟར་མོས་པས་འབུལ། ཁྱད་པར་རང་ལུས་ཕུལ་ན་བླ་མའི་བཀའ་བཅག་པ་དང་ཐུགས་དཀྲུགས་པའི་ཉེས་པ་ལྕི་བ་ཡང་བྱང་བར་གསུངས་ཤིང༌། ལུས་ཀྱང་བྲན་གྱི་ཚུལ་དུ་འབུལ་བ་དང༌། ལུས་བདུད་རྩིར་བྱས་ཏེ་འབུལ་བ་གཉིས་གང་ཡིན་ཀྱང་ཕན་ཡོན་ལ་ཁྱད་པར་མེད། ལུས་བདུད་རྩིར་དམིགས་པས་བསྒྱུར་ཏེ་ཨོཾ་ཨཱཿཧཱུྃ་བརྗོད་བཞིན་འབུལ་བ་ལས་ངག་འདོན་དམིགས་བསལ་མི་དགོས། ཚེ་རབས་ཀྱི་སྡིག་པ་སྤྱི་དང་ཁྱད་པར་བླ་མའི་སྤྱན་སྔར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཁས་མ་བླངས་བ་མེད་ཅིང༌། ལག་ལེན་ལ་བསམ་དུས་ཁ་ཆག་སྣ་རལ་ལས་བློ་གཏད་འཕེར་བ་སྣ་གཅིག་མེད་པས། སྡིག་ལྟུང་སྔར་བྱས་ལ་གནོང་འགྱོད་དྲག་པོ་དང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་སྲུང་སྡོམ་རྩ་བ་ནས་མི་བཏང་ཞིང༌། བག་ཡོད་ཅི་ནུས་སུ་བྱ་སྙམ་པའི་སྡོམ་སེམས་བཟུང༌། བླ་མ་རྒྱལ་བ་སྲས་བཅས་རྣམས་ཀྱིས་དམ་པའི་ཆོས་བསྟན་པ། ཆོས་ཀྱི་མཛོད་བཟུང་བ། སངས་རྒྱས་ཀྱི་ཞིང་སྦྱང་བ། སེམས་ཅན་སྨིན་གྲོལ་དུ་མཛད་པ། ཡེ་ཤེས་ཀྱི་སྒོ་ཚད་མེད་པ་བསྒྲུབ་པ་ལ་སོགས་པའི་ཚོགས་གཉིས་ཀྱི་སྤྱོད་པ་འབྲས་བུ་དང་བཅས་པ་ཐམས་ཅད་ལ་རིན་པོ་ཆེའི་གཏེར་རྙེད་པ་ལྟར་དགའ་ཞིང་སྙིང་ནས་རྗེས་སུ་ཡི་རང་བ་དང༌། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་རྒྱུ་དང་བཅས་པ་མཐའ་དག་ནི་བླ་མའི་གསུང་དམ་པའི་ཆོས་ཀྱི་སྣང་བ་གཅིག་པུའི་མཐུ་ལ་རག་ལས་པས་གདུལ་བྱའི་འཇིག་རྟེན་ལ་ཐུགས་བརྩེ་བས་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བར་གསོལ་བ་འདེབས་པའི་རྟེན་དུ་གསེར་སྦྱང་གི་འཁོར་ལོ་དང་དུང་དཀར་གཡས་འཁྱིལ་འབུལ་ཞིང༌། འགྲོ་བ་ཐམས་ཅད་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། དེ་ལྟ་བུའི་གསུང་གི་ཕྲིན་ལས་དེ་སྐུ་ལ་བརྟེན་པ་ཡིན་པས་ཕྱི་མའི་མཐར་ཐུག་གི་བར་དུ་གཟུགས་སྐུ་བསྟན་པ་རྒྱ་མཚོའི་དཔལ་དུ་བཞུགས་པར་རྡོ་རྗེའི་གདན་ཁྲི་ཕུལ་ཏེ་གསོལ་བ་དང༌། དེ་དག་གིས་མཚོན་པའི་དུས་གསུམ་གྱིས་དགེ་ཚོགས་ཐམས་ཅད་རང་གཞན་ཡིད་ཅན་མཐའ་དག་བླ་མ་སངས་རྒྱས་རིན་པོ་ཆེ་དང་འབྲལ་བ་མེད་པར་ཐེག་པ་མཆོག་གི་ལམ་དུ་རྗེས་སུ་འཛིན་པ་དང༌། དེས་ཇི་ལྟར་གདམས་པའི་བཀའ་བཞིན་བསྒྲུབ་པ་དང༌། སྒྲུབ་པ་མཐར་ཕྱིན་ཏེ་ཐམས་ཅད་གཟིགས་པའི་གོ་འཕང་ལ་རེག་པའི་རྒྱུར་སྙིང་ནས་སྨོན་ཞིང་བསྔོ་བ་རྣམས་རེ་རེ་བཞིན་གནད་ལ་ཐེབས་པར་བྱ་སྟེ། བླ་མ་བསྟེན་ཐབས་ལ་བསམ་སྦྱོར་གཉིས་ལས། བསམ་པ་ནི་གོང་འོག་ཏུ་སྨོས་པའི་དམིགས་པ་རྣམས་ཏེ། སྦྱོར་བ་རྙེད་པ་དང་བཀུར་བསྟི་དང་རིམ་གྲོའི་སྒོ་ནས་བསྟེན་ཚུལ་གྱི་དོན་འདིར་ཚང་ངོ༌། །མཆོད་པའི་བྱེ་བྲག་མཎྜལ་ནི། ཚད་ཡོངས་སུ་མེད་པའི་མཆོད་པ་ཞེས་ཚོགས་བསགས་ཐམས་ཅད་ཀྱི་རྒྱལ་པོར་བསྔགས་པ་སྟེ། རྙིང་ལུགས་སུ་སྐུ་གསུམ་གྱི་ཞིང་གི་མཎྜལ་དང༌། སྤྱིར་བཏང་རྒྱས་པ་ཚོམ་བུ་སོ་བདུན་དང༌། བདུན་མ་གང་འོས་ཕུལ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང༌། དམིགས་རྣམ་སོགས་ཡོངས་སུ་གྲགས་པ་ལྟར་བྱའོ། །བླ་མའི་རྣལ་འབྱོར་ཁོ་ན་ལ་བརྟེན་ནས་སྔོན་འགྲོ་འབུམ་ལྔ་གསོག་པར་འདོད་ན་སྐྱབས་སེམས་དང་སྟོབས་བཞིའི་གོ་དོན་སོགས་སྤྱི་ལྟར་ཤེས་པར་བྱས་ནས་ཡན་ལག་བདུན་གྱི་སྔོན་དུ་གོང་གསལ་སྐྱབས་སེམས་སྦྲེལ་མ་འབུམ་ཕྲག་བསག །ལུས་ཕྱག་དངོས་སུ་འཚལ་བ་སྐྱབས་སེམས་ཀྱི་སྐབས་སམ་ཡན་ལག་བདུན་པ་གང་རུང་ལ་བྱ། རང་ལུས་ཐ་མལ་དང་བླ་མ་གཙོ་བོ་ཉིད་རྡོར་སེམས་སུ་གནས་བསྒྱུར་བའམ། ཡང་ན་གཙོ་འཁོར་ལྔ་དབུས་རྡོ་རྗེ་སེམས་དཔའ། ཤར་དེ་བཞིན་རིགས་ཀྱི་རྡོར་སེམས་སོགས་རིགས་ལྔར་གནས་བསྒྱུར་བའི་ཐམས་ཅད་ཀྱི་ཐུགས་ཀར་ཧཱུྃ་ཡིག་རང་མདོག་གི་མཐར་ཡིག་བརྒྱས་བསྐོར་བ་ལས་བདུད་རྩི་འབེབས་སྦྱོང་གི་དམིགས་པ་དང་བཅས་ཡིག་བརྒྱ་གྲངས་བསག །བཤགས་སྦྱང་གཙོ་བོར་བྱེད་ན་ཡིག་བརྒྱ་བཟླས་པའི་གཤམ་དུ་དགོངས་གཏེར་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས་འབྱུང་བའི་ལུས་ངག་ཡིད་ཀྱི་བཤགས་པ་དང༌། མི་ཕམ་འཇམ་པའི་དབྱངས་ཀྱི་རྡོ་རྗེའི་གསུང་ཀློང་བཤགས་ཀྱང་སྦྱར། བསྡུ་ན་མགོན་པོ་བདག་ནི་མི་ཤེས་སོགས་བཤགས་ཚིག་བརྗོད། མཎྜལ་དང་གསོལ་འདེབས་དཀྱུས་ལྟར་བྱས་ཀྱང་རུང་ངོ༌། །གསུམ་པ་ཉམས་ལེན་གྱི་གཙོ་བོ་གསོལ་འདེབས་དངོས་ནི། བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་བྱིན་རླབས་ཞུ་བའི་ཕྱིར་དམིགས་འདུན་རྩེ་གཅིག་ཏུ་གཏད་པས་མོས་གུས་གདུང་ཤུགས་དྲག་པོས་འཕྲུལ་བརྡེག་བྱས་ན་ཐུགས་རྗེ་སྨོན་ལམ་གཏིང་ནས་ལྷོངས་ནུས་པ་འབྱུང་ངེས་པས་ཕུར་ཚུགས་སུ་གསོལ་བ་གདབ་པ་ཞེས་གསུངས། དེ་འདྲའི་མོས་གུས་སྐྱེ་བ་ལ། གཏན་བདེའི་གོ་འཕང་སྒྲུབ་ལུགས་དང༌། ལྷག་པར་རང་གཞན་མཐའ་དག་གཏན་བདེའི་མཆོག་དང་སྤྲད་པའི་ལམ་མ་ནོར་བ་ཞིག་ལག་བཅངས་སུ་སྤྲོད་མཁན་བླ་མ་ལས་གཞན་སུ་ཡང་མེད། ཐམས་ཅད་མཁྱེན་པའི་ལམ་མ་ནོར་བ་དང༌། ལྷག་ཆད་མེད་པ། གོང་འོག་མ་འཆོལ་བ་ཉམས་སུ་ལེན་ལུགས་ཀྱི་གནད་ཐམས་ཅད་བླ་མས་གསལ་བར་བསྟན་ནས། རང་གི་བཀའ་བཞིན་བསྒྲུབ་ནུས་ན་སངས་རྒྱས་ཀྱི་ས་ལ་ཐོགས་པ་མེད་པར་འགྲོ་ཆོག་ངེས་ཀྱི་ཕྲིན་ལས་མཛད་པའི་བཀའ་དྲིན་ཞིབ་ཏུ་བསམས་ན། ཕྱོགས་དུས་ཀྱི་སངས་རྒྱས་སྲས་བཅས་ཀུན་གྱི་མཁྱེན་གཉིས་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྤྱི་གཟུགས་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་མཇལ་ཀྱང་དེ་བས་ཟབ་པ་དང༌། རླབས་ཆེ་བ་དང༌། གྱ་ནོམ་པའི་ཆོས་ཤིག་བསྟན་དུ་མེད། རང་གི་ཐོས་པས་གོ་མ་ཆོད་པར་འདུག་པས་འདུ་འཛིའི་འཆིང་བ་སྐྱུར་ཅི་ནུས། གཡེང་བ་ཅི་ཁེག་བྱས་ནས། བླ་མའི་རྣམ་ཐར་མིན་པ་བསམ་རྒྱུ་མེད་པ་དང༌། མོས་གུས་སྒོམ་པ་མིན་པ་བྱ་རྒྱུ་མེད་པ། འཕྲལ་ཡུན་གྱི་འདུན་མ་གང་ལ་ཡང་ཐབས་གཞན་མི་ཚོལ་བར་མོས་གུས་དཀར་པོ་ཆིག་ཐུབ་ལ་བློ་གཏད་ཆིག་དྲིལ་དུ་ནུས་བ་ཞིག་དགོས། རང་གི་བླ་མ་དེ་ཡོན་ཏན་བཟང་པོ་ཞིག་ཡིན་བསམ་པ་དང༌། བཀའ་དྲིན་ཆེ་སྙམ་པའི་ཡིད་བྱེད་ཐུམ་ཐུམ་ཡུན་རིང་གོམས་པ་རྐྱང་པས་ཀྱང་དད་གུས་ལ་ཡར་སྐྱེད་འདོན་མི་ཐུབ་པས་བླ་མའི་མཁས་བཙུན་བཟང་གྲུབ་ཀྱི་ཡོན་ཏན་སྒོ་དུ་མ་ནས་སེམས། དངོས་དང་བརྒྱུད་ནས་ཐུགས་བརྩེའི་བཀའ་དྲིན་ཆེ་ཚུལ་བསམ་པས་མོས་གུས་རྩལ་སྦྱང་གལ་ཆེ། དེ་ལྟར་བསམས་ན་རྒྱལ་ཀུན་ཐུགས་རྗེ་བརྩེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྣམ་རོལ་འཕགས་པ་སྤྱན་རས་གཟིགས་ལྟ་བུས་དངོས་སུ་རྗེས་སུ་བཟུང་ཡང་དེ་བས་ལྷག་པ་མཛད་རྒྱུ་མ་མཆིས་ཤིང༌། ཐུགས་རྗེ་དེའི་ཤུགས་ཀྱིས་དུས་ངན་སྙིགས་མ་ལྔ་བདོ་འདི་ལྟ་བུའི་སྐབས་སུ་ཡང་དོན་དམ་ཡེ་ཤེས་ཀྱི་ཀློང་ན་འཇམ་དཔལ་དབྱངས་དང་དབྱེར་མེད་ཀྱང་རྣམ་པ་དགེ་བའི་བཤེས་སུ་བསྟན་པའི་མཛད་པ་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་གྱིས་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ་མཛད་ནས་འཕགས་ཡུལ་ཤིང་རྟ་ཆེན་པོ་རྣམས་དང་དབྱེར་མེད་པས་གཙུག་ལག་རྒྱ་མཚོའི་ཕ་མཐར་བརྒལ་བས་མཁས་ཤིང༌། མཆོག་གི་རྡོ་རྗེའི་ཡེ་ཤེས་དངོས་སུ་གྲུབ་པའི་གྲུབ་བརྒྱའི་དབུས་ནས་དབང་པོའི་མིག་ལྟ་བུར་མཚུངས་མེད་རྣམ་འདྲེན་ཆེན་པོ་འདི་མཐོང་ཐོས་དྲན་པ་ཙམ་གྱིས་དམྱལ་བ་རི་གཟར་གྱི་འབབ་ལྟར་ཤུགས་དྲག་ཏུ་རྒྱུག་པའང་གཏན་བཟློག་བྱས་ཏེ་སངས་རྒྱས་ཀྱི་ས་ལ་དཔག་ཆེན་གྱི་མདའ་ལྟར་འཕེན་པའི་ནུས་མཐུ་མངོན་ཤེས་དྲུག་དང་དབང་བཅུ་ཐོགས་པ་མེད་པས་གསང་བདག་ཕྱག་ན་རྡོ་རྗེ་ལྟ་བུ་སྟེ། དེ་ལྟ་བུའི་གང་ཟག་མཐོང་བ་དང༌། ཐོས་པ་དང༌། ཡིད་ལ་དྲན་པ་རྣམས་ཀྱང་རྡོ་རྗེ་འཆང་གི་ས་ལ་རེག་ངེས་པར་རྒྱུད་སྡེ་ཆེན་པོ་རྣམས་ལས་གསུངས་བའི་རྡོ་རྗེའི་སློབ་དཔོན་སྒྲ་ཇི་བཞིན་པ་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྟེ། དེ་ལ་དུས་གསུམ་ཀུན་མཁྱེན་ཨོ་རྒྱན་ཆེན་པོས་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བའི་ཆབ་སྲིད་ལ་དབང་བསྒྱུར་བའི་མཚན་པདྨ་འོད་གསལ་མདོ་སྔགས་གླིང་པ་གསོལ་བ་ལ་གསོལ་བ་འདེབས་པའོ། །ཁྱེད་ནི་ཕྱོགས་དུས་ཀུན་ཏུ་སོ་སོར་བྱོན་པའི་སངས་རྒྱས་ཀྱི་གྲངས་མཐའ་བློས་མི་དཔོག་པའི་ཐུགས་བསྐྱེད་དང་རྣམ་ཐར་རེ་རེ་བཞིན་ངོ་མཚར་བསམ་གྱིས་མི་ཁྱབ་པ་ཟག་མེད་ཡོན་ཏན་མངའ་བ་ཀུན་ཀྱང༌། ཡུལ་ཆོས་ཀྱི་དབྱིངས་ལ་རྒྱུད་ཐ་དད་མེད་པས་ཐམས་ཅད་ཀྱང་དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་དབྱིངས་སུ་རོ་གཅིག་ཏུ་འཁྱིལ་བའི་གཏེར་ཆེན་པོའི་བུམ་བ་བཟང་པོ་ལྟ་བུ་དགོངས་པས། མོས་གུས་ཅན་གྱི་རེ་བ་ཡིད་བཞིན་དུ་སྐོང་བའི་དངོས་གྲུབ་ཟད་མི་ཤེས་པའི་དཔལ་དང་ལྡན་པའི་རིགས་བརྒྱའི་ཁྱབ་བདག་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་དུ་མ་རོ་གཅིག་གི་ཡེ་ཤེས་ཆེན་པོས་བདག་ཅག་ཐ་མལ་ལྟར་སྣང་བའི་སྒོ་ལུས་ངག་ཡིད་གསུམ་དག་པ་ཡེ་ཤེས་ཆེན་པོའི་སྐུ་གསུམ་བླ་མའི་དཀྱིལ་འཁོར་དང་རོ་གཅིག་ཏུ་སྨིན་ཅིང་གྲོལ་བས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་སེམས་ཅན་སངས་རྒྱས་སུ་ཡུད་ཙམ་ཞིག་གིས་བསྒྱུར་ནས་ཆུ་དང་འོ་མ་ལྟར་ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་བརླབ་ཏུ་གསོལ། མདོར་ན་དཀོན་མཆོག་བརྩེགས་པ་ལས། བཟང་པོ་སངས་རྒྱས་གཅིག་ལ་མཆོད་བྱས་ན། །ཕྱོགས་བཅུའི་རྒྱལ་བ་ལ་ནི་མཆོད་འགྱུར་ཏེ། །འདི་ལྟར་དེ་དང་ང་ཡི་ཆོས་དབྱིངས་དང༌། །ཐ་དད་བྱ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་སྲས་ཉན་རང་བྱང་སེམས་དང་བཅས་པའི་སྟོན་པ་དུས་གསུམ་དུ་བྱོན་པའི་རྒྱལ་བའི་གསང་བ་བསམ་གྱིས་མི་ཁྱབ་པ་རྒྱན་གྱི་འཁོར་ལོའི་ཟག་མེད་ཀྱི་རྣམ་ཐར་ངོ་མཚར་བློ་ལས་འདས་པ་མ་ལུས་པ་རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་ལ་རྫོགས་པར་མངའ་བ་བཞིན་བདག་གིས་ཆེ་བ་དེ་རྗེས་སུ་དྲན་པའི་ཡིད་ཆེས་རྩེ་གཅིག་པས་གསོལ་བ་འདེབས་པས་ན། མཁའ་ཁྱབ་ཀྱི་འགྲོ་ཀུན་སྲིད་ཞིའི་མཐའ་ལས་གྲོལ་བ་ལ་རྗེ་བཙུན་འཕགས་པའི་ཐུགས་བསྐྱེད་དང་མཛད་པ་དེ་བཞིན་འགྲུབ་པར་ཤོག་ཅེས་སྨོན་པའོ། །དེ་དག་ནི་བླ་མ་འཇམ་པའི་དབྱངས་དང་མཁྱེན་བརྩེའི་དབང་པོ་དབྱེར་མེད་པའི་རྣམ་ཐར་གསེར་སྦྱང་གི་ཞུན་མ་ལྟ་བུ་ལ་བསམ་ནས་བྲིས་པའོ། །དེས་ནི་མོས་གུས་ཅན་གྱི་གང་ཟག་ལ་བླ་མ་སངས་རྒྱས་ཀྱི་དགོངས་རྒྱུད་ཡེ་ཤེས་འཕོ་བའི་ཐུགས་དམ་སྐད་ཅིག་ཀྱང་མི་བསྙེལ་བའི་ཚུལ་ཡང་ཡང་བསམ། ངེས་ཤེས་བསྐྱེད། བློ་སྙིང་གཏད་དེ་མོས་གུས་ཀྱི་ཉམས་ཅི་ཐོན་བྱས་ལ་རྩེ་གཅིག་འདུན་པའི་ཁུར་ལ་དྲངས་ནས་གསོལ་བ་གདབ་ཅིང༌། སྐབས་ཅི་རིགས་པར་རང་སེམས་བླ་མ་བསྲེ་བའི་ཚུལ་གྱིས་ཤེས་པ་ཁོང་ཀློད་དེ་རང་བབ་ཀྱི་ངང་ལ་བཞག་ཅིང་ངལ་གསོ། མཚན་སྔགས་ནི། ཨོཾ་བྱིན་རླབས་འབྱུང་པའི་རྟེན་སྐུ། ཨཱཿདངོས་གྲུབ་སྩོལ་བའི་མཐུ་ནུས་བརྟན་པ་གསུང༌། ཧཱུྃ་དགོངས་པའི་རྩལ་གྱི་ཕྲིན་ལས་ལྟ་བུར་གྱུར་པའི་སྔགས་ཐུགས་ཏེ་རྡོ་རྗེའི་འབྲུ་གསུམ་འདི་རིག་འཛིན་བླ་མའི་སྤྱིའི་བསྙེན་སྔགས་སུ་གསུངས་པས་ཐོག་དྲངས། བཛྲ་མ་ཧཱ་གུ་རུ་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་ཡེ་ཤེས་བླ་མའི་བྱིན་རླབས་ལས་སུས་ཀྱང་སྟེར་མི་ནུས་པས་དེ་ནི་ཕན་གནོད་ཀྱི་ཡུལ་གཉན་པ་དང་བྱིན་ནུས་ཀྱི་སྟོབས་ལྕི་བ་གང༌། རང་ལ་ད་ལྟ་བཀའ་དྲིན་ཆེ་བའི་གང་ཟག་དེའི་མིང་མངྒ་ལ་ཤྲཱི་བྷཱུ་ཏི་སྟེ་བོད་སྐད་དུ་བཀྲ་ཤིས་དཔལ་འབྱོར་ཞེས་མི་ཕམ་འཇམ་པའི་དབྱངས་ཀྱི་རྡོ་རྗེའི་བཀའ་ལུང་ཐོག་མར་བསྩལ་བའི་མིང་ནས་བསྐུལ་བས། སརྦ་སིདྡྷི་ཧཱུྃ་ཞེས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་སྩོལ་ཞེས་པ་སྟེ་སྐབས་འདིར་མཆོག་སྒྲུབ་གཙོ་བོར་བཏོན་ནས་བླ་མའི་བྱིན་རླབས་རང་རྒྱུད་ལ་ཞུགས། རང་གི་སྒོ་གསུམ་བླ་མ་དང་འདྲེས་ནས། འོད་གསལ་ཐུགས་ཀྱི་ཐིག་ལེར་མངོན་པར་བྱང་ཆུབ་པར་མཛད་པ་ཞིག་ཁྱེད་རང་མཁྱེན་སྙམ་པའི་འདུ་ཤེས་བསྐྱེད་པ་གལ་ཆེའོ། །མཚན་སྔགས་ཕྱི་མ་བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་པའི་སྔགས་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པ་ལ་ཤིན་ཏུ་མྱུར་ཞེས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱི་ཕྱག་བྲིས་ཤིག་མཇལ་བ་ལྟར་བྲིས་པའོ། །བཟླས་པའི་སྐབས་བསྙེན་དམིགས་སྦྱར་བ་སྤྲོ་ན། བླ་མའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །དཀར་དམར་སྤྲོས་པས་རང་ལུས་ཡོངས་སུ་གང༌། །ནད་གདོན་སྡིག་སྒྲིབ་ཉམས་ཆག་བྱང་ཞིང་དག །བདེ་ཆེན་ཡེ་ཤེས་ཉམས་རྟོགས་ཆེས་ཆེར་འཕེལ། །རླུང་སེམས་སྣང་བ་མཐའ་དག་དབང་དུ་གྱུར། །གཟུང་འཛིན་ཉོན་མོངས་འཁྲུལ་རྟོག་དབྱིངས་སུ་ཆོམ། །ཕྱི་སྣོད་གཞལ་ཡས་ནང་བཅུད་བླ་མའི་སྐུ། །སྒྲ་གྲགས་སྙིང་པོ་དྲན་རྟོག་འོད་གསལ་ངང༌། །ཅིར་སྣང་བདེ་བ་ཆེན་པོའི་རོལ་པར་གྱུར། །ཅེས་སྦྱར་ཀྱང་རུང་ངོ༌། །དེ་ནས་སྤྱིར་ཚོགས་འཁོར་ནི། ཉམས་ཆག་སྦྱོང་བ་དང༌། སྔགས་ཀྱི་གསོ་སྦྱོང༌། དཔའ་བོ་མཁའ་འགྲོ་ཁྱད་པར་གྱི་མཆོད་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ལ་བརྡ་དོན་རྟགས་ཀྱི་ཚོགས་འཁོར་དང༌། ཕྱི་ནང་གསང་བ་བླ་མེད་ཀྱི་ཚོགས་འཁོར་སོགས་རྣམ་གཞག་དུ་མ་མཆིས་པ་ལས། བརྡའམ་ཕྱི་ཡི་ཚོགས་བཟའ་བཅའ་བཏུང་བ་ལྡག་གཞིབ་རོ་ནུས་ཕུན་སུམ་ཚོགས་པ་དང༌། རྟགས་སམ་ནང་གི་ཚོགས་རིགས་ལྔའི་དམ་རྫས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་གསང་སྔགས་ནང་གི་དམ་རྫས། དོན་གསང་བའི་ཚོགས་ཐབས་ཤེས་རྡོ་རྗེ་སྡོམ་པའི་ཨེ་ཝཏྟ་མཉམ་སྦྱོར་གྱི་དགའ་བཞིའི་ཉམས་འགྱུར། མཐར་ཐུག་ཕྱི་ནང་གཞན་གསུམ་བདེ་སྟོང་མཆོག་ཏུ་མི་འགྱུར་བའི་དོན་གྱི་ཡེ་ཤེས་ཀྱི་ཚོགས་རྫས། ངེས་དོན་དབྱིངས་རིག་སྒྲོན་མ་དྲུག་ལྡན་གྱི་ཚོགས་མཆོད་རྣམས་སྒྲུབ་བརྒྱུད་ཤིང་རྟ་སོ་སོར་བཀའ་བབས་ཀྱི་ལམ་དང་འབྲེལ་བར་ཚིག་སྦྱོར་ལྟར་རྒྱུན་དུའམ་ཡར་མར་གྱི་ཚེས་བཅུ་དང༌། སྐུ་མཆོད་སོགས་ལ་ལྷག་པར་བསྔགས་པའོ། །རྗེས་དབང་ལེན་ནི། སྐབས་འདིར་མདོ་སྔགས་ཟུང་འཇུག་བཀའ་གདམས་པའི་ལམ་གྱིས་སྒོ་དབྱེ། གསང་ཆེན་རྒྱུད་སྡེའི་མངའ་བདག་ས་སྐྱ་པ་དང༌། མན་ངག་རྫོགས་རིམ་བཀའ་བཞི་བརྒྱུད་པ་དང༌། དཔལ་དུས་ཀྱི་འཁོར་ལོས་བུམ་གསང་ཤེར་ཡེའི་གཞུང་བསྲང༌། མཐར་ཐུག་རྫོགས་ཆེན་གྱི་བཞི་པས་ཉམས་མྱོང་མཐར་སྐྱེལ་བས་བསྟན་པ་ཐམས་ཅད་འགལ་མེད་དུ་གང་ཟག་གཅིག་སངས་རྒྱས་པའི་གདམས་ངག་འཇམ་མགོན་རྣམ་གཉིས་བཀའ་སྲོལ་ལྟར་འཆད་པས། མི་སློབ་རྡོ་རྗེ་ཐེག་པ་ནི་ཐེག་ཆེན་མཐར་ཐུག་སྟེ་དེའི་ཉམས་ལེན་གྱི་རྩ་བ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་པས་ཐོག་མར་དེ་རྒྱུད་ལ་སྐྱེ་བ་ཡང་བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་གཙོ་ཆེ་བའི་ཚུལ་ཇོ་བོ་རྗེས་བླ་མ་ཀུན་ལས་གསེར་གླིང་པ་གཙོ་བོར་མཛད་པའི་རྣམ་ཐར་བསྐྱང་དགོས་པས། མདུན་གྱི་ནམ་མཁར་བཞུགས་པའི་གཙོ་འཁོར་ཐམས་ཅད་ཐུགས་ཡེ་ཤེས་ཆེན་པོར་དགོངས་པ་མཉམ་པ་ཉིད་ལས་བཟང་ངན་དང༌། རྒྱུད་ཐ་དད་དུ་མེད་ཀྱང༌། རྣམ་པ་དུ་མ་བསྟན་དགོས་པའི་རྒྱུ་མཚན་འཇམ་མགོན་བླ་མ་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཡིན་པས་དེའི་མཛད་པའི་རྗེས་སུ་སློབ་པའི་ཕྱིར་མདོ་རྒྱུད་རྣམས་ནས་ཀྱང་མཁྱེན་རབ་སྩོལ་བ་ལ་འཇམ་དབྱངས། ཚུལ་ཁྲིམས་དག་པ་ལ་རྒྱལ་ཚབ་བྱམས་པ། སྙིང་རྗེ་སྐྱེ་བ་ལ་སྤྱན་རས་གཟིགས། སྨོན་ལམ་འགྲུབ་པ་ལ་ཀུན་ཏུ་བཟང་པོ་སོགས་བསྔགས་པ་བཞིན་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་སྐུ་ཕྲེང་སོ་སོའི་ཐུགས་བསྐྱེད་དང་རྣམ་ཐར་གྱི་ཆེ་བ་ལ་བསམས་ན་ངེས་ཤེས་བསྐྱེད་ཅིང་གསོལ་བ་བཏབ་དབང་ལེན་བྱས་ན་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པས་དག་སྣང་ཕྱོགས་མེད་དུ་སྐྱེ། ཐམས་ཅད་ཀྱི་ཉམས་ལེན་གྱི་གནད་བླ་མའི་བྱིན་རླབས་ལམ་བྱེད་གཅིག་ལ་འདུས་པར་གསུངས་པས་འཇུག་པ་བདེ་བའི་དགོས་པ་དང་ལྡན་པས་སྤྲོས་པ་ཏེ། ཐོག་མར་ཇོ་བོ་བཀའ་གདམས་པའི་མན་ངག་གིས་དབང་བཞིའི་ཁོག་ཕུབ་པའི་ཕྱིར་མཉམ་མེད་ཨ་ཏི་ཤའི་རིང་ལུགས་གཞུང་གདམས་མན་ངག་ཐམས་ཅད་ཀྱི་བཀའ་བབས་བརྙེས་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སྤྱན་རས་གཟིགས་ཀྱི་སྐུ་རུ་གནས་གྱུར་པ་ལ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་བླ་མ་སྤྱན་རས་གཟིགས་ཁྱེད་ཀྱིས་བདག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་བཅོས་མིན་དུ་སྐྱེ་བར་བྱིན་གྱིས་བརླབས་ཏུ་གསོལ་སྙམ་ལ། ཡོངས་ཀྱི་དགེ་བའི་བཤེས་གཉེན་སོགས་ཀྱིས་གསོལ་བ་ཡང་ཡང་གདབ། སྤྲོ་ཞིང་ནུས་ན་མཁྱེན་བརྩེ་རིན་པོ་ཆེའི་གསུང་ཇོ་བོ་རྗེའི་གསོལ་འདེབས་ཀྱང་བྱ། རྒྱུན་ཁྱེར་སྐབས་ཇོ་འབྲོམ་གྱི་གསོལ་འདེབས་མ་བཏོན་ཀྱང་རུང༌། བྱང་ཆུབ་སེམས་མཆོག་མའི་སྨོན་ལམ་འབའ་ཞིག་གཅིག་ཆོག་རྒྱལ་པོ་ཡིན་ཏེ། དེའི་དོན་བྱངྃ་ཆུབྃ་ཀྱི་སེམྃས་ཞེས་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་བསྐྱེད་ནུས་པའི་མཆོྃག་དེ་ལ་ཀུན་རྫོབ་དང༌། དོན་དམ་བྱང་སེམས་གཉིས་ཏེ། དེ་ནི་རང་སེམས་སྐྱེ་འགག་གནས་བྲལ་གྱི་ངོ་བོ་ཀུན་གཞི་ངང་ལུགས་དགེ་བ་ཞེས་བདེ་གཤེགས་སྙིང་པོའི་སྒྲས་བསྟན་པ་དོན་དམ་བྱང་སེམས་ཏེ། དེ་རང་གི་རྒྱུད་དུ་བཞུགས་ཀྱང༌། རང་སེམས་འཁྲུལ་ངོར་སྣང་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སུ་སྣང་བས་བསྒྲིབས་པ་སྟེ། ད་ལྟ་སྣང་བཞིན་པའི་སྐབས་ནས་རྟེན་འབྱུང་ཙམ་ལས་དོན་ལ་དེ་ཐམས་ཅད་བརྟགས་ཤིང་སྐྱེ་འགག་གནས་མེད་ནམ་མཁའ་ལྟ་བུ་ལས་མ་འདས་པས་གཞི་མེད་རྩ་བྲལ་སྒྱུ་མའི་དཔེ་བརྒྱད་ལྟ་བུ་ཡིན། དེ་ལྟ་བུའི་དོན་ལ་སྟོང་པའོ་སྙམ་པའི་ངེས་ཤེས་སེམས་ཀྱི་འཛིན་སྟངས་ཙམ་ཡང་མེད་པ་གསལ་ལ་སྣང་ཙམ་དུ་ངེས་པའི་དོན་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་གཏན་ལ་ཕབ་ཤེས་ན་སྨྲ་བསམ་བརྗོད་མེད་དོན་གྱི་བཞུགས་ཚུལ་རྣམ་གྲངས་མ་ཡིན་པའི་དོན་དམ་ངོ་ཤེས་པར་བསླབ། དེས་རྣམ་རྟོག་གི་ངོ་བོ་སྟོང་པ་ཉིད་དུ་རྟོག་པས་ཅིར་ཡང་བསྒྱུར་བཏུབ་པའི་ཕྱིར་དོན་དམ་བྱང་ཆུབ་ཀྱི་སེམས་བོགས་འབྱིན་སླད་ཀུན་རྫོབ་བྱང་སེམས་རིནྃ་པོྃ་ཆེྃ་སྒོམ་དགོས། དེ་ནི་ད་སྔ་བདག་གཅེས་འཛིན་གྱིས་བསྒྲིབས་ཏེ་མྃ་སྐྱེསྃ་པའི་ཉེས་པྃ་རྣམྃས་ཡན་ལག་བདུན་གྱི་བསག་སྦྱང་གིས་བཤགས་ཏེ་ཡུལ་སེམས་ཅན་ལ་དམིགས་ནས་སྐྱེྃ་བའིྃ་ཕྱིར་རང་གི་རྩ་བའི་ཨ་མས་ཐོག་དྲངས་པའི་སྡང་དགྲ་གཙོ་བོར་གྱུར་བའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་ཤུགས་དྲག་པོས་དབུགས་འབྱུང་རྔུབ་དངྃ་སྦྱར་བའི་བདེ་སྡུག་གཏོང་ལེན་གྱི་དམིགས་པ་ཡང་ཡང་བྱ། གཏོང་ལེན་དགོས་པའི་རྒྱུ་མཚན། དེ་ཡང་སངས་རྒྱས་ཀྱི་གོ་འཕང་ཡུལ་སེམས་ཅན་ལ་བརྟེན་ནས་ཐོབ་དགོས། སེམས་ཅན་གཞན་ལས་ཀྱང་གནོད་བྱེད་དགྲ་བགེགས་འདི་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་བསག་སྦྱང་གི་གྲོགས་ཡིན་པས་དོན་ལ་སངས་རྒྱས་སྤྲུལ་སྐུ་ཡིན། བདག་ལ་ལམ་གྱི་གྲོགས་སུ་དཀོན་མཆོག་གི་ཕྲིན་ལས་ཀྱི་སྣང་བ་ཡིན་པས་འདི་ཇི་ཙམ་མང་བ་བཞིན་དགའ་བ་སྒོམ། འདི་དག་ལ་གཡོ་ཟོལ་མེད་པའི་ཕན་ཅི་ཐོགས་བྱེད་ནུས་ན་ཆོས་པ་རྣམ་དག་གི་ཕྱག་ལེན་ཡིན་བསམ། དེས་ན་བླ་མ་དང་དཀོན་མཆོག་རིན་པོ་ཆེས་སེམས་ཅན་དང་གནོད་བྱེད་ཀྱི་དོན་དུ་བདག་ན་ཤི་སྡུག་བསྔལ་གང་བྱུང་བ་ལེགས་ན་དེ་བཞིན་དུ་འབྱུང་བར་མཛད་དུ་གསོལ་བསམ། དུས་འདི་ནས་བཟུང་སྟེ་སངས་རྒྱས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་ཐམས་ཅད་བདག་གི་རྒྱུད་དུ་འདུས་པར་ཤོག་ཅིག །སེམས་ཅན་ཐམས་ཅད་ལས་ཉོན་སྡུག་བསྔལ་དང་བྲལ་བར་ཤོག་ཅིག །འདི་ནས་སངས་རྒྱས་མ་ཐོབ་བར་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ཅི་སྐྱེསྃ་སུ་བྱེད་པྃ་འཕེན་པའི་སྟོབས་དང༌། དགེ་སྦྱོར་གྱི་གཙོ་བོ་བྱང་སེམས་སྒོམ་པ་གོམས་པའི་སྟོབས་དང༌། བདག་གཅེས་འཛིན་ཅི་ནུས་སུ་འདུལ་བ་སུན་འབྱིན་པའི་སྟོབས་དང༌། སྐྱེ་འཆི་གང་བྱུང་ཡང་བྱང་ཆུབ་སེམས་ཉམྃས་པྃ་མེདྃ་པའིྃ་ཐབས་སུ་སྒོ་གསུམ་དག་པ་ལ་རྟག་དུ་འབུང་བ་དཀར་པོའི་ས་བོན་གྱི་སྟོབ་དངྃ༌། སྐྱེས་ན་དགའ་བ་སྒོམས་པས་གོངྃ་ནསྃ་གོངྃ་དུྃ་འཕེྃལ་བའི་ཆེད་དགེ་བ་ཐམས་ཅད་བསྔོ་བ་སྨོན་ལམ་གྱི་སྟོབས་ཏེ་སྟོབས་ལྔས་བསླབས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་མཐར་ཕྱིན་པ་སློབ་ནུས་པརྃ་ཤོགྃ་ཅེས། མཐར་སྤྱན་རས་གཟིགས་རང་གི་སྙིང་དབུས་སུ་བཞུགས་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་བསམ། དབང་གི་སྐབས་ལྟར་རང་སྤྱན་རས་གཟིགས་ཀྱི་གསལ་སྣང་དང་ལྡན་པས་ཡིག་དྲུག་བཟླས་པས་བློ་སྦྱོང་དོན་བདུན་མའི་དམིགས་པ་ཤར་སྒོམ་བྱས་ཀྱང་རུང༌། དེ་ནས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་དབང་བཞི་ལ་འདུས་པས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་བཀའ་བབ་དཔལ་ས་སྐྱ་བའི་ལམ་གྱི་དང་པོ་བུམ་དབང་བསྐུར་བའི་སླད་དུ། བླ་མའི་སྐུའི་གཡས་ཀྱི་བོད་ཡུལ་རྡོ་རྗེ་འཛིན་པའི་གཙུག་རྒྱན་རྗེ་བཙུན་གྲགས་པ་རྒྱལ་མཚན་ཉིད་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་སྐུ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་སྨིན་མཚམས་ཀྱི་མཛོད་སྤུ་ནས་ཕུང་ཁམས་དག་པ་རིགས་ལྔ་ཡབ་ཡུམ། དབང་ཡུལ་དག་པ་སེམས་དཔའ་སེམས་མ། བྱ་བྱེད་དག་པ་ཁྲོ་བོ་ཁྲོ་མོ་སྟེ་གདན་གསུམ་གྱི་འཁོར་ལོ་ནམ་མཁའ་གང་བར་སྤྲོས་ཏེ་རིག་པའི་ལྷ་མོ་རྣམས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་རང་ཡང་རྩ་བའི་ཡི་དམ་གང་ཡིན་གྱི་སྐུར་གསལ། དབང་ལྷ་རྣམས་དང་རྡོ་རྗེ་འཆང་དང་བཅས་པ་རང་ལ་ཐིམ་པར་བསམ། གཞི་ལུས་ལྷའི་གསལ་སྣང་གི་སྙིང་ག་ནས་འཕྲོས་པའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ལྷའི་འཁོར་ལོར་སད་པར་བསམ་ལ་ཡི་དམ་གང་ཡིན་གྱི་རྩ་སྔགས་ཅི་ནུས་སུ་བཟླའོ། །རྡོ་རྗེ་ནང་གི་རྣལ་འབྱོར་མཐར་སོན་པས་ས་བཅུའི་སྤང་རྟོགས་དབུ་མའི་དབྱིངས་སུ་རྫོགས་པའི་རང་བྱིན་བརླབས་པའི་ལམ་མཐར་སོན་པ་འགྲོ་མགོན་བཀའ་བརྒྱུད་པའི་ལམ་གྱིས་གསང་དབང་བསྐུར་བས་གཞུང་བསྲང་བ་ལ། ངེས་པ་དོན་གྱི་རྣལ་འབྱོར་ཆེན་པོ་རྗེ་བཙུན་སྒམ་པོ་པ་ཆེན་པོ་རྗེ་བཙུན་ལྷན་ཅིག་སྐྱེས་མ་རྡོ་རྗེ་ཕག་མོའི་སྐུར་བཞེངས་ཡབ་ཧེ་རུ་ཀ་སྡོམ་པ་ཆེན་པོ་དང་སྦྱོར་བའི་རྗེས་སུ་ཆགས་པའི་འོད་དང་སྒྲས་སངས་རྒྱས་སྲས་དང་བཅས་པ་བསྐུལ། ཀུན་ཀྱང་བདེ་བ་ཆེན་པོའི་ངོ་བོར་ཞུ་བའི་བདུད་རྩི་བླ་མ་ཡབ་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་མཁའ་གསང་ནས་སྤྲོས་པའི་བདུད་རྩི་རང་གི་ལྕེ་ལ་འཕོས་པ་མྱོང་བས་རྩ་ཐམས་ཅད་བདུད་རྩིས་ཁྱབ། ཁམས་ཞུ་བའི་བདེ་བས་དུག་གསུམ་གྱི་རྟོག་པ་འགགས་ནས་རྡོ་རྗེ་ཕག་མོའམ་མཁའ་སྤྱོད་དཀར་དམར་གང་མོས་ཀྱི་སྐུ་གཞུང་ལྟར་གསལ་བཏབ་ལ། དེ་ཡང་གསང་སྔགས་ཀྱི་དབང་མཐར་ཐུག་ཟབ་དབང་གསུམ་ཡིན་ལ། དེའི་དང་པོ་འདི་སྒྲ་ཇི་བཞིན་དུ་བསྐུར་བའི་བླ་སློབ་ནང་འཛོམ་ན་སྣང་གསུམ་འཕོ་བའི་སྒྲིབ་པ་སྦྱང་ནུས་ཤིང༌། དེས་ན་རྣལ་འབྱོར་བླ་མེད་རྒྱུད་སྡེ་རྒྱ་མཚོའི་དབང་གི་མཐར་ཐུག་རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ་ལ་བརྟེན་ནས་བྱང་སེམས་ཀྱི་རོལ་རྒྱུ་ལས་དབང་བསྐུར་བ་ཉིད་དབང་གསུམ་པའི་སྔོན་འགྲོ་སྟེ་དབང་ཐོབ་པའི་ཉམས་སྐྱོང་བའི་ཕྱིར་རང་ཕག་མོར་གསལ་བའི་སྐུ་ཡི་འཁོར་ལོ་བཞིར་ལྟེ་བའི་ཨ་ཤད་ཀྱི་དྲོད་ཀྱིས་བསྐུལ་བའི་སྤྱི་བོའི་ཧཏྟ་ཡིག་ཟླ་བ་འཁོར་ལོ་བཞིར་སོན་བས་དབང་བཞི་ཐོབ། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱང༌། དགའ་བཞིའི་ཡེ་ཤེས་སྐྱེས། སྐུ་བཞིའི་གོ་འཕང་མངོན་དུ་གྱུར། དཀར་དམར་འདྲེས་པའི་བདུད་རྩིས་ལུས་ཐམས་ཅད་ཁྱབ། རྡོ་རྗེའི་ལུས་ཀྱི་གནས་སྤྱི་བོ་ཛ་ལནྡྷ་ར་སོགས་སུ་བཞུགས་པའི་ཐུགས་གསུང་སྐུ་ཡི་དཔའ་བོ་མཁའ་འགྲོ་ཐམས་ཅད་བདེ་སྟོང་གི་མཆོད་པས་མཉེས་པར་བསམ་ལ་ནུས་ན་བུམ་ཅན་བཟུང༌། སྔར་གསལ་བཏབ་པའི་མཁའ་འགྲོ་གང་ཡིན་གྱི་སྔགས་འགོག་བཟླས་སམ། ངག་བཟླས་གང་རུང་བྱ། དམིགས་བཟླས་རྫོགས་པ་དང་ཕག་མོ་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་རྔམས་པའི་ཐིག་ལེར་ཐིམ་པས་རླུང་སེམས་ཐིག་ལེ་དང་བཅས་པ་དྭངས་མ་མི་ཤིགས་པའི་དབྱིངས་སུ་ཐིམ་པར་བསམ་ལ་ཆོས་ཉིད་ཀྱི་རང་ངོ་བསྐྱང་ངོ༌། །དབང་གསུམ་པ་དངོས་གཞིའི་དོན་དུ་གྲུབ་ཐོབ་ཨོ་རྒྱན་པའི་ཐུགས་སྲས་རྟོགས་ལྡན་ཟླ་བ་སེང་གེ་ཞེས་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ལམ་མཐར་སོན་པ་དེ་དང་པོའི་སངས་རྒྱས་འཕོ་མེད་བདེ་བ་ཆེན་པོའི་སྐུར་བཞེངས་ཏེ་སྣ་ཚོགས་ཡུམ་ལས་གཟུགས་དང་ལང་ཚོ་རྫོགས་པའི་ཕྱག་རྒྱ་མ་སྤྲོས་ཏེ་འདུ་ཤེས་གསུམ་གྱིས་ཡིད་རིག་མ་དང་སྙོམས་པར་ཞུགས་པའི་དམིགས་པས་རྗེས་ཆགས་ཀྱི་རྣལ་འབྱོར་བསྒོམ། མཐར་བླ་མ་དུས་ཀྱི་འཁོར་ལོ་ཡབ་ཡུམ་རང་ལ་ཐིམ་པར་བསམ་མོ། །དེ་ནས་དབང་བཞི་བ་ལ་ཐུན་མོང་དང་ཁྱད་པར་གཉིས་ལས་དང་པོའི་སླད་དུ། དབུས་ཀྱི་བླ་མའི་གནས་གསུམ་ནས་སྐུ་སྔགས་ཐུགས་སྲོག་ཧཱུྃ་ཡིག་ཡེ་ཤེས་ལྔ་ལྡན་དུ་སྤྲོས་པ་བདག་གི་ལྟེ་བར་ཐིམ་པས་དབང་བཞི་པའི་ཡེ་ཤེས་མངོན་དུ་གྱུར་ནས་བླ་མ་རང་ལ་ཐིམ་པས་ཐུགས་ཡིད་བསྲེ་བཞིན་བཏགས་གྲོལ་གྱི་སྙིང་པོ་བཟླ། ཏིང་ངེ་འཛིན་གྱི་དབང་ལེན་འདི་ཀ་ཇི་ཙམ་དམིགས་པ་གསལ་ཞིང་བརྟན་པ་དེ་ཙམ་དུ་ནུས་པ་ཆེ་བས། དམིགས་པ་ཡིད་ཚིམ་པར་བྱས་ན་སྔར་བླ་མ་ལས་དབང་བསྐུར་ཐོབ་ནས་སྔགས་སྡོམ་གྱི་བྱིན་རླབས་གོང་འཕེལ་དུ་བྱེད་པས་ལམ་དབང་ཞེས་བྱ་ཞིང༌། ཡང་ཡང་བླངས་ན་ཉམས་ཆག་བསྐང་བ་དང༌། དབང་བཞིའི་ཡེ་ཤེས་གོང་འཕེལ་དུ་བྱེད་པས་ཐབས་ཀྱི་རྒྱལ་པོ་ལྟ་བུར་གྱུར་པའོ། །སྤྱིར་གོང་སྨོས་ཤིང་རྟ་བརྒྱད་སོ་སོར་ལམ་སྔོན་དངོས་རྗེས་གསུམ་ཚང་བ་དང༌། ཁྱད་པར་དབང་བཞིའི་ལམ་རེ་རེ་བཞིན་རྫོགས་པར་ཡོད་ཀྱང་དེ་ཐམས་ཅད་བླ་མའི་རྡོ་རྗེ་བཞིའི་བྱིན་རླབས་དང་ཡེ་ཤེས་ངོ་བོ་དང་རྣམ་པ་གཉིས་ཀ་དགོངས་པ་ལམ་བྱེད་གཅིག་ཡིན་ཅིང༌། འཇམ་དབྱངས་བླ་མ་རིན་པོ་ཆེས་དེ་ཐམས་ཅད་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད་པའི་རྒྱུ་མཚན་དང་དགོས་པ་འབྲེལ་སྙམ་ནས་སྤྲོས་པའོ། །གཉིས་པ་ཁྱད་པར་བ་ནི། སླར་ཡང་བླ་མའི་རྣལ་འབྱོར་གྱི་གཞུང་གཅིག་ཏུ་རང་རང་གི་ལམ་གྱི་གཙོ་བོ་དེ་གཅེས་བཏུས་སུ་བྱས་ན་དོན་གནད་ལ་འགལ་བ་མེད། ཉམས་ལེན་ཁྱེར་བདེ་བའི་སྔར་སྟོན་འཁོར་ལྷ་རུ་སྣང་བ་ཐམས་ཅད་རིགས་ཀུན་ཁྱབ་བདག་གུ་རུ་རིན་པོ་ཆེ་གཅིག་གི་ཡེ་ཤེས་ལས་ཐ་མི་དད་པའི་ངེས་ཤེས་ཀྱིས་རིགས་བདག་གུ་རུ་རིན་པོ་ཆེ་ལ་རྡོ་རྗེའི་ཚིག་རྐང་བདུན་མའི་གསོལ་འདེབས་བྱིན་རླབས་མཚུངས་པ་མེད་པས་ལན་བདུན་གྱིས་ཕུར་ཚུགས་སུ་གསོལ་བ་བཏབ་པས་རིག་པ་རྩལ་གྱི་དབང་བསྐུར་བའི་དགོངས་པ་གཏད་མ་ཐག་བླ་མའི་ཐུགས་ཡེ་ཤེས་ཀྱི་གསང་མཛོད་ལས་ཁ་དོག་ལྔ་ལྡན་གྱི་ཐིག་ལེ་སྐར་མདའ་མཆེད་པ་ལྟར་རང་གི་སྙིང་གར་ཐིམ་པས་རིག་པ་རྩལ་གྱི་དབང་ཆེན་ཐོབ་པས་བླ་མའི་གསང་བ་གསུམ་ལ་ཇི་ལྟར་མངའ་བའི་ཡེ་ཤེས་ཐམས་ཅད་སྤར་བཏབ་པ་བཞིན་སད་ནས་རིག་སྟོང་དོན་གྱི་བླ་མ་འོད་གསལ་ཐིག་ལེ་ཆེན་པོ་ཆོས་ཀྱི་དབྱིངས་ཁྱབ་པའི་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བ་ན། གར་སྡོད་ཨོ་རྒྱན་གནས་སུ་མོས༔ གང་ཚོགས་ལྷ་ཡི་རྣམ་པར་བལྟ༔ ཞེས་གསུངས་པ་ལྟར་སྣང་གྲགས་རིག་གསུམ་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་འབའ་ཞིག་ཏུ་བལྟ་བ་ལ་བསླབ་པར་བྱའོ། །དེ་ལྟར་སྟན་ཐོག་གཅིག་ཏུ་བླ་མའི་རྣལ་འབྱོར་བསྒོམས་པས་མཚོན་དུས་གསུམ་གྱི་དགེ་བ་མཐའ་དག་རང་གཞན་སེམས་ཅན་ཐམས་ཅད་ཚེ་རབས་ཐམས་ཅད་དུ་མཚན་ལྡན་གྱི་བླ་མ་ཡང་ཡང་མཇལ། སངས་རྒྱས་སུ་ངོ་ཤེས། གདམས་ངག་གི་སྣོད་དུ་གྱུར། ལམ་གྱི་གནད་སྨིན་གྲོལ་ཚང་བ་ཐོབ། སྒོ་གསུམ་རྩེ་གཅིག་འབད་པས་ཉམས་སུ་བླངས་ཏེ། རིང་པོར་མི་ཐོགས་པར་ཀུན་བཟང་ཆོས་རྗེ་བླ་མའི་ཐུགས་ཀློང་དུ་རྣམ་པར་གྲོལ་བ་དང༌། སྐྱེ་འཆི་བར་དོ་བླ་མ་སྐུ་གསུམ་གྱི་བདག་ཉིད་དུ་ངོ་ཤེས་པས་གྲོལ་བར་གྱུར་ཅིག་སྙམ་དུ་བསམ་དགོས་སོ། །ཚངས་ཆེན་ཞིང་གི་འབྱོར་བས་མི་ཁུག་ཅིང༌། །མཐོང་ཐོས་དྲན་པས་གྲོལ་བའི་དམ་པའི་ཆོས། །ཚིགས་བཅད་རེ་ཡང་སྲོག་ལས་གཅེས་པའི་ཚད། །འབུམ་གྱིས་སྒྲུབ་འོས་ལག་རྩེར་ལྷུག་སྟེར་བ། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་བླ་མ་རྗེའི། །བཀའ་དྲིན་མཁའ་དང་རྒྱ་མཚོ་སྣོད་དུ་ཆུང༌། །ཚུལ་དེ་དྲན་པས་མོས་གུས་གནད་དུ་ཆེ། །དེས་བསྐྱེད་ཆོ་གས་གནས་སྐབས་མཐར་ཐུག་གི །ལམ་ཀུན་འདུས་ཀྱང་ཚོགས་རྟེན་བདག་ལྟ་བུར། །བླ་མའི་རྣལ་འབྱོར་མིང་ཙམ་སྙན་པར་ཟད། །ཐོས་འཛིན་ཨུཏྤལ་མང་ཐོས་སྦྲང་རྩིའི་གཏེར། །ལོག་འཚོའི་ལྟོ་འགྲངས་སོས་དལ་སོར་མོའི་འགྲོས། །ཡིན་མདོག་ཁ་པོའི་ཡི་གེའི་སྦྱོར་བ་འདི། །གཞན་མགོ་བསྐོར་བའི་བསླུ་བྲིད་ཙམ་དུ་བས། །ཤེས་མདོག་རིས་མེད་བསྟན་པའི་མན་ངག་འཇའ། །བདག་བློའི་སྤྲིན་ནག་ངོགས་སུ་བཀྲག་ཆེ་ཡང༌། །ཉམས་ལེན་སྣང་བ་མེད་པའི་ཚོན་རིས་འདིས། །གཞན་རྒྱུད་གྲོལ་བའི་རེ་བ་ཅང་མ་མཆིས། །དེ་ལྟ་ན་ཡང་ལས་ཉོན་བྲག་རིའི་དྲུང༌། །གཞན་བསྐུལ་སྒྲ་ཡི་ཅ་ཅོ་འདི་བྱུང་བ། །རང་ལ་མི་ནོངས་དད་ལྡན་རེ་བ་རྫོགས། །བླ་མ་སྐུ་བཞིའི་དབྱིངས་སུ་གྲོལ་གྱུར་ཅིག །ཅེས་མདོ་སྨད་དུ་སྐྱེས་པའི་དཱ་རི་དྲ་སྨྲ་བ་མང་པོའི་རྒྱུད་མང་མཁན་ཞིག་ནུབ་ཕྱོགས་སྐད་རིགས་དང་སྤྱོད་ལམ་མི་གཅིག་པའི་རྒྱལ་ཁམས་སུ་འཁྱམས་པའི་ཚེ་མཁས་བཙུན་གྲུབ་པའི་རྣམ་ཐར་སྔ་འགྱུར་བསྟན་པའི་རྒྱན་དུ་མཛེས་པའི་རྣམ་འདྲེན་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ནས་ཐུན་མོང་མ་ཡིན་པའི་ཐུགས་བརྩེ་དང་དད་མོས་ཀྱིས་རྩ་བ་གསུམ་གྱི་སྣང་བརྙན་གྱི་རྟེན་གཙོའི་གནང་སྐྱེས་གྱ་ནོམ་པ་དང་བཅས་བཀའ་ནན་གྱིས་བསྩལ་བ་དང༌། རྒྱ་མཚོ་ཆེན་པོའི་ཕ་རོལ་འདན་མག་གི་རྒྱལ་ཁམས་ནས་དད་སློབ་གཞོན་ནུ་ཨེ་རིག་པདྨ་ཀུན་བཟང་སོགས་ཁོ་བོ་ལ་བླ་མར་མཐོང་བའི་སློབ་ཚོགས་དུ་མས་བསྐུལ་ཏེ་བྲིས་པ་འདི་ཡང་འཁོར་ལོའི་མགོན་པོ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་འོད་གསལ་ཆོས་སྐུའི་དབྱིངས་སུ་སྙོམས་པར་ཞུགས་པའི་དུས་ཀྱི་མཆོད་པའི་ཉིན་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་རྒྱལ་ས་ལྟེ་བ་བདེ་ཆེན་ཆོས་གླིང་ཞེས་སུམ་རྩེན་ལེགས་བྲིས་ཀྱི་ཀུན་དགའི་དོ་རར་འགྲན་པར་བསྟི་བའི་སྐབས་རྫོགས་པར་བྱས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ་འཇུག་པའི་སྐལ་བཟང་དུ་གྱུར་ཅིག །སྭ་སྟི། གང་ཞིག་ཐུབ་བསྟན་སཱ་ལའི་སྨན་ལྗོངས་སུ། །དྲངས་པའི་ཤིང་རྟ་མ་ལུས་རྗེ་བླ་མའི། །ཐུགས་གསང་དཔལ་གྱི་བེའུར་རབ་བཀྲ་བ། །ཡང་དག་རིགས་པས་འདོམས་མཁས་ཁྱོད་མིན་སུ། །ཚོགས་རྟེན་དངོས་གཅིག་དུ་མའི་འཕྲུལ་གྱིས་རྒྱུད། །ཁྱད་ཆོས་རེ་རེས་མ་འདྲེས་འགྲོལ་བའི་གནད། །ཟབ་དགུའི་ཁྲིད་ཡིག་ནོར་བུ་ཀུན་ཚང་འདི། །སྔོན་མེད་ངོ་མཚར་མཛོད་ཆེན་འདི་ཁོ་ན། །བདག་འདྲ་སྙིགས་འགྲོས་གཏན་འདུན་སྒྲུབ་མི་ཁོམ། །ཁོམ་ཀྱང་རྣམ་མང་མཐའ་རྒྱ་ཆོད་ལ་རྡུགས། །དེ་བས་སྙིང་བཅུད་ལོངས་སུ་སྤྱོད་འདོད་ན། །ཡང་ཟབ་འདི་ལས་བྱ་སླ་ཁེ་ཆེ་གང༌། །དེ་ཕྱིར་ཆོས་ཀྱི་རིང་བསྲེལ་ཟླ་བའི་དྲི། །བྱང་ཆེན་ཟིལ་ཕོ་གསར་པས་ཉེར་སྤུད་པ། །ལས་ཅན་ཀུན་གྱི་རྒྱན་དུ་མ་སྙིགས་པར། །རྟག་ཏུ་ཕན་བདེའི་སྣང་བ་རྒྱས་གྱུར་ཅིག །ཅེས་པ་འདི་ཡང་རྗེ་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན་གང་གི་དངོས་སློབ་མི་ཕྱེད་པའི་དད་པས་ཕྱུག་ཅིང༌། སྒྱུ་མའི་ནོར་རྫས་རྣམ་དཀར་གྱི་ཕྱོགས་སུ་སྙིང་པོ་ལེན་ཕོད་པ་སྟེ། འཛམ་གླིང་ཆུ་ལྷའི་ས་ཕྱོགས་ཨ་མེ་རི་ཀ་བ་མ་རི་ལིན་འམ་དགེ་ཚུལ་མ་ངག་དབང་ཆོས་སྒྲོན་དང༌། འདན་མག་པ་གཞོན་ནུ་བློ་གྲོས་ཅན་ཨི་རིག་པདྨ་ཀུན་བཟང་ཟུང་ནས་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ་བའི་སྨོན་ཚིག་ཏུ་དགེ་སྦྱོང་ཝཱ་གེནྡྲ་དྷརྨ་མ་ཏིས་བྲིས་པ་ཛ་ཡནྟུ། སརྦ་མངྒ་ལཾ། དགེའོ།། །།}} | ||
Line 38: | Line 47: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-02-KHA]] | [[Category:DKR-KABUM-Volume-02-KHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:00, 1 June 2024
🚧 This website is under continued development. We appreciate your patience!
Wylie title | bla ma'i rnal 'byor byin rlabs nyin byed kyi zab gnad gsal byed 'od kyi drwa ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 2, Text 15, Pages 95-112 (Folios 1a to 18a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Bla ma'i rnal 'byor byin rlabs nyin byed kyi zab gnad gsal byed 'od kyi drwa ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 95-112. Delhi: Shechen Publications, 1994. | |
Genre | Guru Yoga Texts - bla ma'i rnal 'byor | |
Colophon |
| |
|