DKR-KABUM-18-TSHA-020: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=བདུད་འདུལ་པདྨའི་སྙིང་ཏིག་ལས༔ གུ་རུ་དྲག་པོ་ཀཱི་ལ་ཡའི་སྒྲུབ་ཐབས་བདུད་བཞིའི་དཔུང་འཇོམས༔ | |||
|fulltitle=bdud 'dul pad+ma'i snying tig las: gu ru drag po kI la ya'i sgrub thabs bdud bzhi'i dpung 'joms | |||
|citation=[[Khyentse, Dilgo]]. ''bdud 'dul pad+ma'i snying tig las gu ru drag po kI la ya'i sgrub thabs bdud bzhi'i dpung 'joms''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: 121-129. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Six | |||
|deity=gu ru drag po | |||
|cycle=bdud 'dul pad+ma'i snying tig | |||
|cycletib=བདུད་འདུལ་པདྨའི་སྙིང་ཏིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=018 | ||
| | |volnumtib=༡༨ | ||
|volyigtib=ཚ་ | |||
|totalvolumes=25 | |||
|textnuminvol=020 | |textnuminvol=020 | ||
|pagenumbers=121-129 | |||
|totalpages=17 | |||
|beginfolioline=1a | |||
|endfolioline=9a5 | |||
|totalfolios=9 | |||
|multivolumework=No | |||
|rectonotes=sgrub thabs | |||
|versonotes=bdud 'dul pad+ma'i snying tig | |||
|colophontib=ཅེས་པའང་ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་ཡེ་ཤེས་རྡོ་རྗེའི་མནལ་ལམ་དག་སྣང་གི་རྟེན་འབྲེལ་གྱི་བརྡས་བསྐུལ་ཏེ་གངས་ཅན་མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་སྤྲུལ་པའི་གཏེར་འབྱིན་ཡོངས་ཀྱི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ཁ་རག་རྡོ་རྗེ་ཁྱུང་བཙུན་མས་དངོས་སུ་ཕུལ་བའི་གནམ་ལྕགས་ཀྱི་ཕུར་བུའི་ལོགས་སུ་གསལ་བའི་བརྡ་རིས་ལ་བསྟེན་ཏེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པ་འདིས་ཀྱང་འཇམ་མགོན་གྲུབ་པའི་དཔའ་བོ་ཀུན་གཟིགས་དྷརྨ་མ་ཏིའི་གསང་གསུམ་བར་ཆད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་ཐུགས་བསྐྱེད་དང་ཕྲིན་ལས་མཁའ་མཐར་ཁྱབ་པའི་རྟེན་འབྱུང་རྨད་དུ་འབྱུང་བའི་དཔལ་དམ་པར་གྱུར་ཅིག། | |||
|colophonwylie=ces pa'ang khyab bdag 'khor lo'i mgon po pad+ma ye shes rdo rje'i mnal lam dag snang gi rten 'brel gyi brdas bskul te gangs can mkhas grub rgya mtsho'i gtsug rgyan sprul pa'i gter 'byin yongs kyi rgyal po 'jam dbyangs mkhyen brtse'i dbang po la kha rag rdo rje khyung btsun mas dngos su phul ba'i gnam lcags kyi phur bu'i logs su gsal ba'i brda ris la bsten te pad+ma gar dbang 'od gsal mdo sngags gling pas gtan la phab pa 'dis kyang 'jam mgon grub pa'i dpa' bo kun gzigs d+harma ma ti'i gsang gsum bar chad bdud bzhi'i g.yul las rnam par rgyal te thugs bskyed dang phrin las mkha' mthar khyab pa'i rten 'byung rmad du 'byung ba'i dpal dam par gyur cig/ | |||
|pdflink=File:DKR-KABUM-18-TSHA-020.pdf | |pdflink=File:DKR-KABUM-18-TSHA-020.pdf | ||
}} | }} | ||
Line 17: | Line 40: | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ བདུད་འདུལ་པདྨའི་སྙིང་ཏིག་ལས༔ གུ་རུ་དྲག་པོ་ཀཱི་ལ་ཡའི་སྒྲུབ་ཐབས་བདུད་བཞིའི་དཔུང་འཇོམས་བཞུགས༔ | {{TibP|༁ྃ༔ བདུད་འདུལ་པདྨའི་སྙིང་ཏིག་ལས༔ གུ་རུ་དྲག་པོ་ཀཱི་ལ་ཡའི་སྒྲུབ་ཐབས་བདུད་བཞིའི་དཔུང་འཇོམས་བཞུགས༔ | ||
<br> | |||
༁ྃ༔ བརྡ་ཡིག རྩ་གསུམ་འདུས་པའི་ལྷ་ལ་འདུད༔ རྩུབ་འགྱུར་ལྔ་བརྒྱའི་ཐ་མ་ལ༔ དུག་ལྔའི་ཉོན་མོངས་རང་གཟུགས་ལས༔ གློ་བུར་དམ་སྲི་རྒྱལ་བསེན་ཀླུས༔ ཆོས་བྱེད་ཡོངས་ལ་གནོད་ཅིང་རྒོལ༔ བར་ཆད་སྐབས་མང་བཙལ་བའི་ཚེ༔ ནད་གདོན་བྱད་གཏད་མི་མཐུན་ཕྱོགས༔ མཐའ་དག་སྐྱོབས་པའི་གདམས་པའི་མཆོག༔ ཀུན་དང་ཐུན་མོང་མ་གྱུར་པའི༔ གསང་སྒྲུབ་ཟབ་བརྒྱའི་མཐར་ཐུག་བསྟན༔ ས་མ་ཡཱ༔ སྐལ་བཟང་དད་མོས་མཆོག་ལྡན་པས༔ ངེས་འབྱུང་སྙིང་རྗེའི་སེམས་བསྐྱེད་ཀྱིས༔ དབང་ཐོབ་དམ་ཚིག་ལ་གནས་པས༔ ཉམས་ལེན་སྙིང་པོའི་རྣལ་འབྱོར་ནི༔ ཧཱུྃ༔ རང་རིག་འོད་གསལ་བདེ་གཤེགས་འདུས་པའི་ལྷ༔ བར་ཆད་བདུད་འདུལ་པདྨ་ཀཱི་ལ་ཡ༔ རིགས་ཀུན་འདུས་པ་བླ་མ་དྲག་པོའི་ཚུལ༔ མི་ཕྱེད་དད་མོས་གདུང་བས་སྐྱབས་སུ་མཆི༔ ཧཱུྃ༔ གདོད་ནས་རྣམ་དག་འོད་གསལ་དེ་བཞིན་ཉིད༔ མ་རྟོགས་འཁྲུལ་སྣང་བདེན་པར་བཟུང་བའི་མཐུས༔ གཟུང་འཛིན་རང་རྒྱུད་བར་ཆད་བདུད་འདུལ་ཕྱིར༔ ཁྲག་འཐུང་ལྷ་ཚོགས་སྒྲུབ་པར་སེམས་བསྐྱེད་དོ༔ ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས། ཧྲཱིཿ ང་ནི་དབང་དྲག་པདྨ་ཧེ་རུ་ཀ༔ ལོག་འདྲེན་མཐར་བྱེད་འཇིགས་མཛད་དཔའ་བོའི་གར༔ བདེན་པའི་ཚིག་ལས་ནམ་ཡང་མ་འདའ་བར༔ གཏོར་མ་ལོངས་ལ་རྒྱ་མཚོའི་ཕ་མཐར་དེངས༔ ཧཱུྃ་བཞིའི་སྔགས་ཀྱིས་གཟིར་ལ་བསྐྲད༔ ཧྲཱིཿ ཡོངས་གྲུབ་གཉུག་མ་ཆོས་སྐུའི་ཞིང་ཁམས་ལ༔ འོད་གསལ་ཡེ་ཤེས་རྡོ་རྗེའི་སྲུང་གུར་འཁྲིགས༔ ཀུན་བརྟགས་གདོན་ཚོགས་འཇུག་པའི་སྐབས་མེད་པས༔ ཁྱབ་བརྡལ་ལྷ་སྔགས་ཡེ་ཤེས་ཕྱག་རྒྱར་ཤར༔ བཛྲ་རཀྵ་ཧཱུྃ་བྷྲཱུྃ༔ ཧཱུྃ༔ ཆོས་དབྱིངས་ཀློང་ནས་རང་བྱུང་ཐུགས་རྗེའི་རྩལ༔ གཏུམ་དྲག་དམར་ནག་མེ་ལྕེའི་ཕྲེང་བ་ཅན༔ པདྨ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ༔ བྱིན་རླབས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ བགེགས་དང་ལོག་འདྲེན་བར་ཆད་རྡུལ་དུ་རློག༔ དབང་བསྐུར་བྱིན་ཕོབ་རྟགས་དང་མཚན་མ་སྟོན༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྒྱུད་ལ་བསྐྱེད༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཧེ་རུ་ཀ་ཀཱི་ལ་ཡ་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨ༔ རཾ་ཡཾ་ཁཾ༔ སྣང་བ་རྣམ་དག་བདེ་ཆེན་དག་པའི་ཞིང༔ སྲིད་པ་རང་གྲོལ་རྡོ་རྗེའི་འདོད་ཡོན་རྫས༔ ཕྱི་ནང་གསང་བ་མཆོད་པའི་སྤྲིན་རྒྱ་མཚོ༔ ཟག་མེད་ནམ་མཁའ་མཛོད་དུ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཱུ་ཛ་ཧོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་སརྦ་པཱུ་ཛ་ཡེ་ཧཱུྃ༔ ཧཱུྃ༔ སྟོང་ཆེན་བདག་མེད་ཀ་ནས་དག་པ་ལས༔ ལྷུན་གྲུབ་སྙིང་རྗེ་ནམ་མཁའ་མཉམ་པར་ཤར༔ ཟུང་འཇུག་རིག་པ་རང་བྱུང་ཡི་གེ་ཧྲཱིཿ ནམ་མཁའི་ཀློང་ན་སྐར་ཆེན་བཞིན་དུ་གསལ༔ དེ་ལས་དྭངས་མའི་འོད་ཟེར་འཁྲིགས་པ་ལས༔ དག་པའི་གཞལ་ཡས་ཚད་དང་མཚན་ཉིད་རྫོགས༔ གསང་ཆེན་རོལ་པ་དབང་དྲག་འབར་བའི་ཞིང༔ རབ་འཇིགས་དྲག་པོའི་རྒྱན་བཀོད་ལྷུན་གྱིས་གྲུབ༔ ལྟེ་བར་ནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པའི༔ ཨེ་དབྱིངས་རྡོ་རྗེའི་བྲག་ཆེན་འབར་བ་དང༔ པད་ཉིར་རྒྱལ་འགོང་གན་རྐྱལ་བསྒྱེལ་བའི་སྟེང༔ རྡོ་རྗེའི་ས་བོན་ཐོག་ལྟར་ལྷུང་བ་ལས༔ སྤྲོ་བསྡུའི་འོད་ཀྱིས་རྒྱལ་ཀུན་མཐུ་སྟོབས་བསྡུས༔ བདུད་བཞིའི་དཔུང་བཅོམ་བར་ཆད་དབྱིངས་སུ་བསྒྲལ༔ ས་བོན་ཡོངས་གྱུར་རྡོ་རྗེ་རྩེ་ལྔ་པ༔ དེ་ཉིད་འོད་ཞུ་ཐིག་ལེར་འདྲིལ་བ་ལས༔ མ་ཧཱ་གུ་རུ་པདྨ་ཁྲག་འཐུང་ཆེ༔ དུས་མཐའི་མེ་བཞིན་ཁྲོས་འཁྲུགས་རྔམ་པའི་སྐུ༔ གར་དགུའི་བསྒྱིངས་བའི་དམར་ནག་དྲག་པོའི་ཞལ༔ གཡས་མཐིང་ཆོས་སྐུ་རྟོག་མེད་དེ་བཞིན་ཉིད༔ གཡོན་དཀར་སྐྱོན་བྲལ་བདེ་ཆེན་བཞད་པའི་ཉམས༔ སྤྱན་དགུ་སྡང་མིག་ཁྲོ་གཉེར་རླབས་ལྟར་འཁྲུགས༔ ཞལ་གདངས་ལྗགས་འདྲིལ་ཤིན་ཏུ་ཁྲོས་པའི་སྐུ༔ ཐོད་སྐམ་ལྔས་བརྒྱན་ཁམ་ནག་དབུ་སྐྲ་བརྫེས༔ ཕྱག་དྲུག་གཡས་ཀྱི་དང་པོས་རྡོ་རྗེ་གསོར༔ གཉིས་པས་རལ་གྲི་གཡོན་གྱི་ཐོག་མས་སྙིང༔ བར་པས་ལྕགས་སྡིག་ཐ་མའི་ཕྱག་གཉིས་ཀྱིས༔ གནམ་ལྕགས་ཕུར་པ་འདྲིལ་ཞིང་བགེགས་ལ་འདེབས༔ སྐུ་སྨད་ཆུ་སྲིན་གདུག་པའི་ཁར་ཐོན་པའི༔ ཕུར་བུའི་དབལ་གྱིས་དམ་སྲིའི་སྙིང་ནས་གཟིར༔ དཔལ་དང་དུར་ཁྲོད་རོལ་པའི་རྒྱན་ཆས་ཀྱིས༔ བརྗིད་པའི་སྐུ་མཆོག་ཡེ་ཤེས་མེ་དབུས་རོལ༔ སྐུ་ཡི་གནས་ལྔར་སྲུང་བྱེད་ཁྲོ་བོ་ཆེ༔ ཡབ་ཡུམ་བཅུ་དང་ཕྲ་ཕྱག་སྒོ་མའི་ཚོགས༔ ཉི་ཟེར་རྡུལ་ལྟར་འཁྲིགས་པས་བ་སྤུ་ཡན༔ གོ་མཚམས་མེད་པར་གཏམས་པས་ཕོ་ཉ་སྤྲོ༔ ཤར་དུ་དཔལ་ཆེན་བཛྲ་ཧེ་རུ་ཀ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་དུག་གི་གདོང༔ ནུབ་ཏུ་དབང་ཆེན་རྟ་མཆོག་རོལ་པའི་ལྷ༔ བྱང་དུ་ཕྲིན་ལས་རྡོ་རྗེ་ཕུར་བུ་རྣམས༔ མཐིང་སེར་དམར་ལྗང་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དགྲ་སྟྭ་ཐོད་དབྱུག་རལ་གྲི་གཡས༔ ལྕགས་གསེར་ཟངས་གཡུའི་སྡིག་པ་གཡོན་པས་བསྣམས༔ སྐུ་སྨད་ཟུར་གསུམ་གནམ་ལྕགས་ཕུར་བུའི་དབལ༔ བར་ཆད་བདུད་བཞིའི་སྙིང་ལ་ཟུག་པས་བཞེངས༔ རིགས་ལྔའི་ཁྲོ་རྒྱལ་སོ་སོའི་སྤྱི་གཙུག་ཏུ༔ རང་མདོག་སྤྲུལ་པའི་བྱ་ཁྱུང་རྔམ་པར་ལྡིང༔ མཚམས་བཞི་གདུགས་དཀར་ལྷ་མོ་འོད་ཟེར་ཅན༔ བདུད་འདུལ་དྲག་མོ་ཀརྨ་ཌཱ་ཀི་ནཱི༔ དཀར་སེར་མཐིང་ལྗང་ཁྲོས་འཁྲུགས་འབར་བའི་སྐུ༔ ཕྲ་མེན་རིགས་སྔགས་གྲུབ་པའི་ལྷ་མོའི་ཚུལ༔ གཅེར་བུ་སྐྲ་བརྫེས་རུས་པའི་ཕྱག་རྒྱ་ལྔ༔ འཆང་ཞིང་གྲི་གུག་ཕྱར་ཏེ་ཐོད་ཁྲག་འཐུང༔ དུས་མཐའི་མེ་རླུང་འཁྲུགས་པའི་དཀྱིལ་འཁོར་ན༔ ཁྲག་འཐུང་ལྷ་ཚོགས་མཁའ་ལ་སྤྲིན་ལྟར་ཤར༔ གནས་གསུམ་རྡོ་རྗེའི་ཡིག་འབྲུའི་འོད་ཟེར་གྱིས༔ ཡེ་ཤེས་འཁོར་ལོ་བཛྲ་ས་མ་ཛཿ ཧཱུྃ༔ བདེ་ཆེན་རོལ་པ་དབང་དྲག་དུར་ཁྲོད་ཆེ༔ འབར་བའི་ཞིང་མཆོག་པདྨ་འོད་ཀྱི་གླིང༔ སྐུ་གསུམ་ཡོན་ཏན་རྫོགས་པའི་ཕོ་བྲང་ནས༔ བླ་མ་དྲག་པོ་དཔལ་ཆེན་ཁྲག་འཐུང་ཆེ༔ ཕྱག་རྒྱ་གར་གྱི་བརྡ་ཡིས་བསྐུལ་ལགས་ན༔ གནས་འདིར་རྫུ་འཕྲུལ་ཆེན་པོས་གཤེགས་སུ་གསོལ༔ སྔགས་དང་སྒྲ་ཚིག་གླུ་ཡིས་འབོད་ལགས་ན༔ དགོད་གཤེ་དྲག་ཤུལ་རོལ་པས་གཤེགས་སུ་གསོལ༔ ཏིང་འཛིན་རྡོ་རྗེའི་གནད་ཀྱིས་དེང་བསྐུལ་ན༔ ཡེ་ཤེས་རང་སྣང་དཀྱིལ་འཁོར་གཤེགས་སུ་གསོལ༔ དབང་བསྐུར་བྱིན་ཕོབ་གྲུབ་པའི་རྟགས་མཚན་སྟོན༔ འཁྲུལ་སྣང་བདུད་བཞིའི་བར་ཆད་ད་ལྟ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ནས་ཀྱང༔ སྒོ་གསུམ་རྡོ་རྗེའི་ཡེ་ཤེས་སྨིན་པར་མཛོད༔ ཨོཾ་གུ་རུ་པདྨ་ཀྲོ་དྷ་ས་པ་རི་ཝཱ་ར་ས་མ་ཡ་ཛཿཛཿ ཧཱུྃ༔ ཁྲག་འཐུང་དགྱེས་པ་རང་བྱུང་དྲག་པོའི་ཞིང༔ གདོད་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ ངོ་བོར་བཞུགས་ལ་རང་ངོ་ཤེས་པའི་ཕྱག༔ གཉིས་མེད་མཉམ་པ་ཆེན་པོར་འཚལ་བས་འདུད༔ ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མ་མི༔ ཧཱུྃ༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ལོངས་སྤྱོད་ཆེ༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས་སྤྲིན་གཏིབས༔ ཞུན་ཆེན་སྣང་གསལ་བསད་ཁྲག་དྲི་ཆབ་སྐྱེམས༔ ཤ་རུས་ཞལ་ཟས་དུར་ཁྲོད་བཤུག་པའི་གླུ༔ དྲག་ཤུལ་ཆེན་པོས་གནམ་སའི་ཁྱོན་གང་བ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་དཔལ་དུ་འབུལ༔ ཨོཾ་མ་ཧཱ་གུ་རུ་ཀྲོ་དྷ་ཀཱི་ལ་ཡ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་རྒྱ་མཚོ་འཁྱིལ༔ འདོད་ཡོན་ལྷུན་རྫོགས་གཏོར་མའི་ཕུང་པོ་སྤུངས༔ རྒྱུད་དྲུག་རྩད་གཅོད་རཀྟ་རྦ་ཀློང་འཁྲུགས༔ ཁྲག་འཐུང་དགྱེས་པ་དཔའ་བོའི་སྐྱེམས་སུ་འབུལ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི༔ ཧཱུྃ༔ གདོད་ནས་གཉིས་མེད་ཆོས་སྐུའི་ཡེ་ཤེས་སུ༔ མཉམ་པར་སྦྱོར་ལ་མཆོད་དང་མཆོད་བྱ་བྲལ༔ གཉིས་འཛིན་ཡོངས་སྒྲོལ་ཡེ་ཤེས་ཐུགས་རྗེ་ཆེ༔ ཁམས་གསུམ་བསྒྲལ་བའི་དམ་ཚིག་བླ་ན་མེད༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཨ༔ ཧཱུྃ༔ འཇིགས་རུང་སྲིན་པོའི་ལང་ཚོ་འབར་བའི་སྐུ༔ ཧཱུྃ་ཕཊ྄་ང་རོས་བདུད་འདུལ་དྲག་པོའི་གསུང༔ རྟོག་བྲལ་དེ་བཞིན་ཉིད་དུ་དགྱེས་པའི་ཐུགས༔ རྗེ་བཙུན་བླ་མ་དྲག་པོའི་སྐུར་བཞེངས་བསྟོད༔ སྐུ་གསུམ་ཞལ་གྱིས་ཉོན་མོངས་དབྱིངས་སུ་གསོལ༔ ཕ་རོལ་ཕྱིན་པའི་ཕྱག་གིས་འགྲོ་དྲུག་སྒྲོལ༔ རྣམ་ཐར་གསུམ་གྱི་མཚོན་ཆས་བདུད་དགྲ་འདུལ༔ དོན་གཉིས་ཡོན་ཏན་རྫོགས་པའི་ལྷ་ལ་བསྟོད༔ རྡོ་རྗེ་རལ་གྲིས་ཕུང་པོ་ཉོན་བདུད་འཇོམས༔ ལྕགས་སྡིག་ཙིཏྟས་ལྷ་བདུད་སྐྱེ་འཆི་གཅོད༔ གནམ་ལྕགས་ཕུར་བུས་ཁམས་གསུམ་ཐལ་མར་འབྱིན༔ ཆེ་བའི་ཡོན་ཏན་རྟགས་སུ་བརྒྱན་ལ་བསྟོད༔ སྐུ་གསུང་ཐུགས་དང་ཕྲིན་ལས་དཔལ་ཆེན་བཞི༔ ཚད་མེད་ཕྱག་རྒྱ་བདེ་ཆེན་ཌཱ་ཀིའི་ཚུལ༔ ཀུན་ཀྱང་ཡེ་ཤེས་ཕྱག་རྒྱའི་རོལ་མོ་རུ༔ གཉིས་མེད་དད་དང་གུས་པའི་ཕྱག་གིས་བསྟོད༔ བདག་ཉིད་པདྨ་ཁྲག་འཐུང་ཀཱི་ལ་ཡའི༔ ཡེ་ཤེས་སེམས་དཔའ་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྣང་སྲིད་ཟིལ་གནོན་རྡོ་རྗེ་ཐོད་བུམ་ཅན༔ ཁ་ཊྭཱཾ་མཆན་བཅུག་པད་ཟླར་རོལ་པ་ཡི༔ ཐུགས་ཀྱི་ཐིག་ལེར་ཉི་ཟླའི་གྭའུའི་ཀློང༔ གསེར་གྱི་རྡོ་རྗེའི་ལྟེ་བར་ཧྲཱིཿདམར་པོ༔ འབར་བའི་སྔགས་ཕྲེང་གཡས་སུ་བསྐོར་བ་ལས༔ འཕྲོས་པའི་འོད་ཀྱིས་རྩ་གསུམ་ལྷ་ཚོགས་དང༔ ཁྱད་པར་དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར་ཆེའི༔ མཁྱེན་ནུས་མཐུ་སྟོབས་ཡོན་ཏན་མ་ལུས་པ༔ སྐུ་དང་ས་བོན་ཕྱག་མཚན་རྣམ་པ་རུ༔ རབ་འབྱམས་དག་པའི་ཞིང་ནས་སྤྱན་དྲངས་ཏེ༔ བདག་ལ་ཐིམ་པས་གཟི་བྱིན་ལྷག་པར་འབར༔ སླར་ཡང་འོད་ཀྱིས་སྣང་སྲིད་མ་ལུས་པ༔ བླ་མ་དྲག་པོའི་སྐུ་དང་ཞིང་དུ་རྫོགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཀྲོ་དྷ་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ བླ་མ་ཞི་དྲག་གཅིག་ཏུ་འདྲིལ་བ་ཡི༔ བསྙེན་པའི་བཟླས་པ་འབུམ་བཅུའི་ལས་ཀུན་བྱེད༔ ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས༔ སྔགས་ཕྲེང་བྱུང་བ་ཞལ་ནས་འཕྲོས་པ་ལས༔ རིགས་བཞིའི་ཁྲོ་བོའི་ཞལ་དང་སྐུའི་དབྱིབས་བརྒྱུད༔ གཡས་སུ་བསྐོར་ནས་གཙོ་བོའི་ལྟེ་བར་ཞུགས༔ ཐུགས་ཀ་ལ་ཐིམ་སླར་ཡང་འཕྲོས་པའི་སྔགས༔ ལྟེ་བ་ནས་ཐོན་མཁའ་འགྲོ་རྣམ་པ་བཞིའི༔ ལྟེ་བ་ཞལ་བརྒྱུད་གཡོན་དུ་བསྐོར་བ་ཡང༔ བླ་མ་དྲག་པོའི་ཞལ་ནས་ཐུགས་ཀར་ཐིམ༔ དེ་ལྟར་འཁོར་བས་ཀུན་ཀྱང་གསང་བའི་སྔགས༔ འུར་འུར་ཆེམས་ཆེམས་སྒྲོགས་པས་སྣང་སྲིད་ཀུན༔ དབང་དྲག་པདྨ་འོད་ཀྱི་ཞིང་དུ་གྱུར༔ གང་འདོད་དངོས་གྲུབ་ཐོགས་མེད་འགྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄༔ ཨ་ཧཱུྃ་ཧཱུྃ་ཕཊ྄༔ ཅེས་དང༌། སྤྱི་དྲིལ་སྔགས་རྒོད་ཅི་ནུས་བཟླ༔ ཨོཾ་པདྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་དྷཱ་ཀི་ནཱི་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ སྤྲོ་ན་རིགས་བཞི་ཡབ་ཡུམ་གསང་སྔགས་ནི༔ ཨོཾ་བཛྲ་པ་ཎི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཡ་མཱནྟ་ཀ་ཧྲཱིཿཥྚི་ཝཱི་ཀྲྀ་ཏ་ན་ན་ཧཱུྃ་ཕཊ྄༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ བི་ཥ་དེ་བི་ཥ་དེ༔ བཻ་ར་བཻ་ར༔ བཛྲ་དྷ་རི་ཎི༔ བཛྲ་པ་ཎི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ཨོཾ་མ་རི་ཙྱཻ་མཾ་སརྦ་བིགྷྣཱན་མཱ་ར་ཡ་ཕཊ྄་སྭཱ་ཧཱ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄༔ ཨོཾ་སརྦ་ཀརྨ་དྷཱ་ཀི་ཧཱུྃ་ཧ་ཧེ་ཕཊ྄་བྷྱོ༔ གཙོ་བོ་སྤྱི་དྲིལ་སྒྲུབ་སྔགས་འབུམ་བཞི་དང༔ སོ་སོའི་བཟླས་པ་འབུམ་རེའི་དངོས་གྲུབ་ཐོབ༔ ལས་སྦྱོར་གཙོ་བོ་དྲག་པོའི་ཏིང་འཛིན་ནི༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་རྔམ་པའི་སྒྲ་གདངས་ཀྱིས༔ བསྐུལ་བས་ཀུན་ཀྱང་ཐུགས་སྲོག་ཧཱུྃ་གི་གླུས༔ སྐུ་ལས་སྐུ་འཕྲོས་ཞལ་ནས་སྔགས་ཀྱི་མེ༔ ཐུགས་སྲོག་ལས་བྱུང་ས་བོན་ཕྱག་མཚན་གྱི༔ སྤྲོ་བསྡུས་སྣང་བས་ཁམས་གསུམ་ཤིག་ཤིག་གཡོས༔ སྡེ་བརྒྱད་དྲེགས་པ་སྤ་བཀོང་འདར་ཞིང་ཞུམ༔ སྲོག་སྙིང་དབང་མེད་ཁབ་ལེན་ལྕགས་ལྟར་དྲངས༔ ལྟེ་འོག་ནས་ཐིམ་དམ་སྲི་བདུད་བགེགས་བསྒྲལ༔ བར་ཆད་བྱད་ཕུར་གདོན་ཚོགས་གཞོབ་ཀྱིས་བསྲེགས༔ གཏད་ཁྲོམ་མནན་གཟིར་སྦྱོར་བ་ཐམས་ཅད་བཤིག༔ སྣང་སྲིད་འབར་བ་ཁྲོ་བོའི་ཞིང་དུ་རྫོགས༔ རང་དང་བསྲུང་བྱ་མཚོན་ཆ་སྣ་ལྔའི་གུར༔ ཁོང་སེང་མེད་པ་གཞོམ་གཞིག་བྲལ་བར་ཚུད༔ སྒོ་གསུམ་སྤྱི་དཔལ་ཆེན་པོའི་གསང་བ་དང༔ དབྱེར་མེད་ནུས་པའི་གདིང་དང་ལྡན་པར་མོས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ ཁྲི་ཕྲག་སྔགས་ཀྱིས་ནུས་པ་ཚད་དུ་ཕྱིན༔ པདྨ་དྲག་པོའི་ཐུགས་དང་གཉིས་མེད་འགྱུར༔ རྗེས་ཀྱི་རིམ་པ་ཚོགས་ཀྱི་མཆོད་པ་ནི༔ རཾ་ཡཾ་ཁཾ་གི་ཡི་གེ་ཐུགས་ལས་སྤྲོས༔ མ་དག་མཚན་འཛིན་བསྲེགས་གཏོར་སྦྱངས་པ་ལས༔ ཟག་མེད་ཡེ་ཤེས་བདུད་རྩི་ཚོགས་ཀྱི་རྫས༔ རིགས་ལྔའི་དམ་ཚིག་ཡེ་ཤེས་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ དབང་དྲག་རོལ་པ་ལངྐ་སྲིན་པོའི་ཡུལ༔ དག་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ ཁྲག་འཐུང་རྗེ་བཙན་སྤྱི་དཔལ་ཀཱི་ལ་ཡ༔ དུར་ཁྲོད་ཆེན་པོའི་གནས་འདིར་གཤེགས་སུ་གསོལ༔ ས་མ་ཡ་ཛ་ཛཿ ཧཱུྃ༔ བཟའ་བཅའ་བཏུང་བ་བདུད་རྩི་སྙིང་པོའི་བཅུད༔ འདོད་ཡོན་ལྔ་ལྡན་མཆོད་པའི་ཟེགས་མ་ཅན༔ ཁྲག་འཐུང་ལྷ་ཚོགས་དགྱེས་པའི་མཆོད་པར་འབུལ༔ ཐུགས་དམ་གཉན་བསྐང་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧྲཱིཿ དོན་ལ་བདག་རྟོག་བློ་ཡི་འཁྲུལ་བྲལ་ཀྱང༔ གཉིས་འཛིན་མཚན་མའི་རྟོག་ངོར་ཉམས་ཆག་ཀུན༔ བདུད་རྩི་རྣམ་ལྔའི་ཚོགས་ཀྱི་འཁོར་ལོ་ཡིས༔ བཤགས་སོ་བྱང་ཞིང་དག་པར་མཛད་དུ་གསོལ༔ ས་མ་ཡ་བི་ཤུདྡྷེ་ཨ་ཨ༔ ཧཱུྃ་བྷྱོ༔ དབང་དྲག་དུས་ཀྱི་ཕོ་ཉ་ཀཱི་ལ་ཡས༔ གནོད་བྱེད་རྒྱལ་འགོང་དམ་སྲི་བྱུར་འདྲེའི་ཚོགས༔ རྣམ་ཐར་སྒོ་གསུམ་དབྱིངས་ཀྱི་ཨེ་རུ་བསྒྲལ༔ ཤ་ཁྲག་དྭངས་མ་ཡེ་ཤེས་དབྱིངས་སུ་འབུལ༔ སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ྄༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རུ་དྷི་ཁཱ་ཧིཿ རྣལ་འབྱོར་ལྡན་པས་དམ་ཚིག་རྫས་ལ་རོལ༔ ལྷག་མས་དཔལ་གྱི་བཀའ་སྡོད་མཆོད་པ་ནི༔ བྷྱོ༔ ཧེ་རུ་ཀ་དཔལ་དགྱེས་པའི་དམ་རྫས་ཀྱི༔ ལྷག་གཏོར་དཀྱིལ་འཁོར་མུ་རན་སྐྱོང་ལ་འབུལ༔ རྡོ་རྗེའི་ཡལ་གམ་འདའ་བར་མ་མཛད་པར༔ རྣལ་འབྱོར་འདོད་པའི་ཕྲིན་ལས་ཐོགས་མེད་སྒྲུབས༔ ཨོཾ་ཨུཙྪིཥཊ་བ་ལིངྟ་ཁ་ཧི༔ ཧཱུྃ༔ བཞེངས་ཤིག་བླ་མ་དྲག་པོ་ཧེ་རུ་ཀ༔ འབར་བའི་གར་དགུས་མཐུ་སྟོབས་ནུས་རྩལ་བསྐྱེད༔ དུག་ལྔའི་བདུད་སྡེ་ཡེ་ཤེས་དབྱིངས་སུ་སྒྲོལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྩལ་དུ་གསོལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསམ་མི་ཁྱབ་པའི་ཞིང༔ ཆོས་དབྱིངས་ཀུན་ཁྱབ་རྒྱལ་བ་དགོངས་བརྒྱུད་ཀྱིས༔ སྟོན་འཁོར་གཉིས་མེད་རྒྱུད་ཀྱི་གནས་བསྟན་ཚེ༔ འཁྲུལ་པ་ཡེ་ཤེས་འཆར་བའི་ཆོས་སྲུང་དང༔ བར་དུ་རང་སྣང་དག་པའི་གནས་ཡུལ་དུ༔ རིག་འཛིན་བརྡ་བརྒྱུད་ཨོ་རྒྱན་རྗེ་འབངས་ཀྱིས༔ ཡིད་བྱེད་ཚིག་འདས་ཆོས་འཁོར་བསྐོར་བའི་ཚེ༔ རྡོ་རྗེའི་ཐ་ཚིག་ཕོག་པའི་དམ་ཅན་དགོངས༔ ཐ་མ་བདེ་ཆེན་རྔ་ཡབ་དཔལ་གྱི་རིར༔ སྨོན་ལམ་དུས་བབས་མདོ་སྔགས་གླིང་པ་ལ༔ སྙན་བརྒྱུད་གཏད་པས་གསང་བའི་མཛོད་བརྡོལ་ཚེ༔ དམ་བཅའ་ཞལ་བཞེས་ཌཱ་ཀི་གཏེར་བདག་རྣམས༔ དུག་གསུམ་ཤ་ཁྲག་རུས་པའི་གཏོར་མ་ལོངས༔ འདའ་ཀའི་ཆད་ཐོ་མ་བསྙེལ་ཕྲིན་ལས་སྒྲུབས༔ སངས་རྒྱས་བསྟན་སྲུངས་རྣལ་འབྱོར་བུ་བཞིན་སྐྱོངས༔ བར་ཆད་ཀུན་སོལ་རིག་འཛིན་གནས་ཐོབ་མཛོད༔ བྷྱོཿ བདུད་དང་གནོད་སྦྱིན་སྨན་བཙུན་ཌཱ་ཀིའི་རིགས༔ ཕྱི་ནང་རྟེན་འབྲེལ་དག་པའི་བརྟན་མ་ཡིས༔ བཤལ་ཆུ་བཞེས་ལ་མཐའ་ཡི་སོ་ཁ་སྲུངས༔ རྟག་ཆད་ཀླ་ཀློའི་སྡེ་དཔུང་སྒྲོལ་བར་མཛོད༔ ཧཱུྃ་ཡཱ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་དམ་སྲིའི་ཚོགས༔ མནན་ནོ་ལྡང་མེད་གཤིན་རྗེའི་གྲེ་བར་གཟིར༔ ཀློང་ལྔའི་དཀྱིལ་འཁོར་ཆེན་པོའི་རྒྱས་བཏབ་སྟེ༔ སྣོད་བཅུད་འབར་བའི་ཕྱག་རྒྱས་བྲོ་བརྡུང་ངོ༔ སྟྭམ་བྷ་ཡ་ནན༔ ཧཱུྃ༔ རིག་འཛིན་བླ་མས་བྱིན་རླབས་དབང་མཆོག་བསྐུར༔ དཔལ་ཆེན་འབར་བས་མཆོག་ཐུན་དངོས་གྲུབ་སྩོལ༔ བདེ་ཆེན་ཌཱ་ཀིས་ལམ་གྱི་གྲོགས་མཛད་ནས༔ གསང་གསུམ་ཡོན་ཏན་ཕྲིན་ལས་རྫོགས་པར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་ཀྲོ་དྷ་པདྨ་ཀཱི་ལ་ཡ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཨཿ གདོད་ནས་དག་པའི་ཡེ་ཤེས་ལྷ་ཚོགས་ལ༔ གཉིས་འཛིན་མཚན་མའི་རྟོག་པ་མི་མངའ་ཡང༔ ཀུན་རྫོབ་ཆོ་ག་ལྷག་ཆད་ནོར་འཁྲུལ་སོགས༔ དོན་དམ་བསལ་བཞག་བྲལ་བའི་ཐིག་ལེར་བཤགས༔ ཡིག་བརྒྱ་བཟླ༔ ཧྲཱིཿ སྣང་བཅས་ལྷ་སྔགས་ཏིང་འཛིན་བཀོད་པའི་ཚོགས༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གཅིག་ཏུ་ཐིམ༔ རྣམ་པར་མི་རྟོག་ཡེ་ཤེས་བདེ་བ་ཆེས༔ སླར་ཡང་ཅིར་སྣང་དག་པའི་རོལ་པར་ཤར༔ ཧོ༔ རིམ་གཉིས་ཏིང་འཛིན་སྒོམ་པའི་བྱིན་རླབས་ཀྱིས༔ བར་ཆད་མེད་པར་རྡོ་རྗེའི་ལམ་བཟང་རྫོགས༔ འགྲོ་ཀུན་བདུད་བཞིའི་དགྲ་སྡེ་ལས་བསྒྲལ་ཏེ༔ ཁྲག་འཐུང་པདྨ་རྒྱལ་པོའི་གནས་ཐོབ་ཤོག༔ ཨོཾ༔ བྱིན་རླབས་མཁའ་ཁྱབ་བླ་མ་བདེ་བ་ཆེས༔ མི་འབྲལ་ཐུགས་རྗེས་བཟུང་བའི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་འབེབས་དཔལ་ཆེན་ཀཱི་ལ་ཡའི༔ ཧེ་རུ་ཀ་དཔལ་གནས་ཐོབ་བཀྲ་ཤིས་ཤོག༔ ཕྲིན་ལས་ལྷུན་གྲུབ་ཌཱ་ཀི་ཆོས་སྲུང་གིས༔ ལས་བཞི་ཐོགས་པ་མེད་པའི་བཀྲ་ཤིས་ཤོག༔ ཕན་བདེའི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཡིས༔ དོན་གཉིས་འབད་མེད་རྫོགས་པའི་བཀྲ་ཤིས་ཤོག༔ དེ་ལྟར་བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ གཅིག་ཏུ་སྒྲུབ་པའི་ཕྲིན་ལས་རྨད་བྱུང་བ༔ དུས་མཐའི་འགྲོ་བ་སྐྱོབས་པའི་བཙས་སུ་བཞག༔ ཟབ་འདྲིལ་སྙིང་པོ་བཀའ་བཙན་བྱིན་རླབས་མྱུར༔ སྙིང་གི་ཐིག་ལེ་ཤིན་ཏུ་ཐུན་མིན་འདི༔ མངའ་བདག་ཆེན་པོ་ཡེ་ཤེས་སྒྱུ་མའི་གཟུགས༔ དྲག་ཤུལ་མཐུ་སྟོབས་ནུས་པའི་རྩལ་འཆང་བ༔ པདྨའི་མིང་གིས་སྣང་བའི་རྟེན་འབྲེལ་གྱིས༔ ཐ་མའི་གདུལ་བྱ་བསྟན་འགྲོ་ཡོངས་ལ་ཕན༔ ཁྱད་པར་འཇམ་དཔལ་གྲུབ་པའི་སློབ་དཔོན་གྱིས༔ ཉམས་སུ་བླང་བས་བར་ཆད་ཀེག་ལས་གྲོལ༔ དམ་སྲི་འབྱུང་པོའི་ཚ་ངར་གཅོག་པ་ཡི༔ འཕྲད་ཆོག་གཉེན་པོར་འགྱུར་རོ་ཨ་ཐཾ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པའང་ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་ཡེ་ཤེས་རྡོ་རྗེའི་མནལ་ལམ་དག་སྣང་གི་རྟེན་འབྲེལ་གྱི་བརྡས་བསྐུལ་ཏེ་གངས་ཅན་མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་སྤྲུལ་པའི་གཏེར་འབྱིན་ཡོངས་ཀྱི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ཁ་རག་རྡོ་རྗེ་ཁྱུང་བཙུན་མས་དངོས་སུ་ཕུལ་བའི་གནམ་ལྕགས་ཀྱི་ཕུར་བུའི་ལོགས་སུ་གསལ་བའི་བརྡ་རིས་ལ་བསྟེན་ཏེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པ་འདིས་ཀྱང་འཇམ་མགོན་གྲུབ་པའི་དཔའ་བོ་ཀུན་གཟིགས་དྷརྨ་མ་ཏིའི་གསང་གསུམ་བར་ཆད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་ཐུགས་བསྐྱེད་དང་ཕྲིན་ལས་མཁའ་མཐར་ཁྱབ་པའི་རྟེན་འབྱུང་རྨད་དུ་འབྱུང་བའི་དཔལ་དམ་པར་གྱུར་ཅིག། །།}} | ༁ྃ༔ བརྡ་ཡིག རྩ་གསུམ་འདུས་པའི་ལྷ་ལ་འདུད༔ རྩུབ་འགྱུར་ལྔ་བརྒྱའི་ཐ་མ་ལ༔ དུག་ལྔའི་ཉོན་མོངས་རང་གཟུགས་ལས༔ གློ་བུར་དམ་སྲི་རྒྱལ་བསེན་ཀླུས༔ ཆོས་བྱེད་ཡོངས་ལ་གནོད་ཅིང་རྒོལ༔ བར་ཆད་སྐབས་མང་བཙལ་བའི་ཚེ༔ ནད་གདོན་བྱད་གཏད་མི་མཐུན་ཕྱོགས༔ མཐའ་དག་སྐྱོབས་པའི་གདམས་པའི་མཆོག༔ ཀུན་དང་ཐུན་མོང་མ་གྱུར་པའི༔ གསང་སྒྲུབ་ཟབ་བརྒྱའི་མཐར་ཐུག་བསྟན༔ ས་མ་ཡཱ༔ སྐལ་བཟང་དད་མོས་མཆོག་ལྡན་པས༔ ངེས་འབྱུང་སྙིང་རྗེའི་སེམས་བསྐྱེད་ཀྱིས༔ དབང་ཐོབ་དམ་ཚིག་ལ་གནས་པས༔ ཉམས་ལེན་སྙིང་པོའི་རྣལ་འབྱོར་ནི༔ ཧཱུྃ༔ རང་རིག་འོད་གསལ་བདེ་གཤེགས་འདུས་པའི་ལྷ༔ བར་ཆད་བདུད་འདུལ་པདྨ་ཀཱི་ལ་ཡ༔ རིགས་ཀུན་འདུས་པ་བླ་མ་དྲག་པོའི་ཚུལ༔ མི་ཕྱེད་དད་མོས་གདུང་བས་སྐྱབས་སུ་མཆི༔ ཧཱུྃ༔ གདོད་ནས་རྣམ་དག་འོད་གསལ་དེ་བཞིན་ཉིད༔ མ་རྟོགས་འཁྲུལ་སྣང་བདེན་པར་བཟུང་བའི་མཐུས༔ གཟུང་འཛིན་རང་རྒྱུད་བར་ཆད་བདུད་འདུལ་ཕྱིར༔ ཁྲག་འཐུང་ལྷ་ཚོགས་སྒྲུབ་པར་སེམས་བསྐྱེད་དོ༔ ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས། ཧྲཱིཿ ང་ནི་དབང་དྲག་པདྨ་ཧེ་རུ་ཀ༔ ལོག་འདྲེན་མཐར་བྱེད་འཇིགས་མཛད་དཔའ་བོའི་གར༔ བདེན་པའི་ཚིག་ལས་ནམ་ཡང་མ་འདའ་བར༔ གཏོར་མ་ལོངས་ལ་རྒྱ་མཚོའི་ཕ་མཐར་དེངས༔ ཧཱུྃ་བཞིའི་སྔགས་ཀྱིས་གཟིར་ལ་བསྐྲད༔ ཧྲཱིཿ ཡོངས་གྲུབ་གཉུག་མ་ཆོས་སྐུའི་ཞིང་ཁམས་ལ༔ འོད་གསལ་ཡེ་ཤེས་རྡོ་རྗེའི་སྲུང་གུར་འཁྲིགས༔ ཀུན་བརྟགས་གདོན་ཚོགས་འཇུག་པའི་སྐབས་མེད་པས༔ ཁྱབ་བརྡལ་ལྷ་སྔགས་ཡེ་ཤེས་ཕྱག་རྒྱར་ཤར༔ བཛྲ་རཀྵ་ཧཱུྃ་བྷྲཱུྃ༔ ཧཱུྃ༔ ཆོས་དབྱིངས་ཀློང་ནས་རང་བྱུང་ཐུགས་རྗེའི་རྩལ༔ གཏུམ་དྲག་དམར་ནག་མེ་ལྕེའི་ཕྲེང་བ་ཅན༔ པདྨ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ༔ བྱིན་རླབས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ བགེགས་དང་ལོག་འདྲེན་བར་ཆད་རྡུལ་དུ་རློག༔ དབང་བསྐུར་བྱིན་ཕོབ་རྟགས་དང་མཚན་མ་སྟོན༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྒྱུད་ལ་བསྐྱེད༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཧེ་རུ་ཀ་ཀཱི་ལ་ཡ་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨ༔ རཾ་ཡཾ་ཁཾ༔ སྣང་བ་རྣམ་དག་བདེ་ཆེན་དག་པའི་ཞིང༔ སྲིད་པ་རང་གྲོལ་རྡོ་རྗེའི་འདོད་ཡོན་རྫས༔ ཕྱི་ནང་གསང་བ་མཆོད་པའི་སྤྲིན་རྒྱ་མཚོ༔ ཟག་མེད་ནམ་མཁའ་མཛོད་དུ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཱུ་ཛ་ཧོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་སརྦ་པཱུ་ཛ་ཡེ་ཧཱུྃ༔ ཧཱུྃ༔ སྟོང་ཆེན་བདག་མེད་ཀ་ནས་དག་པ་ལས༔ ལྷུན་གྲུབ་སྙིང་རྗེ་ནམ་མཁའ་མཉམ་པར་ཤར༔ ཟུང་འཇུག་རིག་པ་རང་བྱུང་ཡི་གེ་ཧྲཱིཿ ནམ་མཁའི་ཀློང་ན་སྐར་ཆེན་བཞིན་དུ་གསལ༔ དེ་ལས་དྭངས་མའི་འོད་ཟེར་འཁྲིགས་པ་ལས༔ དག་པའི་གཞལ་ཡས་ཚད་དང་མཚན་ཉིད་རྫོགས༔ གསང་ཆེན་རོལ་པ་དབང་དྲག་འབར་བའི་ཞིང༔ རབ་འཇིགས་དྲག་པོའི་རྒྱན་བཀོད་ལྷུན་གྱིས་གྲུབ༔ ལྟེ་བར་ནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པའི༔ ཨེ་དབྱིངས་རྡོ་རྗེའི་བྲག་ཆེན་འབར་བ་དང༔ པད་ཉིར་རྒྱལ་འགོང་གན་རྐྱལ་བསྒྱེལ་བའི་སྟེང༔ རྡོ་རྗེའི་ས་བོན་ཐོག་ལྟར་ལྷུང་བ་ལས༔ སྤྲོ་བསྡུའི་འོད་ཀྱིས་རྒྱལ་ཀུན་མཐུ་སྟོབས་བསྡུས༔ བདུད་བཞིའི་དཔུང་བཅོམ་བར་ཆད་དབྱིངས་སུ་བསྒྲལ༔ ས་བོན་ཡོངས་གྱུར་རྡོ་རྗེ་རྩེ་ལྔ་པ༔ དེ་ཉིད་འོད་ཞུ་ཐིག་ལེར་འདྲིལ་བ་ལས༔ མ་ཧཱ་གུ་རུ་པདྨ་ཁྲག་འཐུང་ཆེ༔ དུས་མཐའི་མེ་བཞིན་ཁྲོས་འཁྲུགས་རྔམ་པའི་སྐུ༔ གར་དགུའི་བསྒྱིངས་བའི་དམར་ནག་དྲག་པོའི་ཞལ༔ གཡས་མཐིང་ཆོས་སྐུ་རྟོག་མེད་དེ་བཞིན་ཉིད༔ གཡོན་དཀར་སྐྱོན་བྲལ་བདེ་ཆེན་བཞད་པའི་ཉམས༔ སྤྱན་དགུ་སྡང་མིག་ཁྲོ་གཉེར་རླབས་ལྟར་འཁྲུགས༔ ཞལ་གདངས་ལྗགས་འདྲིལ་ཤིན་ཏུ་ཁྲོས་པའི་སྐུ༔ ཐོད་སྐམ་ལྔས་བརྒྱན་ཁམ་ནག་དབུ་སྐྲ་བརྫེས༔ ཕྱག་དྲུག་གཡས་ཀྱི་དང་པོས་རྡོ་རྗེ་གསོར༔ གཉིས་པས་རལ་གྲི་གཡོན་གྱི་ཐོག་མས་སྙིང༔ བར་པས་ལྕགས་སྡིག་ཐ་མའི་ཕྱག་གཉིས་ཀྱིས༔ གནམ་ལྕགས་ཕུར་པ་འདྲིལ་ཞིང་བགེགས་ལ་འདེབས༔ སྐུ་སྨད་ཆུ་སྲིན་གདུག་པའི་ཁར་ཐོན་པའི༔ ཕུར་བུའི་དབལ་གྱིས་དམ་སྲིའི་སྙིང་ནས་གཟིར༔ དཔལ་དང་དུར་ཁྲོད་རོལ་པའི་རྒྱན་ཆས་ཀྱིས༔ བརྗིད་པའི་སྐུ་མཆོག་ཡེ་ཤེས་མེ་དབུས་རོལ༔ སྐུ་ཡི་གནས་ལྔར་སྲུང་བྱེད་ཁྲོ་བོ་ཆེ༔ ཡབ་ཡུམ་བཅུ་དང་ཕྲ་ཕྱག་སྒོ་མའི་ཚོགས༔ ཉི་ཟེར་རྡུལ་ལྟར་འཁྲིགས་པས་བ་སྤུ་ཡན༔ གོ་མཚམས་མེད་པར་གཏམས་པས་ཕོ་ཉ་སྤྲོ༔ ཤར་དུ་དཔལ་ཆེན་བཛྲ་ཧེ་རུ་ཀ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་དུག་གི་གདོང༔ ནུབ་ཏུ་དབང་ཆེན་རྟ་མཆོག་རོལ་པའི་ལྷ༔ བྱང་དུ་ཕྲིན་ལས་རྡོ་རྗེ་ཕུར་བུ་རྣམས༔ མཐིང་སེར་དམར་ལྗང་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དགྲ་སྟྭ་ཐོད་དབྱུག་རལ་གྲི་གཡས༔ ལྕགས་གསེར་ཟངས་གཡུའི་སྡིག་པ་གཡོན་པས་བསྣམས༔ སྐུ་སྨད་ཟུར་གསུམ་གནམ་ལྕགས་ཕུར་བུའི་དབལ༔ བར་ཆད་བདུད་བཞིའི་སྙིང་ལ་ཟུག་པས་བཞེངས༔ རིགས་ལྔའི་ཁྲོ་རྒྱལ་སོ་སོའི་སྤྱི་གཙུག་ཏུ༔ རང་མདོག་སྤྲུལ་པའི་བྱ་ཁྱུང་རྔམ་པར་ལྡིང༔ མཚམས་བཞི་གདུགས་དཀར་ལྷ་མོ་འོད་ཟེར་ཅན༔ བདུད་འདུལ་དྲག་མོ་ཀརྨ་ཌཱ་ཀི་ནཱི༔ དཀར་སེར་མཐིང་ལྗང་ཁྲོས་འཁྲུགས་འབར་བའི་སྐུ༔ ཕྲ་མེན་རིགས་སྔགས་གྲུབ་པའི་ལྷ་མོའི་ཚུལ༔ གཅེར་བུ་སྐྲ་བརྫེས་རུས་པའི་ཕྱག་རྒྱ་ལྔ༔ འཆང་ཞིང་གྲི་གུག་ཕྱར་ཏེ་ཐོད་ཁྲག་འཐུང༔ དུས་མཐའི་མེ་རླུང་འཁྲུགས་པའི་དཀྱིལ་འཁོར་ན༔ ཁྲག་འཐུང་ལྷ་ཚོགས་མཁའ་ལ་སྤྲིན་ལྟར་ཤར༔ གནས་གསུམ་རྡོ་རྗེའི་ཡིག་འབྲུའི་འོད་ཟེར་གྱིས༔ ཡེ་ཤེས་འཁོར་ལོ་བཛྲ་ས་མ་ཛཿ ཧཱུྃ༔ བདེ་ཆེན་རོལ་པ་དབང་དྲག་དུར་ཁྲོད་ཆེ༔ འབར་བའི་ཞིང་མཆོག་པདྨ་འོད་ཀྱི་གླིང༔ སྐུ་གསུམ་ཡོན་ཏན་རྫོགས་པའི་ཕོ་བྲང་ནས༔ བླ་མ་དྲག་པོ་དཔལ་ཆེན་ཁྲག་འཐུང་ཆེ༔ ཕྱག་རྒྱ་གར་གྱི་བརྡ་ཡིས་བསྐུལ་ལགས་ན༔ གནས་འདིར་རྫུ་འཕྲུལ་ཆེན་པོས་གཤེགས་སུ་གསོལ༔ སྔགས་དང་སྒྲ་ཚིག་གླུ་ཡིས་འབོད་ལགས་ན༔ དགོད་གཤེ་དྲག་ཤུལ་རོལ་པས་གཤེགས་སུ་གསོལ༔ ཏིང་འཛིན་རྡོ་རྗེའི་གནད་ཀྱིས་དེང་བསྐུལ་ན༔ ཡེ་ཤེས་རང་སྣང་དཀྱིལ་འཁོར་གཤེགས་སུ་གསོལ༔ དབང་བསྐུར་བྱིན་ཕོབ་གྲུབ་པའི་རྟགས་མཚན་སྟོན༔ འཁྲུལ་སྣང་བདུད་བཞིའི་བར་ཆད་ད་ལྟ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ནས་ཀྱང༔ སྒོ་གསུམ་རྡོ་རྗེའི་ཡེ་ཤེས་སྨིན་པར་མཛོད༔ ཨོཾ་གུ་རུ་པདྨ་ཀྲོ་དྷ་ས་པ་རི་ཝཱ་ར་ས་མ་ཡ་ཛཿཛཿ ཧཱུྃ༔ ཁྲག་འཐུང་དགྱེས་པ་རང་བྱུང་དྲག་པོའི་ཞིང༔ གདོད་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ ངོ་བོར་བཞུགས་ལ་རང་ངོ་ཤེས་པའི་ཕྱག༔ གཉིས་མེད་མཉམ་པ་ཆེན་པོར་འཚལ་བས་འདུད༔ ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མ་མི༔ ཧཱུྃ༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ལོངས་སྤྱོད་ཆེ༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས་སྤྲིན་གཏིབས༔ ཞུན་ཆེན་སྣང་གསལ་བསད་ཁྲག་དྲི་ཆབ་སྐྱེམས༔ ཤ་རུས་ཞལ་ཟས་དུར་ཁྲོད་བཤུག་པའི་གླུ༔ དྲག་ཤུལ་ཆེན་པོས་གནམ་སའི་ཁྱོན་གང་བ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་དཔལ་དུ་འབུལ༔ ཨོཾ་མ་ཧཱ་གུ་རུ་ཀྲོ་དྷ་ཀཱི་ལ་ཡ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་རྒྱ་མཚོ་འཁྱིལ༔ འདོད་ཡོན་ལྷུན་རྫོགས་གཏོར་མའི་ཕུང་པོ་སྤུངས༔ རྒྱུད་དྲུག་རྩད་གཅོད་རཀྟ་རྦ་ཀློང་འཁྲུགས༔ ཁྲག་འཐུང་དགྱེས་པ་དཔའ་བོའི་སྐྱེམས་སུ་འབུལ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི༔ ཧཱུྃ༔ གདོད་ནས་གཉིས་མེད་ཆོས་སྐུའི་ཡེ་ཤེས་སུ༔ མཉམ་པར་སྦྱོར་ལ་མཆོད་དང་མཆོད་བྱ་བྲལ༔ གཉིས་འཛིན་ཡོངས་སྒྲོལ་ཡེ་ཤེས་ཐུགས་རྗེ་ཆེ༔ ཁམས་གསུམ་བསྒྲལ་བའི་དམ་ཚིག་བླ་ན་མེད༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཨ༔ ཧཱུྃ༔ འཇིགས་རུང་སྲིན་པོའི་ལང་ཚོ་འབར་བའི་སྐུ༔ ཧཱུྃ་ཕཊ྄་ང་རོས་བདུད་འདུལ་དྲག་པོའི་གསུང༔ རྟོག་བྲལ་དེ་བཞིན་ཉིད་དུ་དགྱེས་པའི་ཐུགས༔ རྗེ་བཙུན་བླ་མ་དྲག་པོའི་སྐུར་བཞེངས་བསྟོད༔ སྐུ་གསུམ་ཞལ་གྱིས་ཉོན་མོངས་དབྱིངས་སུ་གསོལ༔ ཕ་རོལ་ཕྱིན་པའི་ཕྱག་གིས་འགྲོ་དྲུག་སྒྲོལ༔ རྣམ་ཐར་གསུམ་གྱི་མཚོན་ཆས་བདུད་དགྲ་འདུལ༔ དོན་གཉིས་ཡོན་ཏན་རྫོགས་པའི་ལྷ་ལ་བསྟོད༔ རྡོ་རྗེ་རལ་གྲིས་ཕུང་པོ་ཉོན་བདུད་འཇོམས༔ ལྕགས་སྡིག་ཙིཏྟས་ལྷ་བདུད་སྐྱེ་འཆི་གཅོད༔ གནམ་ལྕགས་ཕུར་བུས་ཁམས་གསུམ་ཐལ་མར་འབྱིན༔ ཆེ་བའི་ཡོན་ཏན་རྟགས་སུ་བརྒྱན་ལ་བསྟོད༔ སྐུ་གསུང་ཐུགས་དང་ཕྲིན་ལས་དཔལ་ཆེན་བཞི༔ ཚད་མེད་ཕྱག་རྒྱ་བདེ་ཆེན་ཌཱ་ཀིའི་ཚུལ༔ ཀུན་ཀྱང་ཡེ་ཤེས་ཕྱག་རྒྱའི་རོལ་མོ་རུ༔ གཉིས་མེད་དད་དང་གུས་པའི་ཕྱག་གིས་བསྟོད༔ བདག་ཉིད་པདྨ་ཁྲག་འཐུང་ཀཱི་ལ་ཡའི༔ ཡེ་ཤེས་སེམས་དཔའ་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྣང་སྲིད་ཟིལ་གནོན་རྡོ་རྗེ་ཐོད་བུམ་ཅན༔ ཁ་ཊྭཱཾ་མཆན་བཅུག་པད་ཟླར་རོལ་པ་ཡི༔ ཐུགས་ཀྱི་ཐིག་ལེར་ཉི་ཟླའི་གྭའུའི་ཀློང༔ གསེར་གྱི་རྡོ་རྗེའི་ལྟེ་བར་ཧྲཱིཿདམར་པོ༔ འབར་བའི་སྔགས་ཕྲེང་གཡས་སུ་བསྐོར་བ་ལས༔ འཕྲོས་པའི་འོད་ཀྱིས་རྩ་གསུམ་ལྷ་ཚོགས་དང༔ ཁྱད་པར་དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར་ཆེའི༔ མཁྱེན་ནུས་མཐུ་སྟོབས་ཡོན་ཏན་མ་ལུས་པ༔ སྐུ་དང་ས་བོན་ཕྱག་མཚན་རྣམ་པ་རུ༔ རབ་འབྱམས་དག་པའི་ཞིང་ནས་སྤྱན་དྲངས་ཏེ༔ བདག་ལ་ཐིམ་པས་གཟི་བྱིན་ལྷག་པར་འབར༔ སླར་ཡང་འོད་ཀྱིས་སྣང་སྲིད་མ་ལུས་པ༔ བླ་མ་དྲག་པོའི་སྐུ་དང་ཞིང་དུ་རྫོགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཀྲོ་དྷ་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ བླ་མ་ཞི་དྲག་གཅིག་ཏུ་འདྲིལ་བ་ཡི༔ བསྙེན་པའི་བཟླས་པ་འབུམ་བཅུའི་ལས་ཀུན་བྱེད༔ ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས༔ སྔགས་ཕྲེང་བྱུང་བ་ཞལ་ནས་འཕྲོས་པ་ལས༔ རིགས་བཞིའི་ཁྲོ་བོའི་ཞལ་དང་སྐུའི་དབྱིབས་བརྒྱུད༔ གཡས་སུ་བསྐོར་ནས་གཙོ་བོའི་ལྟེ་བར་ཞུགས༔ ཐུགས་ཀ་ལ་ཐིམ་སླར་ཡང་འཕྲོས་པའི་སྔགས༔ ལྟེ་བ་ནས་ཐོན་མཁའ་འགྲོ་རྣམ་པ་བཞིའི༔ ལྟེ་བ་ཞལ་བརྒྱུད་གཡོན་དུ་བསྐོར་བ་ཡང༔ བླ་མ་དྲག་པོའི་ཞལ་ནས་ཐུགས་ཀར་ཐིམ༔ དེ་ལྟར་འཁོར་བས་ཀུན་ཀྱང་གསང་བའི་སྔགས༔ འུར་འུར་ཆེམས་ཆེམས་སྒྲོགས་པས་སྣང་སྲིད་ཀུན༔ དབང་དྲག་པདྨ་འོད་ཀྱི་ཞིང་དུ་གྱུར༔ གང་འདོད་དངོས་གྲུབ་ཐོགས་མེད་འགྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄༔ ཨ་ཧཱུྃ་ཧཱུྃ་ཕཊ྄༔ ཅེས་དང༌། སྤྱི་དྲིལ་སྔགས་རྒོད་ཅི་ནུས་བཟླ༔ ཨོཾ་པདྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་དྷཱ་ཀི་ནཱི་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ སྤྲོ་ན་རིགས་བཞི་ཡབ་ཡུམ་གསང་སྔགས་ནི༔ ཨོཾ་བཛྲ་པ་ཎི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཡ་མཱནྟ་ཀ་ཧྲཱིཿཥྚི་ཝཱི་ཀྲྀ་ཏ་ན་ན་ཧཱུྃ་ཕཊ྄༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ བི་ཥ་དེ་བི་ཥ་དེ༔ བཻ་ར་བཻ་ར༔ བཛྲ་དྷ་རི་ཎི༔ བཛྲ་པ་ཎི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ཨོཾ་མ་རི་ཙྱཻ་མཾ་སརྦ་བིགྷྣཱན་མཱ་ར་ཡ་ཕཊ྄་སྭཱ་ཧཱ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄༔ ཨོཾ་སརྦ་ཀརྨ་དྷཱ་ཀི་ཧཱུྃ་ཧ་ཧེ་ཕཊ྄་བྷྱོ༔ གཙོ་བོ་སྤྱི་དྲིལ་སྒྲུབ་སྔགས་འབུམ་བཞི་དང༔ སོ་སོའི་བཟླས་པ་འབུམ་རེའི་དངོས་གྲུབ་ཐོབ༔ ལས་སྦྱོར་གཙོ་བོ་དྲག་པོའི་ཏིང་འཛིན་ནི༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་རྔམ་པའི་སྒྲ་གདངས་ཀྱིས༔ བསྐུལ་བས་ཀུན་ཀྱང་ཐུགས་སྲོག་ཧཱུྃ་གི་གླུས༔ སྐུ་ལས་སྐུ་འཕྲོས་ཞལ་ནས་སྔགས་ཀྱི་མེ༔ ཐུགས་སྲོག་ལས་བྱུང་ས་བོན་ཕྱག་མཚན་གྱི༔ སྤྲོ་བསྡུས་སྣང་བས་ཁམས་གསུམ་ཤིག་ཤིག་གཡོས༔ སྡེ་བརྒྱད་དྲེགས་པ་སྤ་བཀོང་འདར་ཞིང་ཞུམ༔ སྲོག་སྙིང་དབང་མེད་ཁབ་ལེན་ལྕགས་ལྟར་དྲངས༔ ལྟེ་འོག་ནས་ཐིམ་དམ་སྲི་བདུད་བགེགས་བསྒྲལ༔ བར་ཆད་བྱད་ཕུར་གདོན་ཚོགས་གཞོབ་ཀྱིས་བསྲེགས༔ གཏད་ཁྲོམ་མནན་གཟིར་སྦྱོར་བ་ཐམས་ཅད་བཤིག༔ སྣང་སྲིད་འབར་བ་ཁྲོ་བོའི་ཞིང་དུ་རྫོགས༔ རང་དང་བསྲུང་བྱ་མཚོན་ཆ་སྣ་ལྔའི་གུར༔ ཁོང་སེང་མེད་པ་གཞོམ་གཞིག་བྲལ་བར་ཚུད༔ སྒོ་གསུམ་སྤྱི་དཔལ་ཆེན་པོའི་གསང་བ་དང༔ དབྱེར་མེད་ནུས་པའི་གདིང་དང་ལྡན་པར་མོས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ ཁྲི་ཕྲག་སྔགས་ཀྱིས་ནུས་པ་ཚད་དུ་ཕྱིན༔ པདྨ་དྲག་པོའི་ཐུགས་དང་གཉིས་མེད་འགྱུར༔ རྗེས་ཀྱི་རིམ་པ་ཚོགས་ཀྱི་མཆོད་པ་ནི༔ རཾ་ཡཾ་ཁཾ་གི་ཡི་གེ་ཐུགས་ལས་སྤྲོས༔ མ་དག་མཚན་འཛིན་བསྲེགས་གཏོར་སྦྱངས་པ་ལས༔ ཟག་མེད་ཡེ་ཤེས་བདུད་རྩི་ཚོགས་ཀྱི་རྫས༔ རིགས་ལྔའི་དམ་ཚིག་ཡེ་ཤེས་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ དབང་དྲག་རོལ་པ་ལངྐ་སྲིན་པོའི་ཡུལ༔ དག་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ ཁྲག་འཐུང་རྗེ་བཙན་སྤྱི་དཔལ་ཀཱི་ལ་ཡ༔ དུར་ཁྲོད་ཆེན་པོའི་གནས་འདིར་གཤེགས་སུ་གསོལ༔ ས་མ་ཡ་ཛ་ཛཿ ཧཱུྃ༔ བཟའ་བཅའ་བཏུང་བ་བདུད་རྩི་སྙིང་པོའི་བཅུད༔ འདོད་ཡོན་ལྔ་ལྡན་མཆོད་པའི་ཟེགས་མ་ཅན༔ ཁྲག་འཐུང་ལྷ་ཚོགས་དགྱེས་པའི་མཆོད་པར་འབུལ༔ ཐུགས་དམ་གཉན་བསྐང་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧྲཱིཿ དོན་ལ་བདག་རྟོག་བློ་ཡི་འཁྲུལ་བྲལ་ཀྱང༔ གཉིས་འཛིན་མཚན་མའི་རྟོག་ངོར་ཉམས་ཆག་ཀུན༔ བདུད་རྩི་རྣམ་ལྔའི་ཚོགས་ཀྱི་འཁོར་ལོ་ཡིས༔ བཤགས་སོ་བྱང་ཞིང་དག་པར་མཛད་དུ་གསོལ༔ ས་མ་ཡ་བི་ཤུདྡྷེ་ཨ་ཨ༔ ཧཱུྃ་བྷྱོ༔ དབང་དྲག་དུས་ཀྱི་ཕོ་ཉ་ཀཱི་ལ་ཡས༔ གནོད་བྱེད་རྒྱལ་འགོང་དམ་སྲི་བྱུར་འདྲེའི་ཚོགས༔ རྣམ་ཐར་སྒོ་གསུམ་དབྱིངས་ཀྱི་ཨེ་རུ་བསྒྲལ༔ ཤ་ཁྲག་དྭངས་མ་ཡེ་ཤེས་དབྱིངས་སུ་འབུལ༔ སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ྄༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རུ་དྷི་ཁཱ་ཧིཿ རྣལ་འབྱོར་ལྡན་པས་དམ་ཚིག་རྫས་ལ་རོལ༔ ལྷག་མས་དཔལ་གྱི་བཀའ་སྡོད་མཆོད་པ་ནི༔ བྷྱོ༔ ཧེ་རུ་ཀ་དཔལ་དགྱེས་པའི་དམ་རྫས་ཀྱི༔ ལྷག་གཏོར་དཀྱིལ་འཁོར་མུ་རན་སྐྱོང་ལ་འབུལ༔ རྡོ་རྗེའི་ཡལ་གམ་འདའ་བར་མ་མཛད་པར༔ རྣལ་འབྱོར་འདོད་པའི་ཕྲིན་ལས་ཐོགས་མེད་སྒྲུབས༔ ཨོཾ་ཨུཙྪིཥཊ་བ་ལིངྟ་ཁ་ཧི༔ ཧཱུྃ༔ བཞེངས་ཤིག་བླ་མ་དྲག་པོ་ཧེ་རུ་ཀ༔ འབར་བའི་གར་དགུས་མཐུ་སྟོབས་ནུས་རྩལ་བསྐྱེད༔ དུག་ལྔའི་བདུད་སྡེ་ཡེ་ཤེས་དབྱིངས་སུ་སྒྲོལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྩལ་དུ་གསོལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསམ་མི་ཁྱབ་པའི་ཞིང༔ ཆོས་དབྱིངས་ཀུན་ཁྱབ་རྒྱལ་བ་དགོངས་བརྒྱུད་ཀྱིས༔ སྟོན་འཁོར་གཉིས་མེད་རྒྱུད་ཀྱི་གནས་བསྟན་ཚེ༔ འཁྲུལ་པ་ཡེ་ཤེས་འཆར་བའི་ཆོས་སྲུང་དང༔ བར་དུ་རང་སྣང་དག་པའི་གནས་ཡུལ་དུ༔ རིག་འཛིན་བརྡ་བརྒྱུད་ཨོ་རྒྱན་རྗེ་འབངས་ཀྱིས༔ ཡིད་བྱེད་ཚིག་འདས་ཆོས་འཁོར་བསྐོར་བའི་ཚེ༔ རྡོ་རྗེའི་ཐ་ཚིག་ཕོག་པའི་དམ་ཅན་དགོངས༔ ཐ་མ་བདེ་ཆེན་རྔ་ཡབ་དཔལ་གྱི་རིར༔ སྨོན་ལམ་དུས་བབས་མདོ་སྔགས་གླིང་པ་ལ༔ སྙན་བརྒྱུད་གཏད་པས་གསང་བའི་མཛོད་བརྡོལ་ཚེ༔ དམ་བཅའ་ཞལ་བཞེས་ཌཱ་ཀི་གཏེར་བདག་རྣམས༔ དུག་གསུམ་ཤ་ཁྲག་རུས་པའི་གཏོར་མ་ལོངས༔ འདའ་ཀའི་ཆད་ཐོ་མ་བསྙེལ་ཕྲིན་ལས་སྒྲུབས༔ སངས་རྒྱས་བསྟན་སྲུངས་རྣལ་འབྱོར་བུ་བཞིན་སྐྱོངས༔ བར་ཆད་ཀུན་སོལ་རིག་འཛིན་གནས་ཐོབ་མཛོད༔ བྷྱོཿ བདུད་དང་གནོད་སྦྱིན་སྨན་བཙུན་ཌཱ་ཀིའི་རིགས༔ ཕྱི་ནང་རྟེན་འབྲེལ་དག་པའི་བརྟན་མ་ཡིས༔ བཤལ་ཆུ་བཞེས་ལ་མཐའ་ཡི་སོ་ཁ་སྲུངས༔ རྟག་ཆད་ཀླ་ཀློའི་སྡེ་དཔུང་སྒྲོལ་བར་མཛོད༔ ཧཱུྃ་ཡཱ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་དམ་སྲིའི་ཚོགས༔ མནན་ནོ་ལྡང་མེད་གཤིན་རྗེའི་གྲེ་བར་གཟིར༔ ཀློང་ལྔའི་དཀྱིལ་འཁོར་ཆེན་པོའི་རྒྱས་བཏབ་སྟེ༔ སྣོད་བཅུད་འབར་བའི་ཕྱག་རྒྱས་བྲོ་བརྡུང་ངོ༔ སྟྭམ་བྷ་ཡ་ནན༔ ཧཱུྃ༔ རིག་འཛིན་བླ་མས་བྱིན་རླབས་དབང་མཆོག་བསྐུར༔ དཔལ་ཆེན་འབར་བས་མཆོག་ཐུན་དངོས་གྲུབ་སྩོལ༔ བདེ་ཆེན་ཌཱ་ཀིས་ལམ་གྱི་གྲོགས་མཛད་ནས༔ གསང་གསུམ་ཡོན་ཏན་ཕྲིན་ལས་རྫོགས་པར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་ཀྲོ་དྷ་པདྨ་ཀཱི་ལ་ཡ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཨཿ གདོད་ནས་དག་པའི་ཡེ་ཤེས་ལྷ་ཚོགས་ལ༔ གཉིས་འཛིན་མཚན་མའི་རྟོག་པ་མི་མངའ་ཡང༔ ཀུན་རྫོབ་ཆོ་ག་ལྷག་ཆད་ནོར་འཁྲུལ་སོགས༔ དོན་དམ་བསལ་བཞག་བྲལ་བའི་ཐིག་ལེར་བཤགས༔ ཡིག་བརྒྱ་བཟླ༔ ཧྲཱིཿ སྣང་བཅས་ལྷ་སྔགས་ཏིང་འཛིན་བཀོད་པའི་ཚོགས༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གཅིག་ཏུ་ཐིམ༔ རྣམ་པར་མི་རྟོག་ཡེ་ཤེས་བདེ་བ་ཆེས༔ སླར་ཡང་ཅིར་སྣང་དག་པའི་རོལ་པར་ཤར༔ ཧོ༔ རིམ་གཉིས་ཏིང་འཛིན་སྒོམ་པའི་བྱིན་རླབས་ཀྱིས༔ བར་ཆད་མེད་པར་རྡོ་རྗེའི་ལམ་བཟང་རྫོགས༔ འགྲོ་ཀུན་བདུད་བཞིའི་དགྲ་སྡེ་ལས་བསྒྲལ་ཏེ༔ ཁྲག་འཐུང་པདྨ་རྒྱལ་པོའི་གནས་ཐོབ་ཤོག༔ ཨོཾ༔ བྱིན་རླབས་མཁའ་ཁྱབ་བླ་མ་བདེ་བ་ཆེས༔ མི་འབྲལ་ཐུགས་རྗེས་བཟུང་བའི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་འབེབས་དཔལ་ཆེན་ཀཱི་ལ་ཡའི༔ ཧེ་རུ་ཀ་དཔལ་གནས་ཐོབ་བཀྲ་ཤིས་ཤོག༔ ཕྲིན་ལས་ལྷུན་གྲུབ་ཌཱ་ཀི་ཆོས་སྲུང་གིས༔ ལས་བཞི་ཐོགས་པ་མེད་པའི་བཀྲ་ཤིས་ཤོག༔ ཕན་བདེའི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཡིས༔ དོན་གཉིས་འབད་མེད་རྫོགས་པའི་བཀྲ་ཤིས་ཤོག༔ དེ་ལྟར་བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ གཅིག་ཏུ་སྒྲུབ་པའི་ཕྲིན་ལས་རྨད་བྱུང་བ༔ དུས་མཐའི་འགྲོ་བ་སྐྱོབས་པའི་བཙས་སུ་བཞག༔ ཟབ་འདྲིལ་སྙིང་པོ་བཀའ་བཙན་བྱིན་རླབས་མྱུར༔ སྙིང་གི་ཐིག་ལེ་ཤིན་ཏུ་ཐུན་མིན་འདི༔ མངའ་བདག་ཆེན་པོ་ཡེ་ཤེས་སྒྱུ་མའི་གཟུགས༔ དྲག་ཤུལ་མཐུ་སྟོབས་ནུས་པའི་རྩལ་འཆང་བ༔ པདྨའི་མིང་གིས་སྣང་བའི་རྟེན་འབྲེལ་གྱིས༔ ཐ་མའི་གདུལ་བྱ་བསྟན་འགྲོ་ཡོངས་ལ་ཕན༔ ཁྱད་པར་འཇམ་དཔལ་གྲུབ་པའི་སློབ་དཔོན་གྱིས༔ ཉམས་སུ་བླང་བས་བར་ཆད་ཀེག་ལས་གྲོལ༔ དམ་སྲི་འབྱུང་པོའི་ཚ་ངར་གཅོག་པ་ཡི༔ འཕྲད་ཆོག་གཉེན་པོར་འགྱུར་རོ་ཨ་ཐཾ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པའང་ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་ཡེ་ཤེས་རྡོ་རྗེའི་མནལ་ལམ་དག་སྣང་གི་རྟེན་འབྲེལ་གྱི་བརྡས་བསྐུལ་ཏེ་གངས་ཅན་མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་སྤྲུལ་པའི་གཏེར་འབྱིན་ཡོངས་ཀྱི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ཁ་རག་རྡོ་རྗེ་ཁྱུང་བཙུན་མས་དངོས་སུ་ཕུལ་བའི་གནམ་ལྕགས་ཀྱི་ཕུར་བུའི་ལོགས་སུ་གསལ་བའི་བརྡ་རིས་ལ་བསྟེན་ཏེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པ་འདིས་ཀྱང་འཇམ་མགོན་གྲུབ་པའི་དཔའ་བོ་ཀུན་གཟིགས་དྷརྨ་མ་ཏིའི་གསང་གསུམ་བར་ཆད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་ཐུགས་བསྐྱེད་དང་ཕྲིན་ལས་མཁའ་མཐར་ཁྱབ་པའི་རྟེན་འབྱུང་རྨད་དུ་འབྱུང་བའི་དཔལ་དམ་པར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:11, 1 June 2024
Wylie title | bdud 'dul pad+ma'i snying tig las: gu ru drag po kI la ya'i sgrub thabs bdud bzhi'i dpung 'joms | |
---|---|---|
Location | dil mgo mkhyen brtse bka' 'bum Volume 18, Text 20, Pages 121-129 (Folios 1a to 9a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. bdud 'dul pad+ma'i snying tig las gu ru drag po kI la ya'i sgrub thabs bdud bzhi'i dpung 'joms. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 121-129. Delhi: Shechen Publications, 1994. | |
Genre | Sadhanas - Evocation Ritual - sgrub thabs | |
Cycle | བདུད་འདུལ་པདྨའི་སྙིང་ཏིག་ (bdud 'dul pad+ma'i snying tig) | |
Deity | gu ru drag po | |
Colophon |
ཅེས་པའང་ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་ཡེ་ཤེས་རྡོ་རྗེའི་མནལ་ལམ་དག་སྣང་གི་རྟེན་འབྲེལ་གྱི་བརྡས་བསྐུལ་ཏེ་གངས་ཅན་མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་སྤྲུལ་པའི་གཏེར་འབྱིན་ཡོངས་ཀྱི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ཁ་རག་རྡོ་རྗེ་ཁྱུང་བཙུན་མས་དངོས་སུ་ཕུལ་བའི་གནམ་ལྕགས་ཀྱི་ཕུར་བུའི་ལོགས་སུ་གསལ་བའི་བརྡ་རིས་ལ་བསྟེན་ཏེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པ་འདིས་ཀྱང་འཇམ་མགོན་གྲུབ་པའི་དཔའ་བོ་ཀུན་གཟིགས་དྷརྨ་མ་ཏིའི་གསང་གསུམ་བར་ཆད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་ཐུགས་བསྐྱེད་དང་ཕྲིན་ལས་མཁའ་མཐར་ཁྱབ་པའི་རྟེན་འབྱུང་རྨད་དུ་འབྱུང་བའི་དཔལ་དམ་པར་གྱུར་ཅིག། | |
ces pa'ang khyab bdag 'khor lo'i mgon po pad+ma ye shes rdo rje'i mnal lam dag snang gi rten 'brel gyi brdas bskul te gangs can mkhas grub rgya mtsho'i gtsug rgyan sprul pa'i gter 'byin yongs kyi rgyal po 'jam dbyangs mkhyen brtse'i dbang po la kha rag rdo rje khyung btsun mas dngos su phul ba'i gnam lcags kyi phur bu'i logs su gsal ba'i brda ris la bsten te pad+ma gar dbang 'od gsal mdo sngags gling pas gtan la phab pa 'dis kyang 'jam mgon grub pa'i dpa' bo kun gzigs d+harma ma ti'i gsang gsum bar chad bdud bzhi'i g.yul las rnam par rgyal te thugs bskyed dang phrin las mkha' mthar khyab pa'i rten 'byung rmad du 'byung ba'i dpal dam par gyur cig/ |