DKR-KABUM-17-TSA-023: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རང་བྱུང་པདྨའི་སྙིང་ཐིག་ལས༔ གུ་རུ་པདྨ་རྒྱལ་པོའི་སྒྲུབ་ཐབས་ཁམས་གསུམ་དབང་བྱེད༔ | |||
|fulltitle=rang byung pad+ma'i snying thig las: gu ru pad+ma rgyal po'i sgrub thabs khams gsum dbang byed | |||
|citation=[[Khyentse, Dilgo]]. ''Rang byung pad+ma'i snying thig las gu ru pad+ma rgyal po'i sgrub thabs khams gsum dbang byed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: 139-151. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|associatedpeople=pad+ma 'byung gnas | |||
|associatedpeopletib=པདྨ་འབྱུང་གནས་ | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Six | |||
|deity=gu ru pad+ma rgyal po | |||
|cycle=rang byung pad+ma snying thig | |||
|cycletib=རང་བྱུང་པདྨ་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=017 | ||
| | |volnumtib=༡༧ | ||
|volyigtib=ཙ་ | |||
|totalvolumes=25 | |||
|textnuminvol=023 | |textnuminvol=023 | ||
|pagenumbers=139-151 | |||
|totalpages=26 | |||
|beginfolioline=1a | |||
|endfolioline=13b6 | |||
|totalfolios=13 | |||
|multivolumework=No | |||
|rectonotes=pad rgyal | |||
|versonotes=rang byung pad+ma snying thig | |||
|colophontib=ཅེས་འདི་རྒྱལ་བ་ཀུན་ཡབ་འཇམ་དཔལ་དབྱངས། །པདྨ་ཡེ་ཤེས་རྡོ་རྗེའི་བཀས་བསྐུལ་ཏེ། །མདོ་སྨད་རྨ་ཡུལ་ཉམས་དགའི་སྨན་ལྗོངས་ནས། རིག་གསང་བརྡ་ཡི་རོལ་མོར་སད་པའི་ཆོས། ངེས་གསང་བསྟན་པའི་རྒྱན་གྱུར་མཁྱེན་བརྩེའི་གཏེར། །ལས་སྨོན་རྣམ་དག་དོན་གྱི་རིག་པ་འཛིན། །འགྲོ་འདུལ་པདྨའི་ཐུགས་རྗེའི་རྩལ་འཆང་བས། །བཀའ་ཡི་གླིང་བུས་བསྐུལ་བའི་རྟེན་འབྱུང་གིས། །པདྨ་གར་དབང་འོད་གསལ་བདེ་བ་ཆེ། །མདོ་སྔགས་གླིང་པས་གཏན་ལ་ཕབ་རིམ་བཞིན། །ཨོྃ་རྒྱནྃ་ཞིང་གི་སྟོན་དང་བསྟན་པར་གུས། །གཞནྃ་ཕནྃ་དད་བློ་མོས་གུས་ཡངས་པ་ཡིས། །ཡི་གེའི་མཐུན་སྦྱོར་དང་བཅས་སྤེལ་འདིས་ཀྱང༌། །སྲིད་ཞིའི་དཔལ་རྒྱས་མཆོག་གསུམ་དབུ་རྨོག་བཙན། །ལུང་རྟོགས་རིན་ཐང་འགྲོ་ཀུན་ཡིད་ལ་སིམ། །གཅིག་ཏུ་བསྟན་པ་འབའ་ཞིག་སེམས་པ་ཡི། །སྐྱེ་དགུའི་ཕན་བདེའི་དགའ་སྟོན་སྤེལ་གྱུར་ཅིག། | |||
|colophonwylie=ces 'di rgyal ba kun yab 'jam dpal dbyangs/_/pad+ma ye shes rdo rje'i bkas bskul te/_/mdo smad rma yul nyams dga'i sman ljongs nas/_rig gsang brda yi rol mor sad pa'i chos/_nges gsang bstan pa'i rgyan gyur mkhyen brtse'i gter/_/las smon rnam dag don gyi rig pa 'dzin/_/'gro 'dul pad+ma'i thugs rje'i rtsal 'chang bas/_/bka' yi gling bus bskul ba'i rten 'byung gis/_/pad+ma gar dbang 'od gsal bde ba che/_/mdo sngags gling pas gtan la phab rim bzhin/_/o~M rgyana~M zhing gi ston dang bstan par gus/_/gzhana~M phana~M dad blo mos gus yangs pa yis/_/yi ge'i mthun sbyor dang bcas spel 'dis kyang*/_/srid zhi'i dpal rgyas mchog gsum dbu rmog btsan/_/lung rtogs rin thang 'gro kun yid la sim/_/gcig tu bstan pa 'ba' zhig sems pa yi/_/skye dgu'i phan bde'i dga' ston spel gyur cig/ | |||
|pdflink=File:DKR-KABUM-17-TSA-023.pdf | |pdflink=File:DKR-KABUM-17-TSA-023.pdf | ||
}} | }} | ||
Line 16: | Line 41: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|རང་བྱུང་པདྨའི་སྙིང་ཐིག་ལས༔ གུ་རུ་པདྨ་རྒྱལ་པོའི་སྒྲུབ་ཐབས་ཁམས་གསུམ་དབང་བྱེད་བཞུགས༔ | ||
<br> | |||
བདེ་སྟོང་དོན་གྱི་ལྷ་ལ་འདུད༔ ཕྱི་ལྟར་བརྟན་གཡོ་སྣོད་དང་བཅུད༔ ནང་དུ་རྩ་རླུང་ཐིག་ལེའི་ཁམས༔ དོན་ལ་སེམས་ཉིད་དབང་སྡུད་ན༔ རྡོ་རྗེ་ཆགས་པའི་ཏིང་འཛིན་བསྒོམ༔ ཨ༔ ཨེ་དབྱིངས་རྣམ་ཐར་གསུམ་གྱི་མཁར༔ ཝཾ་ཡིག་རྗེས་ཆགས་ཐུགས་རྗེའི་རྒྱུན༔ གཉིས་མེད་སོར་རྟོག་ཡེ་ཤེས་ཧྲཱིཿ འོད་ཀྱིས་ཐ་མལ་སྣོད་བཅུད་སྦྱངས༔ བདེ་སྟོང་རྡོ་རྗེའི་ཞིང་དུ་གྱུར༔ མཁའ་དབྱིངས་ཡུམ་ལྔའི་པདྨོ་རུ༔ རྡོ་རྗེ་རི་རབ་ཟེའུ་འབྲུས་མཚན༔ བདེ་སྟོང་ཆགས་པའི་འོད་དམར་འཁྲུགས༔ པད་ཉི་སྣ་ཚོགས་རྡོ་རྗེའི་ལྟེར༔ དབང་གི་ཕོ་བྲང་ཟླ་གམ་འཁྱིལ༔ སྒོ་གཅིག་ནུབ་ཀྱི་ཕྱོགས་སུ་བསྟན༔ པདྨ་རཱ་གའི་རྩིག་པ་མཛེས༔ ཨུཏྤལ་དམར་པོའི་ཁ་བད་ཅན༔ དབུས་ཕྱུར་དབང་གི་རྡོ་རྗེས་མཚན༔ འོད་ལྔའི་དྲྭ་བས་མཁའ་དབྱིངས་ཁྱབ༔ གཞལ་ཡས་ཁང་ནང་ཡུམ་གྱི་མཁའ༔ འོད་དམར་ཆོས་འབྱུང་བསྣོལ་མ་མཛེས༔ གྲ་བཞིར་དགའ་བཞིའི་ཐིག་ལེ་འཁྱིལ༔ ལྟེ་བར་པདྨ་འདབ་བཞི་པ༔ བདེ་བའི་ཟིལ་དངར་ཆེས་ཆེར་རྒྱས༔ གེ་སར་ཁྱབ་པའི་ཟེའུ་འབྲུའི་སྟེང༔ རབ་དམར་ཉི་མའི་དཀྱིལ་འཁོར་དབུས༔ ས་བོན་ཧྲཱིཿབབས་ཡོངས་གྱུར་ལས༔ འོད་ཀྱིས་སྲིད་ཞིའི་དྭངས་མ་བསྡུས༔ ཡོངས་གྱུར་ཨུཏྤལ་ཧྲཱིཿས་མཚན་པ༔ འོད་ཞུ་སྐད་ཅིག་དྲན་རྫོགས་སུ༔ གུ་རུ་པདྨ་རྒྱལ་པོ་ནི༔ རབ་དམར་ཉི་མ་འཆར་ཀའི་མདོག༔ གཞོན་སྒེག་ཆགས་པའི་ལང་ཚོ་རྒྱས༔ ཞལ་རས་རྒྱས་པ་པདྨ་བཞིན༔ དམར་གསལ་སྤྱན་ཟླུམ་ཟུར་མིག་གཡོ༔ ཞལ་འཛུམ་ཚེམས་ཕྲེང་ཡུད་ཙམ་མངོན༔ ལྗགས་འདྲིལ་ཕེཾ་ཧྲཱིཾ་སྙན་སྒྲ་སྒྲོག༔ རིན་ཆེན་དབུ་རྒྱན་པདྨས་བཅིངས༔ ཟུར་ཕུད་དབང་གི་ནོར་བུའི་མཚན༔ གསང་གོས་དཀར་ལ་བེར་ཕོད་དམར༔ འཁོར་ལོས་བསྒྱུར་བའི་ཆས་ཀྱིས་བཀླུབས༔ ཕྱག་གཡས་ཅང་ཏེའུ་སྙན་ཐད་འཁྲོལ༔ བདེ་སྟོང་སྒྲ་ཡིས་མཁའ་འགྲོ་སྡུད༔ གཡོན་པས་པད་གཞོང་དཀུ་ལ་བརྟེན༔ ཨུཏྤལ་དམར་པོའི་དོ་ཤལ་འཕྱང༔ ཞབས་གཉིས་སྭག་ལྷམ་དང་བཅས་པའི༔ རྒྱལ་པོ་རོལ་པའི་སྟབས་སུ་འགྱིང༔ མདུན་དུ་འོད་འཆང་བཙུན་མོའི་ཚུལ༔ གཞོན་ཚུལ་ཆགས་པའི་ཉམས་འགྱུར་ཅན༔ ལྷ་ཡི་བུ་མོའི་ཆ་བྱད་མཛེས༔ པདྨའི་ལྕགས་ཀྱུ་ཨུཏྤལ་ཞགས༔ ཉི་ཟླའི་འཕྱང་འཕྲུལ་གཡོ་བ་བསྣམས༔ འདབ་བཞིར་གསང་བའི་གཟུང་མ་བཞི༔ དམར་གསལ་གཅེར་བུ་ལང་ཚོ་རྒྱས༔ ཟུར་མིག་གཡོ་བས་ཡབ་ལ་གཟིགས༔ ཕྱག་གཡས་རང་རྟགས་ལྕགས་ཀྱུ་གདེངས༔ གཡོན་པས་ཁ་ཊྭཱཾ་ཞགས་པ་བསྣམས༔ ནུ་མ་འབུར་ཞིང་སྐེད་སྐབས་ཕྲ༔ བརླ་ཟླུམ་གསང་བའི་བྷ་ག་རྒྱས༔ ཞབས་གཉིས་གར་སྟབས་དང་བཅས་པས༔ པདྨ་བདུད་བཞིའི་གདན་ལ་འགྱིང༔ བདེ་དྲོད་འོད་ཕུང་ཀུན་ཏུ་འབར༔ གཙོ་བོའི་རིགས་བདག་དབང་གི་རྒྱལ༔ རྟ་མཆོག་རོལ་པ་ཉི་མའི་མདོག༔ གཡས་པས་པདྨའི་དབྱུག་པ་གདེངས༔ གཡོན་པས་དབང་གི་ཞགས་པ་འཕེན༔ ཞབས་གཉིས་གར་སྟབས་པད་ཉི་དང༔ རྟོག་མེད་རོ་ཡི་གདན་ལ་འགྱིང༔ བདེ་འབྱིན་ཕག་མོ་མུན་པའི་མདོག༔ གྲི་གུག་ཐོད་ཁྲག་ཡབ་དང་སྦྱོར༔ གཅེར་བུ་རུས་པའི་ཕྱག་རྒྱས་སྤྲས༔ མེ་དཔུང་འོད་ཀྱི་དྲྭ་བར་འགྱིང༔ སྒོ་གཅིག་ཁྲོ་བོ་འདོད་པའི་རྒྱལ༔ པདྨའི་ལྕགས་ཀྱུ་ཞགས་པ་ཅན༔ ཁྲོ་བོའི་ཆས་རྫོགས་དོར་སྟབས་ཀྱིས༔ པད་ཉི་དྲེགས་པའི་གདན་ལ་འགྱིང༔ ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ༔ རྡོ་རྗེའི་ཡི་གེ་གསུམ་གྱིས་མཚན༔ ཐུགས་སྲོག་ལས་བྱུང་འོད་དམར་གྱིས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསྟིམ༔ ཧྲཱིཿ སོར་རྟོག་ཡེ་ཤེས་བདེ་བའི་མདངས༔ རྗེས་ཆགས་ཐུགས་རྗེའི་ཆོ་འཕྲུལ་ལས༔ རང་བྱུང་སངས་རྒྱས་པདྨའི་རིགས༔ གར་དབང་བདེ་བ་ཆེན་པོའི་དཔྱིད༔ རིག་འཛིན་བླ་མ་པདྨ་རྒྱལ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ ཕྱོགས་དུས་རྒྱལ་བའི་ཞིང་ཀུན་ནས༔ རྡོ་རྗེ་ཆགས་པ་ཆེན་པོས་སྤྱོན༔ དགྱེས་པའི་གར་དང་སྙན་པའི་གླུ༔ དྲི་ཞིམ་མེ་ཏོག་ཆར་དང་བཅས༔ རྡོ་རྗེའི་བྲོ་གར་ཁྲིགས་སེ་ཁྲིག༔ ཆགས་པའི་སྒྱུ་རྩལ་ལམས་སེ་ལམ༔ བདེ་སྟོང་ཡེ་ཤེས་ཟིལ་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མ་ཚོགས་ཌཱ་ཀི་འབུམ་ཕྲག་གིས༔ བདེ་བའི་བརྡ་གླུས་དབང་མེད་བསྐུལ༔ རྗེས་སུ་ཆགས་པའི་ཏིང་འཛིན་གྱིས༔ ཀུན་ནས་མྱུར་ཞིང་འབར་བ་ཡིས༔ སྣང་སྲིད་ཡོམ་ཡོམ་ཤིག་ཤིག་རྡེག༔ བརྟན་གཡོ་སྲིད་ཞི་དྭངས་མར་བཞུ༔ བདེ་བའི་ཟིལ་དངར་ཆར་ལྟར་འབེབས༔ གློག་ལྟར་མྱུར་བར་བྱོན་ནས་ཀྱང༔ དམ་ཚིག་འཁོར་ལོར་བརྟན་པར་བཞུགས༔ སྐུ་གསུང་ཐུགས་གསུམ་མི་ཕྱེད་པ༔ གཉིས་མེད་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་རཱ་ཛ་དེ་བ་དྷཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨ༔ ཧྲཱིཿ སྣང་བ་ཐབས་ཀྱི་དམ་ཚིག་རྟེན༔ ཤེས་རབ་དབྱིངས་ནས་ཕྱག་རྒྱའི་གཟུགས༔ གཉིས་སུ་མེད་པར་རྒྱས་འདེབས་ཕྱིར༔ ཀློང་ཡངས་ཆེན་པོར་ཏིཥྛ་ལྷན༔ ཧྲཱིཿ ལྷ་དང་བདག་ཉིད་གཉིས་མེད་པ༔ ཨེ་ཝཾ་ཐབས་ཤེས་སྡོམ་པ་ཆེ༔ གདོད་ནས་རང་རིག་གཉུག་མའི་དབྱིངས༔ འདུ་བྲལ་མེད་པར་ན་མ་མི༔ ཧྲཱིཿ རབ་འབྱམས་ཞིང་གི་གཟུགས་སྣང་ཀུན༔ རྡོ་རྗེ་སྒེག་པ་ལྷ་མོའི་སྐུ༔ བསྐྱོད་དང་གཡོ་བའི་འཁྲིལ་བག་ལྡན༔ སྐུ་ལ་དགྱེས་པ་བསྐྱེད་གྱུར་ཅིག༔ ཨོཾ་བཛྲ་རཱུ་པ་ཨོཾ༔ མ་ལུས་ཞིང་གི་སྒྲ་དབྱངས་ཀུན༔ ཧ་སིད་མྱོས་པའི་ནཱ་དའི་གླུ༔ རྡོ་རྗེ་བཞད་མ་དབྱངས་སྙན་ཅན༔ སྙན་ལ་སིམ་པ་བསྐྱེད་གྱུར་ཅིག༔ ཨོཾ་བཛྲ་ཤབྡ་ཨཱཿ བརྟན་གཡོའི་དྲི་ཀུན་ག་པུར་དང༔ ཙནྡན་ཨ་གར་ངད་ལྡང་བས༔ ཀུན་ཏུ་སིམ་པ་བསྐྱེད་པའི་སྤྲིན༔ རྡོ་རྗེའི་ཤངས་ལ་སྤྲོ་ཞིང་འབུལ༔ ཨོཾ་བཛྲ་གྷནྡྷེ་ཏྲཱྃ༔ འཇམ་དེས་མངར་ཞིང་བདའ་དགུའི་ཟས༔ སིམ་པ་མཆོག་སྟེར་ལྷའི་བདུད་རྩི༔ ཏིང་འཛིན་རོ་བརྒྱའི་ཉམས་འགྱུར་ཅན༔ ཞལ་དུ་སྟོབ་པའི་ལྷ་མོས་མཆོད༔ ཨོཾ་བཛྲ་རཱ་ས་ཧཱུྃ༔ འཁྲིལ་འཇམ་ལྷ་ཡི་རེག་བྱ་ཅན༔ རིན་ཐང་རྨད་བྱུང་སྣ་ཚོགས་མདོག༔ ལྷབ་ལྷུབ་ན་བཟའ་རྒྱན་ཕྲེང་གིས༔ རྡོ་རྗེའི་སྐུ་ལ་ཁྱབ་པར་འབུལ༔ ཨོཾ་བཛྲསྤརྴེ་ཧོཿ ཡུལ་ལྔ་སྒྱུ་མ་འཇའ་ཚོན་ལྟར༔ དབང་ཤེས་སྣང་ལ་ཞེན་པ་བྲལ༔ གཉིས་སུ་མེད་པའི་བདེ་བ་ཆེ༔ ཆོས་ཀྱི་དབྱིངས་ཀུན་ཁྱབ་པར་འབུལ༔ ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཧྲཱིཿ ཧྲཱིཿ ཨ་ཧཾ་དྭངས་མའི་བཅུད་ཀྱི་ཐིག༔ རྡོ་རྗེ་དྷཱུ་ཏིའི་བྷནྡྷར་འགེངས༔ དགའ་བཞིའི་ཟེགས་མ་འཁྲུགས་པའི་སྨན༔ བདེ་ཆེན་སྐྱེད་པའི་དམ་རྫས་འབུལ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ ཧྲཱིཿ གཟུང་འཛིན་ཚོགས་དྲུག་རྟོག་པའི་ཚོགས༔ འོད་གསལ་དབྱིངས་ཀྱི་ཐིག་ལེར་སྦྱོར༔ ཡེ་ཤེས་བདུད་རྩིའི་བཅུད་དམ་པ༔ རྡོ་རྗེའི་ལོངས་སྤྱོད་ཆེན་པོར་བཞེས༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱིཿ སྲིད་རྩ་བདག་ཏུ་འཛིན་པའི་དགྲ༔ ཁམས་གསུམ་གཟུང་འཛིན་རུ་ཏྲའི་བགེགས༔ འོད་གསལ་དབྱིངས་སུ་བསྒྲལ་བའི་ཁྲག༔ རྡོ་རྗེ་ཆགས་མྱོས་རྫས་སུ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱིཿ རིགས་ཅན་རྣམ་ལྔའི་ན་ཆུང་མ༔ མཚན་ལྡན་བདེ་བའི་སྒྱུ་རྩལ་མཁན༔ བལྟས་དགོད་འཁྱུད་སྡོམ་ཨེ་དང་ཝཾ༔ བདེ་ཆེན་སྦྱོར་བའི་བདེ་བས་མཆོད༔ མ་ཧཱ་རཱ་ག་པཱུ་ཛ་ཧོཿ ཧྲཱིཿ ལྷན་སྐྱེས་ཆགས་པས་སྲིད་རྩ་བསྒྲལ༔ བདེ་སྟོང་མཚོན་ཆས་དུག་ལྔ་བཅོམ༔ གཟུང་འཛིན་རྟོག་ཚོགས་ཀུན་སྤངས་པའི༔ ཁྲག་འཐུང་ཆེན་པོའི་མཆོད་པ་བཞེས༔ མ་ཧཱ་ཀྲོ་དྷ་པཱུ་ཛ་ཧོཿ ཧྲཱིཿ བདེ་ཆེན་མཆོད་པ་ཆེན་པོའི་རྫས༔ ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད༔ ངོ་མཚར་ཕྱག་རྒྱ་ཆེན་པོར་བཞེས༔ རྟག་ཏུ་མཉེས་ཤིང་དགྱེས་གྱུར་ཅིག༔ དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཧྲཱིཿ གསུང་གི་རྡོ་རྗེ་སྣང་མཐའ་ཡས༔ བདེ་ཆེན་པདྨ་གར་གྱི་དབང༔ པདྨའི་རིག་འཛིན་རྒྱལ་པོའི་ཚུལ༔ མི་ཕྱེད་དད་པའི་ཡིད་ཀྱིས་བསྟོད༔ མཆོག་ཏུ་མི་འགྱུར་བདེ་བ་ཆེ༔ ཀུན་ནས་མྱོས་པའི་རྡོ་རྗེའི་སྐུ༔ ཉི་མ་འཆར་ཀའི་ལང་ཚོ་ཅན༔ མཚན་དཔེའི་དཔལ་དུ་འབར་ལ་བསྟོད༔ རྣམ་པ་ཐམས་ཅད་རྡོ་རྗེའི་གསུང༔ གྲགས་སྟོང་གཞོམ་གཞིག་བྲལ་བའི་དབྱངས༔ གཞོམ་མེད་ནཱ་དའི་དབྱངས་སྙན་གྱི༔ ཞིང་ཀུན་ཁྱབ་པའི་གསུང་ལ་བསྟོད༔ བདེ་དང་སྟོང་པའི་ཆོ་འཕྲུལ་ཅན༔ ཟབ་ཡངས་སྤྲོས་བྲལ་བསམ་མི་ཁྱབ༔ འཁོར་འདས་སྙིང་པོ་ཡེ་ཤེས་ཁམས༔ ཕྱག་རྒྱ་ཆེན་པོའི་ཐུགས་ལ་བསྟོད༔ ཟག་མེད་གསང་བ་གསུམ་གྱི་དབྱིངས༔ སྐུ་ལྔའི་ཡོན་ཏན་རྫོགས་པའི་ལྷ༔ དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཆེ༔ རིགས་ཀུན་བདག་པོར་གྱུར་ལ་བསྟོད༔ གང་འདུལ་ཕྲིན་ལས་དེ་བཞིན་སྟོན༔ རྟག་ཁྱབ་ལྷུན་གྲུབ་འཕེལ་འགྲིབ་བྲལ༔ དུས་གསུམ་རྒྱུན་ཆད་མེད་པ་ཡི༔ ཕྲིན་ལས་ཕ་མཐའ་ཡས་ལ་བསྟོད༔ པདྨ་རྒྱལ་པོའི་ཐུགས་ཀྱི་ཀློང༔ ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས༔ དབང་མདོག་ཐལ་སྦྱར་རྡོ་རྗེ་དང༔ ཨུཏྤལ་བྱེ་རུའི་ཕྲེང་བ་འཛིན༔ ལོངས་སྐུའི་ཆས་རྫོགས་གསང་ཡེ་སྦྱོར༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ ཐུགས་ཀར་པདྨའི་ཟེའུ་འབྲུའི་སྟེང༔ ཉི་གདན་ཧྲཱིཿལ་སྔགས་ཀྱིས་བསྐོར༔ དབང་གི་འོད་ཟེར་སྤྲོ་བསྡུ་ཡིས༔ རྒྱལ་ཀུན་བདེ་སྟོང་ཆགས་པ་བསྐུལ༔ སྣོད་བཅུད་དྭངས་མའི་བཅུད་དུ་བཞུས༔ དབང་དུ་བསྡུས་ནས་རང་ལ་བསྟིམ༔ རང་སེམས་ལྷན་སྐྱེས་ཡེ་ཤེས་དང༔ གཉིས་མེད་ཐིག་ལེ་གཅིག་ཏུ་རྫོགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་རཱ་ཛ་སིདྡྷི་ཧཱུྃ༔ རྩེ་གཅིག་བསྙེན་པའི་རིམ་པའོ༔ གཙོ་བོས་ཞབས་ཀྱི་གར་བསྒྱུར་བས༔ སྣོད་བཅུད་གཡོན་དུ་འཁོར་ཞིང་འཁྱིལ༔ འདར་ཞུམ་ཁེངས་བྲལ་ཆགས་སེམས་གཡོས༔ དབང་བྱས་དྭངས་མ་བདག་ལ་ཐིམ༔ རྩི་ཤིང་ནགས་ཚལ་སྐྱེ་འགྲོ་ཀུན༔ ལྷར་གྱུར་སྔགས་ཀྱི་ཛཔ྄་སྒྲ་སྒྲོག༔ བདེ་སྟོང་འོད་དམར་འཁྲུགས་པའི་ཀློང༔ མ་འདྲེས་གསལ་རྫོགས་དཀྱིལ་འཁོར་ཤར༔ ཨོཾ་ཨཱཿཧཱུྃ་པདྨ་རཱ་ཛ་དེ་ཝ་དྷཱ་ཀི་ནི་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ལྷ་དང་གཉིས་མེད་སྒྲུབ་པ་ཡིས༔ དངོས་གྲུབ་གདེང་ཐོབ་གདོན་མི་ཟཿ གཙོ་བོའི་འོད་ཀྱིས་འཁོར་རྣམས་བསྐུལ༔ ཀུན་ཀྱང་གར་བསྒྱུར་ཧྲཱིཾ་ཛ་སྒྲོགས༔ འོད་དམར་ཞགས་པས་སྐྱེ་འགྲོར་བཏབ༔ གང་འདོད་བྲན་དུ་བཀོལ་བར་བསམ༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཛཿཛཿཛཿ ཞེས་བཟླས་ཇི་འདོད་དབང་དུ་བྱེད༔ བདེ་མྱུར་ལས་ཀྱི་སྦྱོར་བའོ༔ ས་མ་ཡ༔ ཐུན་མཚམས་དབང་གི་མཎྜལ་འབུལ༔ མེ་ཏོག་དམར་པོ་བྱེ་རུ་དང༔ མྱོས་བྱེད་ཕུད་རྒོད་རྫས་ཀྱིས་མཆོད༔ ཨོཾ་ཨཱཿཧཱུྃ༔ བདེ་ཆེན་དབང་གི་ཕོ་བྲང་དུ༔ གུ་རུ་པདྨ་རྒྱལ་པོ་ལ༔ སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ རོ་བདའ་བཅུད་འཁྱིལ་དཔའ་བོའི་ཕུད༔ རྡོ་རྗེ་ཞིང་གི་ལོངས་སྤྱོད་ཆེ༔ བདེ་ཆེན་མཆོད་པའི་རྫས་སུ་ཤར༔ ཟག་མེད་བདུད་རྩིའི་དགའ་སྟོན་འདིས༔ བརྒྱུད་གསུམ་རིག་འཛིན་བླ་མ་དང༔ མ་ཧཱ་གུ་རུ་པདྨ་རྒྱལ༔ རྩ་གསུམ་རྒྱ་མཚོའི་འཁོར་བཅས་ལ༔ དགྱེས་པ་བསྐྱེད་པའི་རྫས་སུ་འབུལ༔ ཟག་མེད་དགྱེས་པས་བཞེས་ནས་ཀྱང༔ བརྟན་གཡོའི་བཅུད་དང་བསོད་ནམས་དཔལ༔ འཆི་མེད་ཚེ་དང་ཟས་ནོར་གོས༔ ཡེ་ཤེས་ཡོན་ཏན་བསྟན་འགྲོའི་དཔལ༔ མ་ལུས་དབང་བསྡུས་བདག་ལ་སྩོལ༔ དངོས་གྲུབ་གནས་ལ་དབང་ཐོབ་སྟེ༔ གཉིས་སུ་མེད་པའི་མཆོག་སྩོལ་ཅིག༔ ཡང་ཡང་འབུལ་ཞིང་གསོལ་བ་གདབ༔ རྣོ་འདོན་རྒྱུད་བསྐུལ་ཐབས་རྨད་བྱུང༔ ངོ་མཚར་གསང་བ་དམ་པའོ༔ ས་མ་ཡ༔ རིམ་པ་དབང་གི་ཆོ་ག་ནི༔ དཀྱིལ་འཁོར་མཚན་ཉིད་རྫོགས་པ་བཞེངས༔ དབུས་སུ་མཚན་ལྡན་ཀ་པཱ་ལར༔ མྱོས་བྱེད་རྫས་ཀྱིས་གཏམས་པའི་ཁར༔ མེ་ལོང་ལི་ཁྲིའི་ཚོམ་བུ་བཀོད༔ ཧྲཱིཿདང་ཧ་རི་ནི་སས་མཚན༔ རྡོ་རྗེ་སེམས་དཔའི་མེ་ལོང་བརྩེགས༔ དར་དམར་གུར་ཕུབ་སྨན་རཀ་གཏོར༔ ཉེར་སྤྱོད་མཆོད་པ་བཀོད་མཛེས་བཤམ༔ བདག་མདུན་གཞུང་བསྲང་ཛཔ྄་བཟླས་བྱ༔ ལམ་དབང་བླང་ཞིང་གནང་བ་ནོད༔ སློབ་མ་ཁྲུས་དབྱུང་བགེགས་བསལ་སྲུང༔ ལོ་རྒྱུས་བཤད་ལ་མཎྜལ་འབུལ༔ པདྨ་དགྱེས་པ་གར་གྱི་དབང༔ འཁོར་ལོའི་མགོན་པོ་དགོངས་སུ་གསོལ༔ བདག་ལ་སྐུ་གསུང་ཐུགས་མཆོག་དང༔ དབྱེར་མེད་དབང་མཆོག་བསྐུར་དུ་གསོལ༔ སྐྱབས་སེམས་རྒྱུད་སྦྱང་སྡོམ་པ་བཟུང༔ སློབ་མ་ལྷར་བསྐྱེད་ལྟེ་བ་རུ༔ འོད་ཀྱི་གཡུང་དྲུང་གཡོན་དུ་འཁོར༔ ལྟེ་བ་ཕྱོགས་བཞིར་མཁའ་འགྲོ་ལྔ༔ འོད་གསལ་བདེ་བའི་གར་སྟབས་ཅན༔ ཌཱ་རུ་ཐོད་ཆང་བསྣམས་པ་ཡི༔ ཐུགས་དབུས་ཧྲཱིཿདང་འཁོར་རྣམས་ལ༔ ཧ་རི་ནི་སས་མཚན་པར་བསྒོམ༔ ལུས་བསྲང་བུམ་པ་ཅན་བཟུང་ཞིང༔ ཐུགས་སྲོག་ཧྲཱིཿཡིས་མཁའ་འགྲོ་ལྔ༔ བསྐུལ་ཏེ་གར་བསྒྱུར་མེ་འོད་སྤྲོས༔ ལུས་ཀུན་བཟོད་མེད་བདེ་བས་ཁྱབ༔ གཡུང་དྲུང་འཁོར་བས་སྣོད་བཅུད་འགུལ༔ བརྟན་གཡོའི་ཆོས་རྣམས་མ་ལུས་པ༔ དཔའ་བོ་ཌཱ་ཀིའི་རྣམ་པར་སད༔ གར་བསྒྱུར་ཧྲཱིཾ་ཕེཾ་སྒྲ་དང་བཅས༔ ཁ་བ་བུ་ཡུག་འཚུབས་བཞིན་བྱོན༔ སྒོ་གསུམ་བྱིན་གྱིས་བརླབ་པར་བསམ༔ སྤྱན་འདྲེན་སྤོས་རོལ་དབྱངས་ཀྱིས་བསྐུལ༔ མངོན་སུམ་ཕེབས་པའི་རྟགས་བྱུང་ན༔ མཉམ་ཉིད་ལྟ་བའི་དབྱིངས་སུ་བསྐྱལ༔ རེ་དོགས་མེད་པའི་ངང་ལ་བཞག༔ སྔགས་དང་ཕྱག་རྒྱས་བརྟན་པར་བྱ༔ ཧྲཱིཿ རང་བྱུང་པདྨ་བྷཉྫའི་ནང༔ བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་ལྷའི༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ དབང་བསྐུར་ཡོན་ཏན་ཡོངས་རྫོགས་ཤོག༔ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿ ཧྲཱིཿ བདེ་སྟོང་བྱང་ཆུབ་སེམས་ཀྱི་རྒྱུན༔ སངས་རྒྱས་ཀུན་གྱི་ངོ་བོར་རྫོགས༔ མཉམ་པའི་བརྟུལ་ཞུགས་ཀྱིས་རོལ་པས༔ ལྷན་སྐྱེས་ཡེ་ཤེས་རྒྱས་པར་ཤོག༔ གུ་ཧྱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ཧྲཱིཿ སངས་རྒྱས་ཀུན་གྱི་བྱང་ཆུབ་ལམ༔ རྣམ་ཐར་གསུམ་གྱི་དེ་ཉིད་སྟོན༔ རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ཀྱིས༔ དབང་བསྐུར་དགའ་བཞི་མངོན་གྱུར་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཿ ཡེ་ཤེས་ཆེན་པོ་དེ་ཁོ་ན༔ དབྱིངས་དང་རིག་པ་གཉིས་སུ་མེད༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ བརྡ་ལ་བརྟེན་ཏེ་དོན་ངོ་སྤྲད༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཿ ཧྲཱིཿ སྣོད་བཅུད་ཡོངས་རྫོགས་བ་ལིཾ་ཏ༔ དཀྱིལ་འཁོར་ལྷ་དང་གཉིས་སུ་མེད༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཆེའི༔ དབང་མཆོག་མ་ལུས་ཡོངས་རྫོགས་ཤོག༔ སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ལྷ་ཚོགས་འོད་ཞུ་རྫས་ལ་རོལ༔ རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་སྦྱིན༔ དམ་ཚིག་ཁས་བླངས་ཡོན་ཕུལ་བས༔ ཟབ་ལམ་སྒྲུབ་དང་སྤེལ་ལ་དབང༔ ལམ་རྣམས་ཀུན་གྱི་སྙིང་པོའོ༔ གུ་ཧྱ་ས་མ་ཡ་རྒྱ༔ ཐབས་དང་ཤེས་རབ་སྣང་སྟོང་དབྱིངས༔ གཉིས་མེད་རྡོ་རྗེའི་ཡེ་ཤེས་ཆེ༔ གང་འདུལ་སྒྱུ་འཕྲུལ་དྲ་བ་ཡི༔ ཤེས་རབ་ཡུམ་གྱི་ཚུལ་དུ་སྒྲུབ༔ ཧྲཱིཿ དབྱིངས་ཀྱི་བྷ་ག་ཡངས་པ་ཆེ༔ རྣམ་ཐར་སྒོ་གསུམ་གཞལ་མེད་ཁང༔ སྟོང་གཟུགས་འོད་དམར་གུར་ཁྱིམ་དབུས༔ པདྨ་འདབ་བཞིའི་གེ་སར་ལ༔ འཆར་ཀའི་ཉིན་བྱེད་དཀྱིལ་འཁོར་སྟེང༔ ཧྲཱིཿལས་རྡོ་རྗེ་བཙུན་མོ་ནི༔ དམར་གསལ་ཆགས་པ་ཆེན་པོའི་སྐུ༔ གཞོན་ནུ་མྱོས་མའི་སྒེག་ཚུལ་ཅན༔ བཅུ་དྲུག་ལང་ཚོའི་ལུས་དང་ལྡན༔ ཞལ་འཛུམ་སྤྱན་གསུམ་ཟུར་མིག་གཡོ༔ མཆུ་སྒྲོས་པདྨའི་ཁོང་སེང་ནས༔ ཚེམས་ཕྲེང་ལྗགས་ཀྱི་ཟེའུ་འབྲུ་གཡོ༔ གཞོན་མཛེས་ལང་ཚོའི་བརྟན་པ་རྒྱས༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཕྱག་བཞིའི་གཡས་གཡོན་དང་པོ་གཉིས༔ ཨུཏྤལ་མདའ་གཞུ་སྙན་ཐད་འགེངས༔ འོག་མས་ལྕགས་ཀྱུ་ཞགས་པ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ ལེགས་འགྱིངས་ཡེ་ཤེས་འོད་ཟེར་འཁྲུགས༔ ནུ་འབུར་གསང་བའི་བྷ་ག་རྒྱས༔ བདེ་ཆགས་མི་བཟོད་འགྱིངས་བག་ཅན༔ འཁོར་དུ་རང་འདྲའི་ཌཱ་ཀི་བཞི༔ ལྕགས་ཀྱུ་གདེང་ཞིང་ཞགས་པ་འཕེན༔ གར་སྟབས་ཆགས་པའི་སྒྱུ་རྩལ་སྟོན༔ དར་ཤམ་རིན་ཆེན་རུས་པས་བརྒྱན༔ ནུ་འབུར་གསང་བའི་བྷ་ག་རྒྱས༔ ཨུཏྤལ་དམར་པོའི་དོ་ཤལ་འཕྱང༔ ཆོས་འབྱུང་གྲྭ་བཞིར་དགའ་བ་འཁྱིལ༔ འོད་དམར་ཕྲེང་བས་ཕྱོགས་ཀུན་ཁྱབ༔ གཙོ་བོའི་རིགས་བདག་འོད་དཔག་མེད༔ དམར་གསལ་སྤྲུལ་སྐུའི་ཆས་ཅན་གྱི༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ ལྷ་ཚོགས་ཀུན་གྱི་གནས་གསུམ་གྱི༔ ཡིག་འབྲུ་ལས་བྱུང་འོད་ཟེར་གྱིས༔ དབྱིངས་ནས་ཡེ་ཤེས་སྤྱན་དྲངས་བསྟིམ༔ གཉིས་མེད་དགྱེས་བཞུགས་བརྟན་པར་བསམ༔ ཧྲཱིཿ གར་གྱི་དབང་ཕྱུག་པདྨའི་རིགས༔ དབང་གི་ལྷ་མོ་མཐུ་རྩལ་ཅན༔ རིགས་བྱེད་ཌཱ་ཀིའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛཿཛཿ ཧྲཱིཿ དབྱིངས་རིག་གཉིས་མེད་དཀྱིལ་འཁོར་ལྷ༔ ཐུགས་རྗེའི་དབང་གིས་གཤེགས་ནས་ཀྱང༔ དམ་ཚིག་ཕྱག་རྒྱའི་དཀྱིལ་འཁོར་དང༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧྲཱིཿ གསུང་གི་རྡོ་རྗེ་སྣང་མཐའ་ཡས༔ ཤེས་རབ་དཔལ་མོའི་གཟུགས་འཆང་བ༔ ཁམས་གསུམ་དབང་བྱེད་དྷཱ་ཀི་ལ༔ གུས་ཤིང་དྭངས་བས་ཕྱག་བགྱིའོ༔ ཧྲཱིཿ ཡུལ་ལྔ་མ་འགག་ཆུ་ཟླའི་གར༔ དབང་ཤེས་སྒྱུ་མ་བདེ་བའི་མཆོག༔ སྐྱེ་འགག་གནས་པ་ཀུན་བྲལ་དབྱིངས༔ རང་བྱུང་མཆོད་པ་ཆེན་པོ་བཞེས༔ བདུད་རྩིར་ར་ས་ཡ་ན་དངོས༔ འདོད་འབྱུང་གཏོར་མ་བདེ་བ་ཆེ༔ འབར་དང་ཆགས་པའི་རཀྟའི་སྐྱེམས༔ དགའ་བཞིའི་ཡེ་ཤེས་དཔལ་སྐྱེད་པའི༔ རྨད་བྱུང་མཆོད་པ་ཆེན་པོ་བཞེས༔ རབ་འབྱམས་དབང་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་པདྨ་ཌཱ་ཀི་ནི་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཧྲཱིཿ བདེ་ཆེན་སྒྱུ་མ་ཡུམ་གྱི་ཚུལ༔ དབང་མཛད་ཀུ་རུ་ཀུལླེ་མ༔ འཕགས་བཞིའི་འབྱུང་གནས་དཔལ་མོའི་ཚུལ༔ རིགས་ཀྱི་འཁོར་ལོས་བསྒྱུར་ལ་བསྟོད༔ འཆར་ཀའི་མདངས་ཅན་མཚན་དཔེའི་སྐུ༔ མཛེས་འཛུམ་བདེ་བའི་ཉམས་དང་ལྡན༔ མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་ཚུལ༔ བདེ་ཆེན་ལང་ཚོ་རྒྱས་ལ་བསྟོད༔ མ་འགག་ཚངས་དབྱངས་གསུང་གི་མཆོག༔ གྲགས་སྟོང་སྐྱེ་བ་མེད་པར་རྫོགས༔ གང་འདུལ་ཕན་བདེའི་དཔལ་ཡོན་ཅན༔ འགག་མེད་ཚངས་པའི་གསུང་ལ་བསྟོད༔ ཟབ་གསལ་གཉིས་སུ་མེད་པའི་ཐུགས༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བར་ཤར༔ ཁྱོད་ཐུགས་དགའ་བཞི་ཚད་མེད་གཟུགས༔ སྤྲུལ་པའི་ཕོ་ཉར་བཅས་ལ་བསྟོད༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང༔ ཐབས་ཀྱི་ཡེ་ཤེས་སེམས་དཔའ་ནི༔ དབང་གི་རྒྱལ་པོ་ཐོད་ཕྲེང་རྩལ༔ གཅེར་བུ་དམར་གསལ་རྡོར་དྲིལ་བསྣམས༔ ཞབས་གཉིས་པདྨའི་སྐྱིལ་ཀྲུང་ཅན༔ རང་འོད་ཡུམ་དང་གཉིས་མེད་སྦྱོར༔ དམར་གསལ་བདེ་བའི་རང་འོད་ཅན༔ པད་ཟླར་བཞུགས་པའི་ཐུགས་དབུས་སུ༔ ཧྲཱིཿདམར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་དམར་སྤྲོ་བསྡུའི་སྦྱོར་བ་ཡིས༔ དཔལ་ཀུན་དབང་དུ་སྡུད་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཀུ་རུ་ཀུལླེ་སྭཱ་ཧཱཿ ཞེས་བཟླ་བསྙེན་པའི་སྔགས་ཉིད་དོ༔ ཨོཾ་པདྨ་ཌཱ་ཀི་ནི་ཀུ་རུ་ཀུལླེ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ སྒྲུབ་པའི་སྔགས་ཀྱིས་གང་འདོད་དཔལ༔ དབང་དུ་བྱེད་པར་གདོན་མི་ཟ༔ ཧྲཱིཿཧ་བཛྲ་དྷཱ་ཀི་ནི་ཤཱ$ཀནྟིཾ་ཀུ་རུ་སྭཱ་ཧཱ༔ ཧྲཱིཿརི་རཏྣ་དྷཱ་ཀི་ནི་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཧྲཱིཿནི་པདྨ་དྷཱ་ཀི་ནི་ཝཱ་ཤཾ་ཀུ་རུ་ཛཿ ཧྲཱིཿས་ཀརྨ་དྷཱ་ཀི་ནི་མཱ་ར་ཡ་ཕཊ྄༔ ལས་ཀྱི་སྦྱོར་བས་དོན་ཀུན་འགྲུབ༔ ས་མ་ཡ༔ དེ་ཡི་སྨིན་བྱེད་རིམ་པ་ནི༔ དཀྱིལ་འཁོར་དབུས་སུ་བྷནྡྷ་དང༔ མེ་ལོང་ཧ་རི་ནི་སས་མཚན༔ མན་ཤེལ་དར་དམར་ལྡིང་གུར་ཕུབ༔ ཚོགས་འཁོར་གཏོར་མ་བཟང་དུ་བཤམ༔ ཕྲིན་ལས་གཞུང་བསྲང་བཟླས་པ་བྱ༔ བདག་ཉིད་འཇུག་ཅིང་གནང་བ་ཞུ༔ དོན་གཉེར་སློབ་མ་བོས་ནས་ཀྱང༔ ཁྲུས་བྱས་བགེགས་བསལ་སྲུང་འཁོར་བསྒོམ༔ ལོ་རྒྱུས་བཤད་ལ་མཎྜལ་ཕུལ༔ བདེ་ཆེན་པདྨ་དགྱེས་པའི་ཡུམ༔ འཁོར་ལོའི་དབང་ཕྱུག་བཅོམ་ལྡན་མ༔ རིགས་ཀྱི་གཙོ་མོ་བདག་ལ་དགོངས༔ དབང་དང་བྱིན་རླབས་བསྩལ་དུ་གསོལ༔ སྐྱབས་སེམས་ཡན་ལག་བདུན་པ་དང༔ སྡོམ་བཟུང་སློབ་མ་ལྷར་བསྐྱེད་ནས༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ༔ གཉིས་སུ་མེད་པར་བརྟན་པར་བྱ༔ ཧྲཱིཿ རང་བྱུང་བདེ་སྐྱོང་བྷཉྫ་རུ༔ ལྷན་སྐྱེས་ཡེ་ཤེས་བདུད་རྩིས་གཏམས༔ དཀྱིལ་འཁོར་ལྷ་ཚོགས་ངོ་བོ་ཡིས༔ སྣང་སྟོང་བུམ་པའི་དབང་བསྐུར་རོ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ བདེ་དང་སྟོང་པ་གཉིས་མེད་པའི༔ ཡེ་ཤེས་ཐབས་ཀྱིས་སད་པའི་བཅུད༔ ལྷག་པའི་བྱང་ཆུབ་སེམས་ཆེན་པོས༔ གསང་བ་དོན་གྱི་དབང་བསྐུར་རོ༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ཧྲཱིཿ རྗེས་ཆགས་བདེ་བ་ཆེན་པོའི་དབྱིངས༔ རྣམ་ཀུན་མཆོག་ལྡན་སྟོང་པར་སྦྱོར༔ གཉིས་མེད་བརྡ་ཡི་དབང་བསྐུར་བས༔ དགའ་བཞིའི་དེ་ཉིད་མངོན་གྱུར་ཤོག༔ ཙིཏྟ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཿ ཆོས་དབྱིངས་བསམ་གྱིས་མི་ཁྱབ་པ༔ འོད་གསལ་དཀྱིལ་འཁོར་མཐའ་དབུས་བྲལ༔ དོན་གྱི་ཡེ་ཤེས་དེ་ཁོ་ན༔ བརྡ་ཡིས་མཚོན་བཞིན་རྟོགས་པར་གྱིས༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧོཿ དམ་ཚིག་ཁས་བླང་གཏང་རག་འབུལ༔ ཟབ་ལམ་ཉམས་ལེན་སྐལ་ལྡན་འགྱུར༔ ས་མ་ཡ༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་ན༔ དཀྱིལ་འཁོར་མཚན་ཉིད་རྫོགས་པའི་དབུས༔ ཚེ་དང་གལ་གྱི་འབྲང་རྒྱས་བཤམ༔ ཐབས་ཤེས་ཚེ་རིལ་བདུད་རྩི་དང༔ མདའ་དར་རྒྱན་ལྡན་མཆོད་པས་བསྐོར༔ བདག་ཉིད་པདྨ་རྒྱལ་པོ་ཡི༔ ཐུགས་དབུས་འཁོར་ལོ་ལྔ་ལྡན་དབྱིངས༔ བདེ་གཤེགས་པདྨ་རྡོ་རྗེའི་རིགས༔ ཡོན་ཏན་ཕྲིན་ལས་ཚེ་མཐའ་ཡས༔ དཀར་དམར་མཐིང་སེར་ལྗང་གུའི་མདོག༔ ལོངས་སྐུའི་ཆས་རྫོགས་ཡུམ་དང་སྦྱོར༔ ཚེ་བུམ་རིགས་ཀྱི་ཁ་རྒྱན་ཅན༔ སྐྱིལ་ཀྲུང་མཉམ་བཞག་ཕྱག་རྒྱས་འཛིན༔ མཁའ་འགྲོ་རིགས་བཞིའི་ཕྱི་རོལ་དུ༔ རིན་ཆེན་ཟུར་བརྒྱད་གདན་གྱི་སྟེང༔ དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱད༔ ཀུན་ཀྱང་དམར་གསལ་པདྨའི་མདོག༔ ལོངས་སྐུའི་ཆས་རྫོགས་བེར་ཕོད་གསོལ༔ ཕྱག་གཡས་མདའ་དར་ཚེ་བཅུད་སྡུད༔ གཡོན་པས་མཉམ་བཞག་ཚེ་བུམ་བསྣམས༔ ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་གིས༔ པད་ཟླ་ཉི་མའི་གདན་ལ་བཞུགས༔ སྐུ་ལས་སྐྱེས་པའི་འོད་ཟེར་རྩེར༔ ཕོ་ཉ་མགྱོགས་མ་བསམ་ཡས་སྤྲོ༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ ཕྱག་འཚལ་མཆོད་བསྟོད་ལས་རིམ་བྱ༔ ཁྱད་པར་ལྷ་སྐུ་སྣང་སྟོང་གཟུགས༔ རང་བྱུང་ལུས་ཀྱི་དཀྱིལ་འཁོར་གྱི༔ གསལ་སྣང་སྒྱུ་མའི་ཏིང་འཛིན་བསྒོམ༔ གནས་ལྔའི་ཚེ་དཔག་མེད་པ་དང༔ འཁོར་གྱི་ལྷ་ཚོགས་མ་ལུས་པའི༔ ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས༔ རིགས་ཀྱི་ས་བོན་ཧྲཱིཿདམར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ༔ འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས༔ འཕགས་མཆོད་འགྲོ་བའི་སྒྲིབ་ཚོགས་སྦྱང༔ འཁོར་འདས་སྲིད་ཞིའི་དྭངས་མ་བསྡུས༔ རང་གི་སྒོ་གསུམ་ལ་ཐིམ་པས༔ འཆི་མེད་ཚེ་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མཐའ་དག་འགྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་མ་ཧཱ་གུ་རུ་པདྨ་རཱ་ཛ་ཨཱ་ཡུ་ཛྙཱ་ན་ཛཿཛཿ པུཎྱཻ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་ཚེ་དཔལ་འཕེལ༔ ཐུན་མཚམས་ཚེ་འགུགས་བསྐུལ་བ་ནི༔ ཧྲཱིཿ ཆོས་ཉིད་གཞོན་ནུ་བུམ་སྐུའི་དབྱིངས༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང༔ འཕོ་མེད་ལྷན་སྐྱེས་རྡོ་རྗེའི་ཚེ༔ བདག་ལ་སྩོལ་ཅིག་སིདྡྷི་བྷྲཱུྃ༔ འོད་གསལ་ཐིག་ལེ་ཆེན་པོའི་ཀློང༔ ལོངས་སྤྱོད་ཡོངས་རྫོགས་ཚེ་མཐའ་ཡས༔ བདེ་ཆེན་ཁ་སྦྱོར་བདུན་གྱི་ཚེ༔ བདག་ལ་སྩོལ་ཅིག་སིདྡྷི་བྷྲཱུྃ༔ འགྲོ་འདུལ་ཐུགས་རྗེའི་ཕོ་བྲང་ནས༔ ཚེ་ཡི་རིག་འཛིན་པདྨ་རྒྱལ༔ འཆི་མེད་རྡོ་རྗེའི་ཡེ་ཤེས་ཚེ༔ བདག་ལ་སྩོལ་ཅིག་སིདྡྷི་བྷྲཱུྃ༔ བདེ་སྟོང་སྒྱུ་མའི་ཕོ་བྲང་ནས༔ དབྱིངས་ཕྱུག་ཡུམ་ཆེན་རྣམ་ལྔ་ཡི༔ འཕོ་མེད་ལྷན་སྐྱེས་ཚེ་ཡི་དཔལ༔ བདག་ལ་སྩོལ་ཅིག་སིདྡྷི་བྷྲཱུྃ༔ ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ནས༔ ཚེ་ཡི་བཀའ་བབ་རིག་འཛིན་བརྒྱད༔ ཕྱོགས་བཅུ་སྲིད་ཞིའི་དཔལ་གྱི་ཚེ༔ བདག་ལ་སྩོལ་ཅིག་སིདྡྷི་བྷྲཱུྃ༔ དབང་ཆེན་འོད་ཀྱི་དཀྱིལ་འཁོར་ནས༔ རིགས་ཀྱི་བདག་པོ་རྟ་མཆོག་དཔལ༔ དགྲ་བགེགས་ལོག་འདྲེན་འདུལ་བའི་ཚེ༔ བདག་ལ་སྩོལ་ཅིག་སིདྡྷི་བྷྲཱུྃ༔ ཟླ་གམ་དབང་གི་སྒོ་གཅིག་ནས༔ པདྨའི་ཕོ་ཉ་འདོད་པའི་རྒྱལ༔ བདེ་ཆེན་འཕོ་འགྱུར་མེད་པའི་ཚེ༔ བདག་ལ་སྩོལ་ཅིག་སིདྡྷི་བྷྲཱུྃ༔ ཚེ་ཡི་ཕོ་བྲང་ཕྱོགས་མཚམས་ནས༔ བཅོམ་ལྡན་རྡོ་རྗེ་ཚེ་ཡི་ལྷ༔ སྐྱེ་འཆི་གཞོམ་གཞིག་བྲལ་བའི་ཚེ༔ བདག་ལ་སྩོལ་ཅིག་སིདྡྷི་བྷྲཱུྃ༔ ཚེ་ཡི་ཕོ་ཉ་ལས་བྱེད་རྣམས༔ ཕྱོགས་མཚམས་ཀུན་ཏུ་འཕྲོ་ཞིང་འདུ༔ ཕྱག་མཚན་མདའ་དར་ཚེ་བུམ་གྱིས༔ སྲིད་དང་ཞི་བའི་དྭངས་བཅུད་སྡུད༔ ཕྱི་སྣོད་འབྱུང་ལྔའི་དྭངས་མ་དང༔ བརྟན་གཡོའི་རྩི་ཤིང་ནགས་ཀྱི་ཚལ༔ སྨན་དང་འབྲས་བུ་རོ་ལྡན་པའི༔ འབྱུང་བ་ལྔ་ཡི་དྭངས་མ་ཁུག༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ འཆི་མེད་གྲུབ་པའི་ཌཱ་ཀི་མ༔ དབང་དང་སྟོབས་བཅུའི་ཡེ་ཤེས་ཚེ༔ མཁྱེན་བརྩེ་ནུས་པའི་ཚེ་དཔལ་ཁུག༔ བདག་ཚེ་ཉམས་འཁྱར་འཐོར་བ་དང༔ བྱད་དང་གཏད་དུ་བཅུག་པའི་ཚེ༔ ཉམས་དང་ཞིག་རལ་གྱུར་པ་ཀུན༔ ལུས་ངག་ཡིད་ཀྱི་བཅུད་དུ་ཁུག༔ འོད་ཟེར་སྤྲིན་དང་གདུང་བའི་གླུས༔ ཕོ་ཉ་མགྱོགས་མ་དེང་བསྐུལ་ན༔ སྲིད་ཞིའི་ཚེ་དང་བསོད་ནམས་དཔལ༔ བདག་དང་སྒྲུབ་པའི་རྫས་ལ་ཁུག༔ ལུས་ངག་ཡིད་ལ་གཉིས་མེད་སྟིམས༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་གི༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཨཱ་ཡུ་ཛྙཱ་ན་པུཎྱཻ་པུཥྚིཾ་ཀུ་རུ་ཛཿཛཿ རྟེན་འབྲེལ་སྙིང་པོས་བརྟན་པར་བྱ༔ གཏིང་གསལ་ཡེ་ཤེས་རྡོ་རྗེའི་ཚེ༔ གདོད་ནས་འདུ་འབྲལ་མེད་པའི་ཀློང༔ ཕྱག་རྒྱ་བཞི་ཡི་རྒྱས་བཏབ་ནས༔ མི་ཤིགས་ཐིག་ལེ་ཆེན་པོར་ཨ༔ ཨ་ཝ་དྷཱུ་ཏིའི་མར་སྣ་རུ༔ ལྟེ་འོག་རྩ་གསུམ་འདུས་མདོ་ན༔ འཆི་མེད་ལྷ་མོ་ཙཎྜ་ལི༔ དབང་གི་མཁའ་འགྲོ་རིགས་བྱེད་མ༔ གཉིས་སུ་མེད་པར་བཞུགས་པར་བསྒོམ༔ རླུང་རོ་བསལ་ཞིང་བུམ་ཅན་བཟུང༔ ལྟེ་འོག་མཁའ་འགྲོ་བསྐུལ་བ་ལས༔ བདེ་དྲོད་འོད་ཀྱིས་རྩ་འཁོར་ཁྱབ༔ དབུ་མའི་ཡར་སྣའི་ཧཾ་ཡིག་གཟུགས༔ བཞུས་པས་དྭངས་མའི་སེམས་སྤྲིན་སྤྲོས༔ གནས་ལྔའི་ཚེ་བདག་རིགས་ལྔ་ལ༔ བདེ་བ་ཆེན་པོས་ཁྱབ་པར་ཕུལ༔ སྐུ་གསུང་ཐུགས་ཀྱི་ཉམས་ཆག་སྦྱོང༔ དབང་བཞིའི་ནུས་པ་གསོས་བཏབ་སྟེ༔ དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས༔ རྩ་རླུང་ཐིག་ལེའི་དྭངས་མ་རྒྱས༔ མེ་དང་བདུད་རྩི་གཉིས་མེད་པས༔ ལུས་ཁྱབ་ནད་གདོན་སྡིག་སྒྲིབ་སྦྱང༔ བ་སྤུའི་བུ་ག་ཚུན་ཆད་ཀྱང༔ ཚེ་ཡི་བདུད་རྩིའི་ཟིལ་པས་ཁྱབ༔ གཞོན་མཛེས་བཀྲག་དང་ལྡན་པར་བསམ༔ རྡོ་རྗེའི་བཟླས་པ་གནད་དུ་བསྣུན༔ རླུང་རིག་བསྲེས་ལ་མཉམ་པར་བཞག༔ འཆི་མེད་འགྲུབ་པར་གདོན་མི་ཟ༔ གོམས་ཤིང་ནུས་པ་རྙེད་པའི་ཚེ༔ བོགས་འབྱིན་ལས་ཀྱི་ཕྱག་རྒྱ་བསྟེན༔ ལྷ་དང་བླ་མས་གནང་བ་དང༔ མཚན་ཉིད་རྫོགས་པའི་གཞོན་ནུ་མ༔ དབང་དུ་བྱས་ལ་བློ་རྒྱུད་སྦྱང༔ རིམ་གཉིས་དྲོད་དང་ལྡན་པར་བསླབ༔ བལྟ་ཞིང་ཆགས་པའི་འཛུམ་བསྟན་ཏེ༔ འཁྱུད་པས་འདོད་པའི་བདེ་བ་སྤེལ༔ ཡབ་ཡུམ་ལྷ་ཡི་འདུ་ཤེས་ཀྱིས༔ རྡོ་རྗེ་པདྨ་མཉམ་སྦྱོར་བས༔ བསྐྱོད་དང་བསྲུབས་པས་ཉེར་བསྐུལ་ཏེ༔ འབར་འཛག་ཏིང་འཛིན་རྩེ་གཅིག་བསྒོམ༔ ཐིག་ལེ་གཡོ་ན་ཐབས་ཀྱིས་བཟུང༔ བདེ་བ་ཡལ་ཚེ་སླར་ཡང་བསྐུལ༔ ཞེན་མེད་རིག་པའི་རྩལ་སྦྱང་བྱ༔ སྦྱོར་མཚམས་འོད་ཀྱིས་ཚེ་བཅུད་བསྡུས༔ དྭངས་མ་ཕྱག་རྒྱའི་རཀྟར་བསྟིམ༔ རྡོ་རྗེའི་བུ་ག་ལས་དྲངས་ཏེ༔ གནས་ལྔའི་ཚེ་ལྷར་ལུགས་ལྡོག་ཏུ༔ མཆོད་པས་ཀུན་ཀྱང་རྗེས་ཆགས་རྒྱས༔ བདེ་དྲོད་འོད་ཀྱིས་ལུས་ཀུན་ཁྱབ༔ རྩ་ཡི་མདུད་གྲོལ་དྭངས་མའི་ཁམས༔ ཞུ་བདེའི་ཉམས་རྩལ་རྒྱས་པར་བསམ༔ ཧ་ཅང་བདེ་བ་རྒྱས་དྲགས་ན༔ སྣོད་བཅུད་ལན་ཚྭ་ཆུར་ཞུ་ལྟར༔ ཡབ་ལ་ཐིམ་ཞིང་དེ་ཉིད་ཀྱང༔ ཡུམ་ལ་ཐིམ་སྟེ་ཡུམ་གྱི་སྐུ༔ མི་དམིགས་སྟོང་པར་བསྒོམས་ལ་བཞག༔ དེ་ལྟར་སྤེལ་ནས་སྦྱང་བ་ཡིས༔ ཐུན་མོང་ཚེ་དང་བསོད་ནམས་འཕེལ༔ ཁྱད་པར་ཡེ་ཤེས་དགོངས་ཉམས་རྒྱས༔ སྒོ་གསུམ་རྡོ་རྗེའི་སྲོག་གྲུབ་ནས༔ དྭངས་མར་སྨིན་པ་གདོན་མི་ཟ༔ ཤིན་ཏུ་གསང་བ་ཐབས་ཀྱི་ལམ༔ པདྨ་བཅུད་སྡུད་ས་མ་དྷི༔ རྗེས་འབྲེལ་དབང་དང་དངོས་གྲུབ་ལེན༔ ཧྲཱིཿ པདྨ་ཟླ་གམ་ཚེའི་འབྲང་རྒྱས༔ དཀྱིལ་འཁོར་ལྷ་ཚོགས་སྐུ་ཡི་དབྱིངས༔ རྡོ་རྗེའི་ཡེ་ཤེས་ཕྱག་རྒྱའི་བཅུད༔ བུམ་པའི་བདུད་རྩིས་དབང་བསྐུར་རོ༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ༔ ཧྲཱིཿ བདེ་ཆེན་རྡོ་རྗེའི་ཀ་པཱ་ལར༔ ཀློང་ལྔ་ཡུམ་གྱི་བདུད་རྩིས་བཀང༔ དྭངས་མའི་ཁམས་ཀྱི་གསོས་སུ་སྦྱིན༔ རླུང་སྔགས་གཉིས་མེད་ཚེ་འགྲུབ་ཤོག༔ ཨོཾ་མནྟྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ༔ ཧྲཱིཿ བདེ་སྟོང་དྭངས་མའི་ཐིག་ལེའི་གཟུགས༔ དཀར་དམར་ཐབས་ཤེས་དཔྱིད་ཀྱི་ཚུལ༔ འཕོ་མེད་ཡེ་ཤེས་མངོན་གྱུར་ཕྱིར༔ རྡོ་རྗེ་བཟའ་བས་དབང་བསྐུར་རོ༔ ཨོཾ་ཏི་ལ་ཀ་དྷཱ་ཏུ་ཨཱ་ཡུ་ཥེ་ཧཱུྃ༔ ཧྲཱིཿ མཁའ་ཁྱབ་ཚེ་དང་ཡེ་ཤེས་དཔལ༔ དྭངས་མ་ཐིག་ལེའི་སྲོག་ཆེན་པོ༔ ཡེ་ཤེས་ཕྱག་རྒྱའི་དཀྱིལ་འཁོར་དུ༔ རྡོ་རྗེ་གསུམ་དང་དབྱེར་མེད་ཤོག༔ ཨ་ཨ་ཨ༔ དེ་ལྟར་ཟབ་ལམ་རྨད་བྱུང་བ༔ རིག་འཛིན་བླ་མའི་དཀྱིལ་འཁོར་གྱི༔ རྡོ་རྗེ་གསུམ་དུ་སྒྲུབ་པའི་ཐབས༔ ཟབ་འདྲིལ་བླ་ན་མེད་པ་འདི༔ བི་མ་པད་འབྱུང་དབྱེར་མེད་པས༔ བྱིན་བརླབས་མངའ་བདག་ཁུ་དབོན་གྱི༔ ལས་སྨོན་ཅན་དང་འཕྲད་ནས་ཀྱང༔ དབྱིངས་རིག་གསང་བའི་སྒྲོམ་བུ་ལས༔ ཕྱུང་སྟེ་གཏན་ལ་ཕབ་ནས་ཀྱང༔ ཉམས་སུ་བླངས་པས་དོན་ཡོད་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཅེས་འདི་རྒྱལ་བ་ཀུན་ཡབ་འཇམ་དཔལ་དབྱངས། །པདྨ་ཡེ་ཤེས་རྡོ་རྗེའི་བཀས་བསྐུལ་ཏེ། །མདོ་སྨད་རྨ་ཡུལ་ཉམས་དགའི་སྨན་ལྗོངས་ནས། རིག་གསང་བརྡ་ཡི་རོལ་མོར་སད་པའི་ཆོས། ངེས་གསང་བསྟན་པའི་རྒྱན་གྱུར་མཁྱེན་བརྩེའི་གཏེར། །ལས་སྨོན་རྣམ་དག་དོན་གྱི་རིག་པ་འཛིན། །འགྲོ་འདུལ་པདྨའི་ཐུགས་རྗེའི་རྩལ་འཆང་བས། །བཀའ་ཡི་གླིང་བུས་བསྐུལ་བའི་རྟེན་འབྱུང་གིས། །པདྨ་གར་དབང་འོད་གསལ་བདེ་བ་ཆེ། །མདོ་སྔགས་གླིང་པས་གཏན་ལ་ཕབ་རིམ་བཞིན། །ཨོྃ་རྒྱནྃ་ཞིང་གི་སྟོན་དང་བསྟན་པར་གུས། །གཞནྃ་ཕནྃ་དད་བློ་མོས་གུས་ཡངས་པ་ཡིས། །ཡི་གེའི་མཐུན་སྦྱོར་དང་བཅས་སྤེལ་འདིས་ཀྱང༌། །སྲིད་ཞིའི་དཔལ་རྒྱས་མཆོག་གསུམ་དབུ་རྨོག་བཙན། །ལུང་རྟོགས་རིན་ཐང་འགྲོ་ཀུན་ཡིད་ལ་སིམ། །གཅིག་ཏུ་བསྟན་པ་འབའ་ཞིག་སེམས་པ་ཡི། །སྐྱེ་དགུའི་ཕན་བདེའི་དགའ་སྟོན་སྤེལ་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:10, 1 June 2024
Wylie title | rang byung pad+ma'i snying thig las: gu ru pad+ma rgyal po'i sgrub thabs khams gsum dbang byed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 17, Text 23, Pages 139-151 (Folios 1a to 13b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | པདྨ་འབྱུང་གནས་ (pad+ma 'byung gnas) | |
Citation | Khyentse, Dilgo. Rang byung pad+ma'i snying thig las gu ru pad+ma rgyal po'i sgrub thabs khams gsum dbang byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 139-151. Delhi: Shechen Publications, 1994. | |
Genre | Sadhanas - Evocation Ritual - sgrub thabs | |
Cycle | རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig) | |
Deity | gu ru pad+ma rgyal po | |
Colophon |
ཅེས་འདི་རྒྱལ་བ་ཀུན་ཡབ་འཇམ་དཔལ་དབྱངས། །པདྨ་ཡེ་ཤེས་རྡོ་རྗེའི་བཀས་བསྐུལ་ཏེ། །མདོ་སྨད་རྨ་ཡུལ་ཉམས་དགའི་སྨན་ལྗོངས་ནས། རིག་གསང་བརྡ་ཡི་རོལ་མོར་སད་པའི་ཆོས། ངེས་གསང་བསྟན་པའི་རྒྱན་གྱུར་མཁྱེན་བརྩེའི་གཏེར། །ལས་སྨོན་རྣམ་དག་དོན་གྱི་རིག་པ་འཛིན། །འགྲོ་འདུལ་པདྨའི་ཐུགས་རྗེའི་རྩལ་འཆང་བས། །བཀའ་ཡི་གླིང་བུས་བསྐུལ་བའི་རྟེན་འབྱུང་གིས། །པདྨ་གར་དབང་འོད་གསལ་བདེ་བ་ཆེ། །མདོ་སྔགས་གླིང་པས་གཏན་ལ་ཕབ་རིམ་བཞིན། །ཨོྃ་རྒྱནྃ་ཞིང་གི་སྟོན་དང་བསྟན་པར་གུས། །གཞནྃ་ཕནྃ་དད་བློ་མོས་གུས་ཡངས་པ་ཡིས། །ཡི་གེའི་མཐུན་སྦྱོར་དང་བཅས་སྤེལ་འདིས་ཀྱང༌། །སྲིད་ཞིའི་དཔལ་རྒྱས་མཆོག་གསུམ་དབུ་རྨོག་བཙན། །ལུང་རྟོགས་རིན་ཐང་འགྲོ་ཀུན་ཡིད་ལ་སིམ། །གཅིག་ཏུ་བསྟན་པ་འབའ་ཞིག་སེམས་པ་ཡི། །སྐྱེ་དགུའི་ཕན་བདེའི་དགའ་སྟོན་སྤེལ་གྱུར་ཅིག། | |
ces 'di rgyal ba kun yab 'jam dpal dbyangs/_/pad+ma ye shes rdo rje'i bkas bskul te/_/mdo smad rma yul nyams dga'i sman ljongs nas/_rig gsang brda yi rol mor sad pa'i chos/_nges gsang bstan pa'i rgyan gyur mkhyen brtse'i gter/_/las smon rnam dag don gyi rig pa 'dzin/_/'gro 'dul pad+ma'i thugs rje'i rtsal 'chang bas/_/bka' yi gling bus bskul ba'i rten 'byung gis/_/pad+ma gar dbang 'od gsal bde ba che/_/mdo sngags gling pas gtan la phab rim bzhin/_/o~M rgyana~M zhing gi ston dang bstan par gus/_/gzhana~M phana~M dad blo mos gus yangs pa yis/_/yi ge'i mthun sbyor dang bcas spel 'dis kyang*/_/srid zhi'i dpal rgyas mchog gsum dbu rmog btsan/_/lung rtogs rin thang 'gro kun yid la sim/_/gcig tu bstan pa 'ba' zhig sems pa yi/_/skye dgu'i phan bde'i dga' ston spel gyur cig/ |