DKR-KABUM-17-TSA-031: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(6 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རང་བྱུང་པདྨའི་སྙིང་ཐིག་ལས། རྩ་གསུམ་སྤྱི་དྲིལ་གྱི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ་ཇི་ལྟར་ཉམས་སུ་ལེན་པའི་ཡི་གེ་དངོས་གྲུབ་རྒྱ་མཚོའི་བཅུད་འཛིན། | |||
|fulltitle=rang byung pad+ma'i snying thig las/ rtsa gsum spyi dril gyi thugs sgrub dngos grub snying po ji ltar nyams su len pa'i yi ge dngos grub rgya mtsho'i bcud 'dzin | |||
|citation=[[Khyentse, Dilgo]]. ''Rang byung pad+ma'i snying thig las rtsa gsum spyi dril gyi thugs sgrub dngos grub snying po ji ltar nyams su len pa'i yi ge dngos grub rgya mtsho'i bcud 'dzin''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: 247-269. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Recitation Manual - bsnyen yig | |||
|terma=Yes | |||
|dkroutline=Six | |||
|cycle=rang byung pad+ma snying thig | |||
|cycletib=རང་བྱུང་པདྨ་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=017 | ||
| | |volnumtib=༡༧ | ||
|volyigtib=ཙ་ | |||
|totalvolumes=25 | |||
|textnuminvol=031 | |textnuminvol=031 | ||
|pagenumbers=247-269 | |||
|totalpages=46 | |||
|beginfolioline=1a | |||
|endfolioline=23b2 | |||
|totalfolios=23 | |||
|multivolumework=No | |||
|rectonotes=bsnyen yig | |||
|versonotes=rang byung pad+ma snying thig | |||
|colophontib=།ཅེས་པ་འདིའང་དམ་པའི་ངང་ཚུལ་བཅུ་གཉིས་ཀྱིས་གསང་གསུམ་མཛེས་པར་སྤྲས་པ་འཁྲུལ་ཞིག་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚད་མའི་གཏེར་ཆེན་ཞིག་དང་མཉམ་པའི་དག་སྣང་གིས་གནང་སྐྱེས་གྱ་ནོམ་པ་སྔ་ཕྱིར་བསྩལ་ཏེ་གསུང་ནན་ལྕི་བས་བསྐུལ་བ་དང༌། སྔ་འགྱུར་རྡོ་རྗེ་སྙིང་པོའི་བསྟན་པ་ཨ་རིའི་ལྗོངས་སུ་སྤེལ་བའི་སྔགས་བཙུན་ཉག་རོང་ལྕགས་མདུད་སྤྲུལ་པའི་སྐུ་པདྨ་གར་གྱི་དབང་ཕྱུག་ཡབ་སྲས་སློབ་ཚོགས་དང་བཅས་པས་རིང་ནས་རྟེན་དང་བཅས་ཏེ་གསུང་བསྐུལ་ཡང་ཡང་བྱུང་བ་བཞིན་ཞིབ་རྒྱས་སུ་བཀོད་པ་པོ་པདྨ་གར་དབང་མདོ་སྔགས་བདེ་ཆེན་གླིང་པས་ལྷོ་མོན་སྐུ་རྗེས་རྡོ་རྗེ་བཀོད་པའི་ཀེའུ་ཚང་ནས་དབུ་བརྩམས། ཕ་རན་སེའི་རྒྱལ་ཁབ་ཀྱི་དབེན་གནས་རྡོ་གདོང་ཞི་བའི་ནགས་ཀླུང་དུ་གྲུབ་པར་བགྱིས་པ་ཡི་གེ་གཉིས་པའི་མཐུན་འགྱུར་གྲུབ་དབང་ཡེ་ཤེས་རྡོ་རྗེའི་མཆོག་སྤྲུལ་ཐུབ་བསྟན་ལུང་རིགས་སྨྲ་བའི་ཉི་མས་མཛད་པ་ཀུན་བཟང་ཐུགས་ཀྱི་བསྟན་པའི་སྤོང་ཀློག་དང༌། འཛམ་གླིང་རྒྱལ་ཁབ་ཞི་བདེའི་བདུད་རྩིའི་དགའ་སྟོན་ལ་སྤྱོད་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། | |||
|colophonwylie=/ces pa 'di'ang dam pa'i ngang tshul bcu gnyis kyis gsang gsum mdzes par spras pa 'khrul zhig 'gyur med chos kyi blo gros rin po ches tshad ma'i gter chen zhig dang mnyam pa'i dag snang gis gnang skyes gya nom pa snga phyir bstsal te gsung nan lci bas bskul ba dang*/_snga 'gyur rdo rje snying po'i bstan pa a ri'i ljongs su spel ba'i sngags btsun nyag rong lcags mdud sprul pa'i sku pad+ma gar gyi dbang phyug yab sras slob tshogs dang bcas pas ring nas rten dang bcas te gsung bskul yang yang byung ba bzhin zhib rgyas su bkod pa po pad+ma gar dbang mdo sngags bde chen gling pas lho mon sku rjes rdo rje bkod pa'i ke'u tshang nas dbu brtsams/_pha ran se'i rgyal khab kyi dben gnas rdo gdong zhi ba'i nags klung du grub par bgyis pa yi ge gnyis pa'i mthun 'gyur grub dbang ye shes rdo rje'i mchog sprul thub bstan lung rigs smra ba'i nyi mas mdzad pa kun bzang thugs kyi bstan pa'i spong klog dang*/_'dzam gling rgyal khab zhi bde'i bdud rtsi'i dga' ston la spyod pa'i rgyur smon pa bzhin 'grub par gyur cig/ | |||
|pdflink=File:DKR-KABUM-17-TSA-031.pdf | |pdflink=File:DKR-KABUM-17-TSA-031.pdf | ||
}} | }} | ||
Line 17: | Line 39: | ||
<onlyinclude> | <onlyinclude> | ||
{{TibP|༄༅། རང་བྱུང་པདྨའི་སྙིང་ཐིག་ལས། རྩ་གསུམ་སྤྱི་དྲིལ་གྱི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ་ཇི་ལྟར་ཉམས་སུ་ལེན་པའི་ཡི་གེ་དངོས་གྲུབ་རྒྱ་མཚོའི་བཅུད་འཛིན་ཞེས་བྱ་བ་བཞུགས།། | {{TibP|༄༅། རང་བྱུང་པདྨའི་སྙིང་ཐིག་ལས། རྩ་གསུམ་སྤྱི་དྲིལ་གྱི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ་ཇི་ལྟར་ཉམས་སུ་ལེན་པའི་ཡི་གེ་དངོས་གྲུབ་རྒྱ་མཚོའི་བཅུད་འཛིན་ཞེས་བྱ་བ་བཞུགས།། | ||
<br> | |||
༄༅། ན་མོ་གུ་རུ་ཏྲི་མཱུ་ལ་མཎྜ་ལ་བྷྱཿ བྱིན་རླབས་རྨད་བྱུང་འཆི་མེད་རྫིང་རིང་ངོགས། །དངོས་གྲུབ་སྤྲིན་གྱི་ཕྲེང་བ་བསྟར་ལེགས་ལས། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་འདོད་དགུའི་ཆར། །འབེབས་མཛད་པདྨ་ཀུན་ཏུ་འཆང་ལ་གུས། །མཆོག་གི་བྱིན་སྣང་ཆུ་གཏེར་བསྲུབས་པ་ལས། །སྐྱེས་པའི་དངོས་གྲུབ་ཉི་ཟླའི་སྙིང་པོའི་དཔྱིད། །བདག་བློའི་མཁའ་ལས་ཆས་པའི་ཟབ་ལམ་གྱི། །གསལ་བྱེད་སྤྲོས་འདི་དད་ལྡན་ཀུན་ཕན་གསོས། །དེ་ཡང་ཁོ་བོས་བྲིས་པའི་རྩ་གསུམ་སྤྱི་སྒྲུབ་དངོས་གྲུབ་སྙིང་པོ་འདི་ཉིད་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཛྲ་གཱིརྟིའི་གླེགས་བམ་རིན་པོ་ཆེ་ལས་རྩ་གསུམ་ལམ་ཁྱེར་རྡོ་རྗེའི་ཐོལ་གླུ་ཟབ་གསང་སྦས་པའི་སྣང་བ་ཉི་ཟླའི་སྤྲིན་གྱི་འཇོ་སྒེག་གི་དགོངས་པ་ཕྱོགས་གཅིག་སྟེ། རྗེ་བླ་མ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཀྱང་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་བླ་མའི་རྣལ་འབྱོར་དབང་དང་བཅས་པ་ཉུང་ངུ་ཞིག་མཛད་པ་དོན་གཅིག་པར་ཞལ་གྱིས་བཞེས་པར་མཛད་འདུག་ཅིང༌། དེས་ན་དེ་གཉིས་ཀའི་དགོངས་དོན་གསལ་བྱེད་དུ་འབྲི་བ་ལ་འདི་ལྟར་སེམས་ཏེ། །སྤྱིར་རྩ་བ་གསུམ་གྱི་སྒྲུབ་ཚུལ་ལ་རྩ་གསུམ་དྲིལ་སྒྲུབ། རྩ་གསུམ་རིགས་བསྡུས། རྩ་གསུམ་གནས་འགྱུར། རྩ་གསུམ་སྤྱི་འདུས་སུ་སྒྲུབ་ཚུལ་གྱི་རྣམ་གཞག་གཞན་དུ་མ་མཆིས་པ་ལས། འདི་ནི་རྩ་གསུམ་ཐམས་ཅད་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་གཅིག་ལ་བརྟེན་ནས་སྒྲུབ་པས་རྩ་གསུམ་རིགས་བསྡུས་སམ། སྤྱི་འདུས་སུ་སྒྲུབ་པ་བསྒྲུབ་བྱ་བླ་མ་རྩ་བ་གསུམ་གྱི་རྡོ་རྗེ་བཞིའི་དཀྱིལ་འཁོར། བསྒྲུབ་གཞི་རང་གི་སྒོ་གསུམ་དང་གཉིས་སུ་མེད་པར་གདོད་ནས་བཞུགས་པ་ཉིད། སྒྲུབ་ཚུལ་བསྐྱེད་རྫོགས་རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལམ་དུ་བྱས་ནས། བསྒྲུབས་འབྲས་བླ་མ་སྐུ་བཞིའི་གོ་འཕང་བདེ་མྱུར་དུ་ཐོབ་པའི་ཐབས་ཟབ་མོ་རྒྱུད་ལུང་མན་ངག་གི་སྲོག་ཐིག །མཐའ་དྲུག་ཚུལ་བཞིས་སྦས་པའི་དོན་སྒྲུབ་ཐབས་འདིས་སྐལ་ལྡན་ལས་ཅན་རྣམས་ལ་མངོན་སུམ་སྣང་བར་བྱེད་པའི་ཐོལ་བྱུང་རྡོ་རྗེའི་གླུའམ་དོ་ཧའི་ཚུལ་དུ་གདམས་པ། གྲུབ་བརྙེས་རིག་པ་འཛིན་པའི་རྒྱུད་ཀྱི་སྟོན་པ་དང་ཐ་དད་མ་མཆིས་པའི་གང་ཟག་གི་ཐུགས་ཀྱི་གསང་བ་ཉི་ཟླའི་སྤྲིན་གྱི་འཇོ་སྒེག་ལས་བྱུང་བའི་དགོངས་དོན་ལྷུག་པར་བཀྲོལ་བ་ལ། ཐོག་མར་བསྒྲུབ་གཞི་ངོས་བཟུང་བ་ནི། རྡོ་རྗེའི་ཐོལ་གླུ་ལས། བྱིན་རླབས་རྩ་བ་དྲིན་ཆེན་བླ་མ་སྟེ། །དངོས་གྲུབ་རྣམ་གཉིས་རྩ་བ་ཡི་དམ་ལྷ། །ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྟེ། །ཀུན་ཀྱང་རྡོ་རྗེ་ཕུང་པོར་གཟོད་ནས་རྫོགས། །ཞེས་པའི་རྩ་བ་གསུམ་གྱི་རྣམ་གཞག་ལ། ངོ་བོ། ངེས་ཚིག །དབྱེ་བ། སྒྲ་དོན། སྒྲུབ་ཚུལ། བསྒྲུབས་འབྲས་རྣམས་སུ་ཡོད་པའི་དང་པོ་ངོ་བོ་ནི། སངས་རྒྱས་ཐམས་ཅད་ཆོས་དབྱིངས་འོད་གསལ་གྱི་རང་བཞིན་ལ་ཐ་དད་མེད་པས་མཉམ། ལོངས་སྐུ་དགོངས་པ་ཐ་དད་མེད་པས་མཉམ། །སྤྲུལ་སྐུ་ཕྲིན་ལས་ཐུན་མོང་དུ་གྱུར་པས་མཉམ་པ་གསུམ་གྱིས་ཐ་མི་དད་པ། བི་ཏོ་ལས། །བདེ་བར་གཤེགས་པ་གར་གྱི་བདག །འདོད་དགུར་བསྒྱུར་བས་གར་ཡང་བདེ། །གར་གྱི་དབང་ཕྱུག་ཆེན་པོ་ལ། །མཁས་པས་ཕྱོགས་རིས་མི་བརྟག་གོ །ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་མཉམ་པ་ཉིད་ལ་དགོངས་པ་དང་སྐུ་དང་ཐུགས་རྒྱུད་ཐ་དད་དུ་མ་མཆིས་ཀྱང༌། སློབ་པ་ལམ་གྱི་དམ་བཅའ་བཞེས་པའི་སྨོན་ལམ་དང་གདུལ་བྱའི་དོན་དུ་དགོངས་བརྒྱུད་རྟོགས་པ་དོན་གྱི་བྱིན་རླབས་སྩོལ་བ་ལ་བླ་མ། མཆོག་ཐུན་གྱི་དངོས་གྲུབ་སྩོལ་བ་ལ་ཡི་དམ། གནས་སྐབས་དང་མཐར་ཐུག་གི་ཕྲིན་ལས་ཐོགས་པ་མེད་པ་མཁའ་འགྲོ་ཞེས་རྣམ་དབྱེ་མཛད་པས་རྣམ་པ་རང་ཉིད་རྩ་གསུམ་གང་ལ་མོས་པ་དེ་གཙོ་བོར་བྱས་ན་སྒྲུབ་ཐག་ཉེ་ཞིང༌། གྲུབ་ན་དངོས་གྲུབ་ཇི་ལྟར་འདོད་པ་ཐོབ་ནུས་པས། སྐབས་འདིར་རྩ་བ་གསུམ་པོ་དེ་དག་བླ་མ་གཅིག་གི་རྣམ་རོལ་དུ་ཤེས་པས་དེའི་བསྐྱེད་བཟླས་རྫོགས་གསུམ་གྱིས་བསྒྲུབ་པས་གང་འདོད་ཀྱི་དངོས་གྲུབ་ཐོབ་པར་བྱེད་ཅིང༌། བླ་མ་བསྟེན་པ་གཅིག་པུ་མཆོག་གི་དངོས་གྲུབ་འགྲུབ་པའི་མྱུར་ལམ་གཅིག་ཆོག་ཡིན་པས། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འབྱུང་བའི་མན་ངག་དང༌། ལམ་གྱི་གེགས་སེལ་བོགས་འདོན་ཀྱང་བླ་མའི་རྣལ་འབྱོར་ལ་ཚང་བས། དེ་ཡང་ལོགས་སུ་འཚོལ་མི་དགོས་པའི་ཟབ་གནད་དང་ལྡན་པའོ། །གཉིས་པ་ངེས་ཚིག་ནི། ལྗོན་ཤིང་གི་ཡལ་འདབ་མེ་ཏོག་ལོ་འབྲས་ཕུན་སུམ་ཚོགས་པ་ཐམས་ཅད་སྡོང་པོའི་རྩ་བ་ལེགས་པ་ལས་བྱུང་བ་ཤེས་དགོས་པ་ལྟར། བྱིན་རླབས་དངོས་གྲུབ་ཕྲིན་ལས་ཐམས་ཅད་ལྷ་སོ་སོས་སྟེར་བ་ལ་ནུས་པ་ཐོགས་པ་མེད་པའོ། །གསུམ་པ་དབྱེ་བ་ནི། བསྒྲུབ་གཞིས་དབྱེ་ན། བླ་མ་སྐུ་གསུམ། ཡི་དམ་རྒྱུད་སྡེ་ལྟར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ་དང༌། སྒྲུབ་སྡེ་བཀའ་འདུས་དང༌། བཀའ་བརྒྱད་སྤྱི་སྒྲུབ་དང༌། བྱེ་བྲག་འཇམ་དཔལ་སྐུ་སོགས་འདས་མ་འདས་སོ་མཚམས་ཀྱི་སྒྲུབ་སྡེ་བརྒྱད། སྒྲུབ་ཚུལ་གྱིས་དབྱེ་ན། བླ་མ་ལ་ཕྱི་གསོལ་འདེབས། ནང་ཞི་སྒྲུབ། གསང་བ་དྲག་སྒྲུབ། ཡི་དམ་ལ་རྩ་གསུམ་སྤྱིར་སྒྲུབ་པ་དང༌། བྱེ་བྲག་སྒྲུབ་པ་བཀའ་བརྒྱད་སྤྱི་སྒོས་སུ་སྒྲུབ་པ་དང༌། མཁའ་འགྲོ་ལ་སྤྱི་དང༌། རིགས་བཞི་སོ་སོར་སྒྲུབ་པ་ཕག་ཁྲོས་གསང་ཡེ་སོགས་ཡེ་ཤེས། གདུགས་སེང་འོད་ཟེར་ཅན་མ་དང་ཀུ་རུ་ཀུལླེ་ཡང་གསང་སོགས་ལས། འཇིག་རྟེན་མ་མོའི་སྒྲུབ་ཐབས་སོགས་ཀྱི་རྣམ་གཞག་དང༌། བཞི་པ་སྒྲ་དོན་ནི། སྨན་དང་དུག་གི་སྡོང་པོ་གང་ཡིན་ཀྱང་རྩ་བ་མ་ཉམས་ན་དེའི་ཡལ་ག་ལོ་མ་མེ་འབྲས་ཐམས་ཅད་རྒྱས་ཤིང༌། མྱོང་བས་འཚོ་འཆིའི་ལས་བྱེད་པ་ལྟར། བྱིན་རླབས་དངོས་གྲུབ་ཕྲིན་ལས་གང་འདོད་པ་དེས་བླ་མ་ཡི་དམ་མཁའ་འགྲོ་ལ་གཙོ་བོར་བརྟེན་ན་འདོད་པའི་འབྲས་བུ་མོད་ལ་སྟེར་ནུས་པས་རྩ་བའི་སྒྲས་བསྟན་པའོ། །ལྔ་པ་སྒྲུབ་ཚུལ་ནི། སྤྱི་ལ་གཅེས་པ་རྣམ་གཡེང་དང་འདུ་འཛི་མེད་པའི་གནས་དབེན་པར་ཐུན་མོང་དང༌། ཐུན་མིན། ཁྱད་པར་གྱི་སྔོན་འགྲོ་དམིགས་རྐང་རྡོ་རུས་འཕྲོད་པས་རྒྱུད་ལས་རུང་དུ་བྱས་ཏེ། དད་པ་དང་ཡིད་ཆེས། ངེས་འབྱུང་དང་གཞན་ཕན་གྱི་སེམས། བརྩོན་འགྲུས་དང་དྲན་ཤེས་ལྡན་པས་ཉམས་ལེན་ལ་འཇུག །ཉམས་ཆག་སྦྱོང་བ་དང་དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་གྱི་ཆེད་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་མཐིལ་བྱས་ཏེ་དབང་བཞི་ཡང་ཡང་ལེན། དངོས་གཞིའི་ཉམས་ལེན་ལ་བརྩོན་པ་ཐང་ལྷོད་མེད་པ་དང༌། རེ་དོགས་ཀྱི་འཁུ་འཕྲིག་མང་པོ་མི་བྱ། ཚོགས་སྐོང་དང༌། རྡོར་སེམས་རྣམ་སྨེ་གང་རུང་གི་ཁྲུས་ཀྱི་རྣལ་འབྱོར་དང༌། ཉམས་ཆག་ལ་བཤགས་སྡོམ། བར་ཆད་སེལ་ཕྱིར་རྡོ་རྗེ་ཕུར་པའི་རྒྱུན་ཁྱེར་ཉུང་ངུ་དང༌། གཏོར་འབུལ་ལ་བརྩོན། རྟགས་མཚན་བཟང་པོ་དང་ཉམས་རྟོགས་གང་བྱུང་ཡང་མཆོག་འཛིན་དང་རློམས་སེམས་གཏན་ནས་མི་བྱ། ན་ཚ་དང་གདོན་བགེགས་ཀྱི་འཚུབ་སློང་བྱུང་ནའང་བླ་མ་དང་ལྷག་པའི་ལྷ་ཡིས་བསྩལ་བས་རང་གི་ལས་སྒྲིབ་བྱང་སྙམ་པས་ཐེག་པ་ཆེན་པོའི་བློ་སྦྱོང་གི་བདེ་སྡུག་གཏོང་ལེན་དང༌། སྙིང་རྗེས་ལམ་དུ་ཁྱེར། བསྙེན་སྒྲུབ་ལ་བོགས་འབྱིན་གྱི་ཆེད་གཏུམ་མོ་འབར་འཛག་དང༌། རླུང་དང་འཁྲུལ་འཁོར་དག་ཀྱང་སྤྲོ་ན་བྱ། བསྙེན་སྒྲུབ་གྲུབ་རྗེས་རྒྱུན་གྱི་རྣལ་འབྱོར་ལྟ་བུའི་བསྐྱེད་བཟླས་མ་ཆག་པ་དང༌། ཚོགས་མཆོད། སྦྱིན་སྲེག་དག་ཀྱང་སྐབས་ཇི་ལྟར་རིགས་པར་འབད། བྱེ་བྲག་ཏུ་བླ་མའི་སྒྲུབ་ཚུལ་ལ། ཕྱི་གསོལ་འདེབས། ནང་བླ་མ་སྐུ་གསུམ་གྱི་ཚུལ་དུ་ཞི་སྒྲུབ། གསང་བ་དྲག་པོ་དམར་ནག་གཉིས། ཡང་གསང་ལུས་དཀྱིལ་དང་རླུང་སྦྱོར་གྱི་སྒྲུབ་ཚུལ་དང༌། ཡི་དམ་ལ་རྒྱུད་སྡེ་དང་སྒྲུབ་སྡེའི་རྣམ་བཞག་གཉིས། རྒྱུད་སྡེ་ལ་རིགས་ལྔ་ཞི་ཁྲོ་སྤྱི་དང༌། བྱེ་བྲག་དུ་སྒྲུབ་ཚུལ་དང༌། སྒྲུབ་སྡེ་ལ་སྤྱི་དྲིལ་དུ་སྒྲུབ་པ་དང༌། སྒོས་བཀའ་སྒྲུབ་སྡེ་བརྒྱད་དུ་སྒྲུབ་ཚུལ་གཉིས། མཁའ་འགྲོ་ལ་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་ཞི་ཁྲོའི་སྒྲུབ་ཚུལ་རྣམས་ཡོད་དོ། །དྲུག་པ་གྲུབ་འབྲས་ནི། རིག་འཛིན་རྣམ་པ་བཞིའི་ལམ་བསྙེན་སྒྲུབ་ཡན་ལག་བཞིས་བསྒྲུབས་ནས། ཐུན་མོང་དང༌། མཆོག་གི་ལས་བཞི་ལ་དབང་ཐོབ་པའོ། །ཆོས་རྒྱལ་གཏེར་བདག་གླིང་པའི་གཏེར་བྱོན་བླ་མ་དྲག་པོའི་ལོ་རྒྱུས་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ པདྨ་ང་བསྒོམ་མཆོད་དང་སུས་བསྒྲུབ་པ༔ ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལ༔ གསོལ་བཏབ་དགོས་འདོད་ངང་གིས་འབྱུང་བ་བཞིན༔ རྒྱལ་བ་རྒྱ་མཚོས་བྱིན་རློབ་བུ་བཞིན་སྐྱོང༔ དམ་ཅན་མཁའ་འགྲོས་དངོས་གྲུབ་ཆར་ལྟར་འབེབས༔ སྣང་སྲིད་དྲེགས་པས་ཅི་བཅོལ་ལས་རྣམས་སྒྲུབ༔ ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ༔ དེ་དག་ཐམས་ཅད་བདག་ཉིད་བསྟེན་ལས་འབྱུང༔ ཐེ་ཚོམ་སྤོངས་ལ་འབད་པས་ཉམས་སུ་ལོངས༔ བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་རྣམས༔ ཞེས་གསུངས་པ་ལྟར་རོ། །སྤྱིར་རྣམ་པ་རྩ་གསུམ་གང་སྒྲུབ་ཀྱང་ངོ་བོ་བླ་མ་གཅིག་གི་ཡེ་ཤེས་ལས་ཐ་མི་དད་པར་ཤེས་ན་འགྲུབ་སླ་བས་བྱིན་རླབས་ཆེ་བའི་དགོས་པ་ཡོད་ཅིང༌། བླ་མ་ཡང་རང་ལ་བཀའ་དྲིན་ཐོབ་པའི་བླ་མ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་དུ་བསྒོམ་ན་ཆེས་ཟབ་པ་རྡོ་རྗེའི་ལུང་གིས་གསལ་བ་ལྟར་ན། དེ་ལའང་ཕྱི་བསྐྱེད་རིམ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་ཀྱང་སྒྲུབ་ཚུལ་འབྱུང་མོད། ལམ་རིམ་ཡེ་ཤེས་སྙིང་པོ་ལས། རྟེན་དང་བརྟེན་པ་རྗེས་སུ་རྣལ་འབྱོར་ལམ༔ ཟབ་པའི་བསྐྱེད་རིམ་རྩ་རླུང་ཐིག་ལེའི་ཁམས༔ གྲུབ་ཙམ་ཉིད་ནས་རང་བྱུང་སྣོད་དང་བཅུད༔ བཅོས་མ་མིན་པའི་དཀྱིལ་འཁོར་ཉིད་ཡིན་པས༔ ཞེས་གསུངས་པ་ལྟར། སྐབས་འདིར་རྟེན་རྡོ་རྗེའི་ལུས་དང༌། བརྟེན་པ་རྩ་རླུང་ཐིག་ལེའི་གནད་བཅིངས་པས་རྩ་གསུམ་ཕྱི་རུ་འཚོལ་བ་རྟོག་པས་སྒྲོ་བཏགས་བཅོས་མའི་བསྐྱེད་རིམ་ལས་ཆེས་ཟབ་པར་བསྟན་པའི་རྒྱུ་མཚན་ཕྲ་བའི་ལུས་ངག་ཡིད་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷར་རྣམ་པར་དག་ལ། དེ་གསུམ་ཡང་དོན་དམ་པའི་རིགས་དྲུག་གི་ལྷ་ཡབ་ཡུམ་གྱི་བདག་ཉིད་འབྱུང་ལྔ་སེམས་ཀྱི་དྭངས་མ་དྲུག་པོ་ཡང་གཉིས་གཉིས་ཟུང་དུ་འཇུག་པ་ལས། ས་ཆུའི་དྭངས་མ་སྐུ་རྡོ་རྗེ། མེ་རླུང་གི་དྭངས་མ་གསུང་རྡོ་རྗེ། མཁའ་སེམས་ཀྱི་དྭངས་མ་ཐུགས་རྡོ་རྗེར་བཞུགས་ཤིང༌། དེ་གསུམ་ཡང་ལྡོག་ཆས་དབྱེ་བ་ཙམ་ལས་དོན་དམ་པར་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་དེ་སྦྱང་གཞི། དེའི་རང་མདངས་ཀུན་རྫོབ་སྣང་ངོའི་ཆ་ནས་རྐྱང་མ་རོ་མ་དབུ་མ་གསུམ་ཁུ་རྡུལ་རླུང་གི་རྟེན་དང༌། རླུང་སེམས་འཇུག་པ་གཅིག་པས་སེམས་ཀྱི་རྟེན་ཡང་ཡིན་ལ། དེ་ཉིད་རགས་པ་གྲུབ་ན་རྩ་ལས་ལུས། རླུང་ལས་ངག །ཐིག་ལེ་ལས་སེམས་ཀྱི་ཆོས་འགྲུབ་པ་ནི་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་རམ་འཛམ་བུའི་གླིང་པའི་ཁམས་དྲུག་ལྡན་གྱི་ལུས་ཞེས་སྦྱང་བྱ་འཁྲུལ་བའི་སྒོ་གསུམ་ཡིན་ཞིང༌། དེ་ཉིད་སྦྱོང་བྱེད་དབང་གོང་མ་གསུམ་དང་འབྲེལ་བའི་ཟབ་ལམ་ལྷ་སྔགས་ཆོས་སྐུའི་རྣལ་འབྱོར་ཁྱད་པར་ཅན་རྣམས་ཀྱིས་བྱེད་པ་བཅིངས་ཤིང་འོད་གསལ་དུ་སྦྱངས་པས་གློ་བུར་གྱི་སྒྲིབ་པ་ཐམས་ཅད་གདོད་མའི་ཡེ་ཤེས་སུ་ཐིམ་པ་ན། སྦྱངས་འབྲས་སྒྲིབ་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཁྱབ་བྱེད་དུ་བྱས་པའི་བླ་མ་སྐུ་གསུམ་མམ་རྩ་བ་གསུམ་པོ་འགྲུབ་པར་འགྱུར་བས། དེ་ཐམས་ཅད་རྡོ་རྗེ་སློབ་དཔོན་གཅིག་འགྲུབ་པས་ཐམས་ཅད་འགྲུབ་པའི་ཚུལ། རྡོ་རྗེ་ཕྲེང་བ་ལས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་ཀུན་གྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །ཞེས་པ་ལྟར་ཤེས་པ་ནི་ལམ་འདིའི་བསྟན་བྱའི་སྙིང་པོའོ། །གཉིས་པ་སྒྲུབ་བྱེད་ཀྱི་ལམ་རྒྱས་པར་བཤད་པ་ལ། བསྒྲུབ་གཞི་རྩ་བ་གསུམ་གྱི་རྣལ་འབྱོར་བསྙེན་སྒྲུབ་ཕྱག་ལེན་སྤྱིར་བསྟན་པ་དང༌། སྒྲུབ་བྱེད་རྩ་གསུམ་སོ་སོའི་བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྣམ་གཡེང་སོགས་འགལ་རྐྱེན་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ། བསྙེན་སྒྲུབ་ཀྱི་མཐུན་རྐྱེན་ཚོགས་པར་བྱས། ཡར་ངོའི་ཚེས་བཅུ་ལ་སོགས་དུས་དགེ་བར་བསམ་གཏན་གྱི་ཁང་བུར་འགྲིགས་ན་ཁ་ལྷོ་ནུབ་ཏུ་བསྟན་པ་དང་མདུན་སྤྲོད་ཀྱི་གཏོར་སྒྲོམ་དུ་གུ་རུའི་སྐུ་ཚབ་དང་གཞུང་མཐུན་སྐུ་བྲིས་འབུར་གང་རུང་བཤམས་པའི་མདུན། རྒྱས་པར་སྤྲོ་ན་བླ་མའི་གཏོར་མ་ཆོས་དབང་བླ་མ་གསང་འདུས་ཀྱི་གཏོར་མ། ཡི་དམ་དཔལ་གཏོར་འཁོར་བཞི། མཁའ་འགྲོ་ལ་མཁའ་འགྲོའི་གཏོར་མ་འཁོར་བཞི། གཡས་གཡོན་དུ་སྨན་རཀ་དང་བཅས་པ། བསྡུ་ན་བླ་གཏོར་སྨན་རཀ་རྐྱང་པ་ཉེར་སྤྱོད་བཅས་གཙང་ལ་དག་པར་འདུ་བྱས་ཏེ། སྔོན་འགྲོ་བསགས་སྦྱངས་སོང་ཟིན་ཀྱང་ཉམས་ལེན་ཞག་བདུན་ཙམ་དམིགས་སྒོམ་རྡོ་རུས་འཕྲོད་པ་བྱ། མ་སོང་ན་ངག་འདོན་ཟུར་གསལ་ལྟར་གནད་དུ་འགྲོ་བར་བྱ། དེའི་ཞར་བྱུང་དུ་དཀོན་མཆོག་རྩ་གསུམ་ལ་ཕྱི་ནང་གི་ཚོགས་གསོག །བཤགས་སྐོང༌། ཆ་གསུམ། ཆུ་གཏོར། སཱཙྪ། བསང་བརྔན་སོགས་ཅི་འགྲུབ་བྱས་ན་ལེགས། ཉམས་ལེན་དངོས་གཞིའི་ཉིན། དགོང་ཐུན་ཞིག་ལ་དབུ་བཙུགས་ཏེ། ཕྱི་སྒོར་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བཙུགས། བགེགས་གཏོར་དང༌། སྲུང་མའི་མཆོད་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་དང༌། རང་གི་མདུན་དུ་ཌཱ་དྲིལ་གུལ་ཡུངས་འཐོར་ནས་ཁྲུས་བུམ་འདུ་བྱ་རྣམ་སྨེ་གང་རུང་གིས་ཁྲུས་བུམ་སྒྲུབ། ཉིན་རེ་བཞིན་ཞོགས་པར་བསྐྱེད་བཟླས་ཁྱུག་ཙམ་བྱས་ལ། བདག་གནས་ཡོ་བྱད་བཅའ་ག་གཏོང་ལེན་སོགས་ལའང་བསང་གཏོར་བྱ། ཚིག་བདུན་གསོལ་འདེབས་སོགས་སྔོན་དུ་འགྲོ་བས། སྐྱབས་སེམས་ཡན་ལག་བདུན་པའི་རྗེས། རང་མཚམས་ལྷ་རྟ་མགྲིན་གྱི་ང་རྒྱལ་གྱིས་བགེགས་གཏོར་བྱིན་བརླབས་ཏེ་བསྔོས་ལ། བཀའ་བསྒོ་བཅས་ཀྱིས་ཕྱིར་དོར། ཕྱི་ནང་ཀུན་ཏུ་གུ་གུལ་བདུག་ཡུངས་ཐུན་གཏོར་ཞིང་དྲག་སྔགས་བཟླ། རྒྱལ་ཆེན་ཐོ་འཛུགས་མདོར་བསྡུས་བྱ། ནང་དུ་ཕྱིན་ནས་སྟན་ལ་བག་ཕེབས་པར་འཁོད་པས་སྲུང་འཁོར་ནས་བརྩམས་ལས་བྱང་མཐར་ཆགས་སུ་བཏང༌། ཐུན་གསུམ་བཞི་གང་བདེར་བྱ། ཐུན་རེ་བཞིན་མཆོད་པ་ཁ་གསོ་གྲུབ་ན་ལེགས། དགོང་མོའི་ཆར་གསོལ་ཀ་རྒྱུན་ལྡན་དུ་གཏང༌། ཐུན་རེ་རེ་བཞིན་ཚོགས་མཆོད་བསྡུས་ཙམ་གྲུབ་ན་ལེགས། བཟླས་པའི་མགོ་མཇུག་ཏུ་དབྱངས་གསལ་རྟེན་སྙིང་བཟླ་བ་དང༌། བཟླས་པའི་ཐུན་དང་པོའི་མགོར་ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱ། ཡར་མར་གྱི་ཚེས་བཅུ་དང་བསྙེན་སྒྲུབ་ལས་གསུམ་སོ་སོའི་མཚམས་སུ་ཚོགས་མཆོད་རྒྱས་པ་རེ་ཕུལ། དུས་བསྙེན་ཟླ་བ་གསུམ། གྲངས་བསྙེན་རྩ་གསུམ་སོ་སོར་འབུམ་བཞི། མཚན་མ་དངོས་ཉམས་རྨི་ལམ་དུ་རྟགས་རྫོགས་ཀྱི་བར་ཡིན་ཀྱང་དུས་གྲངས་གཉིས་ཚད་ལྡན་གཙོ་བོར་བཏོན་ན་མཚན་མ་ཞར་ལ་རྫོགས་པས་ལེགས་པར་འགྱུར་ཞིང་བསྙེན་ཚད་རྫོགས་ནས་ཡར་ངོའི་ཚེས་བཅུ་ཞིག་ལ་སྒྲུབ་རྟེན་གཏོར་མ་ལ་ཁ་ཟས་བཟང་དགུས་བསྐོར་ཏེ། ཐོར་ཐུན་ལ་ལས་བྱང་རྒྱས་པར་བཏང༌། བགེགས་གཏོར་ཞིག་བསྔོས་ལ། སྒྲུབ་རྫས་ལ་བགེགས་བསྐྲད་བྱིན་འབེབས་ཀྱི་དམིགས་པ་བྱ། བཟླས་པའི་སྐབས་ཕྱི་ནང་སྣོད་བཅུད་འཁོར་འདས་ཀྱི་དྭངས་བཅུད་སྒྲུབ་རྟེན་ལ་བསྡུ་བསྟིམ་བྱ། དངོས་གྲུབ་ལེན་སྐབས་གཏོར་མ་རྩ་གསུམ་ཡོངས་རྫོགས་སུ་གསལ་བས་དབང་ལེན་གྱི་དམིགས་པ་བྱ། ལྷག་མ་གསར་རྙིང་ཐམས་ཅད་ཀྱང་གོམ་པ་བདུན་ཅུའི་སར་སྤུངས་ཏེ་བཞག །ཆོས་སྲུང་དང༌། ཆད་བརྟན་འཛུགས་གཏོར་ཡོད་ནའང་ཕྱི་རོལ་ཏུ་འབུལ། ལས་བྱང་མཐར་དབྱུང༌། རྒྱལ་ཆེན་བཞི་ལ་གཏོར་མ་འབུལ་ཞིང་ཐོ་བསྡུ། མིག་ཉི་ཟླ་ལ་བལྟ་ཞིང༌། གྱེན་དུ་འགྲོ་བ་སོགས་རྟེན་འབྲེལ་ལེགས་པར་བྱ་ཞིང༌། མཚམས་གྲོལ་རྗེས་དེ་མ་ཐག་གཞན་དུ་མི་འགྲོ་བར་ཚོགས་གཏོར་ཉིན་གསུམ་ཙམ་བཏང་བ་དང༌། དེ་ནས་ཐོག་མར་དམ་གཙང་གི་མཆེད་དང་འཕྲད་པ་དང༌། ཁ་སྐོང་གི་སྦྱིན་སྲེག་སྤྲོ་ན་ཞི་རྒྱས་གཉིས་སམ། བསྡུ་ན་ཞི་བའི་སྦྱིན་སྲེག་རྒྱས་བསྡུས་གང་རིགས་ཀྱང་བྱ་ཞིང༌། སྐྱེ་འཆི་བར་དོའི་ལམ་ཁྱེར་གྱི་ཉམས་ལེན་ཐམས་ཅད་བླ་མའི་རྣལ་འབྱོར་ཕྱི་ནང་གསང་བ་ལ་ཚང་བར་ཤེས་པས། མོས་གུས་དག་སྣང་ཡིད་ཆེས་སྲོག་ཏུ་བཟུང་ནས་སྒོ་གསུམ་གྱི་སྣང་སྤྱོད་ཐ་མལ་དུ་མ་ཤོར་བ། རྒྱུན་གྱི་ཉམས་ལེན་གྱི་དྲོད་མ་ཤོར་བ་ཤིན་ཏུ་གཅེས་སོ། །གཉིས་པ་སྒྲུབ་བྱེད་རྩ་གསུམ་སོ་སོའི་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། རྒྱུ་ཏིང་འཛིན་རྣམ་གསུམ་གྱི་ཁོག་ཕུབ། འབྲས་བུ་རྟེན་དང་བརྟེན་པའི་ལྷ་བསྒོམ་ཚུལ། ཐོག་མཐའི་ལས་ཀྱི་རིམ་པའི་དམིགས་རྣམ་ནི་ཁོ་བོའི་བླ་མ་རིག་འཛིན་ཆེན་པོ་པདྨ་བི་ཛ་ཡའི་བསྐྱེད་རིམ་གྱི་རྣམ་གཞག་ནོར་བུའི་མེ་ལོང་སོགས་རྗེ་བཙུན་བླ་མ་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་རྒྱས་བསྡུས་དུ་མར་གསལ་བ་ལྟར་ཤེས་པར་བྱ་ལ། ལམ་འདིའི་དངོས་བསྟན་དམིགས་སུ་སྨོས་པ་ལ། དང་པོ་བྱིན་རླབས་ཀྱི་རྩ་བ་བླ་མ་ལྟར་བསྙེན་པས་སྒྲུབ་པའི་སྒོམ་དོན་ནི། །སྤྱི་བོ་ཛ་ལནྡྷ་རའི་དཀྱིལ་འཁོར་དུ། །པད་དཀར་ཟླ་སྟེང་ཁྱབ་བདག་ཧེ་རུ་ཀཿ །སྐུ་མདོག་དཀར་དམར་བདེ་སྟོང་སྙོམས་འཇུག་མདངས། །ཕྱག་གཉིས་ཐབས་ཤེས་རྡོ་རྗེ་དྲིལ་བུས་མཚན། །གཅེར་བུ་རུས་པའི་ཕྱག་རྒྱ་དྲུག་གིས་སྤྲས། །དབྱིངས་ཕྱུག་སྔོན་མོ་ཡུམ་དང་འཁྲིལ་བར་བསྒོམ། །གུས་པས་གསོལ་བཏབ་ཁྱེད་ཤེས་དད་པས་བསྐུལ། །དབང་བཞི་བླང་ཞིང་ཐུགས་ཡིད་གཉིས་མེད་བསྲེ། །མ་ཡེངས་གཉུག་མའི་ངང་དུ་ཅི་བདེར་བཞག །བྱིན་རླབས་སྙིང་པོ་རང་རིག་ཆོས་སྐུར་མཐོང༌། །མཐར་ཐུག་དབྱིངས་རིག་དབྱེར་མེད་ངང་དུ་གྲོལ། ཞེས་པའི་དགོངས་དོན་ཏེ་སྒོམ་དོན་སྤྱི་ནི། ལས་བྱང་ལས། རྟ་མགྲིན་སྤྱི་གཙུག་བླ་མ་ནི་སོགས་ནས། གུ་རུ་དྷེ་ཝ་ཌཱ་ཀི་ནི་མཎྜ་ལ་ས་མ་ཡ་ཨཱཿཧཱུྃ༔ ཞེས་པ་སྟེ་དཀྱིལ་འཁོར་གྱི་དབུས་ཉི་ཟླ་པདྨ་བདུད་བཞིའི་གདན་ལ་རང་ཉིད་གཙོ་བོ་རྟ་ཕག་ཡབ་ཡུམ་དུ་བསྒོམས་པའི་ཕྱོགས་བཞིར་པད་འདབ་བཞི་ལ་རིགས་བཞིའི་དཔའ་བོ་ཡབ་ཡུམ། རྟ་མགྲིན་གྱི་དབུ་ཐོག་ཏུ་བླ་མ་ཆོས་སྐུ་རྡོ་རྗེ་འཆང་པདྨ་ཀུན་ཏུ་འཆང་གསང་འདུས་ཡབ་ཡུམ་ལ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་སྤྲུལ་པའི་གུ་རུ་མཚན་བརྒྱད། རྣམ་སྤྲུལ་བཅུ་གཉིས། ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུ་བཅུ་གསུམ། འགྲོ་འདུལ་རིགས་དྲུག །མདོ་སྔགས་སྟོན་པ་བརྒྱ་རྩ་སོགས་གུ་རུ་རིན་པོ་ཆེའི་མཚན་དང་སྐུ་ཡི་བཀོད་པ་མཆིས་སོ་ཅོག་ཐམས་ཅད་ཀྱིས་གཙོར་བྱས་བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་ཁྲོམ་ཚོགས་སུ་བསྒོམས་པ་ནི་བྱིན་རླབས་བླ་མ་སྒྲུབ་པའི་རིམ་པའོ། །གཉིས་པ་དམིགས་གནད་བཟླས་པ་ལ། དངོས་དང༌། འཕྲོས་དོན་གཉིས་ལས། དང་པོ་ནི། ཐུགས་སྒྲུབ་ཀུན་གྱི་རྩ་བ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་རྡོ་རྗེའི་ཚིག་རྐང་ལས། བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ ཞེས་གསུངས་པ་ལྟར། སྤྱི་བོའི་རིག་འཛིན་བླ་མ་ཡོངས་རྫོགས་རྣམ་པ་གཙོ་འཁོར་དུ་མར་སྣང་ཡང༌། རང་གི་སེམས་ཉིད་གཉུག་མ་མི་ཤིགས་པའི་ཐིག་ལེ་བླ་མ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་བདག་ཉིད་གཅིག་ཏུ་རང་བཞིན་རྣམ་པར་དག་པའི་རྩལ་སྣང་ཙམ་དུ་ཐག་བཅད་ནས། གཙོ་འཁོར་ཡོངས་རྫོགས་མ་འདྲེས་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་གསལ་སྟོང་ཞེན་བྲལ་དུ་བསྒོམས་ཏེ། གཞུང་གི་གསོལ་འདེབས་དང་རྡོ་རྗེའི་ཚིག་རྐང་བདུན་མ་དང་བསྙེན་པ་སྤེལ་ནས་ཕུར་ཚུགས་སུ་གསོལ་བ་བཏབ། རྒྱས་པར་སྤྲོ་ན་བྱང་གཏེར་ལེའུ་བདུན་མ་ཡང་སྦྱར། སྤྱིར་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་ཀུན་ལ་བུ་གཅིག་པའི་མ་ལྟར་བརྩེ་བས་གཟིགས་པ་ཆོས་ཉིད་ཡིན་ཀྱང༌། མོས་གུས་ཀྱི་གསོལ་བ་དྲག་པོ་གདུལ་བྱ་སུས་བཏབ་ན་དེ་ལ་བྱིན་རླབས་ལྷག་པར་འཇུག་སྟོབས་ཆེ་བ་ཆོས་ཉིད་ཡིན་པས་མོས་གུས་དྲག་ཏུ་བསྐྱེད་པ་དང༌། ཡང་སྒོས་གདུལ་དཀའ་སྙིགས་མའི་སེམས་ཅན་གྱི་སྐྱབས་གཅིག་ཆོག་ཏུ་རྡོ་རྗེའི་གསུང་གི་ཞལ་བཞེས་ཡང་ཡང་གནང་བ་གུ་རུ་རིན་པོ་ཆེ་ཡིན་སྙམ་དུ་སྙིང་པོ་བཛྲ་གུ་རུ་བཟླ་བཞིན། རྩ་གསུམ་ལྷ་ཚོགས་ཐམས་ཅད་སོགས་ལྟར་དབང་ལེན་ཡང་ཡང་བསྐྱར་གྱིན་བསྒོམས་ན་བྱིན་རླབས་ཆེ། སྐྱོ་དུབ་དང་དམིགས་པ་མི་གསལ་བ་བྱུང་ན་ཐོད་ཕྲེང་རྩལ་གྱི་ཛབ྄་དབྱངས་བྱ་ནས་རིག་པ་གཟེངས་བསྟོད་པས་ཁམས་བསང༌། དེའི་ཚེ་དམིགས་པ་གུ་རུ་རིན་པོ་ཆེའི་སྐུའི་རྣམ་འགྱུར་རང་གང་མོས་ནམ་མཁའ་གང་བར་བྱོན་ཏེ་སྤྱི་བོའི་བླ་མར་ཐིམ་པས་བྱིན་རླབས་ཀྱི་ཟིལ་འབར། སྐུའི་གཟི་བྱིན་སྔར་བས་ཆེ་བར་བསྒོམས་པའི་བོགས་འབྱིན་བྱ་བ་དང༌། རེས་འགའ་ཐོད་ཕྲེང་རྩལ་གྱི་སྐུ༔ ནམ་མཁའ་གང་བར་ཆར་ལྟར་བབ༔ སྒྲུབ་པ་པོ་ཡི་སྤྱི་བོར་ཐིམ༔ ཤ་མེད་འོད་ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམ༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔ བྲག་ཁ་དག་ནས་ཆུ་འབབས་བཞིན༔ དྲག་པོ་བར་མཚམས་མེད་པར་བགྲོངས༔ ང་ཉིད་རང་དབང་མེད་པར་འབྱོན༔ ཨོ་རྒྱན་པདྨ་བདག་ཉིད་ལ༔ མོས་གུས་དྲག་པོས་གུས་པ་དང༔ དུང་དུང་གདུང་སེམས་དྲག་པོ་ཡིས༔ གསོལ་བ་དྲག་པོ་བཏབ་པའི་ཚེ༔ ང་ཉིད་དེ་ཡི་དྲུང་དུ་འབྱོན༔ ཞེས་གསུངས་པའི་ཚིག་དོན་བསམ་ཞིང་ངེས་ཤེས་བསྐྱེད་པར་བྱའོ། །གཉིས་པ་འཕྲོས་དོན་ནི། གཞུང་གསལ་དམིགས་པ་ཁོ་ན་འབད་པས་ཆོག་ཀྱང༌། དམིགས་བསལ་ཐོད་ཕྲེང་སྡེ་ལྔའི་ཞི་རྒྱས་དབང་དྲག་མཆོག་གི་ལས་ཀྱི་དམིགས་པ་ལ། རྡོ་རྗེ་ཐོད་ཕྲེང་གི་ཞི་བའི་ལས་ཀྱི་སྔགས་དམིགས་ནི། བླ་མ་གསང་བ་ཀུན་འདུས་ཀྱི། །སྐུ་སྔགས་ཕྱག་མཚན་འཕྲོ་འདུ་ཡིས། །རྡོ་རྗེ་ཐོད་ཕྲེང་ཐུགས་རྒྱུད་བསྐུལ། །དེ་ལས་འོད་དཀར་བདུད་རྩིའི་ཟིལ། །སྤྲོས་པས་སྲིད་ཞིའི་ཁམས་ཀུན་ཁྱབ། །སྣོད་ཀྱི་འབྱུང་བའི་རྒུད་པ་སངས། །བཅུད་ཀྱི་འགྲོ་བའི་དུག་ལྔ་བསལ། །རྟེན་དང་བརྟེན་པར་བཅས་པ་ཀུན། །རྡོ་རྗེ་དབྱིངས་ཀྱི་ཞིང་དུ་སད། །སྙིགས་མའི་དམུ་རྒོད་ལོག་ལྟའི་རྒྱུད། །ཉི་མས་མུན་པ་ལྟར་སྦྱངས་ནས། །བྱམས་དང་སྙིང་རྗེས་རྒྱུད་དུལ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ། རཏྣ་ཐོད་ཕྲེང་གི་རྒྱས་དམིགས་ནི། བླ་མ་གསང་བ་ཀུན་འདུས་ཀྱི། །སྐུ་སྔགས་ཕྱག་མཚན་འཕྲོ་འདུ་ཡིས། །རཏྣ་ཐོད་ཕྲེང་ཐུགས་རྒྱུད་བསྐུལ། །དེ་ལས་གསེར་མདོག་བདུད་རྩིའི་ཟིལ། །སྤྲོས་པས་སྲིད་ཞིའི་ཁམས་ཀུན་ཁྱབ། །ཚེ་བསོད་དཔལ་འབྱོར་རིགས་དབང་ཐང༌། །ལུང་རྟོགས་ཡོན་ཏན་འཁོར་སློབ་སོགས། །འཕེལ་རྒྱས་རབ་ཏུ་བརྟན་པ་ཡི། །རྒྱས་པའི་ཕྲིན་ལས་ཀུན་བསྒྲུབ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་པུཥྚིཾ་ཀུ་རུ་ཨོཾ། ཞེས་བཟླ། པདྨ་ཐོད་ཕྲེང་དབང་སྡུད་ནི། །བླ་མ་གསང་བ་ཀུན་འདུས་ཀྱི། །སྐུ་སྔགས་ཕྱག་མཚན་འཕྲོ་འདུ་ཡིས། །པདྨ་ཐོད་ཕྲེང་ཐུགས་རྒྱུད་བསྐུལ། དེ་ལས་འོད་དམར་བདུད་རྩིའི་ཟིལ། །སྤྲོས་པས་སྲིད་ཞིའི་ཞིང་ཀུན་ཁྱབ། །གཟུགས་ཅན་གཟུགས་མེད་འགྲོ་ཀུན་གྱི། །ང་རྒྱལ་ཁེངས་སེམས་རྟོག་པ་སྦྱངས། །ཆགས་ཤིང་ཞེན་པའི་ཡིད་གཡོས་པས། །གདུང་ཞིང་དད་པས་འདུད་པར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་ཝཱ་ཤཾ་ཀུ་རུ་ཧྲཱིཿ ཞེས་བཟླ། ཀརྨ་ཐོད་ཕྲེང་གི་དྲག་པོའི་དམིགས་བཟླས་ནི། །བླ་མ་གསང་བ་ཀུན་འདུས་ཀྱི། །སྐུ་སྔགས་ཕྱག་མཚན་འཕྲོ་འདུ་ཡིས། །ཀརྨ་ཐོད་ཕྲེང་ཐུགས་རྒྱུད་བསྐུལ། དེ་ལས་འོད་ལྗང་སྐུ་དང་སྔགས། །ཕྱག་མཚན་མེ་ཟེར་འོད་རྣོན་སྤྲོས། །དམ་སྲི་རྒྱལ་འགོང་གདོན་གྱི་ཚོགས། །བསྡིགས་གཟིར་བསྲེགས་བཅིངས་དཔའ་བཀོང་བས། །འདར་ཞིང་འདུད་ཅིང་བྱད་ཕུར་སོགས། །མི་མཐུན་མཐའ་དག་བཅོམ་པར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་མཱ་ར་ཡ་ཕཊཿ ཞེས་བཟླ། བུདྡྷ་ཐོད་ཕྲེང་མཆོག་གི་ཕྲིན་ལས་ནི། བླ་མ་གསང་བ་ཀུན་འདུས་ཀྱི། །སྐུ་སྔགས་ཕྱག་མཚན་འཕྲོ་འདུ་ཡིས། །བུདྡྷ་ཐོད་ཕྲེང་ཐུགས་རྒྱུད་བསྐུལ། །དེ་ལས་འོད་མཐིང་སྐུ་དང་སྔགས། །ཕྱག་མཚན་སྤྲོས་པས་འགྲོ་ཀུན་སྒྲོལ། །རྒྱུད་སྦྱངས་བྱིན་བརླབས་གཟི་འབར་ཞིང༌། ལས་ཉོན་སྒྲིབ་སྦྱངས་དད་མོས་སྐྱེས། །ཡེ་ཤེས་དགོངས་པ་མངོན་གྱུར་སད། །ཉམས་རྟོགས་ཡོན་ཏན་རྩོལ་མེད་དུ། །སྐྱེ་བའི་སྐལ་བཟང་བྱིན་སྩོལ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་པ་ར་སིདྡྷི་ཧཱུྃ༔ ཞེས་བཟླ། གུ་རུ་འཕྲུལ་མཚན་བརྒྱད་ཀྱི་དམིགས་བཟླས་བྱེ་བྲག་ཏུ་འདོད་ན་རྟ་མགྲིན་སྤྱི་བོའི་བླ་མ་ཆོས་སྐུ་གསང་བ་འདུས་པ་གནས་བསྒྱུར་བ་སྟེ། དང་པོ་པདྨ་འབྱུང་གནས་ཀྱི་མཆོག་དངོས་སྒྲུབ་པ་ནི། ལས་བྱང་ལྷ་བསྐྱེད་སྐབས། །རྟ་མགྲིན་སྤྱི་གཙུག་བླ་མ་ནི། །ཀུན་བཟང་པདྨ་འབྱུང་གནས་མཐིང༌། །གཅེར་བུ་རིན་ཆེན་རུས་རྒྱན་ཅན། །ཞི་འཛུམ་སྤྱན་གསུམ་ཕྱག་གཉིས་ཀྱིས། །ཡུམ་མཆོག་མཚོ་གླིང་མཁའ་འགྲོར་འཁྱུད། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་འགྱིང༌། །ཕྱི་འཁོར་འོད་ཀྱི་དྲྭ་བའི་ཀློང༌། བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས། །པཎ་གྲུབ་རིག་འཛིན་རྣལ་འབྱོར་དག །ཆར་སྤྲིན་གཏིབས་པ་བཞིན་དུ་གསལ། །ཨོཾ་གུ་རུ་དྷེ་ཝ་སོགས་ལས་བྱང་ལྟར་སྤྱན་འདྲེན་དང་གསོལ་འདེབས་རྗེས། །པད་འབྱུང་ཡབ་ཡུམ་གཙོ་འཁོར་གྱི། །གནས་གསུམ་འོད་ཟེར་དཀར་དམར་མཐིང༌། །སྐུ་སྔགས་ཕྱག་མཚན་དང་བཅས་པ། །སྤྲོས་ནས་རང་གི་གནས་གསུམ་ཐིམ། །དབང་དང་བྱིན་རླབས་དངོས་གྲུབ་ཐོབ། །ཡེ་ཤེས་ཡོན་ཏན་ཆེར་རྒྱས་པའི། །བདེ་སྟོང་བསམ་མི་ཁྱབ་པ་ཡི། །དགོངས་པས་མཆོག་དངོས་ཐོབ་པར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མ་ཧཱ་སུ་ཁ་པ་ར་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ། གཉིས་པ་པདྨ་རྒྱལ་པོ་ནི། །རྟ་མགྲིན་སྤྱི་གཙུག་བླ་མ་ནི། །གར་དབང་གུ་རུ་པདྨ་རྒྱལ། །དམར་གསལ་ཌཱ་རུ་མེ་ལོང་བསྣམས། །འཁོར་ལོས་བསྒྱུར་བའི་ཆ་བྱད་བཅས། །འོད་འཆང་ལྷ་མོས་གཡོན་ནས་བསྟེན། །འཁོར་དུ་པདྨ་དྷཱ་ཀི་ནི། འདོད་པའི་རྒྱལ་པོ་དབང་ཕྱུག་ཆེ། །དབང་ཆེན་རྟ་མཆོག་རིག་བྱེད་དབང༌། །ཉི་ཟེར་རྡུལ་བཞིན་བཞུགས་པར་གསལ། །ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་སོགས་དང༌། དབང་ལེན་སྐབས། པད་རྒྱལ་ཡབ་ཡུམ་གཙོ་འཁོར་སོགས་ནས་གནས་གསུམ་ཐིམ། །བདེ་སྟོང་ཡེ་ཤེས་ཆེར་རྒྱས་པས། །དབང་གི་འོད་དམར་འཁོར་འདས་ཁྱབ། །བརྟན་གཡོ་སྲིད་ཞིའི་དྭངས་མ་དང༌། །གང་འདོད་བྲན་བཞིན་དབང་བསྡུས་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མ་ཧཱ་རཱ་ཛ་སརྦ་ཝཱ་ཤཾ་སིདྡྷི་ཧཱུྃ༔ གསུམ་པ་བློ་ལྡན་མཆོག་སྲེད་ནི། །རྟ་མགྲིན་སྤྱི་གཙུག་བླ་མ་ནི། །འཇམ་དབྱངས་བློ་ལྡན་མཆོག་སྲེད་རྩལ། །བེར་ཕོད་སྔགས་ཆས་ཌཱ་རུ་དང༌། །པད་ཕོར་འཛིན་པ་གཞོན་བརྗིད་ཚུལ། །བདེ་བའི་རྣལ་འབྱོར་མ་ཡི་ཡུམ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡི། མཚན་དང་རྣམ་འཕྲུལ་དཔག་ཡས་གསལ། །ཨོཾ་གུ་རུ་དྷེ་ཝ་སོགས་ནས། །མཆོག་སྲེད་ཡབ་ཡུམ་གཙོ་འཁོར་སོགས། གནས་གསུམ་ཐིམ། །མི་ཤེས་བློ་ཡི་མུན་པ་བསལ། །ལུས་ཀུན་དབྱངས་གསལ་ཡི་གེས་གང༌། །མཁྱེན་གཉིས་སྣང་བ་རྒྱས་པར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པྲཛྙཱ་སརྦ་ཛྙཱ་ན་སིདྡྷི་ཧཱུྃ༔ བཞི་པ་ཤཱཀྱ་སེང་གེ་ནི། །རྟ་མགྲིན་སྤྱི་གཙུག་བླ་མ་ནི། །སྒྲིབ་སེལ་ཤཱཀྱ་སེང་གེ་ཆེ། །གསེར་མདོག་རྡོ་རྗེ་ལྷུང་བཟེད་འཛིན། །ས་གནོན་མཉམ་བཞག་སྤྲུལ་སྐུའི་ཆས། །ཞི་མཚོས་མེ་ཏོག་མཆོད་སྤྲིན་སྤྲོ། །ཉེ་སྲས་གནས་བརྟན་རྒྱན་དྲུག་མཆོག །རྒྱལ་བསྟན་འཛིན་སྤེལ་སྐྱེས་བུས་བསྐོར། །ཨོཾ་གུ་རུ་དྷེ་ཝ་སོགས། ཤཱཀྱ་སེང་གེ་སོགས་ནས་གནས་གསུམ་ཐིམ། །འགྲོ་འདུལ་གཞན་ཕན་སེམས་ཆེན་པོས། །ས་གསུམ་ཡིད་སྣང་དབང་མེད་བསྒྱུར། །རྒྱུད་དག་ལུང་རྟོགས་བསྟན་སྤེལ་བའི། །ཕྲིན་ལས་མཁའ་དང་མཉམ་པར་སྤེལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤཱཀྱ་སེངྷ་སརྦ་ཤཱ་ས་ན་ཝརྡྷ་སིདྡྷི་ཧཱུྃ༔ ཞེས་བཟླ། ལྔ་པ་པདྨ་སཾ་⁽14a4⁾⁽14ab⁾་ནི། །རྟ་མགྲིན་སྤྱི་གཙུག་བླ་མ་ནི། །བྱམས་པ་པདྨ་སཾ་⁽14a4⁾⁽14ab⁾་ཝ། །མཉམ་བཞག་སྐྱབས་སྦྱིན་པཎ་ཞྭ་དང༌། །དགེ་སློང་ཆ་ལུགས་སེམས་སྐྱིལ་ཅན། །སུ་ཁ་དྷཱ་རས་སྤོས་སྤྲིན་སྤྲོ། །བཀའ་བབ་རིག་འཛིན་ཆེ་མཆོག་དགུ །འཕགས་བོད་དབང་གི་ཆུ་བོ་བཞིའི། །ངོ་མཚར་བྱིན་རླབས་བརྒྱུད་པས་བསྐོར། །ཨོཾ་གུ་རུ་དྷེ་ཝ་སོགས། པདྨ་སཾ་བྷ་གཙོ་འཁོརསོགས་ནས་གནས་གསུམ་ཐིམ། །ལྷ་དང་རིག་འཛིན་ཌཱ་ཀི་ཡིས། །དབང་བསྐུར་རྒྱུད་ལུང་མན་ངག་གི །བཀའ་བབ་གསང་འཛིན་བདག་པོར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སརྦ་གུ་ཧྱ་དྷཱ་ར་སིདྡྷི་ཧཱུྃ༔ ཞེས་བཟླ། དྲུག་པ་ཉི་མ་འོད་ཟེར་ནི། རྟ་མགྲིན་སྤྱི་གཙུག་བླ་མ་ནི། །ནམ་མཁའི་སྙིང་པོ་ཉི་མ་འོད། །སེར་གསལ་ཁ་ཊྭཱྃ་ཉི་ཟེར་འཛིན། །རྣལ་འབྱོར་ཆ་ལུགས་རོལ་སྟབས་གཡོན། །བདག་མེད་རིན་ཆེན་ཕྲེང་འཛིན་སྒེག །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་སོགས། །རྒྱུད་སྡེ་བཞི་ཡི་གྲུབ་པས་བསྐོར། །ཨོཾ་གུ་རུ་དྷེ་ཝ་སོགས། ཉི་མ་འོད་ཟེར་གཙོ་འཁོར་སོགས་ནས་གནས་གསུམ་ཐིམ། རིག་འཛིན་བཞི་དང་གྲུབ་པ་བརྒྱད། །མཆོག་ཐུན་དངོས་གྲུབ་མངོན་གྱུར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སཱུརྻ་རསྨི་སརྦ་ཡོ་གི་སིདྡྷི་ཧཱུྃ༔ བདུན་པ་སེང་གེ་སྒྲ་སྒྲོག་ནི། རྟ་མགྲིན་སྤྱི་གཙུག་བླ་མ་ནི། །གསང་བདག་སེང་གེ་སྒྲ་སྒྲོགས་རྩལ། མཐིང་ནག་རྡོ་རྗེ་སྡིགས་མཛུབ་ཅན། ཁྲོ་བོའི་ཆས་རྫོགས་གཡོན་བརྐྱང་བཞེངས། །བདུད་འདུལ་གར་མས་དགྱེས་པ་བསྐྱེད། །སྤྲུལ་པའི་ཁྱུང་སྡིག་ཕག་རྒོད་སོགས། །མེ་ཟེར་མཚོན་ཆ་དང་བཅས་སྤྲོ། །ཨོཾ་གུ་རུ་དྷེ་ཝ་སོགས། གསང་བདག་སེང་སྒྲོགས་གཙོ་འཁོར་སོགས་ནས་གནས་གསུམ་ཐིམ། སྟེང་འོག་བར་གྱི་གདོན་ཚོགས་ཀྱི། །གནོད་པ་རྒྱུ་འབྲས་མཐའ་དག་ཀུན། །རྩ་སྦུར་མེས་བསྲེགས་བཞིན་སྦྱངས་ནས། །རྡོ་རྗེ་གསུམ་གྱི་བྱིན་ཐོབ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སེངྷ་གཎྜེ་སརྦ་རུ་ཏྲ་མཱ་ར་ཡ་སིདྡྷི་ཧཱུྃ༔ ཞེས་བཟླ། བརྒྱད་པ་རྡོ་རྗེ་གྲོ་ལོད་ནི། རྟ་མགྲིན་སྤྱི་གཙུག་བླ་མ་ནི། །ས་སྙིང་རྡོ་རྗེ་གྲོ་བོ་ལོད། །དམར་སྨུག་རྡོ་རྗེ་ཕུར་པ་འདྲིལ། །རབ་བྱུང་ཁྲོ་ཆས་ཡོངས་སུ་རྫོགས། །རོལ་སྟབས་སྟག་མོའི་སྟེང་ན་འགྱིང༌། །ཕྲ་མེན་མཁའ་འགྲོ་སྒེག་ཚུལ་ཅན། །ཧཱུྃ་རཾ་རྡོ་རྗེ་ཕུར་པ་ཡི། །མེ་ཟེར་ཚྭ་ཚྭས་ནམ་མཁའ་གང༌། །ཧཱུྃ་སྒྲ་འབྲུག་ལྟར་སྒྲོག་པར་བསམ། །ཨོཾ་གུ་རུ་དྷེ་ཝ་སོགས། རྡོ་རྗེ་གྲོ་ལོད་གཙོ་འཁོར་སོགས་ནས་གནས་གསུམ་ཐིམ། རྒྱལ་བསེན་དམ་སྲི་སྡེ་བརྒྱད་ཀྱི། །གདོན་ཚོགས་བསྡིགས་བསྐྲད་མིང་མེད་བརླགས། །སྣང་སྲིད་ཁྲོ་བོ་འཆོལ་བར་བསྒོམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ། སྤྱིར་ཉམས་ལེན་གྱི་སྲོག་ཏིག་ནི་བླ་སྒྲུབ་དངོས་བསྟན་ཉིད་ཡིན་ལ། དེའི་བསྙེན་བཟླས་ལེགས་པར་གྲུབ་པའི་ཚེ། ཐོད་ཕྲེང་སྡེ་ལྔ། མཚན་བརྒྱད་གང་འདོད་སྦྱར་བས་ཆོག་ཅིང༌། །ལས་ཚོགས་ཐམས་ཅད་དཀྱུས་གཅིག་ཏུ་ཚང་བར་སྦྱར་དགོས་པ་མ་ཡིན་ནོ། །གཉིས་པ་དངོས་གྲུབ་ཀྱི་རྩ་བ་བླ་མ་ཉིད་ཡི་དམ་ལྟར་སྒྲུབ་པས་ཉེ་བར་བསྙེན་པ་ནི། གསུང་མགུར་རྡོ་རྗེའི་ཚིག་རྐང་ལས། །སྙིང་གར་དྷཱུ་ཏིའི་དབུས་སུ་དྭངས་མ་ཧཱུྃ། །ཡོངས་གྱུར་ཡི་དམ་རྡོ་རྗེ་ཐོད་ཕྲེང་རྩལ། གུ་རུའི་མཚན་སྤྱི་ཁྱབ་རྡོ་རྗེ་ཐོད་ཕྲེང་རྩལ་ཞེས་ཕྱི་ནང་གསང་བའི་སྒྲ་བཤད་མང་པོ་ཅན་དེ་མ་གཏོགས་ཐོད་ཕྲེང་སྡེ་ལྔའི་ནང་གསེས་མ་ཡིན། མཆན། སྐུ་མདོག་དམར་སྨུག་ཁྲོ་འཛུམ་ཆགས་པའི་ཉམས། །རྡོ་རྗེ་དྲིལ་འཛིན་མཚོ་རྒྱལ་དཀར་མོ་འཁྲིལ། །ཐུགས་ཀར་ཧཱུྃ་ཡིག་ལྔ་ལྡན་འོད་ཟེར་འཕྲོས། །སྣོད་བཅུད་ཀུན་ཁྱབ་ཕྱི་སྣོད་པདྨ་འོད། །ནང་བཅུད་འགྲོ་ཀུན་ཐོད་ཕྲེང་སྐུ་གསུང་ཐུགས། །སྣང་སྲིད་གཞིར་བཞེངས་སྒྱུ་མ་ཆུ་ཟླ་ལྟར། །ལམ་ཁྱེར་གཞོམ་མེད་ཧཱུྃ་གི་སྣང་གླུ་ལེན། །དངོས་གྲུབ་སྙིང་པོ་གང་ཤར་ལྷ་སྐུར་འཆར། །མཐར་ཐུག་རང་སྣང་ཟངས་མདོག་དཔལ་རིར་གྲོལ། །ཞེས་གསུངས་པའི་དགོངས་པ་ལ་དང་པོ་བསྒོམ་དོན་དམིགས་པ་ནི། སྤྱི་བོའི་བླ་མ་ཡབ་ཡུམ་དང་ཡེ་ཤེས་པ་སྤྱན་དྲངས་པ་བདག་ལ་བསྟིམས་ཏེ་བཞུགས་གསོལ་ཕྱག་མཆོད་བསྟོད་པ་རྣམས་ལས་བྱང་ལྟར་གྲུབ་རྗེས། གསང་འདུས་ལེ་བརྒྱད་ལས། སྒྲུབ་དུས་བླ་མ་རང་གསལ་གདབ༔ གསང་སྔགས་འདུས་པའི་སྙིང་པོ་བཟླ༔ ཞེས་བསྐྱེད་རིམ་ལྷ་ཡི་གསང་འདུས་སུ་གསུངས་པ་ལྟར། བདག་གི་ཕུང་ཁམས་སྐྱེ་མཆེད་རིག་འཛིན་བླ་མའི་གསང་བ་གསུམ་དང་དབྱེར་མེད་དུ་ཤེས་པས། གསང་འདུས་གཞུང་ལས། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་གནས༔ འཛིན་པས་མ་བཅིངས་གསལ་བར་བསྒོམ༔ ཞེས་གསུངས་པའི་དགོངས་པ་སྲོག་ཏུ་བཟུང་ནས། དབང་ཆེན་རྟ་མགྲིན་གྱི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་རིགས་ཀུན་ཁྱབ་བདག་ཡི་དམ་རྡོ་རྗེ་ཐོད་ཕྲེང༌། རྩིབས་བཞིར་ཐོད་ཕྲེང་རིགས་ལྔ། རྟ་མགྲིན་གྱི་སྐུ་ཡི་གནས་བརྒྱད་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བཅས་ལུས་དཀྱིལ་ལ་སེམས་རྩེ་གཅིག་པས་བླ་མ་ཡི་དམ་དབྱེར་མེད་ལ་མོས་གུས་དྲག་པོས་བསྙེན་བཟླས་ལ་འབད། དེ་ཡང་གསལ་སྣང་རབ་ཀྱིས་ལྷ་ཐམས་ཅད་མ་འདྲེས་འཇའ་ཚོན་ལྟར། སྐུའི་རྣམ་འགྱུར་དང་ཕྱག་མཚན་རེ་རེ་བཞིན་རྒྱུ་མཚན་དགོས་པ་ཆེན་པོར་གསུངས་པ་བཞིན་གསལ། འབྲིང་གིས་ཚིག་རྗེས་དོན་དྲན་མོས་བསྐྱེད་ཙམ་བྱས་ཀྱང་མི་རུང་བ་མེད། ཐ་མས་རྡོ་རྗེ་ཐོད་ཕྲེང་ཀུན་འདུས་གཅིག་ཆོག་ནོར་བུའི་ལུགས་སུ་བསྒོམ། གཉིས་པ་དམིགས་གནད་བཟླས་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི་ཡི་དམ་ཐམས་ཅད་ཀྱི་སྤྱི་དཔལ་ནི་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཡིན་ལ། དེ་དང་རྟ་མགྲིན་གཉིས་ངོ་བོ་གཅིག་པར་གཏེར་ཁ་དུ་མ་ནས་གསུངས་པ་དང༌། སྐབས་འདིར་བསྒྲུབ་བྱའི་བླ་མའི་སྤྲུལ་གཞི་གསུང་པདྨའི་རིགས་ཡིན་པས་ཡི་དམ་རྟ་མགྲིན་དུ་བསྒོམ་པ་གཙོ་བོར་བསྟན་པ་སྟེ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཐོད་ཕྲེང་གི་ཐུགས་ཀར་པདྨ་ཉི་མའི་སྟེང་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་མཐིང་སྨུག་ལ་བླ་མ་ཡི་དམ་གཉིས་མེད་ཀྱི་སྔགས་ཕྲེང་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ། སྣང་གྲགས་རིག་པ་པདྨ་དབང་གི་ལྷ་སྔགས་ཆོས་སྐུའི་རོལ་པར་ཤར་ཏེ་སྔགས་སྒྲ་དང་ཁ་དོག་ལྔ་ལྡན་གྱི་ལྷ་སྔགས་སྤྲོ་བསྡུས་ལས་བཞི་ཐོགས་མེད་དུ་སྒྲུབ། སྣོད་བཅུད་ཐ་མལ་གྱི་སྣང་ཞེན་དག །རང་སྣང་པདྨ་དྲྭ་བ་རྡོ་རྗེ་དབྱིངས་ཀྱི་འཁོར་ལོར་སད་པའི་གནས་གསུམ་འོད་ཟེར་དཀར་དམར་མཐིང་གསུམ་རང་གི་གནས་གསུམ་དུ་ཐིམ་པས་རྡོ་རྗེ་གསུམ་གྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ། སྣང་སྟོང་སྒྱུ་མ་ཆུ་ཟླ་ལྟ་བུའི་ཏིང་ངེ་འཛིན་གྱི་རྩལ་སྦྱང་ལ་རྩ་བའི་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཞེས་བཟླ། གྲངས་འབུམ་ཕྲག་བཞིའམ་བཞི་འགྱུར་དུ་བཟླའོ། །གཉིས་པ་སྒྲུབ་པ་བཀའ་བརྒྱད་བྱེ་བྲག་གི་བཟླས་པ་ནི། གཤིན་རྗེ་གཞུང་གསལ་ལྟར་མདེའ་ཁ་བསྒྱུར་ཚུལ་ནི། རྟ་མཆོག་རོལ་པའི་དཔྲལ་བ་རུ། །གཤིན་རྗེའི་དཔྲལ་བར་འཁོར་ལོའི་དབུས། །ཧཱུྃ་དང་སྔགས་ཕྲེང་འོད་སེར་གྱིས། །སྣོད་བཅུད་ལྷ་ཡི་ཞིང་དུ་བསྒྱུར། །ཕྱོགས་དུས་རྒྱལ་བའི་སྐུ་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ལུས་ལ་ཐིམ། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །ཡ་མཱནྟ་ཀ་བཟླ། རྟ་མཆོག་རོལ་པའི་མགྲིན་པ་རུ། །དབང་ཆེན་མགྲིན་པར་པདྨའི་དབུས། །ཧཱུྃ་དང་སྔགས་ཕྲེང་འོད་དམར་གྱིས། །སྒྲ་ཀུན་སྔགས་ཀྱི་དབྱངས་སུ་བསྒྱུར། །ཕྱོགས་དུས་རྒྱལ་བའི་གསུང་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ངག་ལ་ཐིམ། །གྲགས་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །ཧྱ་གྲཱྀ་ཝ་བཟླ། རྟ་མཆོག་རོལ་པའི་ཐུགས་ཀ་རུ། །ཡང་དག་ཐུགས་ཀར་རྡོ་རྗེའི་དབུས། །ཧཱུྃ་དང་སྔགས་ཕྲེང་འོད་མཐིང་གིས། །དྲན་རྟོག་ཡེ་ཤེས་ཆེན་པོར་སད། །ཕྱོགས་དུས་རྒྱལ་བའི་ཐུགས་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ཡིད་ལ་ཐིམ། །བདེ་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །རུ་ལུ་བཟླ། །རྟ་མཆོག་རོལ་པའི་ལྟེ་བ་རུ། །ཆེ་མཆོག་ལྟེ་བར་རིན་ཆེན་དབུས། །ཧཱུྃ་དང་སྔགས་ཕྲེང་ལྗང་སེར་གྱིས། །རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་ཡི། །བྱིན་རླབས་དངོས་གྲུབ་སྒོ་གསུམ་ཐིམ། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །མ་ཧཱ་ཀྲོ་དྷ་བཟླ། རྟ་མཆོག་རོལ་པའི་གསང་བ་རུ། །ཕུར་པའི་གསང་བར་རྡོ་རྗེའི་ སྣ་ཚོགས་རྡོ་རྗེ་མཆན། དབུས། ཧཱུྃ་དང་སྔགས་ཕྲེང་སྣ་ཚོགས་འོད། །བྱ་བྱེད་ཕྲིན་ལས་ཆེན་པོ་དང༌། །ཕྱོགས་དུས་རྒྱལ་བའི་ཕྲིན་ལས་ཀྱི། །བྱིན་རླབས་དངོས་གྲུབ་སྒོ་གསུམ་ཐིམ། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །ཀཱི་ལ་ཡ་བཟླ། །རྟ་མཆོག་རོལ་པའི་ལྟེ་འོག་ཨེར། །ཨེ་ཀ་ཛཱ་ཊིའི་ལྟེ་འོག་ནས། །ཧཱུྃ་དང་སྔགས་ཕྲེང་སྣ་ཚོགས་ཀྱིས། །རྒྱལ་ཀུན་བདེ་སྟོང་ཡེ་ཤེས་ཀྱི། །བྱིན་རླབས་དངོས་གྲུབ་བདག་ལ་ཐིམ། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། མ་མ་ཡོ་གི་བཟླ། །རྟ་མཆོག་རྡོ་རྗེ་ནོར་བུའི་སྦུབས། །དྲེགས་པ་ཀུན་འདུལ་སྦྱོར་མཚམས་ལས། །ཧཱུྃ་དང་སྔགས་ཕྲེང་མཚོན་ཟེར་གྱིས། །རྒྱལ་ཀུན་མཐུ་སྟོབས་ནུས་པ་ཀུན། །བསྡུས་ནས་བདག་ཐིམ་སྟོབས་ལྡན་གྱུར། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། བཛྲ་ཙཎྜ་བཟླ། །རྟ་མཆོག་རོལ་པའི་སྣམས་ལོགས་སུ། །སྟོབས་ལྡན་ནག་པོའི་གནས་ལྔ་ནས། །དྲག་སྔགས་མེ་ཡི་ཚྭ་ཚྭ་འཕྲོས། །གནོད་བྱེད་སྡེ་བརྒྱད་ཐལ་བར་བརླགས། །ནུས་མཐུ་སྟོབས་རྩལ་འགྲན་མེད་གྱུར། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །ཀྲོ་དྷ་མ་ཧཱ་བཱ་ལ་བཟླ། སྒྲུབ་པ་བཀའ་བརྒྱད་བྱེ་བྲག་ཏུ་སྒྲུབ་པ་དེ་རྒྱས་དྲག་པས་དབང་པོས་མ་ཆུན་ན། །རྟ་མཆོག་རོལ་པའི་སྐུའི་གནས་བརྒྱད། །བདེ་གཤེགས་དཔལ་གྱི་སྒྲུབ་སྡེ་བརྒྱད། །ཐུགས་སྲོག་སྔགས་ཕྲེང་སྤྲོ་བསྡུ་ཡིས། །སྣོད་བཅུད་ལྷ་སྔགས་ཆོས་སྐུའི་ཀློང༌། །མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །ཞེས་དམིགས་ལ་བསྙེན་སྔགས་སོ་སོར་བཟླས་ཀྱང་རུང་ངོ༌། །གསུམ་པ་བླ་མ་མཁའ་འགྲོ་ལྟར་སྒྲུབ་པ་ལ་ཐུན་མོང་དང་ཁྱད་པར་གཉིས་ལས། དང་པོ་ནི། གཙོ་བོ་རྟ་མགྲིན་གྱི་སྦྱོར་ཡུམ་ཕག་མོའི་ཐུགས་ཀར་འོད་ཀྱི་དགའ་འཁྱིལ་གཡོན་བསྐོར་གྱི་ལྟེ་བར་བྃ་མཐིང་ག །དགའ་འཁྱིལ་ཁུག་པ་མདུན་ནས་བརྩམས་ཏེ་ཧ་དཀར་པོ། རི་སེར་པོ། ནི་དམར་པོ། ས་ལྗང་གུ་ཞལ་ནང་བསྟན་དུ་གསལ། ཡབ་དབང་ཆེན་གྱི་ཐུགས་སྲོག་ཉི་མ་ལ་གནས་པའི་ཧྲཱིཿདམར་པོ་བདེ་བའི་ཉམས་དང་ལྡན་པ་ལས་འོད་ཀྱི་ཟེར་ཐག་དྲོད་དང་བཅས་པ་ཞིག་བྱུང༌། སྐུ་ཡི་དབྱིབས་བརྒྱུད། རྡོ་རྗེའི་བུ་ག་བརྒྱུད་ཕག་མོའི་ལྟེ་བ་ནས་ཐུགས་སྲོག་གི་བཾ་ཧ་རི་ནི་ས་ལ་ཕོག །ཡི་གེ་འབྲུ་ལྔ་ལས་བྱུང་བའི་ཁ་དོག་ལྔའི་འོད་ཟེར་འཕྲོས། ཡུམ་གྱི་ཞལ་ནས་ཐོན། ཡབ་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀའི་ཧྲཱིཿལ་ཐིམ། འོད་ལྔའི་ཟེར་ཐག་མགལ་མེ་ལྟར་འཁོར་བས་ཡབ་ཡུམ་གཉིས་ཀ་བདེ་བ་བཟོད་མེད་དུ་རྒྱས། འོད་ཀྱི་ཕྲེང་བ་ལས་རིགས་ལྔའི་མཁའ་འགྲོ་ལས་བཞིའི་ཉམས་ལྡན་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་མཆོག་དང་ཐུན་མོང་གི་ཞི་རྒྱས་དབང་དྲག་གང་འདོད་པ་ཐོགས་མེད་དུ་བསྒྲུབས། མཐར་ཌཱ་ཀི་རིགས་ལྔའི་ཕོ་ཉ་དང་འོད་ཕྲེང་ཐམས་ཅད་ཕག་མོའི་ཐུགས་སྲོག་བཾ་ལ་ཐིམ་པར་བསམས་ལ་རིག་པ་རྩེ་གཅིག་ཏུ་གཏད་དེ་བུམ་ཅན་བཟུང་ལ་མཉམ་པར་བཞག་པས་མཁའ་འགྲོའི་སྔགས་འགོག་བཟླས་བྱའོ། །གཉིས་པ་ཁྱད་པར་གྱི་དམིགས་རིམ་ནི། གསུང་མགུར་ལས། རང་རྟ་མགྲིན་དུ་གསལ་བའི་ལྟེྃ་བརྃ་སྐུ་དབུས་རྩ་གསུམ་འཁོར་ལོ་བཞི་ཡི་དབུས་དྷཱུ་ཏིའི་མར་སྣེར་ཨྃ་ཤདྃ་གཏུམྃ་མོྃ་ངོ་བོ་བདེ་བ། རེག་བྱ་ཚ་བ། །རྣམ་པ་གསལ་བ། རྩེ་མོ་ཤེས་རབ་ཀྱི་རང་བཞིན་རྣོ་ལ་འཁྱུག་པའི་རྩ་བ་ཕྲ་བ་རོ་རྐྱང་གི་མར་སྣེར་ཟུག་པ། བུ་མའི་ཡར་སྣེར་ཡབ་ཧེ་རུ་ཀའི་ངོ་བོ་ཧཾ་ཡིག་དཀར་གསལ་མགོ་ཐུར་བསྟན་དུ་གསལ། རླུང་རོ་སུམ་ཕྲུགས་སུ་བུས་རྗེས་བུམ་ཅན་གྱི་རླུང་སྦྱོར་དང་སྦྲགས་ཏེ་གཏུམ་མོ་སྦར་བ་མེྃ་ཡིྃ་ཀློངྃ་དུ། ལྷན་སྐྱེས་ནང་གི་རྣལ་འབྱོར་མ་ཡེྃ་ཤེསྃ་ཀྱི་ཌཱྃ་ཀིྃ་སྡེྃ་ལྔྃ་བུད་མེད་གཞོན་ནུ་ལང་ཚོ་དར་ལ་བབ་པ་གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་ཁྲོྃ་ཆགསྃ་སྒེགྃ་པའི་ཉམས་འགྱུར་ཅན། སྐུ་མདོག་དཀརྃ་སེརྃ་དམྃར་ལྗངྃ་མཐིྃང་གའིྃ་སྐུ་ལས་བདེ་བའི་མེྃ་འོདྃ་རང་མདོག་ལྟར་འཕྲོྃ་བ། །རང་རིགས་དང་མཚུངས་པའི་རྡོྃ་རྗེྃ་རིནྃ་ཆེནྃ་པདྨྃ་རྒྱྃ་གྲམྃ་དངྃ་འཁོརྃ་ལོྃ་གཡསྃ་ཀྱི་ཕྱག་གིས་འཕྱར་སྟབས་སུ་བསྣམས་ལྃ། །གཡོནྃ་པསྃ་དེ་ཡི་ཡུ་བ་བྱས་པའི་དྲིལྃ་བུྃ་འཛིནྃ་པ། ཞབས་གརྃ་སྟབསྃ་ཁྱུགྃ་ཁྱུགྃ་ཡེྃ་ཤེསྃ་མེྃ་ཡིྃ་ཟེརྃ་ཁ་དོག་ལྔ་ལྡན་འཕྲོ་བཞིན་ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་འཁོར་ལོའི་བར་དྷཱུྃ་ཏིའིྃ་ལམྃ་བརྒྱུདྃ་དེ་འབར་བས་དྲོད་ཀྱིས་ལུས་ཐམས་ཅད་ཁེངས་མཐར་སྤྱིྃ་བོའིྃ་ཧྃྃ་ལྃ་ཕོག་པས་རེགྃ་པ་འཕྲོད་ནས་བདེྃ་བྃ་ཆེརྃ་གཡོསྃ་ཏེ་དྭངསྃ་མྃའི་བདུད་རྩི་དཀར་གསལ་འོ་མའི་རྒྱུན་ལྟ་བུ་བདེ་ཉམས་ཅན་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་འཁོར་ལོའི་གནསྃ་བཞིརྃ་འཛྃག་པས། ལུས་རྩ་ཕྲ་མོས་ཁམས་ཐམས་ཅད་ཁྱབ་ནས་རྩ་སྦུབས་ཀུན་ཁེངས་པར་བསམ་ལ། བདེ་སྟོང་འཛིན་མེད་ཀྱི་ངང་བསྐྱངས་ཏེ་རླུང་རིག་བསྲེ། སླརྃ་ཡངྃ་ལྟོ་བ་སྒལ་ཚིགས་ལ་སྦྱར་བའི་སྟོང་འདྲེན་བྱ། མིག་སྤྱི་བོར་ལྡོག །ཧཱུྃ་ཞེས་རླུང་བརྔུབས་པས་ལྟེ་འོག་ནས་དྲིྃ་ཡིྃ་བཞོནྃ་པྃའམ་རླུང་གི་རྟས་བདེ་བའི་རྟེན་ཐིག་ལེ་མི་ཉམས་པར་མས་ནས་ཡར་འཕོྃ་མེདྃ་དུྃ་དགའ་བཞི་ལུགསྃ་ལྡོགྃ་གིས་དམིགས་པའི་མདའ་སྤྱི་བོ་ཚངས་པའི་ཧཾ་ཡིག་གི་འབེན་ལ་གཏད་ནས། སྤྱི་བོ་ཛྃ་ལནྡྷྃ་རརྃ་ཧཾ་ཡིག་ལ་དྭངས་མ་དཀར་ཆ་ཐམས་ཅད་སིབ་སིབ་བསྟིམ་ཞིང་འདྲེན་ལྡོག་བྱས་ཏེ་སྲོག་ཐུར་བསྲེ་སླར་རྩ་གནས་ཐམས་ཅད་ལ་བཀྲམ་ནས་ལུས་ཀུན་ཁྱབ་པས་འཕོ་མེད་དུ་བཅིངསྃ་པྃ་ལསྃ། བུམ་གསང་ཤེར་ཡེ་ཚིག་གི་དབངྃ་བཞིྃ་ཐོབྃ་ཅིངྃ། རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་སྒྲིབྃ་པ་བཞིྃ་ཡོངསྃ་སུྃ་སྦྱངསྃ། དགའ་བ། མཆོག་དགའ། དགའ་བྲལ། ལྷན་སྐྱེས་ཀྱི་དགའ་བ་བཞིྃ་རྒྱུད་ལ་སྐྱེསྃ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུྃ་བཞིའིྃ་སྃ་བོནྃ་ཐེབྃས་པར་བསམ་ལ། བདེ་སྟོང་ཁྃ་སྦྱོརྃ་གྱིས་སྦྱོར་བ་བཞི་ལྡན་གྱི་རླུངྃ་བསྡམསྃ་པ་བུམྃ་པྃ་ཅནྃ་གྱིྃ་ངངྃ་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱེད་པའི་ཏིངྃ་ངེ་འཛིནྃ་རྩལ་སྦྱངས། མྃ་ཡེངསྃ་པར་རླུང་ཁུག་པ་བརྒྱྃ་ཕྲགྃ་གསུམྃ་ལྃ་སོགསྃ་པར་བཟུང་སྟེ་འབརྃ་འཛགྃ་བདེྃ་དྲོདྃ་ཀྱི་འཁོརྃ་ལོྃ་རབྃ་ཏུྃ་བསྐོརྃ་ཞིང་བསྒོམ། དེྃ་མཐརྃ་སྣོདྃ་བཅུདྃ་སྟོང་ཁམས་ཐམས་ཅད་དབུ་མའི་ནང་དུ་ཚུད་དེ་མེྃ་དཔུངྃ་གཅིགྃ་ཏུྃ་འཁྱིལྃ་ཏེ་འབར་བས་གཟུང་འཛིན་བདུད་བགེགས་ཐམས་ཅད་མིང་མེད་དུ་བསྲེགས་ཏེ་བདེ་ཆེན་ཡེ་ཤེས་ཀྱི་སྟོབས་རྩལ་རྒྱས། རེས་འགའ་དབུ་མ་མེ་དང་བཅས་པ་རྟ་རྔ་བརྒྱར་བཤག་པའི་ཆ་ཙམ་ཇེ་ཆུང་དུ་བསྒོམས་ལ་བདེ་སྟོང་གཉུག་མའི་ངང་མྃ་ཡེངསྃ་འཛིནྃ་བྲལྃ་གྱི་ལྟ་བའི་རྩི་དང་མ་བྲལ་བ་རླུང་སེམས་ཐམས་ཅད་ལྟེྃ་བའིྃ་ཨྃ་ལྃ་བསྡུསྃ་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱངས་པས་དངོས་འཛིན་གྱི་ཞེན་པ་བྲལ་ནས། སྣང་སྲིད་ཐམས་ཅད་སྒྱུ་མ་ལྟ་བུར་འཆར། དེ་དག་གི་འོད་གསལ་དང་རྨི་ལམ་འཛིན་པའི་མན་ངག །ཉིན་པར་སྣང་སེམས་ཨར་གཏད་ཅེས། ཕྱི་དབྱིངས་ནམ་མཁའ་སྤྲིན་བྲལ། ནང་དབྱིངས་ཀ་ཏི་ཤེལ་སྦུག །གསང་དབྱིངས་ཀ་དག་རིག་པ་གསུམ་ལུས་གནད་བཞུགས་སྟངས་གསུམ་གྱིས་གཅུན་ནས་རང་རིག་འོད་གསལ་སྦུབས་འཇུག་ལ་བསླབ། མཚན་མོ་རྒྱ་མཚོ་ཨར་གཏད་ཅེས་སྣོད་བཅུད་རྩ་གསུམ་གྱི་དཀྱིལ་འཁོར་རང་ལ་བསྡུ། རང་ལུས་དབང་ཆེན་ཡབ་ཡུམ་སྣང་སྟོང་ཆུ་ཟླ་ལྟ་བུར་གསལ་བའི་སྐུ་དབུས་ལ་ཨ་ཝ་དྷཱུ་ཏིའི་དཀྱིལ་འཁོར་འོད་ལྔའི་ཐིག་ལེ་ཟླུམ་སྐོར་སྐུ་གསུམ་བླ་མ་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་སྟོང་གསལ་འཇའ་ཚོན་གྱི་སྐུ་ཅན་ལས་འཕྲོས་པའི་འོད་ཀྱིས་ཕུང་ཁམས་འོད་གསལ་གྱི་ཐིག་ལེར་བསྡུས་ཏེ་ཆོས་ཉིད་གཉུག་མའི་ངང་དུ་སྣང་ལ་ཞེན་མེད་དུ་རྩལ་སྦྱང༌། ནང་ནུབ་དབྱིངས་རིག་ཨར་གཏད་ཅེས་ཉི་མ་འཆར་སྡུད་ཀྱི་ཟེར་གཉིས་ལ་བྱ་བ་དགུ་ཕྲུགས་སུ་བཏང་ནས། སྐུ་གསུམ་གྱི་བཞུགས་སྟངས་དང་གཟིགས་སྟངས་གསུམ་གྱིས་སྒོ་ཡུལ་རླུང་རིག་གི་གནད་དུ་བཅུན་པས་སྣང་བ་བཞིའི་རྩལ་རྫོགས་ནས་སྐྱེ་འཇུག་གཉིས་ལ་དབང་ཐོབ་པས་སྐུ་གསུམ་ལྷུན་གྲུབ་ཀྱི་ས་ལ་ཕྱིན་ནས་ངེས་དོན་ནང་གི་རྩ་བ་གསུམ་དང་འདུ་འབྲལ་མེད་པས་སྲིད་ཞིའི་ཆོས་ཀུན་འོད་གསལ་དབུ་མའི་དབྱིངས་སུ་ཐིམ་པའི་མན་ངག་གི་གནད་ལ་ཉིན་མཚན་གྱི་སྣང་བ་འདྲེས་ཏེ། རྨི་ལམ་སྤྲུལ་བསྒྱུར་ནུས། རླུང་སེམས་ལས་སུ་རུང་བས། ལས་བཞིའི་ཕྲིནྃ་ལསྃ་ཐོགས་མེད་དུ་འགྲུབ་ཅིང་གྲུབ་མཐའི་སྙིངྃ་པོྃ་འཕོ་མེད་བདེྃ་སྟོངྃ་གི་ཡེྃ་ཤེསྃ་རྒྱུད་ལ་སྐྱེྃ་སྟེ། འོད་གསལ་ཆོས་སྐུའི་ཡེ་ཤེས་མངོན་དུ་གྱུར་ནས། མཐརྃ་ཐུགྃ་འཆིྃ་མེདྃ་འཇའྃ་ལུསྃ་རྡོྃ་རྗེའིྃ་སྐུ་རུ་འགྱུརྃ་བྱེད་ཐབས་ཀྱི་གསེང་ལམ་རྨད་དུ་བྱུང་བའོ། །བཞི་པ་བླ་མ་ཆོས་སྐྱོང་ལྟར་སྒྲུབ་པ་ཆེན་པོའི་ལས་རིམ་ནི། གསུང་མགུར་ལས། །གསང་གནས་རྩ་འཁོར་མཐིང་ནག་གྲུ་གསུམ་ཀློང༌། སྒྲུབ་ཐབས་སུ་ལྟེ་འོག་ཨ་ཤད་ཀྱི་མེ་ཀློང་ཆོས་སྐྱོང༌། གསང་གནས་སུ་ཕུར་པ་ཕྲིན་ལས་ཡོད་ཀྱང་དོན་ལ་འགལ་བ་མེད། མཆན། ཨེ་ལས་སྔགས་ཀྱི་བདག་མོ་ཆར་སྤྲིན་མདོག །མཐིང་ནག་རབ་ཁྲོས་སྤྱན་གཅིག་ཁྲག་ཏུ་ཁོལ། །ཚེམས་གཅིག་གཙིགས་ཤིང་ནུ་འབུར་གཅིག་གིས་མཛེས། །གཡས་པས་ལྕེ་སྤྱང་གཡོན་པས་དགྲ་སྙིང་བསྣམས། །འོད་ཟེར་རབ་འཁྲུགས་དྲེགས་པ་ཀུན་གྱི་སྲོག །ཡོངས་འདུས་བྷྱོ་ཡིག་སྨུག་ནག་སྙིང་གར་བསྒོམ། །དམ་ཡེ་གཉིས་མེད་གདོད་ནས་ཡོངས་གྲུབ་ལ། །བདེ་སྟོང་བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཞིང༌། །ཐབས་ཤེས་ཁ་སྦྱོར་ཟག་མེད་མཆོད་པ་འབུལ། །རླུང་སེམས་དབུ་མར་བསྒྲལ་བའི་གཏོར་མ་སྦྱིན། །དབྱིངས་རིག་དབྱེར་མེད་ངང་ནས་གསལ་བཏབ་སྟེ། །རྗེས་ཐོབ་ཐུགས་སྲོག་ལ་བསྡུ་གཏུམ་མོར་བསྟིམ། །དེ་ལས་མེ་འབར་རྣམ་སྨིན་ཕུང་ཁམས་བསྲེགས། །གཉིས་ཆོས་ལས་འདས་བློ་བྲལ་ངང་དུ་བཞག །ནུས་མཐུའི་སྙིང་པོ་གཟུང་འཛིན་དགྲ་བགེགས་གསོད། །མཐར་ཐུག་དབྱེར་མེད་བྱང་ཆུབ་སེམས་སུ་གྲོལ། ཞེས་གསུངས་པའི་དགོངས་དོན་སྟེ་སྤྱིར་དྲེགས་པ་རྒྱུད་གསུམ་ཞེས་ཉོན་མོངས་དུག་གསུམ་རང་རྒྱུད་དུ་སྤྱོད་པའི་དྲེགས་པ་ཕོ་མོ་མ་ནིང་གི་རྒྱུད་གསུམ་དུ་ཤར་བ་སངས་རྒྱས་རྣམས་ཀྱི་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་དཔལ་ཆེན་པོ་རིགས་གསུམ་ཁྲོ་བོའི་སྐུར་བཞེངས་ནས། །ཐབས་མཁས་ཀྱི་གསང་བ་རྡོ་རྗེ་ཏན་གན་གྱི་མཛད་པ་རྨད་དུ་བྱུང་བས་བསྟན་པ་སྲུང་ཞིང་ཉམས་པ་སྒྲོལ་བའི་ཕྲིན་ལས་ཀྱི་ཕོ་ཉ་མཛད་ནས་དྲེགས་པའི་སྡེ་ཚོགས་ཐམས་ཅད་དངོས་བརྒྱུད་ནས་སངས་རྒྱས་ཀྱི་སར་སྦྱོར་བའི་སྡེ་དཔོན་གཙོ་བོ་དཔལ་ཆེན་པོ་དང་ཡུམ་གནམ་ཞལ་མ་གཉིས་མིན་གཉིས་སུ་སྣང་བའི་དཔལ་མགོན་མ་ནིང་ནག་པོ་རུ་མཚོན་དང༌། སྙིང་ཕྲེང་གི་ཞགས་པ་བསྣམས་པ། སྦྲུལ་ནག་པོའི་རལ་པ་ཐུར་དུ་འཕྱང་བ། དར་ནག་གི་བེར་དང་སྭག་ལྷྭམ་སོགས་མགོན་པོའི་ཆས་ཅན་ཞིག་རྟ་མགྲིན་གྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཐོད་ཕྲེང་གི་ལྟེ་བ་ནས་ཐོལ་བྱུང་དུ་སྤྲོས་ཏེ། ལྟེ་འོག་ཨེ་ཀ་ཛཱ་ཊིའི་སྐུ་ལ་འཁྱུད་དེ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་སྤྲུལ་པའི་ཁྲོ་ཆུང་དང་མཚོན་ཆ་མེ་ཟེར་དུག་རླངས་ཀྱི་ཚོགས་བསྐལ་པའི་མེ་རླུང་ལྟར་ཤུགས་དྲག་པོ་སྤྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས། དེ་ན་གནས་པའི་ཡེ་ཤེས་ལས་དང་འཇིག་རྟེན་གྱི་དྲེགས་པ་སྡེ་བརྒྱད་ཐམས་ཅད་ལ་ཕོག་པས། སྔོན་གྱི་ཡལ་གམ་རྗེས་སུ་དྲན་ཏེ་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ། ལྷ་སྲིན་ཐམས་ཅད་ཀྱི་ཁེངས་སེམས་ཞི། མ་རུངས་པ་ཐམས་ཅད་ཀྱི་སྲོག་སྙིང་འཕྲོག །མཚང་ནས་བྲུས། དཔའ་ཟིལ་བཅག །འདར་ཞིང་ཞུམས་པ་དང་བཅས་གུས་འདུད་ཆེན་པོས་བྲན་ཁོལ་དང་འབངས་སུ་དམ་བཅས། ཇི་ལྟར་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབ་པར་བསམ། ཤྲཱི་མ་ཧཱ་ཀཱ་ལའི་སྔགས་བཟླ། དགོངས་པས་གཟིར་བས་ཕྱི་ནང་གསང་བའི་དྲེགས་ཚོགས་ཀྱིས་ཚར་གཅོད་རྗེས་སུ་འཛིན་པའི་ཕྲིན་ལས་མཐར་ཕྱིན་པར་འགྱུར་རོ། །ལྔ་པ་རྩ་གསུམ་ཆོས་སྐྱོང་གང་ལྟར་བསྒྲུབ་ཀྱང་ཟབ་གནད་མན་ངག་དམར་བྱང་ནི། ཡིག་ཆུང་ལས། བསྙེན་སྒྲུབ་ལས་སྦྱོར་གང་ལྟར་ཡང་སོགས་ནས། དངོས་གྲུབ་ཐོབ་པར་གདོན་མི་ཟ༔ ཞེས་པའི་དོན་ཏེ། རྣམ་པ་བླ་མ་ལྟར་བསྙེན་པ། ཡི་དམ་ལྟར་ཉེ་བསྙེན། མཁའ་འགྲོ་ལྟར་སྒྲུབ་པ། ཆོས་སྐྱོང་ལྟར་སྒྲུབ་པ་ཆེན་པོ་གང་གི་ཚུལ་ལྟར་ལྷ་སྔགས་ཏིང་ངེ་འཛིན་སྣ་ཚོགས་སུ་བསྒྱུར་བས་ལས་ཀྱི་རྣོ་སོ་ཆེ་ཞིང༌། ངོ་བོ་དྲན་ཆོག་རྒྱལ་པོ་བླ་མ་གུ་རུ་རིན་པོ་ཆེ་གཅིག་གི་ཡེ་ཤེས་ལས་མ་འདས་པར་ཤེས་པས་ཉམས་སུ་བླངས་ན་བྱིན་རླབས་ཆེ་བས་འཕྲལ་དུ་འགྲུབ་ཐག་ཉེ་ཞིང༌། ཐམས་ཅད་མཐར་ཐུག་བླ་མ་ལ་བསྟེན་པ་མཆོག་སྒྲུབ་ཀྱི་གཞི་བཟུང་བས་གེགས་དང་གོལ་ས་མེད་པ་མྱུར་ལམ་དུ་གྱུར་བས་བོགས་འབྱིན་ཆེ་བ་སྟེ། གསལ་སྣང་རབ་ཀྱིས་ངོ་བོའི་གནད་དེ་ལྟར་ཤེས་པས་རྣམ་པ་གཞུང་གི་དངོས་བསྟན་ལྟར་དམིགས་པ་གསལ་བ་གནད་དུ་ཆེ་ལ། དེ་ཙམ་མ་བྱུང་ཡང་རྩ་གསུམ་ཐམས་ཅད་བླ་མ་གཅིག་གི་རང་བཞིན་ལས་རྒྱུད་ཐ་དད་དུ་མ་གྱུར་པས། བླ་མ་ནི་རང་ལ་བཀའ་དྲིན་ཆེན་པོའི་ཐུགས་བརྩེས་རྗེས་སུ་འཛིན་བཞིན་ཡིན་པས་ཅི་འདོད་དངོས་གྲུབ་ཐོབ་པ་ལ་ཐེ་ཚོམ་མེད་སྙམ་པའི་མོས་གུས་དཀར་པོ་ཆིག་ཐུབ་ཀྱིས་བློ་སྙིང་བྲང་གསུམ་གཏད་ན་ནམ་ཡང་བསླུ་བ་མེད་ངེས་པའི་གསོལ་བ་བཏབ་ན། དད་པ་ཅན་ལ་དངོས་གྲུབ་ཉེ་བ་གསང་སྔགས་ཀྱི་ཁྱད་ཆོས་ཡིན་ཕྱིར་མི་འགྲུབ་པའི་དབང་མེད་ལ། བླ་མ་དེ་ཡང་ཕྱི་རོལ་ན་མེད་དེ་སེམས་ཉིད་ཆོས་སྐུའི་བླ་མ་གདོད་ནས་རང་ཆས་སུ་བཞུགས་པ་ལ་བཞུགས་པར་ངོ་ཤེས་པས། དེའི་ཆོས་ཉིད་བདེ་ལ་རྟོག་པ་མེད་པ། གསལ་ལ་ངོས་བཟུང་མེད་པ། རིག་པ་རྗེས་མཐུད་མེད་པ། ཡུལ་ལ་མ་ཡེངས། སེམས་སུ་མི་འཛིན། བསྒོམ་བྱ་སྒོམ་བྱེད་ཀྱི་ཆོས་ལས་འདས་པའི་ངང་བསྐྱངས་ན་ལྟ་བའི་རྩིས་ཟིན་པ་ཉམས་ལེན་གྱི་སྙིང་པོ་ཡིན་ནོ། །སྤྱིར་ཟབ་གཏེར་གྱི་སྟོན་པ་དང་པོ་སངས་རྒྱས་བླ་མའི་རྩ་གསུམ་དངོས་གྲུབ་བརྟན་གཟིགས་ཤོག་དྲིལ་ཉེར་གཅིག་པ་དང༌། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་གཙོས་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་སྤྱི་གཏེར། གུ་རུ་རིན་པོ་ཆེའི་གསོལ་འདེབས་ཕྱི་སྒྲུབ་བར་ཆད་ལམ་སེལ། ནང་སྒྲུབ་བསམ་པ་ལྷུན་གྲུབ། གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ། ཡང་གསང་རྡོ་རྗེ་དྲག་རྩལ་ཞེས་རིག་འཛིན་མཆོག་གྲུབ་ཀྱི་བཀའ་བབ་ཆེན་པོ་བཞུགས་པ་ལྟར། འདི་ཡང་དེའི་ཆ་ཤས་ལས་འཕྲོས་པའི་བྱིན་རླབས་ཀྱི་ཟེགས་མ་ཞིག་བདག་གི་སྐལ་བར་ཐོབ་སྙམ་པས་ཉམས་སུ་ལེན་རིན་ཆོག་པ་ཡིན་རློམས་ཀྱིས་བྲིས་པ་ལགས་སོ། །མཁས་གྲུབ་ཉི་ཟླའི་བགྲོད་པས་ལེགས་བཟུང་བའི། །ཟབ་རྒྱས་བཀའ་གཏེར་མཁའ་ལྟར་རྒྱ་ཆེ་ཞིང༌། །མན་ངག་རྒྱུ་སྐར་འབུམ་གྱིས་བཀྲ་ན་ཡང༌། །ཐོས་བསམ་སྒོམ་པས་བདག་ཏུ་མཛད་པ་དཀོན། །སྔོན་སྦྱངས་ལས་འཕྲོ་པད་སྣལ་ལས་ཕྲ་ཡང༌། །རྣམ་འདྲེན་འོད་སྣང་བདག་པོའི་བྱིན་སྣང་གིས། །ཟབ་ལམ་གནད་ཀྱི་པདྨའི་དགའ་ཚལ་ཞིག །ལྷག་བསམ་ཡིད་ཀྱི་དོ་རར་ཚར་དུ་དངར། །པུསྟི་ལོངས་པའི་ཐུགས་སྒྲུབ་མེད་ན་ཡང༌། །དོན་གནད་སྙིང་པོ་རྩ་གསུམ་ཀུན་འདུས་ཡིན། །མི་འགྲུབ་འཕྲལ་མཁོའི་ལས་ཚོགས་མ་སྤེལ་ཀྱང༌། །ཉམས་སུ་བླངས་ན་མཆོག་དངོས་ལག་རྩེར་སྟོན། །ཁ་ཕོ་ཆེ་བའི་ལུང་བསྟན་མི་ཤེས་ཀྱང༌། །འབྲེལ་ཚད་དོན་ལྡན་ཆོས་སུ་ངེས་པ་རྙེད། །དྲན་ཚད་བྲིས་པའི་ཡིག་ཉོབ་མ་བསགས་ཀྱང༌། །བཀའ་གཏེར་གདམས་པའི་ཉིང་ཁུ་གཅིག་ཏུ་བསྡུས། །ཆེད་དུ་བཅོས་པའི་རང་བཟོས་མ་བསྒྲིགས་ཀྱང༌། །འབའ་སམ་བསྡུས་པའི་གཞུང་དང་འདི་མི་འདྲ། །མཐོ་ལ་ཁྱད་སོད་དམའ་ལ་བརྙས་སེམས་ཚིག །ཞུས་པ་མིན་ཡང་ཡིན་ལུགས་ལྷུག་པར་བརྗོད། །སྙིགས་དུས་སྐྱེས་ཀྱང་ཚད་མའི་མཁས་གྲུབ་མཇལ། །ཆོས་ཀྱི་མུ་གེ་གཏན་ནས་མ་མྱོང་བས། །དད་པ་ཅན་ལ་པད་འབྱུང་སྒོ་ཉལ་དུ། །རློམས་པས་བྲིས་འདིས་བསྟན་འགྲོར་སྨན་གྱུར་ཅིག །དེ་སྐད་ཟབ་གསང་པདྨའི་དགའ་ཚལ་ལ། །ངོམས་མེད་རྩེན་པ་རྐང་པ་དྲུག་པའི་འབུས། །བསགས་བསགས་སྦྲང་རྩིའི་སྐྱེས་ཀྱི་དགའ་སྟོན་འདི། །དམ་པའི་གསུང་འོད་དྲོད་ཀྱིས་བསྐུལ་ཏེ་བྲིས། །ལེགས་བྱས་དཔལ་གྱིས་ཉམས་རྟོགས་ལུས་རྩལ་རྫོགས། །སྨིན་གྲོལ་སྡེར་བཞིས་ནག་ཕྱོགས་ཝ་སྐྱེས་འཇོམས། །བཤད་སྒྲུབ་གཡུ་རལ་བསིགས་པས་བསྟན་དང་འགྲོར། །དགེ་སོགས་རྫོགས་ལྡན་འཆར་བའི་གཉེན་གྱུར་ཅིག །ཅེས་པ་འདིའང་དམ་པའི་ངང་ཚུལ་བཅུ་གཉིས་ཀྱིས་གསང་གསུམ་མཛེས་པར་སྤྲས་པ་འཁྲུལ་ཞིག་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚད་མའི་གཏེར་ཆེན་ཞིག་དང་མཉམ་པའི་དག་སྣང་གིས་གནང་སྐྱེས་གྱ་ནོམ་པ་སྔ་ཕྱིར་བསྩལ་ཏེ་གསུང་ནན་ལྕི་བས་བསྐུལ་བ་དང༌། སྔ་འགྱུར་རྡོ་རྗེ་སྙིང་པོའི་བསྟན་པ་ཨ་རིའི་ལྗོངས་སུ་སྤེལ་བའི་སྔགས་བཙུན་ཉག་རོང་ལྕགས་མདུད་སྤྲུལ་པའི་སྐུ་པདྨ་གར་གྱི་དབང་ཕྱུག་ཡབ་སྲས་སློབ་ཚོགས་དང་བཅས་པས་རིང་ནས་རྟེན་དང་བཅས་ཏེ་གསུང་བསྐུལ་ཡང་ཡང་བྱུང་བ་བཞིན་ཞིབ་རྒྱས་སུ་བཀོད་པ་པོ་པདྨ་གར་དབང་མདོ་སྔགས་བདེ་ཆེན་གླིང་པས་ལྷོ་མོན་སྐུ་རྗེས་རྡོ་རྗེ་བཀོད་པའི་ཀེའུ་ཚང་ནས་དབུ་བརྩམས། ཕ་རན་སེའི་རྒྱལ་ཁབ་ཀྱི་དབེན་གནས་རྡོ་གདོང་ཞི་བའི་ནགས་ཀླུང་དུ་གྲུབ་པར་བགྱིས་པ་ཡི་གེ་གཉིས་པའི་མཐུན་འགྱུར་གྲུབ་དབང་ཡེ་ཤེས་རྡོ་རྗེའི་མཆོག་སྤྲུལ་ཐུབ་བསྟན་ལུང་རིགས་སྨྲ་བའི་ཉི་མས་མཛད་པ་ཀུན་བཟང་ཐུགས་ཀྱི་བསྟན་པའི་སྤོང་ཀློག་དང༌། འཛམ་གླིང་རྒྱལ་ཁབ་ཞི་བདེའི་བདུད་རྩིའི་དགའ་སྟོན་ལ་སྤྱོད་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། །།}} | ༄༅། ན་མོ་གུ་རུ་ཏྲི་མཱུ་ལ་མཎྜ་ལ་བྷྱཿ བྱིན་རླབས་རྨད་བྱུང་འཆི་མེད་རྫིང་རིང་ངོགས། །དངོས་གྲུབ་སྤྲིན་གྱི་ཕྲེང་བ་བསྟར་ལེགས་ལས། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་འདོད་དགུའི་ཆར། །འབེབས་མཛད་པདྨ་ཀུན་ཏུ་འཆང་ལ་གུས། །མཆོག་གི་བྱིན་སྣང་ཆུ་གཏེར་བསྲུབས་པ་ལས། །སྐྱེས་པའི་དངོས་གྲུབ་ཉི་ཟླའི་སྙིང་པོའི་དཔྱིད། །བདག་བློའི་མཁའ་ལས་ཆས་པའི་ཟབ་ལམ་གྱི། །གསལ་བྱེད་སྤྲོས་འདི་དད་ལྡན་ཀུན་ཕན་གསོས། །དེ་ཡང་ཁོ་བོས་བྲིས་པའི་རྩ་གསུམ་སྤྱི་སྒྲུབ་དངོས་གྲུབ་སྙིང་པོ་འདི་ཉིད་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཛྲ་གཱིརྟིའི་གླེགས་བམ་རིན་པོ་ཆེ་ལས་རྩ་གསུམ་ལམ་ཁྱེར་རྡོ་རྗེའི་ཐོལ་གླུ་ཟབ་གསང་སྦས་པའི་སྣང་བ་ཉི་ཟླའི་སྤྲིན་གྱི་འཇོ་སྒེག་གི་དགོངས་པ་ཕྱོགས་གཅིག་སྟེ། རྗེ་བླ་མ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཀྱང་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་བླ་མའི་རྣལ་འབྱོར་དབང་དང་བཅས་པ་ཉུང་ངུ་ཞིག་མཛད་པ་དོན་གཅིག་པར་ཞལ་གྱིས་བཞེས་པར་མཛད་འདུག་ཅིང༌། དེས་ན་དེ་གཉིས་ཀའི་དགོངས་དོན་གསལ་བྱེད་དུ་འབྲི་བ་ལ་འདི་ལྟར་སེམས་ཏེ། །སྤྱིར་རྩ་བ་གསུམ་གྱི་སྒྲུབ་ཚུལ་ལ་རྩ་གསུམ་དྲིལ་སྒྲུབ། རྩ་གསུམ་རིགས་བསྡུས། རྩ་གསུམ་གནས་འགྱུར། རྩ་གསུམ་སྤྱི་འདུས་སུ་སྒྲུབ་ཚུལ་གྱི་རྣམ་གཞག་གཞན་དུ་མ་མཆིས་པ་ལས། འདི་ནི་རྩ་གསུམ་ཐམས་ཅད་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་གཅིག་ལ་བརྟེན་ནས་སྒྲུབ་པས་རྩ་གསུམ་རིགས་བསྡུས་སམ། སྤྱི་འདུས་སུ་སྒྲུབ་པ་བསྒྲུབ་བྱ་བླ་མ་རྩ་བ་གསུམ་གྱི་རྡོ་རྗེ་བཞིའི་དཀྱིལ་འཁོར། བསྒྲུབ་གཞི་རང་གི་སྒོ་གསུམ་དང་གཉིས་སུ་མེད་པར་གདོད་ནས་བཞུགས་པ་ཉིད། སྒྲུབ་ཚུལ་བསྐྱེད་རྫོགས་རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལམ་དུ་བྱས་ནས། བསྒྲུབས་འབྲས་བླ་མ་སྐུ་བཞིའི་གོ་འཕང་བདེ་མྱུར་དུ་ཐོབ་པའི་ཐབས་ཟབ་མོ་རྒྱུད་ལུང་མན་ངག་གི་སྲོག་ཐིག །མཐའ་དྲུག་ཚུལ་བཞིས་སྦས་པའི་དོན་སྒྲུབ་ཐབས་འདིས་སྐལ་ལྡན་ལས་ཅན་རྣམས་ལ་མངོན་སུམ་སྣང་བར་བྱེད་པའི་ཐོལ་བྱུང་རྡོ་རྗེའི་གླུའམ་དོ་ཧའི་ཚུལ་དུ་གདམས་པ། གྲུབ་བརྙེས་རིག་པ་འཛིན་པའི་རྒྱུད་ཀྱི་སྟོན་པ་དང་ཐ་དད་མ་མཆིས་པའི་གང་ཟག་གི་ཐུགས་ཀྱི་གསང་བ་ཉི་ཟླའི་སྤྲིན་གྱི་འཇོ་སྒེག་ལས་བྱུང་བའི་དགོངས་དོན་ལྷུག་པར་བཀྲོལ་བ་ལ། ཐོག་མར་བསྒྲུབ་གཞི་ངོས་བཟུང་བ་ནི། རྡོ་རྗེའི་ཐོལ་གླུ་ལས། བྱིན་རླབས་རྩ་བ་དྲིན་ཆེན་བླ་མ་སྟེ། །དངོས་གྲུབ་རྣམ་གཉིས་རྩ་བ་ཡི་དམ་ལྷ། །ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྟེ། །ཀུན་ཀྱང་རྡོ་རྗེ་ཕུང་པོར་གཟོད་ནས་རྫོགས། །ཞེས་པའི་རྩ་བ་གསུམ་གྱི་རྣམ་གཞག་ལ། ངོ་བོ། ངེས་ཚིག །དབྱེ་བ། སྒྲ་དོན། སྒྲུབ་ཚུལ། བསྒྲུབས་འབྲས་རྣམས་སུ་ཡོད་པའི་དང་པོ་ངོ་བོ་ནི། སངས་རྒྱས་ཐམས་ཅད་ཆོས་དབྱིངས་འོད་གསལ་གྱི་རང་བཞིན་ལ་ཐ་དད་མེད་པས་མཉམ། ལོངས་སྐུ་དགོངས་པ་ཐ་དད་མེད་པས་མཉམ། །སྤྲུལ་སྐུ་ཕྲིན་ལས་ཐུན་མོང་དུ་གྱུར་པས་མཉམ་པ་གསུམ་གྱིས་ཐ་མི་དད་པ། བི་ཏོ་ལས། །བདེ་བར་གཤེགས་པ་གར་གྱི་བདག །འདོད་དགུར་བསྒྱུར་བས་གར་ཡང་བདེ། །གར་གྱི་དབང་ཕྱུག་ཆེན་པོ་ལ། །མཁས་པས་ཕྱོགས་རིས་མི་བརྟག་གོ །ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་མཉམ་པ་ཉིད་ལ་དགོངས་པ་དང་སྐུ་དང་ཐུགས་རྒྱུད་ཐ་དད་དུ་མ་མཆིས་ཀྱང༌། སློབ་པ་ལམ་གྱི་དམ་བཅའ་བཞེས་པའི་སྨོན་ལམ་དང་གདུལ་བྱའི་དོན་དུ་དགོངས་བརྒྱུད་རྟོགས་པ་དོན་གྱི་བྱིན་རླབས་སྩོལ་བ་ལ་བླ་མ། མཆོག་ཐུན་གྱི་དངོས་གྲུབ་སྩོལ་བ་ལ་ཡི་དམ། གནས་སྐབས་དང་མཐར་ཐུག་གི་ཕྲིན་ལས་ཐོགས་པ་མེད་པ་མཁའ་འགྲོ་ཞེས་རྣམ་དབྱེ་མཛད་པས་རྣམ་པ་རང་ཉིད་རྩ་གསུམ་གང་ལ་མོས་པ་དེ་གཙོ་བོར་བྱས་ན་སྒྲུབ་ཐག་ཉེ་ཞིང༌། གྲུབ་ན་དངོས་གྲུབ་ཇི་ལྟར་འདོད་པ་ཐོབ་ནུས་པས། སྐབས་འདིར་རྩ་བ་གསུམ་པོ་དེ་དག་བླ་མ་གཅིག་གི་རྣམ་རོལ་དུ་ཤེས་པས་དེའི་བསྐྱེད་བཟླས་རྫོགས་གསུམ་གྱིས་བསྒྲུབ་པས་གང་འདོད་ཀྱི་དངོས་གྲུབ་ཐོབ་པར་བྱེད་ཅིང༌། བླ་མ་བསྟེན་པ་གཅིག་པུ་མཆོག་གི་དངོས་གྲུབ་འགྲུབ་པའི་མྱུར་ལམ་གཅིག་ཆོག་ཡིན་པས། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འབྱུང་བའི་མན་ངག་དང༌། ལམ་གྱི་གེགས་སེལ་བོགས་འདོན་ཀྱང་བླ་མའི་རྣལ་འབྱོར་ལ་ཚང་བས། དེ་ཡང་ལོགས་སུ་འཚོལ་མི་དགོས་པའི་ཟབ་གནད་དང་ལྡན་པའོ། །གཉིས་པ་ངེས་ཚིག་ནི། ལྗོན་ཤིང་གི་ཡལ་འདབ་མེ་ཏོག་ལོ་འབྲས་ཕུན་སུམ་ཚོགས་པ་ཐམས་ཅད་སྡོང་པོའི་རྩ་བ་ལེགས་པ་ལས་བྱུང་བ་ཤེས་དགོས་པ་ལྟར། བྱིན་རླབས་དངོས་གྲུབ་ཕྲིན་ལས་ཐམས་ཅད་ལྷ་སོ་སོས་སྟེར་བ་ལ་ནུས་པ་ཐོགས་པ་མེད་པའོ། །གསུམ་པ་དབྱེ་བ་ནི། བསྒྲུབ་གཞིས་དབྱེ་ན། བླ་མ་སྐུ་གསུམ། ཡི་དམ་རྒྱུད་སྡེ་ལྟར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ་དང༌། སྒྲུབ་སྡེ་བཀའ་འདུས་དང༌། བཀའ་བརྒྱད་སྤྱི་སྒྲུབ་དང༌། བྱེ་བྲག་འཇམ་དཔལ་སྐུ་སོགས་འདས་མ་འདས་སོ་མཚམས་ཀྱི་སྒྲུབ་སྡེ་བརྒྱད། སྒྲུབ་ཚུལ་གྱིས་དབྱེ་ན། བླ་མ་ལ་ཕྱི་གསོལ་འདེབས། ནང་ཞི་སྒྲུབ། གསང་བ་དྲག་སྒྲུབ། ཡི་དམ་ལ་རྩ་གསུམ་སྤྱིར་སྒྲུབ་པ་དང༌། བྱེ་བྲག་སྒྲུབ་པ་བཀའ་བརྒྱད་སྤྱི་སྒོས་སུ་སྒྲུབ་པ་དང༌། མཁའ་འགྲོ་ལ་སྤྱི་དང༌། རིགས་བཞི་སོ་སོར་སྒྲུབ་པ་ཕག་ཁྲོས་གསང་ཡེ་སོགས་ཡེ་ཤེས། གདུགས་སེང་འོད་ཟེར་ཅན་མ་དང་ཀུ་རུ་ཀུལླེ་ཡང་གསང་སོགས་ལས། འཇིག་རྟེན་མ་མོའི་སྒྲུབ་ཐབས་སོགས་ཀྱི་རྣམ་གཞག་དང༌། བཞི་པ་སྒྲ་དོན་ནི། སྨན་དང་དུག་གི་སྡོང་པོ་གང་ཡིན་ཀྱང་རྩ་བ་མ་ཉམས་ན་དེའི་ཡལ་ག་ལོ་མ་མེ་འབྲས་ཐམས་ཅད་རྒྱས་ཤིང༌། མྱོང་བས་འཚོ་འཆིའི་ལས་བྱེད་པ་ལྟར། བྱིན་རླབས་དངོས་གྲུབ་ཕྲིན་ལས་གང་འདོད་པ་དེས་བླ་མ་ཡི་དམ་མཁའ་འགྲོ་ལ་གཙོ་བོར་བརྟེན་ན་འདོད་པའི་འབྲས་བུ་མོད་ལ་སྟེར་ནུས་པས་རྩ་བའི་སྒྲས་བསྟན་པའོ། །ལྔ་པ་སྒྲུབ་ཚུལ་ནི། སྤྱི་ལ་གཅེས་པ་རྣམ་གཡེང་དང་འདུ་འཛི་མེད་པའི་གནས་དབེན་པར་ཐུན་མོང་དང༌། ཐུན་མིན། ཁྱད་པར་གྱི་སྔོན་འགྲོ་དམིགས་རྐང་རྡོ་རུས་འཕྲོད་པས་རྒྱུད་ལས་རུང་དུ་བྱས་ཏེ། དད་པ་དང་ཡིད་ཆེས། ངེས་འབྱུང་དང་གཞན་ཕན་གྱི་སེམས། བརྩོན་འགྲུས་དང་དྲན་ཤེས་ལྡན་པས་ཉམས་ལེན་ལ་འཇུག །ཉམས་ཆག་སྦྱོང་བ་དང་དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་གྱི་ཆེད་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་མཐིལ་བྱས་ཏེ་དབང་བཞི་ཡང་ཡང་ལེན། དངོས་གཞིའི་ཉམས་ལེན་ལ་བརྩོན་པ་ཐང་ལྷོད་མེད་པ་དང༌། རེ་དོགས་ཀྱི་འཁུ་འཕྲིག་མང་པོ་མི་བྱ། ཚོགས་སྐོང་དང༌། རྡོར་སེམས་རྣམ་སྨེ་གང་རུང་གི་ཁྲུས་ཀྱི་རྣལ་འབྱོར་དང༌། ཉམས་ཆག་ལ་བཤགས་སྡོམ། བར་ཆད་སེལ་ཕྱིར་རྡོ་རྗེ་ཕུར་པའི་རྒྱུན་ཁྱེར་ཉུང་ངུ་དང༌། གཏོར་འབུལ་ལ་བརྩོན། རྟགས་མཚན་བཟང་པོ་དང་ཉམས་རྟོགས་གང་བྱུང་ཡང་མཆོག་འཛིན་དང་རློམས་སེམས་གཏན་ནས་མི་བྱ། ན་ཚ་དང་གདོན་བགེགས་ཀྱི་འཚུབ་སློང་བྱུང་ནའང་བླ་མ་དང་ལྷག་པའི་ལྷ་ཡིས་བསྩལ་བས་རང་གི་ལས་སྒྲིབ་བྱང་སྙམ་པས་ཐེག་པ་ཆེན་པོའི་བློ་སྦྱོང་གི་བདེ་སྡུག་གཏོང་ལེན་དང༌། སྙིང་རྗེས་ལམ་དུ་ཁྱེར། བསྙེན་སྒྲུབ་ལ་བོགས་འབྱིན་གྱི་ཆེད་གཏུམ་མོ་འབར་འཛག་དང༌། རླུང་དང་འཁྲུལ་འཁོར་དག་ཀྱང་སྤྲོ་ན་བྱ། བསྙེན་སྒྲུབ་གྲུབ་རྗེས་རྒྱུན་གྱི་རྣལ་འབྱོར་ལྟ་བུའི་བསྐྱེད་བཟླས་མ་ཆག་པ་དང༌། ཚོགས་མཆོད། སྦྱིན་སྲེག་དག་ཀྱང་སྐབས་ཇི་ལྟར་རིགས་པར་འབད། བྱེ་བྲག་ཏུ་བླ་མའི་སྒྲུབ་ཚུལ་ལ། ཕྱི་གསོལ་འདེབས། ནང་བླ་མ་སྐུ་གསུམ་གྱི་ཚུལ་དུ་ཞི་སྒྲུབ། གསང་བ་དྲག་པོ་དམར་ནག་གཉིས། ཡང་གསང་ལུས་དཀྱིལ་དང་རླུང་སྦྱོར་གྱི་སྒྲུབ་ཚུལ་དང༌། ཡི་དམ་ལ་རྒྱུད་སྡེ་དང་སྒྲུབ་སྡེའི་རྣམ་བཞག་གཉིས། རྒྱུད་སྡེ་ལ་རིགས་ལྔ་ཞི་ཁྲོ་སྤྱི་དང༌། བྱེ་བྲག་དུ་སྒྲུབ་ཚུལ་དང༌། སྒྲུབ་སྡེ་ལ་སྤྱི་དྲིལ་དུ་སྒྲུབ་པ་དང༌། སྒོས་བཀའ་སྒྲུབ་སྡེ་བརྒྱད་དུ་སྒྲུབ་ཚུལ་གཉིས། མཁའ་འགྲོ་ལ་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་ཞི་ཁྲོའི་སྒྲུབ་ཚུལ་རྣམས་ཡོད་དོ། །དྲུག་པ་གྲུབ་འབྲས་ནི། རིག་འཛིན་རྣམ་པ་བཞིའི་ལམ་བསྙེན་སྒྲུབ་ཡན་ལག་བཞིས་བསྒྲུབས་ནས། ཐུན་མོང་དང༌། མཆོག་གི་ལས་བཞི་ལ་དབང་ཐོབ་པའོ། །ཆོས་རྒྱལ་གཏེར་བདག་གླིང་པའི་གཏེར་བྱོན་བླ་མ་དྲག་པོའི་ལོ་རྒྱུས་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ པདྨ་ང་བསྒོམ་མཆོད་དང་སུས་བསྒྲུབ་པ༔ ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལ༔ གསོལ་བཏབ་དགོས་འདོད་ངང་གིས་འབྱུང་བ་བཞིན༔ རྒྱལ་བ་རྒྱ་མཚོས་བྱིན་རློབ་བུ་བཞིན་སྐྱོང༔ དམ་ཅན་མཁའ་འགྲོས་དངོས་གྲུབ་ཆར་ལྟར་འབེབས༔ སྣང་སྲིད་དྲེགས་པས་ཅི་བཅོལ་ལས་རྣམས་སྒྲུབ༔ ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ༔ དེ་དག་ཐམས་ཅད་བདག་ཉིད་བསྟེན་ལས་འབྱུང༔ ཐེ་ཚོམ་སྤོངས་ལ་འབད་པས་ཉམས་སུ་ལོངས༔ བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་རྣམས༔ ཞེས་གསུངས་པ་ལྟར་རོ། །སྤྱིར་རྣམ་པ་རྩ་གསུམ་གང་སྒྲུབ་ཀྱང་ངོ་བོ་བླ་མ་གཅིག་གི་ཡེ་ཤེས་ལས་ཐ་མི་དད་པར་ཤེས་ན་འགྲུབ་སླ་བས་བྱིན་རླབས་ཆེ་བའི་དགོས་པ་ཡོད་ཅིང༌། བླ་མ་ཡང་རང་ལ་བཀའ་དྲིན་ཐོབ་པའི་བླ་མ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་དུ་བསྒོམ་ན་ཆེས་ཟབ་པ་རྡོ་རྗེའི་ལུང་གིས་གསལ་བ་ལྟར་ན། དེ་ལའང་ཕྱི་བསྐྱེད་རིམ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་ཀྱང་སྒྲུབ་ཚུལ་འབྱུང་མོད། ལམ་རིམ་ཡེ་ཤེས་སྙིང་པོ་ལས། རྟེན་དང་བརྟེན་པ་རྗེས་སུ་རྣལ་འབྱོར་ལམ༔ ཟབ་པའི་བསྐྱེད་རིམ་རྩ་རླུང་ཐིག་ལེའི་ཁམས༔ གྲུབ་ཙམ་ཉིད་ནས་རང་བྱུང་སྣོད་དང་བཅུད༔ བཅོས་མ་མིན་པའི་དཀྱིལ་འཁོར་ཉིད་ཡིན་པས༔ ཞེས་གསུངས་པ་ལྟར། སྐབས་འདིར་རྟེན་རྡོ་རྗེའི་ལུས་དང༌། བརྟེན་པ་རྩ་རླུང་ཐིག་ལེའི་གནད་བཅིངས་པས་རྩ་གསུམ་ཕྱི་རུ་འཚོལ་བ་རྟོག་པས་སྒྲོ་བཏགས་བཅོས་མའི་བསྐྱེད་རིམ་ལས་ཆེས་ཟབ་པར་བསྟན་པའི་རྒྱུ་མཚན་ཕྲ་བའི་ལུས་ངག་ཡིད་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷར་རྣམ་པར་དག་ལ། དེ་གསུམ་ཡང་དོན་དམ་པའི་རིགས་དྲུག་གི་ལྷ་ཡབ་ཡུམ་གྱི་བདག་ཉིད་འབྱུང་ལྔ་སེམས་ཀྱི་དྭངས་མ་དྲུག་པོ་ཡང་གཉིས་གཉིས་ཟུང་དུ་འཇུག་པ་ལས། ས་ཆུའི་དྭངས་མ་སྐུ་རྡོ་རྗེ། མེ་རླུང་གི་དྭངས་མ་གསུང་རྡོ་རྗེ། མཁའ་སེམས་ཀྱི་དྭངས་མ་ཐུགས་རྡོ་རྗེར་བཞུགས་ཤིང༌། དེ་གསུམ་ཡང་ལྡོག་ཆས་དབྱེ་བ་ཙམ་ལས་དོན་དམ་པར་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་དེ་སྦྱང་གཞི། དེའི་རང་མདངས་ཀུན་རྫོབ་སྣང་ངོའི་ཆ་ནས་རྐྱང་མ་རོ་མ་དབུ་མ་གསུམ་ཁུ་རྡུལ་རླུང་གི་རྟེན་དང༌། རླུང་སེམས་འཇུག་པ་གཅིག་པས་སེམས་ཀྱི་རྟེན་ཡང་ཡིན་ལ། དེ་ཉིད་རགས་པ་གྲུབ་ན་རྩ་ལས་ལུས། རླུང་ལས་ངག །ཐིག་ལེ་ལས་སེམས་ཀྱི་ཆོས་འགྲུབ་པ་ནི་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་རམ་འཛམ་བུའི་གླིང་པའི་ཁམས་དྲུག་ལྡན་གྱི་ལུས་ཞེས་སྦྱང་བྱ་འཁྲུལ་བའི་སྒོ་གསུམ་ཡིན་ཞིང༌། དེ་ཉིད་སྦྱོང་བྱེད་དབང་གོང་མ་གསུམ་དང་འབྲེལ་བའི་ཟབ་ལམ་ལྷ་སྔགས་ཆོས་སྐུའི་རྣལ་འབྱོར་ཁྱད་པར་ཅན་རྣམས་ཀྱིས་བྱེད་པ་བཅིངས་ཤིང་འོད་གསལ་དུ་སྦྱངས་པས་གློ་བུར་གྱི་སྒྲིབ་པ་ཐམས་ཅད་གདོད་མའི་ཡེ་ཤེས་སུ་ཐིམ་པ་ན། སྦྱངས་འབྲས་སྒྲིབ་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཁྱབ་བྱེད་དུ་བྱས་པའི་བླ་མ་སྐུ་གསུམ་མམ་རྩ་བ་གསུམ་པོ་འགྲུབ་པར་འགྱུར་བས། དེ་ཐམས་ཅད་རྡོ་རྗེ་སློབ་དཔོན་གཅིག་འགྲུབ་པས་ཐམས་ཅད་འགྲུབ་པའི་ཚུལ། རྡོ་རྗེ་ཕྲེང་བ་ལས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་ཀུན་གྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །ཞེས་པ་ལྟར་ཤེས་པ་ནི་ལམ་འདིའི་བསྟན་བྱའི་སྙིང་པོའོ། །གཉིས་པ་སྒྲུབ་བྱེད་ཀྱི་ལམ་རྒྱས་པར་བཤད་པ་ལ། བསྒྲུབ་གཞི་རྩ་བ་གསུམ་གྱི་རྣལ་འབྱོར་བསྙེན་སྒྲུབ་ཕྱག་ལེན་སྤྱིར་བསྟན་པ་དང༌། སྒྲུབ་བྱེད་རྩ་གསུམ་སོ་སོའི་བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྣམ་གཡེང་སོགས་འགལ་རྐྱེན་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ། བསྙེན་སྒྲུབ་ཀྱི་མཐུན་རྐྱེན་ཚོགས་པར་བྱས། ཡར་ངོའི་ཚེས་བཅུ་ལ་སོགས་དུས་དགེ་བར་བསམ་གཏན་གྱི་ཁང་བུར་འགྲིགས་ན་ཁ་ལྷོ་ནུབ་ཏུ་བསྟན་པ་དང་མདུན་སྤྲོད་ཀྱི་གཏོར་སྒྲོམ་དུ་གུ་རུའི་སྐུ་ཚབ་དང་གཞུང་མཐུན་སྐུ་བྲིས་འབུར་གང་རུང་བཤམས་པའི་མདུན། རྒྱས་པར་སྤྲོ་ན་བླ་མའི་གཏོར་མ་ཆོས་དབང་བླ་མ་གསང་འདུས་ཀྱི་གཏོར་མ། ཡི་དམ་དཔལ་གཏོར་འཁོར་བཞི། མཁའ་འགྲོ་ལ་མཁའ་འགྲོའི་གཏོར་མ་འཁོར་བཞི། གཡས་གཡོན་དུ་སྨན་རཀ་དང་བཅས་པ། བསྡུ་ན་བླ་གཏོར་སྨན་རཀ་རྐྱང་པ་ཉེར་སྤྱོད་བཅས་གཙང་ལ་དག་པར་འདུ་བྱས་ཏེ། སྔོན་འགྲོ་བསགས་སྦྱངས་སོང་ཟིན་ཀྱང་ཉམས་ལེན་ཞག་བདུན་ཙམ་དམིགས་སྒོམ་རྡོ་རུས་འཕྲོད་པ་བྱ། མ་སོང་ན་ངག་འདོན་ཟུར་གསལ་ལྟར་གནད་དུ་འགྲོ་བར་བྱ། དེའི་ཞར་བྱུང་དུ་དཀོན་མཆོག་རྩ་གསུམ་ལ་ཕྱི་ནང་གི་ཚོགས་གསོག །བཤགས་སྐོང༌། ཆ་གསུམ། ཆུ་གཏོར། སཱཙྪ། བསང་བརྔན་སོགས་ཅི་འགྲུབ་བྱས་ན་ལེགས། ཉམས་ལེན་དངོས་གཞིའི་ཉིན། དགོང་ཐུན་ཞིག་ལ་དབུ་བཙུགས་ཏེ། ཕྱི་སྒོར་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བཙུགས། བགེགས་གཏོར་དང༌། སྲུང་མའི་མཆོད་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་དང༌། རང་གི་མདུན་དུ་ཌཱ་དྲིལ་གུལ་ཡུངས་འཐོར་ནས་ཁྲུས་བུམ་འདུ་བྱ་རྣམ་སྨེ་གང་རུང་གིས་ཁྲུས་བུམ་སྒྲུབ། ཉིན་རེ་བཞིན་ཞོགས་པར་བསྐྱེད་བཟླས་ཁྱུག་ཙམ་བྱས་ལ། བདག་གནས་ཡོ་བྱད་བཅའ་ག་གཏོང་ལེན་སོགས་ལའང་བསང་གཏོར་བྱ། ཚིག་བདུན་གསོལ་འདེབས་སོགས་སྔོན་དུ་འགྲོ་བས། སྐྱབས་སེམས་ཡན་ལག་བདུན་པའི་རྗེས། རང་མཚམས་ལྷ་རྟ་མགྲིན་གྱི་ང་རྒྱལ་གྱིས་བགེགས་གཏོར་བྱིན་བརླབས་ཏེ་བསྔོས་ལ། བཀའ་བསྒོ་བཅས་ཀྱིས་ཕྱིར་དོར། ཕྱི་ནང་ཀུན་ཏུ་གུ་གུལ་བདུག་ཡུངས་ཐུན་གཏོར་ཞིང་དྲག་སྔགས་བཟླ། རྒྱལ་ཆེན་ཐོ་འཛུགས་མདོར་བསྡུས་བྱ། ནང་དུ་ཕྱིན་ནས་སྟན་ལ་བག་ཕེབས་པར་འཁོད་པས་སྲུང་འཁོར་ནས་བརྩམས་ལས་བྱང་མཐར་ཆགས་སུ་བཏང༌། ཐུན་གསུམ་བཞི་གང་བདེར་བྱ། ཐུན་རེ་བཞིན་མཆོད་པ་ཁ་གསོ་གྲུབ་ན་ལེགས། དགོང་མོའི་ཆར་གསོལ་ཀ་རྒྱུན་ལྡན་དུ་གཏང༌། ཐུན་རེ་རེ་བཞིན་ཚོགས་མཆོད་བསྡུས་ཙམ་གྲུབ་ན་ལེགས། བཟླས་པའི་མགོ་མཇུག་ཏུ་དབྱངས་གསལ་རྟེན་སྙིང་བཟླ་བ་དང༌། བཟླས་པའི་ཐུན་དང་པོའི་མགོར་ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱ། ཡར་མར་གྱི་ཚེས་བཅུ་དང་བསྙེན་སྒྲུབ་ལས་གསུམ་སོ་སོའི་མཚམས་སུ་ཚོགས་མཆོད་རྒྱས་པ་རེ་ཕུལ། དུས་བསྙེན་ཟླ་བ་གསུམ། གྲངས་བསྙེན་རྩ་གསུམ་སོ་སོར་འབུམ་བཞི། མཚན་མ་དངོས་ཉམས་རྨི་ལམ་དུ་རྟགས་རྫོགས་ཀྱི་བར་ཡིན་ཀྱང་དུས་གྲངས་གཉིས་ཚད་ལྡན་གཙོ་བོར་བཏོན་ན་མཚན་མ་ཞར་ལ་རྫོགས་པས་ལེགས་པར་འགྱུར་ཞིང་བསྙེན་ཚད་རྫོགས་ནས་ཡར་ངོའི་ཚེས་བཅུ་ཞིག་ལ་སྒྲུབ་རྟེན་གཏོར་མ་ལ་ཁ་ཟས་བཟང་དགུས་བསྐོར་ཏེ། ཐོར་ཐུན་ལ་ལས་བྱང་རྒྱས་པར་བཏང༌། བགེགས་གཏོར་ཞིག་བསྔོས་ལ། སྒྲུབ་རྫས་ལ་བགེགས་བསྐྲད་བྱིན་འབེབས་ཀྱི་དམིགས་པ་བྱ། བཟླས་པའི་སྐབས་ཕྱི་ནང་སྣོད་བཅུད་འཁོར་འདས་ཀྱི་དྭངས་བཅུད་སྒྲུབ་རྟེན་ལ་བསྡུ་བསྟིམ་བྱ། དངོས་གྲུབ་ལེན་སྐབས་གཏོར་མ་རྩ་གསུམ་ཡོངས་རྫོགས་སུ་གསལ་བས་དབང་ལེན་གྱི་དམིགས་པ་བྱ། ལྷག་མ་གསར་རྙིང་ཐམས་ཅད་ཀྱང་གོམ་པ་བདུན་ཅུའི་སར་སྤུངས་ཏེ་བཞག །ཆོས་སྲུང་དང༌། ཆད་བརྟན་འཛུགས་གཏོར་ཡོད་ནའང་ཕྱི་རོལ་ཏུ་འབུལ། ལས་བྱང་མཐར་དབྱུང༌། རྒྱལ་ཆེན་བཞི་ལ་གཏོར་མ་འབུལ་ཞིང་ཐོ་བསྡུ། མིག་ཉི་ཟླ་ལ་བལྟ་ཞིང༌། གྱེན་དུ་འགྲོ་བ་སོགས་རྟེན་འབྲེལ་ལེགས་པར་བྱ་ཞིང༌། མཚམས་གྲོལ་རྗེས་དེ་མ་ཐག་གཞན་དུ་མི་འགྲོ་བར་ཚོགས་གཏོར་ཉིན་གསུམ་ཙམ་བཏང་བ་དང༌། དེ་ནས་ཐོག་མར་དམ་གཙང་གི་མཆེད་དང་འཕྲད་པ་དང༌། ཁ་སྐོང་གི་སྦྱིན་སྲེག་སྤྲོ་ན་ཞི་རྒྱས་གཉིས་སམ། བསྡུ་ན་ཞི་བའི་སྦྱིན་སྲེག་རྒྱས་བསྡུས་གང་རིགས་ཀྱང་བྱ་ཞིང༌། སྐྱེ་འཆི་བར་དོའི་ལམ་ཁྱེར་གྱི་ཉམས་ལེན་ཐམས་ཅད་བླ་མའི་རྣལ་འབྱོར་ཕྱི་ནང་གསང་བ་ལ་ཚང་བར་ཤེས་པས། མོས་གུས་དག་སྣང་ཡིད་ཆེས་སྲོག་ཏུ་བཟུང་ནས་སྒོ་གསུམ་གྱི་སྣང་སྤྱོད་ཐ་མལ་དུ་མ་ཤོར་བ། རྒྱུན་གྱི་ཉམས་ལེན་གྱི་དྲོད་མ་ཤོར་བ་ཤིན་ཏུ་གཅེས་སོ། །གཉིས་པ་སྒྲུབ་བྱེད་རྩ་གསུམ་སོ་སོའི་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། རྒྱུ་ཏིང་འཛིན་རྣམ་གསུམ་གྱི་ཁོག་ཕུབ། འབྲས་བུ་རྟེན་དང་བརྟེན་པའི་ལྷ་བསྒོམ་ཚུལ། ཐོག་མཐའི་ལས་ཀྱི་རིམ་པའི་དམིགས་རྣམ་ནི་ཁོ་བོའི་བླ་མ་རིག་འཛིན་ཆེན་པོ་པདྨ་བི་ཛ་ཡའི་བསྐྱེད་རིམ་གྱི་རྣམ་གཞག་ནོར་བུའི་མེ་ལོང་སོགས་རྗེ་བཙུན་བླ་མ་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་རྒྱས་བསྡུས་དུ་མར་གསལ་བ་ལྟར་ཤེས་པར་བྱ་ལ། ལམ་འདིའི་དངོས་བསྟན་དམིགས་སུ་སྨོས་པ་ལ། དང་པོ་བྱིན་རླབས་ཀྱི་རྩ་བ་བླ་མ་ལྟར་བསྙེན་པས་སྒྲུབ་པའི་སྒོམ་དོན་ནི། །སྤྱི་བོ་ཛ་ལནྡྷ་རའི་དཀྱིལ་འཁོར་དུ། །པད་དཀར་ཟླ་སྟེང་ཁྱབ་བདག་ཧེ་རུ་ཀཿ །སྐུ་མདོག་དཀར་དམར་བདེ་སྟོང་སྙོམས་འཇུག་མདངས། །ཕྱག་གཉིས་ཐབས་ཤེས་རྡོ་རྗེ་དྲིལ་བུས་མཚན། །གཅེར་བུ་རུས་པའི་ཕྱག་རྒྱ་དྲུག་གིས་སྤྲས། །དབྱིངས་ཕྱུག་སྔོན་མོ་ཡུམ་དང་འཁྲིལ་བར་བསྒོམ། །གུས་པས་གསོལ་བཏབ་ཁྱེད་ཤེས་དད་པས་བསྐུལ། །དབང་བཞི་བླང་ཞིང་ཐུགས་ཡིད་གཉིས་མེད་བསྲེ། །མ་ཡེངས་གཉུག་མའི་ངང་དུ་ཅི་བདེར་བཞག །བྱིན་རླབས་སྙིང་པོ་རང་རིག་ཆོས་སྐུར་མཐོང༌། །མཐར་ཐུག་དབྱིངས་རིག་དབྱེར་མེད་ངང་དུ་གྲོལ། ཞེས་པའི་དགོངས་དོན་ཏེ་སྒོམ་དོན་སྤྱི་ནི། ལས་བྱང་ལས། རྟ་མགྲིན་སྤྱི་གཙུག་བླ་མ་ནི་སོགས་ནས། གུ་རུ་དྷེ་ཝ་ཌཱ་ཀི་ནི་མཎྜ་ལ་ས་མ་ཡ་ཨཱཿཧཱུྃ༔ ཞེས་པ་སྟེ་དཀྱིལ་འཁོར་གྱི་དབུས་ཉི་ཟླ་པདྨ་བདུད་བཞིའི་གདན་ལ་རང་ཉིད་གཙོ་བོ་རྟ་ཕག་ཡབ་ཡུམ་དུ་བསྒོམས་པའི་ཕྱོགས་བཞིར་པད་འདབ་བཞི་ལ་རིགས་བཞིའི་དཔའ་བོ་ཡབ་ཡུམ། རྟ་མགྲིན་གྱི་དབུ་ཐོག་ཏུ་བླ་མ་ཆོས་སྐུ་རྡོ་རྗེ་འཆང་པདྨ་ཀུན་ཏུ་འཆང་གསང་འདུས་ཡབ་ཡུམ་ལ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་སྤྲུལ་པའི་གུ་རུ་མཚན་བརྒྱད། རྣམ་སྤྲུལ་བཅུ་གཉིས། ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུ་བཅུ་གསུམ། འགྲོ་འདུལ་རིགས་དྲུག །མདོ་སྔགས་སྟོན་པ་བརྒྱ་རྩ་སོགས་གུ་རུ་རིན་པོ་ཆེའི་མཚན་དང་སྐུ་ཡི་བཀོད་པ་མཆིས་སོ་ཅོག་ཐམས་ཅད་ཀྱིས་གཙོར་བྱས་བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་ཁྲོམ་ཚོགས་སུ་བསྒོམས་པ་ནི་བྱིན་རླབས་བླ་མ་སྒྲུབ་པའི་རིམ་པའོ། །གཉིས་པ་དམིགས་གནད་བཟླས་པ་ལ། དངོས་དང༌། འཕྲོས་དོན་གཉིས་ལས། དང་པོ་ནི། ཐུགས་སྒྲུབ་ཀུན་གྱི་རྩ་བ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་རྡོ་རྗེའི་ཚིག་རྐང་ལས། བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ ཞེས་གསུངས་པ་ལྟར། སྤྱི་བོའི་རིག་འཛིན་བླ་མ་ཡོངས་རྫོགས་རྣམ་པ་གཙོ་འཁོར་དུ་མར་སྣང་ཡང༌། རང་གི་སེམས་ཉིད་གཉུག་མ་མི་ཤིགས་པའི་ཐིག་ལེ་བླ་མ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་བདག་ཉིད་གཅིག་ཏུ་རང་བཞིན་རྣམ་པར་དག་པའི་རྩལ་སྣང་ཙམ་དུ་ཐག་བཅད་ནས། གཙོ་འཁོར་ཡོངས་རྫོགས་མ་འདྲེས་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་གསལ་སྟོང་ཞེན་བྲལ་དུ་བསྒོམས་ཏེ། གཞུང་གི་གསོལ་འདེབས་དང་རྡོ་རྗེའི་ཚིག་རྐང་བདུན་མ་དང་བསྙེན་པ་སྤེལ་ནས་ཕུར་ཚུགས་སུ་གསོལ་བ་བཏབ། རྒྱས་པར་སྤྲོ་ན་བྱང་གཏེར་ལེའུ་བདུན་མ་ཡང་སྦྱར། སྤྱིར་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་ཀུན་ལ་བུ་གཅིག་པའི་མ་ལྟར་བརྩེ་བས་གཟིགས་པ་ཆོས་ཉིད་ཡིན་ཀྱང༌། མོས་གུས་ཀྱི་གསོལ་བ་དྲག་པོ་གདུལ་བྱ་སུས་བཏབ་ན་དེ་ལ་བྱིན་རླབས་ལྷག་པར་འཇུག་སྟོབས་ཆེ་བ་ཆོས་ཉིད་ཡིན་པས་མོས་གུས་དྲག་ཏུ་བསྐྱེད་པ་དང༌། ཡང་སྒོས་གདུལ་དཀའ་སྙིགས་མའི་སེམས་ཅན་གྱི་སྐྱབས་གཅིག་ཆོག་ཏུ་རྡོ་རྗེའི་གསུང་གི་ཞལ་བཞེས་ཡང་ཡང་གནང་བ་གུ་རུ་རིན་པོ་ཆེ་ཡིན་སྙམ་དུ་སྙིང་པོ་བཛྲ་གུ་རུ་བཟླ་བཞིན། རྩ་གསུམ་ལྷ་ཚོགས་ཐམས་ཅད་སོགས་ལྟར་དབང་ལེན་ཡང་ཡང་བསྐྱར་གྱིན་བསྒོམས་ན་བྱིན་རླབས་ཆེ། སྐྱོ་དུབ་དང་དམིགས་པ་མི་གསལ་བ་བྱུང་ན་ཐོད་ཕྲེང་རྩལ་གྱི་ཛབ྄་དབྱངས་བྱ་ནས་རིག་པ་གཟེངས་བསྟོད་པས་ཁམས་བསང༌། དེའི་ཚེ་དམིགས་པ་གུ་རུ་རིན་པོ་ཆེའི་སྐུའི་རྣམ་འགྱུར་རང་གང་མོས་ནམ་མཁའ་གང་བར་བྱོན་ཏེ་སྤྱི་བོའི་བླ་མར་ཐིམ་པས་བྱིན་རླབས་ཀྱི་ཟིལ་འབར། སྐུའི་གཟི་བྱིན་སྔར་བས་ཆེ་བར་བསྒོམས་པའི་བོགས་འབྱིན་བྱ་བ་དང༌། རེས་འགའ་ཐོད་ཕྲེང་རྩལ་གྱི་སྐུ༔ ནམ་མཁའ་གང་བར་ཆར་ལྟར་བབ༔ སྒྲུབ་པ་པོ་ཡི་སྤྱི་བོར་ཐིམ༔ ཤ་མེད་འོད་ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམ༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔ བྲག་ཁ་དག་ནས་ཆུ་འབབས་བཞིན༔ དྲག་པོ་བར་མཚམས་མེད་པར་བགྲོངས༔ ང་ཉིད་རང་དབང་མེད་པར་འབྱོན༔ ཨོ་རྒྱན་པདྨ་བདག་ཉིད་ལ༔ མོས་གུས་དྲག་པོས་གུས་པ་དང༔ དུང་དུང་གདུང་སེམས་དྲག་པོ་ཡིས༔ གསོལ་བ་དྲག་པོ་བཏབ་པའི་ཚེ༔ ང་ཉིད་དེ་ཡི་དྲུང་དུ་འབྱོན༔ ཞེས་གསུངས་པའི་ཚིག་དོན་བསམ་ཞིང་ངེས་ཤེས་བསྐྱེད་པར་བྱའོ། །གཉིས་པ་འཕྲོས་དོན་ནི། གཞུང་གསལ་དམིགས་པ་ཁོ་ན་འབད་པས་ཆོག་ཀྱང༌། དམིགས་བསལ་ཐོད་ཕྲེང་སྡེ་ལྔའི་ཞི་རྒྱས་དབང་དྲག་མཆོག་གི་ལས་ཀྱི་དམིགས་པ་ལ། རྡོ་རྗེ་ཐོད་ཕྲེང་གི་ཞི་བའི་ལས་ཀྱི་སྔགས་དམིགས་ནི། བླ་མ་གསང་བ་ཀུན་འདུས་ཀྱི། །སྐུ་སྔགས་ཕྱག་མཚན་འཕྲོ་འདུ་ཡིས། །རྡོ་རྗེ་ཐོད་ཕྲེང་ཐུགས་རྒྱུད་བསྐུལ། །དེ་ལས་འོད་དཀར་བདུད་རྩིའི་ཟིལ། །སྤྲོས་པས་སྲིད་ཞིའི་ཁམས་ཀུན་ཁྱབ། །སྣོད་ཀྱི་འབྱུང་བའི་རྒུད་པ་སངས། །བཅུད་ཀྱི་འགྲོ་བའི་དུག་ལྔ་བསལ། །རྟེན་དང་བརྟེན་པར་བཅས་པ་ཀུན། །རྡོ་རྗེ་དབྱིངས་ཀྱི་ཞིང་དུ་སད། །སྙིགས་མའི་དམུ་རྒོད་ལོག་ལྟའི་རྒྱུད། །ཉི་མས་མུན་པ་ལྟར་སྦྱངས་ནས། །བྱམས་དང་སྙིང་རྗེས་རྒྱུད་དུལ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ། རཏྣ་ཐོད་ཕྲེང་གི་རྒྱས་དམིགས་ནི། བླ་མ་གསང་བ་ཀུན་འདུས་ཀྱི། །སྐུ་སྔགས་ཕྱག་མཚན་འཕྲོ་འདུ་ཡིས། །རཏྣ་ཐོད་ཕྲེང་ཐུགས་རྒྱུད་བསྐུལ། །དེ་ལས་གསེར་མདོག་བདུད་རྩིའི་ཟིལ། །སྤྲོས་པས་སྲིད་ཞིའི་ཁམས་ཀུན་ཁྱབ། །ཚེ་བསོད་དཔལ་འབྱོར་རིགས་དབང་ཐང༌། །ལུང་རྟོགས་ཡོན་ཏན་འཁོར་སློབ་སོགས། །འཕེལ་རྒྱས་རབ་ཏུ་བརྟན་པ་ཡི། །རྒྱས་པའི་ཕྲིན་ལས་ཀུན་བསྒྲུབ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་པུཥྚིཾ་ཀུ་རུ་ཨོཾ། ཞེས་བཟླ། པདྨ་ཐོད་ཕྲེང་དབང་སྡུད་ནི། །བླ་མ་གསང་བ་ཀུན་འདུས་ཀྱི། །སྐུ་སྔགས་ཕྱག་མཚན་འཕྲོ་འདུ་ཡིས། །པདྨ་ཐོད་ཕྲེང་ཐུགས་རྒྱུད་བསྐུལ། དེ་ལས་འོད་དམར་བདུད་རྩིའི་ཟིལ། །སྤྲོས་པས་སྲིད་ཞིའི་ཞིང་ཀུན་ཁྱབ། །གཟུགས་ཅན་གཟུགས་མེད་འགྲོ་ཀུན་གྱི། །ང་རྒྱལ་ཁེངས་སེམས་རྟོག་པ་སྦྱངས། །ཆགས་ཤིང་ཞེན་པའི་ཡིད་གཡོས་པས། །གདུང་ཞིང་དད་པས་འདུད་པར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་ཝཱ་ཤཾ་ཀུ་རུ་ཧྲཱིཿ ཞེས་བཟླ། ཀརྨ་ཐོད་ཕྲེང་གི་དྲག་པོའི་དམིགས་བཟླས་ནི། །བླ་མ་གསང་བ་ཀུན་འདུས་ཀྱི། །སྐུ་སྔགས་ཕྱག་མཚན་འཕྲོ་འདུ་ཡིས། །ཀརྨ་ཐོད་ཕྲེང་ཐུགས་རྒྱུད་བསྐུལ། དེ་ལས་འོད་ལྗང་སྐུ་དང་སྔགས། །ཕྱག་མཚན་མེ་ཟེར་འོད་རྣོན་སྤྲོས། །དམ་སྲི་རྒྱལ་འགོང་གདོན་གྱི་ཚོགས། །བསྡིགས་གཟིར་བསྲེགས་བཅིངས་དཔའ་བཀོང་བས། །འདར་ཞིང་འདུད་ཅིང་བྱད་ཕུར་སོགས། །མི་མཐུན་མཐའ་དག་བཅོམ་པར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་མཱ་ར་ཡ་ཕཊཿ ཞེས་བཟླ། བུདྡྷ་ཐོད་ཕྲེང་མཆོག་གི་ཕྲིན་ལས་ནི། བླ་མ་གསང་བ་ཀུན་འདུས་ཀྱི། །སྐུ་སྔགས་ཕྱག་མཚན་འཕྲོ་འདུ་ཡིས། །བུདྡྷ་ཐོད་ཕྲེང་ཐུགས་རྒྱུད་བསྐུལ། །དེ་ལས་འོད་མཐིང་སྐུ་དང་སྔགས། །ཕྱག་མཚན་སྤྲོས་པས་འགྲོ་ཀུན་སྒྲོལ། །རྒྱུད་སྦྱངས་བྱིན་བརླབས་གཟི་འབར་ཞིང༌། ལས་ཉོན་སྒྲིབ་སྦྱངས་དད་མོས་སྐྱེས། །ཡེ་ཤེས་དགོངས་པ་མངོན་གྱུར་སད། །ཉམས་རྟོགས་ཡོན་ཏན་རྩོལ་མེད་དུ། །སྐྱེ་བའི་སྐལ་བཟང་བྱིན་སྩོལ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་པ་ར་སིདྡྷི་ཧཱུྃ༔ ཞེས་བཟླ། གུ་རུ་འཕྲུལ་མཚན་བརྒྱད་ཀྱི་དམིགས་བཟླས་བྱེ་བྲག་ཏུ་འདོད་ན་རྟ་མགྲིན་སྤྱི་བོའི་བླ་མ་ཆོས་སྐུ་གསང་བ་འདུས་པ་གནས་བསྒྱུར་བ་སྟེ། དང་པོ་པདྨ་འབྱུང་གནས་ཀྱི་མཆོག་དངོས་སྒྲུབ་པ་ནི། ལས་བྱང་ལྷ་བསྐྱེད་སྐབས། །རྟ་མགྲིན་སྤྱི་གཙུག་བླ་མ་ནི། །ཀུན་བཟང་པདྨ་འབྱུང་གནས་མཐིང༌། །གཅེར་བུ་རིན་ཆེན་རུས་རྒྱན་ཅན། །ཞི་འཛུམ་སྤྱན་གསུམ་ཕྱག་གཉིས་ཀྱིས། །ཡུམ་མཆོག་མཚོ་གླིང་མཁའ་འགྲོར་འཁྱུད། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་འགྱིང༌། །ཕྱི་འཁོར་འོད་ཀྱི་དྲྭ་བའི་ཀློང༌། བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས། །པཎ་གྲུབ་རིག་འཛིན་རྣལ་འབྱོར་དག །ཆར་སྤྲིན་གཏིབས་པ་བཞིན་དུ་གསལ། །ཨོཾ་གུ་རུ་དྷེ་ཝ་སོགས་ལས་བྱང་ལྟར་སྤྱན་འདྲེན་དང་གསོལ་འདེབས་རྗེས། །པད་འབྱུང་ཡབ་ཡུམ་གཙོ་འཁོར་གྱི། །གནས་གསུམ་འོད་ཟེར་དཀར་དམར་མཐིང༌། །སྐུ་སྔགས་ཕྱག་མཚན་དང་བཅས་པ། །སྤྲོས་ནས་རང་གི་གནས་གསུམ་ཐིམ། །དབང་དང་བྱིན་རླབས་དངོས་གྲུབ་ཐོབ། །ཡེ་ཤེས་ཡོན་ཏན་ཆེར་རྒྱས་པའི། །བདེ་སྟོང་བསམ་མི་ཁྱབ་པ་ཡི། །དགོངས་པས་མཆོག་དངོས་ཐོབ་པར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མ་ཧཱ་སུ་ཁ་པ་ར་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ། གཉིས་པ་པདྨ་རྒྱལ་པོ་ནི། །རྟ་མགྲིན་སྤྱི་གཙུག་བླ་མ་ནི། །གར་དབང་གུ་རུ་པདྨ་རྒྱལ། །དམར་གསལ་ཌཱ་རུ་མེ་ལོང་བསྣམས། །འཁོར་ལོས་བསྒྱུར་བའི་ཆ་བྱད་བཅས། །འོད་འཆང་ལྷ་མོས་གཡོན་ནས་བསྟེན། །འཁོར་དུ་པདྨ་དྷཱ་ཀི་ནི། འདོད་པའི་རྒྱལ་པོ་དབང་ཕྱུག་ཆེ། །དབང་ཆེན་རྟ་མཆོག་རིག་བྱེད་དབང༌། །ཉི་ཟེར་རྡུལ་བཞིན་བཞུགས་པར་གསལ། །ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་སོགས་དང༌། དབང་ལེན་སྐབས། པད་རྒྱལ་ཡབ་ཡུམ་གཙོ་འཁོར་སོགས་ནས་གནས་གསུམ་ཐིམ། །བདེ་སྟོང་ཡེ་ཤེས་ཆེར་རྒྱས་པས། །དབང་གི་འོད་དམར་འཁོར་འདས་ཁྱབ། །བརྟན་གཡོ་སྲིད་ཞིའི་དྭངས་མ་དང༌། །གང་འདོད་བྲན་བཞིན་དབང་བསྡུས་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མ་ཧཱ་རཱ་ཛ་སརྦ་ཝཱ་ཤཾ་སིདྡྷི་ཧཱུྃ༔ གསུམ་པ་བློ་ལྡན་མཆོག་སྲེད་ནི། །རྟ་མགྲིན་སྤྱི་གཙུག་བླ་མ་ནི། །འཇམ་དབྱངས་བློ་ལྡན་མཆོག་སྲེད་རྩལ། །བེར་ཕོད་སྔགས་ཆས་ཌཱ་རུ་དང༌། །པད་ཕོར་འཛིན་པ་གཞོན་བརྗིད་ཚུལ། །བདེ་བའི་རྣལ་འབྱོར་མ་ཡི་ཡུམ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡི། མཚན་དང་རྣམ་འཕྲུལ་དཔག་ཡས་གསལ། །ཨོཾ་གུ་རུ་དྷེ་ཝ་སོགས་ནས། །མཆོག་སྲེད་ཡབ་ཡུམ་གཙོ་འཁོར་སོགས། གནས་གསུམ་ཐིམ། །མི་ཤེས་བློ་ཡི་མུན་པ་བསལ། །ལུས་ཀུན་དབྱངས་གསལ་ཡི་གེས་གང༌། །མཁྱེན་གཉིས་སྣང་བ་རྒྱས་པར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པྲཛྙཱ་སརྦ་ཛྙཱ་ན་སིདྡྷི་ཧཱུྃ༔ བཞི་པ་ཤཱཀྱ་སེང་གེ་ནི། །རྟ་མགྲིན་སྤྱི་གཙུག་བླ་མ་ནི། །སྒྲིབ་སེལ་ཤཱཀྱ་སེང་གེ་ཆེ། །གསེར་མདོག་རྡོ་རྗེ་ལྷུང་བཟེད་འཛིན། །ས་གནོན་མཉམ་བཞག་སྤྲུལ་སྐུའི་ཆས། །ཞི་མཚོས་མེ་ཏོག་མཆོད་སྤྲིན་སྤྲོ། །ཉེ་སྲས་གནས་བརྟན་རྒྱན་དྲུག་མཆོག །རྒྱལ་བསྟན་འཛིན་སྤེལ་སྐྱེས་བུས་བསྐོར། །ཨོཾ་གུ་རུ་དྷེ་ཝ་སོགས། ཤཱཀྱ་སེང་གེ་སོགས་ནས་གནས་གསུམ་ཐིམ། །འགྲོ་འདུལ་གཞན་ཕན་སེམས་ཆེན་པོས། །ས་གསུམ་ཡིད་སྣང་དབང་མེད་བསྒྱུར། །རྒྱུད་དག་ལུང་རྟོགས་བསྟན་སྤེལ་བའི། །ཕྲིན་ལས་མཁའ་དང་མཉམ་པར་སྤེལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤཱཀྱ་སེངྷ་སརྦ་ཤཱ་ས་ན་ཝརྡྷ་སིདྡྷི་ཧཱུྃ༔ ཞེས་བཟླ། ལྔ་པ་པདྨ་སཾ་⁽14a4⁾⁽14ab⁾་ནི། །རྟ་མགྲིན་སྤྱི་གཙུག་བླ་མ་ནི། །བྱམས་པ་པདྨ་སཾ་⁽14a4⁾⁽14ab⁾་ཝ། །མཉམ་བཞག་སྐྱབས་སྦྱིན་པཎ་ཞྭ་དང༌། །དགེ་སློང་ཆ་ལུགས་སེམས་སྐྱིལ་ཅན། །སུ་ཁ་དྷཱ་རས་སྤོས་སྤྲིན་སྤྲོ། །བཀའ་བབ་རིག་འཛིན་ཆེ་མཆོག་དགུ །འཕགས་བོད་དབང་གི་ཆུ་བོ་བཞིའི། །ངོ་མཚར་བྱིན་རླབས་བརྒྱུད་པས་བསྐོར། །ཨོཾ་གུ་རུ་དྷེ་ཝ་སོགས། པདྨ་སཾ་བྷ་གཙོ་འཁོརསོགས་ནས་གནས་གསུམ་ཐིམ། །ལྷ་དང་རིག་འཛིན་ཌཱ་ཀི་ཡིས། །དབང་བསྐུར་རྒྱུད་ལུང་མན་ངག་གི །བཀའ་བབ་གསང་འཛིན་བདག་པོར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སརྦ་གུ་ཧྱ་དྷཱ་ར་སིདྡྷི་ཧཱུྃ༔ ཞེས་བཟླ། དྲུག་པ་ཉི་མ་འོད་ཟེར་ནི། རྟ་མགྲིན་སྤྱི་གཙུག་བླ་མ་ནི། །ནམ་མཁའི་སྙིང་པོ་ཉི་མ་འོད། །སེར་གསལ་ཁ་ཊྭཱྃ་ཉི་ཟེར་འཛིན། །རྣལ་འབྱོར་ཆ་ལུགས་རོལ་སྟབས་གཡོན། །བདག་མེད་རིན་ཆེན་ཕྲེང་འཛིན་སྒེག །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་སོགས། །རྒྱུད་སྡེ་བཞི་ཡི་གྲུབ་པས་བསྐོར། །ཨོཾ་གུ་རུ་དྷེ་ཝ་སོགས། ཉི་མ་འོད་ཟེར་གཙོ་འཁོར་སོགས་ནས་གནས་གསུམ་ཐིམ། རིག་འཛིན་བཞི་དང་གྲུབ་པ་བརྒྱད། །མཆོག་ཐུན་དངོས་གྲུབ་མངོན་གྱུར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སཱུརྻ་རསྨི་སརྦ་ཡོ་གི་སིདྡྷི་ཧཱུྃ༔ བདུན་པ་སེང་གེ་སྒྲ་སྒྲོག་ནི། རྟ་མགྲིན་སྤྱི་གཙུག་བླ་མ་ནི། །གསང་བདག་སེང་གེ་སྒྲ་སྒྲོགས་རྩལ། མཐིང་ནག་རྡོ་རྗེ་སྡིགས་མཛུབ་ཅན། ཁྲོ་བོའི་ཆས་རྫོགས་གཡོན་བརྐྱང་བཞེངས། །བདུད་འདུལ་གར་མས་དགྱེས་པ་བསྐྱེད། །སྤྲུལ་པའི་ཁྱུང་སྡིག་ཕག་རྒོད་སོགས། །མེ་ཟེར་མཚོན་ཆ་དང་བཅས་སྤྲོ། །ཨོཾ་གུ་རུ་དྷེ་ཝ་སོགས། གསང་བདག་སེང་སྒྲོགས་གཙོ་འཁོར་སོགས་ནས་གནས་གསུམ་ཐིམ། སྟེང་འོག་བར་གྱི་གདོན་ཚོགས་ཀྱི། །གནོད་པ་རྒྱུ་འབྲས་མཐའ་དག་ཀུན། །རྩ་སྦུར་མེས་བསྲེགས་བཞིན་སྦྱངས་ནས། །རྡོ་རྗེ་གསུམ་གྱི་བྱིན་ཐོབ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སེངྷ་གཎྜེ་སརྦ་རུ་ཏྲ་མཱ་ར་ཡ་སིདྡྷི་ཧཱུྃ༔ ཞེས་བཟླ། བརྒྱད་པ་རྡོ་རྗེ་གྲོ་ལོད་ནི། རྟ་མགྲིན་སྤྱི་གཙུག་བླ་མ་ནི། །ས་སྙིང་རྡོ་རྗེ་གྲོ་བོ་ལོད། །དམར་སྨུག་རྡོ་རྗེ་ཕུར་པ་འདྲིལ། །རབ་བྱུང་ཁྲོ་ཆས་ཡོངས་སུ་རྫོགས། །རོལ་སྟབས་སྟག་མོའི་སྟེང་ན་འགྱིང༌། །ཕྲ་མེན་མཁའ་འགྲོ་སྒེག་ཚུལ་ཅན། །ཧཱུྃ་རཾ་རྡོ་རྗེ་ཕུར་པ་ཡི། །མེ་ཟེར་ཚྭ་ཚྭས་ནམ་མཁའ་གང༌། །ཧཱུྃ་སྒྲ་འབྲུག་ལྟར་སྒྲོག་པར་བསམ། །ཨོཾ་གུ་རུ་དྷེ་ཝ་སོགས། རྡོ་རྗེ་གྲོ་ལོད་གཙོ་འཁོར་སོགས་ནས་གནས་གསུམ་ཐིམ། རྒྱལ་བསེན་དམ་སྲི་སྡེ་བརྒྱད་ཀྱི། །གདོན་ཚོགས་བསྡིགས་བསྐྲད་མིང་མེད་བརླགས། །སྣང་སྲིད་ཁྲོ་བོ་འཆོལ་བར་བསྒོམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ། སྤྱིར་ཉམས་ལེན་གྱི་སྲོག་ཏིག་ནི་བླ་སྒྲུབ་དངོས་བསྟན་ཉིད་ཡིན་ལ། དེའི་བསྙེན་བཟླས་ལེགས་པར་གྲུབ་པའི་ཚེ། ཐོད་ཕྲེང་སྡེ་ལྔ། མཚན་བརྒྱད་གང་འདོད་སྦྱར་བས་ཆོག་ཅིང༌། །ལས་ཚོགས་ཐམས་ཅད་དཀྱུས་གཅིག་ཏུ་ཚང་བར་སྦྱར་དགོས་པ་མ་ཡིན་ནོ། །གཉིས་པ་དངོས་གྲུབ་ཀྱི་རྩ་བ་བླ་མ་ཉིད་ཡི་དམ་ལྟར་སྒྲུབ་པས་ཉེ་བར་བསྙེན་པ་ནི། གསུང་མགུར་རྡོ་རྗེའི་ཚིག་རྐང་ལས། །སྙིང་གར་དྷཱུ་ཏིའི་དབུས་སུ་དྭངས་མ་ཧཱུྃ། །ཡོངས་གྱུར་ཡི་དམ་རྡོ་རྗེ་ཐོད་ཕྲེང་རྩལ། གུ་རུའི་མཚན་སྤྱི་ཁྱབ་རྡོ་རྗེ་ཐོད་ཕྲེང་རྩལ་ཞེས་ཕྱི་ནང་གསང་བའི་སྒྲ་བཤད་མང་པོ་ཅན་དེ་མ་གཏོགས་ཐོད་ཕྲེང་སྡེ་ལྔའི་ནང་གསེས་མ་ཡིན། མཆན། སྐུ་མདོག་དམར་སྨུག་ཁྲོ་འཛུམ་ཆགས་པའི་ཉམས། །རྡོ་རྗེ་དྲིལ་འཛིན་མཚོ་རྒྱལ་དཀར་མོ་འཁྲིལ། །ཐུགས་ཀར་ཧཱུྃ་ཡིག་ལྔ་ལྡན་འོད་ཟེར་འཕྲོས། །སྣོད་བཅུད་ཀུན་ཁྱབ་ཕྱི་སྣོད་པདྨ་འོད། །ནང་བཅུད་འགྲོ་ཀུན་ཐོད་ཕྲེང་སྐུ་གསུང་ཐུགས། །སྣང་སྲིད་གཞིར་བཞེངས་སྒྱུ་མ་ཆུ་ཟླ་ལྟར། །ལམ་ཁྱེར་གཞོམ་མེད་ཧཱུྃ་གི་སྣང་གླུ་ལེན། །དངོས་གྲུབ་སྙིང་པོ་གང་ཤར་ལྷ་སྐུར་འཆར། །མཐར་ཐུག་རང་སྣང་ཟངས་མདོག་དཔལ་རིར་གྲོལ། །ཞེས་གསུངས་པའི་དགོངས་པ་ལ་དང་པོ་བསྒོམ་དོན་དམིགས་པ་ནི། སྤྱི་བོའི་བླ་མ་ཡབ་ཡུམ་དང་ཡེ་ཤེས་པ་སྤྱན་དྲངས་པ་བདག་ལ་བསྟིམས་ཏེ་བཞུགས་གསོལ་ཕྱག་མཆོད་བསྟོད་པ་རྣམས་ལས་བྱང་ལྟར་གྲུབ་རྗེས། གསང་འདུས་ལེ་བརྒྱད་ལས། སྒྲུབ་དུས་བླ་མ་རང་གསལ་གདབ༔ གསང་སྔགས་འདུས་པའི་སྙིང་པོ་བཟླ༔ ཞེས་བསྐྱེད་རིམ་ལྷ་ཡི་གསང་འདུས་སུ་གསུངས་པ་ལྟར། བདག་གི་ཕུང་ཁམས་སྐྱེ་མཆེད་རིག་འཛིན་བླ་མའི་གསང་བ་གསུམ་དང་དབྱེར་མེད་དུ་ཤེས་པས། གསང་འདུས་གཞུང་ལས། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་གནས༔ འཛིན་པས་མ་བཅིངས་གསལ་བར་བསྒོམ༔ ཞེས་གསུངས་པའི་དགོངས་པ་སྲོག་ཏུ་བཟུང་ནས། དབང་ཆེན་རྟ་མགྲིན་གྱི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་རིགས་ཀུན་ཁྱབ་བདག་ཡི་དམ་རྡོ་རྗེ་ཐོད་ཕྲེང༌། རྩིབས་བཞིར་ཐོད་ཕྲེང་རིགས་ལྔ། རྟ་མགྲིན་གྱི་སྐུ་ཡི་གནས་བརྒྱད་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བཅས་ལུས་དཀྱིལ་ལ་སེམས་རྩེ་གཅིག་པས་བླ་མ་ཡི་དམ་དབྱེར་མེད་ལ་མོས་གུས་དྲག་པོས་བསྙེན་བཟླས་ལ་འབད། དེ་ཡང་གསལ་སྣང་རབ་ཀྱིས་ལྷ་ཐམས་ཅད་མ་འདྲེས་འཇའ་ཚོན་ལྟར། སྐུའི་རྣམ་འགྱུར་དང་ཕྱག་མཚན་རེ་རེ་བཞིན་རྒྱུ་མཚན་དགོས་པ་ཆེན་པོར་གསུངས་པ་བཞིན་གསལ། འབྲིང་གིས་ཚིག་རྗེས་དོན་དྲན་མོས་བསྐྱེད་ཙམ་བྱས་ཀྱང་མི་རུང་བ་མེད། ཐ་མས་རྡོ་རྗེ་ཐོད་ཕྲེང་ཀུན་འདུས་གཅིག་ཆོག་ནོར་བུའི་ལུགས་སུ་བསྒོམ། གཉིས་པ་དམིགས་གནད་བཟླས་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི་ཡི་དམ་ཐམས་ཅད་ཀྱི་སྤྱི་དཔལ་ནི་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཡིན་ལ། དེ་དང་རྟ་མགྲིན་གཉིས་ངོ་བོ་གཅིག་པར་གཏེར་ཁ་དུ་མ་ནས་གསུངས་པ་དང༌། སྐབས་འདིར་བསྒྲུབ་བྱའི་བླ་མའི་སྤྲུལ་གཞི་གསུང་པདྨའི་རིགས་ཡིན་པས་ཡི་དམ་རྟ་མགྲིན་དུ་བསྒོམ་པ་གཙོ་བོར་བསྟན་པ་སྟེ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཐོད་ཕྲེང་གི་ཐུགས་ཀར་པདྨ་ཉི་མའི་སྟེང་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་མཐིང་སྨུག་ལ་བླ་མ་ཡི་དམ་གཉིས་མེད་ཀྱི་སྔགས་ཕྲེང་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ། སྣང་གྲགས་རིག་པ་པདྨ་དབང་གི་ལྷ་སྔགས་ཆོས་སྐུའི་རོལ་པར་ཤར་ཏེ་སྔགས་སྒྲ་དང་ཁ་དོག་ལྔ་ལྡན་གྱི་ལྷ་སྔགས་སྤྲོ་བསྡུས་ལས་བཞི་ཐོགས་མེད་དུ་སྒྲུབ། སྣོད་བཅུད་ཐ་མལ་གྱི་སྣང་ཞེན་དག །རང་སྣང་པདྨ་དྲྭ་བ་རྡོ་རྗེ་དབྱིངས་ཀྱི་འཁོར་ལོར་སད་པའི་གནས་གསུམ་འོད་ཟེར་དཀར་དམར་མཐིང་གསུམ་རང་གི་གནས་གསུམ་དུ་ཐིམ་པས་རྡོ་རྗེ་གསུམ་གྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ། སྣང་སྟོང་སྒྱུ་མ་ཆུ་ཟླ་ལྟ་བུའི་ཏིང་ངེ་འཛིན་གྱི་རྩལ་སྦྱང་ལ་རྩ་བའི་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཞེས་བཟླ། གྲངས་འབུམ་ཕྲག་བཞིའམ་བཞི་འགྱུར་དུ་བཟླའོ། །གཉིས་པ་སྒྲུབ་པ་བཀའ་བརྒྱད་བྱེ་བྲག་གི་བཟླས་པ་ནི། གཤིན་རྗེ་གཞུང་གསལ་ལྟར་མདེའ་ཁ་བསྒྱུར་ཚུལ་ནི། རྟ་མཆོག་རོལ་པའི་དཔྲལ་བ་རུ། །གཤིན་རྗེའི་དཔྲལ་བར་འཁོར་ལོའི་དབུས། །ཧཱུྃ་དང་སྔགས་ཕྲེང་འོད་སེར་གྱིས། །སྣོད་བཅུད་ལྷ་ཡི་ཞིང་དུ་བསྒྱུར། །ཕྱོགས་དུས་རྒྱལ་བའི་སྐུ་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ལུས་ལ་ཐིམ། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །ཡ་མཱནྟ་ཀ་བཟླ། རྟ་མཆོག་རོལ་པའི་མགྲིན་པ་རུ། །དབང་ཆེན་མགྲིན་པར་པདྨའི་དབུས། །ཧཱུྃ་དང་སྔགས་ཕྲེང་འོད་དམར་གྱིས། །སྒྲ་ཀུན་སྔགས་ཀྱི་དབྱངས་སུ་བསྒྱུར། །ཕྱོགས་དུས་རྒྱལ་བའི་གསུང་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ངག་ལ་ཐིམ། །གྲགས་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །ཧྱ་གྲཱྀ་ཝ་བཟླ། རྟ་མཆོག་རོལ་པའི་ཐུགས་ཀ་རུ། །ཡང་དག་ཐུགས་ཀར་རྡོ་རྗེའི་དབུས། །ཧཱུྃ་དང་སྔགས་ཕྲེང་འོད་མཐིང་གིས། །དྲན་རྟོག་ཡེ་ཤེས་ཆེན་པོར་སད། །ཕྱོགས་དུས་རྒྱལ་བའི་ཐུགས་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ཡིད་ལ་ཐིམ། །བདེ་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །རུ་ལུ་བཟླ། །རྟ་མཆོག་རོལ་པའི་ལྟེ་བ་རུ། །ཆེ་མཆོག་ལྟེ་བར་རིན་ཆེན་དབུས། །ཧཱུྃ་དང་སྔགས་ཕྲེང་ལྗང་སེར་གྱིས། །རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་ཡི། །བྱིན་རླབས་དངོས་གྲུབ་སྒོ་གསུམ་ཐིམ། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །མ་ཧཱ་ཀྲོ་དྷ་བཟླ། རྟ་མཆོག་རོལ་པའི་གསང་བ་རུ། །ཕུར་པའི་གསང་བར་རྡོ་རྗེའི་ སྣ་ཚོགས་རྡོ་རྗེ་མཆན། དབུས། ཧཱུྃ་དང་སྔགས་ཕྲེང་སྣ་ཚོགས་འོད། །བྱ་བྱེད་ཕྲིན་ལས་ཆེན་པོ་དང༌། །ཕྱོགས་དུས་རྒྱལ་བའི་ཕྲིན་ལས་ཀྱི། །བྱིན་རླབས་དངོས་གྲུབ་སྒོ་གསུམ་ཐིམ། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །ཀཱི་ལ་ཡ་བཟླ། །རྟ་མཆོག་རོལ་པའི་ལྟེ་འོག་ཨེར། །ཨེ་ཀ་ཛཱ་ཊིའི་ལྟེ་འོག་ནས། །ཧཱུྃ་དང་སྔགས་ཕྲེང་སྣ་ཚོགས་ཀྱིས། །རྒྱལ་ཀུན་བདེ་སྟོང་ཡེ་ཤེས་ཀྱི། །བྱིན་རླབས་དངོས་གྲུབ་བདག་ལ་ཐིམ། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། མ་མ་ཡོ་གི་བཟླ། །རྟ་མཆོག་རྡོ་རྗེ་ནོར་བུའི་སྦུབས། །དྲེགས་པ་ཀུན་འདུལ་སྦྱོར་མཚམས་ལས། །ཧཱུྃ་དང་སྔགས་ཕྲེང་མཚོན་ཟེར་གྱིས། །རྒྱལ་ཀུན་མཐུ་སྟོབས་ནུས་པ་ཀུན། །བསྡུས་ནས་བདག་ཐིམ་སྟོབས་ལྡན་གྱུར། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། བཛྲ་ཙཎྜ་བཟླ། །རྟ་མཆོག་རོལ་པའི་སྣམས་ལོགས་སུ། །སྟོབས་ལྡན་ནག་པོའི་གནས་ལྔ་ནས། །དྲག་སྔགས་མེ་ཡི་ཚྭ་ཚྭ་འཕྲོས། །གནོད་བྱེད་སྡེ་བརྒྱད་ཐལ་བར་བརླགས། །ནུས་མཐུ་སྟོབས་རྩལ་འགྲན་མེད་གྱུར། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། །ལྷ་ཚོགས་ཀུན་ལ་རིག་པ་གཏད། །ཀྲོ་དྷ་མ་ཧཱ་བཱ་ལ་བཟླ། སྒྲུབ་པ་བཀའ་བརྒྱད་བྱེ་བྲག་ཏུ་སྒྲུབ་པ་དེ་རྒྱས་དྲག་པས་དབང་པོས་མ་ཆུན་ན། །རྟ་མཆོག་རོལ་པའི་སྐུའི་གནས་བརྒྱད། །བདེ་གཤེགས་དཔལ་གྱི་སྒྲུབ་སྡེ་བརྒྱད། །ཐུགས་སྲོག་སྔགས་ཕྲེང་སྤྲོ་བསྡུ་ཡིས། །སྣོད་བཅུད་ལྷ་སྔགས་ཆོས་སྐུའི་ཀློང༌། །མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །ཞེས་དམིགས་ལ་བསྙེན་སྔགས་སོ་སོར་བཟླས་ཀྱང་རུང་ངོ༌། །གསུམ་པ་བླ་མ་མཁའ་འགྲོ་ལྟར་སྒྲུབ་པ་ལ་ཐུན་མོང་དང་ཁྱད་པར་གཉིས་ལས། དང་པོ་ནི། གཙོ་བོ་རྟ་མགྲིན་གྱི་སྦྱོར་ཡུམ་ཕག་མོའི་ཐུགས་ཀར་འོད་ཀྱི་དགའ་འཁྱིལ་གཡོན་བསྐོར་གྱི་ལྟེ་བར་བྃ་མཐིང་ག །དགའ་འཁྱིལ་ཁུག་པ་མདུན་ནས་བརྩམས་ཏེ་ཧ་དཀར་པོ། རི་སེར་པོ། ནི་དམར་པོ། ས་ལྗང་གུ་ཞལ་ནང་བསྟན་དུ་གསལ། ཡབ་དབང་ཆེན་གྱི་ཐུགས་སྲོག་ཉི་མ་ལ་གནས་པའི་ཧྲཱིཿདམར་པོ་བདེ་བའི་ཉམས་དང་ལྡན་པ་ལས་འོད་ཀྱི་ཟེར་ཐག་དྲོད་དང་བཅས་པ་ཞིག་བྱུང༌། སྐུ་ཡི་དབྱིབས་བརྒྱུད། རྡོ་རྗེའི་བུ་ག་བརྒྱུད་ཕག་མོའི་ལྟེ་བ་ནས་ཐུགས་སྲོག་གི་བཾ་ཧ་རི་ནི་ས་ལ་ཕོག །ཡི་གེ་འབྲུ་ལྔ་ལས་བྱུང་བའི་ཁ་དོག་ལྔའི་འོད་ཟེར་འཕྲོས། ཡུམ་གྱི་ཞལ་ནས་ཐོན། ཡབ་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀའི་ཧྲཱིཿལ་ཐིམ། འོད་ལྔའི་ཟེར་ཐག་མགལ་མེ་ལྟར་འཁོར་བས་ཡབ་ཡུམ་གཉིས་ཀ་བདེ་བ་བཟོད་མེད་དུ་རྒྱས། འོད་ཀྱི་ཕྲེང་བ་ལས་རིགས་ལྔའི་མཁའ་འགྲོ་ལས་བཞིའི་ཉམས་ལྡན་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་མཆོག་དང་ཐུན་མོང་གི་ཞི་རྒྱས་དབང་དྲག་གང་འདོད་པ་ཐོགས་མེད་དུ་བསྒྲུབས། མཐར་ཌཱ་ཀི་རིགས་ལྔའི་ཕོ་ཉ་དང་འོད་ཕྲེང་ཐམས་ཅད་ཕག་མོའི་ཐུགས་སྲོག་བཾ་ལ་ཐིམ་པར་བསམས་ལ་རིག་པ་རྩེ་གཅིག་ཏུ་གཏད་དེ་བུམ་ཅན་བཟུང་ལ་མཉམ་པར་བཞག་པས་མཁའ་འགྲོའི་སྔགས་འགོག་བཟླས་བྱའོ། །གཉིས་པ་ཁྱད་པར་གྱི་དམིགས་རིམ་ནི། གསུང་མགུར་ལས། རང་རྟ་མགྲིན་དུ་གསལ་བའི་ལྟེྃ་བརྃ་སྐུ་དབུས་རྩ་གསུམ་འཁོར་ལོ་བཞི་ཡི་དབུས་དྷཱུ་ཏིའི་མར་སྣེར་ཨྃ་ཤདྃ་གཏུམྃ་མོྃ་ངོ་བོ་བདེ་བ། རེག་བྱ་ཚ་བ། །རྣམ་པ་གསལ་བ། རྩེ་མོ་ཤེས་རབ་ཀྱི་རང་བཞིན་རྣོ་ལ་འཁྱུག་པའི་རྩ་བ་ཕྲ་བ་རོ་རྐྱང་གི་མར་སྣེར་ཟུག་པ། བུ་མའི་ཡར་སྣེར་ཡབ་ཧེ་རུ་ཀའི་ངོ་བོ་ཧཾ་ཡིག་དཀར་གསལ་མགོ་ཐུར་བསྟན་དུ་གསལ། རླུང་རོ་སུམ་ཕྲུགས་སུ་བུས་རྗེས་བུམ་ཅན་གྱི་རླུང་སྦྱོར་དང་སྦྲགས་ཏེ་གཏུམ་མོ་སྦར་བ་མེྃ་ཡིྃ་ཀློངྃ་དུ། ལྷན་སྐྱེས་ནང་གི་རྣལ་འབྱོར་མ་ཡེྃ་ཤེསྃ་ཀྱི་ཌཱྃ་ཀིྃ་སྡེྃ་ལྔྃ་བུད་མེད་གཞོན་ནུ་ལང་ཚོ་དར་ལ་བབ་པ་གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་ཁྲོྃ་ཆགསྃ་སྒེགྃ་པའི་ཉམས་འགྱུར་ཅན། སྐུ་མདོག་དཀརྃ་སེརྃ་དམྃར་ལྗངྃ་མཐིྃང་གའིྃ་སྐུ་ལས་བདེ་བའི་མེྃ་འོདྃ་རང་མདོག་ལྟར་འཕྲོྃ་བ། །རང་རིགས་དང་མཚུངས་པའི་རྡོྃ་རྗེྃ་རིནྃ་ཆེནྃ་པདྨྃ་རྒྱྃ་གྲམྃ་དངྃ་འཁོརྃ་ལོྃ་གཡསྃ་ཀྱི་ཕྱག་གིས་འཕྱར་སྟབས་སུ་བསྣམས་ལྃ། །གཡོནྃ་པསྃ་དེ་ཡི་ཡུ་བ་བྱས་པའི་དྲིལྃ་བུྃ་འཛིནྃ་པ། ཞབས་གརྃ་སྟབསྃ་ཁྱུགྃ་ཁྱུགྃ་ཡེྃ་ཤེསྃ་མེྃ་ཡིྃ་ཟེརྃ་ཁ་དོག་ལྔ་ལྡན་འཕྲོ་བཞིན་ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་འཁོར་ལོའི་བར་དྷཱུྃ་ཏིའིྃ་ལམྃ་བརྒྱུདྃ་དེ་འབར་བས་དྲོད་ཀྱིས་ལུས་ཐམས་ཅད་ཁེངས་མཐར་སྤྱིྃ་བོའིྃ་ཧྃྃ་ལྃ་ཕོག་པས་རེགྃ་པ་འཕྲོད་ནས་བདེྃ་བྃ་ཆེརྃ་གཡོསྃ་ཏེ་དྭངསྃ་མྃའི་བདུད་རྩི་དཀར་གསལ་འོ་མའི་རྒྱུན་ལྟ་བུ་བདེ་ཉམས་ཅན་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་འཁོར་ལོའི་གནསྃ་བཞིརྃ་འཛྃག་པས། ལུས་རྩ་ཕྲ་མོས་ཁམས་ཐམས་ཅད་ཁྱབ་ནས་རྩ་སྦུབས་ཀུན་ཁེངས་པར་བསམ་ལ། བདེ་སྟོང་འཛིན་མེད་ཀྱི་ངང་བསྐྱངས་ཏེ་རླུང་རིག་བསྲེ། སླརྃ་ཡངྃ་ལྟོ་བ་སྒལ་ཚིགས་ལ་སྦྱར་བའི་སྟོང་འདྲེན་བྱ། མིག་སྤྱི་བོར་ལྡོག །ཧཱུྃ་ཞེས་རླུང་བརྔུབས་པས་ལྟེ་འོག་ནས་དྲིྃ་ཡིྃ་བཞོནྃ་པྃའམ་རླུང་གི་རྟས་བདེ་བའི་རྟེན་ཐིག་ལེ་མི་ཉམས་པར་མས་ནས་ཡར་འཕོྃ་མེདྃ་དུྃ་དགའ་བཞི་ལུགསྃ་ལྡོགྃ་གིས་དམིགས་པའི་མདའ་སྤྱི་བོ་ཚངས་པའི་ཧཾ་ཡིག་གི་འབེན་ལ་གཏད་ནས། སྤྱི་བོ་ཛྃ་ལནྡྷྃ་རརྃ་ཧཾ་ཡིག་ལ་དྭངས་མ་དཀར་ཆ་ཐམས་ཅད་སིབ་སིབ་བསྟིམ་ཞིང་འདྲེན་ལྡོག་བྱས་ཏེ་སྲོག་ཐུར་བསྲེ་སླར་རྩ་གནས་ཐམས་ཅད་ལ་བཀྲམ་ནས་ལུས་ཀུན་ཁྱབ་པས་འཕོ་མེད་དུ་བཅིངསྃ་པྃ་ལསྃ། བུམ་གསང་ཤེར་ཡེ་ཚིག་གི་དབངྃ་བཞིྃ་ཐོབྃ་ཅིངྃ། རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་སྒྲིབྃ་པ་བཞིྃ་ཡོངསྃ་སུྃ་སྦྱངསྃ། དགའ་བ། མཆོག་དགའ། དགའ་བྲལ། ལྷན་སྐྱེས་ཀྱི་དགའ་བ་བཞིྃ་རྒྱུད་ལ་སྐྱེསྃ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུྃ་བཞིའིྃ་སྃ་བོནྃ་ཐེབྃས་པར་བསམ་ལ། བདེ་སྟོང་ཁྃ་སྦྱོརྃ་གྱིས་སྦྱོར་བ་བཞི་ལྡན་གྱི་རླུངྃ་བསྡམསྃ་པ་བུམྃ་པྃ་ཅནྃ་གྱིྃ་ངངྃ་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱེད་པའི་ཏིངྃ་ངེ་འཛིནྃ་རྩལ་སྦྱངས། མྃ་ཡེངསྃ་པར་རླུང་ཁུག་པ་བརྒྱྃ་ཕྲགྃ་གསུམྃ་ལྃ་སོགསྃ་པར་བཟུང་སྟེ་འབརྃ་འཛགྃ་བདེྃ་དྲོདྃ་ཀྱི་འཁོརྃ་ལོྃ་རབྃ་ཏུྃ་བསྐོརྃ་ཞིང་བསྒོམ། དེྃ་མཐརྃ་སྣོདྃ་བཅུདྃ་སྟོང་ཁམས་ཐམས་ཅད་དབུ་མའི་ནང་དུ་ཚུད་དེ་མེྃ་དཔུངྃ་གཅིགྃ་ཏུྃ་འཁྱིལྃ་ཏེ་འབར་བས་གཟུང་འཛིན་བདུད་བགེགས་ཐམས་ཅད་མིང་མེད་དུ་བསྲེགས་ཏེ་བདེ་ཆེན་ཡེ་ཤེས་ཀྱི་སྟོབས་རྩལ་རྒྱས། རེས་འགའ་དབུ་མ་མེ་དང་བཅས་པ་རྟ་རྔ་བརྒྱར་བཤག་པའི་ཆ་ཙམ་ཇེ་ཆུང་དུ་བསྒོམས་ལ་བདེ་སྟོང་གཉུག་མའི་ངང་མྃ་ཡེངསྃ་འཛིནྃ་བྲལྃ་གྱི་ལྟ་བའི་རྩི་དང་མ་བྲལ་བ་རླུང་སེམས་ཐམས་ཅད་ལྟེྃ་བའིྃ་ཨྃ་ལྃ་བསྡུསྃ་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱངས་པས་དངོས་འཛིན་གྱི་ཞེན་པ་བྲལ་ནས། སྣང་སྲིད་ཐམས་ཅད་སྒྱུ་མ་ལྟ་བུར་འཆར། དེ་དག་གི་འོད་གསལ་དང་རྨི་ལམ་འཛིན་པའི་མན་ངག །ཉིན་པར་སྣང་སེམས་ཨར་གཏད་ཅེས། ཕྱི་དབྱིངས་ནམ་མཁའ་སྤྲིན་བྲལ། ནང་དབྱིངས་ཀ་ཏི་ཤེལ་སྦུག །གསང་དབྱིངས་ཀ་དག་རིག་པ་གསུམ་ལུས་གནད་བཞུགས་སྟངས་གསུམ་གྱིས་གཅུན་ནས་རང་རིག་འོད་གསལ་སྦུབས་འཇུག་ལ་བསླབ། མཚན་མོ་རྒྱ་མཚོ་ཨར་གཏད་ཅེས་སྣོད་བཅུད་རྩ་གསུམ་གྱི་དཀྱིལ་འཁོར་རང་ལ་བསྡུ། རང་ལུས་དབང་ཆེན་ཡབ་ཡུམ་སྣང་སྟོང་ཆུ་ཟླ་ལྟ་བུར་གསལ་བའི་སྐུ་དབུས་ལ་ཨ་ཝ་དྷཱུ་ཏིའི་དཀྱིལ་འཁོར་འོད་ལྔའི་ཐིག་ལེ་ཟླུམ་སྐོར་སྐུ་གསུམ་བླ་མ་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་སྟོང་གསལ་འཇའ་ཚོན་གྱི་སྐུ་ཅན་ལས་འཕྲོས་པའི་འོད་ཀྱིས་ཕུང་ཁམས་འོད་གསལ་གྱི་ཐིག་ལེར་བསྡུས་ཏེ་ཆོས་ཉིད་གཉུག་མའི་ངང་དུ་སྣང་ལ་ཞེན་མེད་དུ་རྩལ་སྦྱང༌། ནང་ནུབ་དབྱིངས་རིག་ཨར་གཏད་ཅེས་ཉི་མ་འཆར་སྡུད་ཀྱི་ཟེར་གཉིས་ལ་བྱ་བ་དགུ་ཕྲུགས་སུ་བཏང་ནས། སྐུ་གསུམ་གྱི་བཞུགས་སྟངས་དང་གཟིགས་སྟངས་གསུམ་གྱིས་སྒོ་ཡུལ་རླུང་རིག་གི་གནད་དུ་བཅུན་པས་སྣང་བ་བཞིའི་རྩལ་རྫོགས་ནས་སྐྱེ་འཇུག་གཉིས་ལ་དབང་ཐོབ་པས་སྐུ་གསུམ་ལྷུན་གྲུབ་ཀྱི་ས་ལ་ཕྱིན་ནས་ངེས་དོན་ནང་གི་རྩ་བ་གསུམ་དང་འདུ་འབྲལ་མེད་པས་སྲིད་ཞིའི་ཆོས་ཀུན་འོད་གསལ་དབུ་མའི་དབྱིངས་སུ་ཐིམ་པའི་མན་ངག་གི་གནད་ལ་ཉིན་མཚན་གྱི་སྣང་བ་འདྲེས་ཏེ། རྨི་ལམ་སྤྲུལ་བསྒྱུར་ནུས། རླུང་སེམས་ལས་སུ་རུང་བས། ལས་བཞིའི་ཕྲིནྃ་ལསྃ་ཐོགས་མེད་དུ་འགྲུབ་ཅིང་གྲུབ་མཐའི་སྙིངྃ་པོྃ་འཕོ་མེད་བདེྃ་སྟོངྃ་གི་ཡེྃ་ཤེསྃ་རྒྱུད་ལ་སྐྱེྃ་སྟེ། འོད་གསལ་ཆོས་སྐུའི་ཡེ་ཤེས་མངོན་དུ་གྱུར་ནས། མཐརྃ་ཐུགྃ་འཆིྃ་མེདྃ་འཇའྃ་ལུསྃ་རྡོྃ་རྗེའིྃ་སྐུ་རུ་འགྱུརྃ་བྱེད་ཐབས་ཀྱི་གསེང་ལམ་རྨད་དུ་བྱུང་བའོ། །བཞི་པ་བླ་མ་ཆོས་སྐྱོང་ལྟར་སྒྲུབ་པ་ཆེན་པོའི་ལས་རིམ་ནི། གསུང་མགུར་ལས། །གསང་གནས་རྩ་འཁོར་མཐིང་ནག་གྲུ་གསུམ་ཀློང༌། སྒྲུབ་ཐབས་སུ་ལྟེ་འོག་ཨ་ཤད་ཀྱི་མེ་ཀློང་ཆོས་སྐྱོང༌། གསང་གནས་སུ་ཕུར་པ་ཕྲིན་ལས་ཡོད་ཀྱང་དོན་ལ་འགལ་བ་མེད། མཆན། ཨེ་ལས་སྔགས་ཀྱི་བདག་མོ་ཆར་སྤྲིན་མདོག །མཐིང་ནག་རབ་ཁྲོས་སྤྱན་གཅིག་ཁྲག་ཏུ་ཁོལ། །ཚེམས་གཅིག་གཙིགས་ཤིང་ནུ་འབུར་གཅིག་གིས་མཛེས། །གཡས་པས་ལྕེ་སྤྱང་གཡོན་པས་དགྲ་སྙིང་བསྣམས། །འོད་ཟེར་རབ་འཁྲུགས་དྲེགས་པ་ཀུན་གྱི་སྲོག །ཡོངས་འདུས་བྷྱོ་ཡིག་སྨུག་ནག་སྙིང་གར་བསྒོམ། །དམ་ཡེ་གཉིས་མེད་གདོད་ནས་ཡོངས་གྲུབ་ལ། །བདེ་སྟོང་བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཞིང༌། །ཐབས་ཤེས་ཁ་སྦྱོར་ཟག་མེད་མཆོད་པ་འབུལ། །རླུང་སེམས་དབུ་མར་བསྒྲལ་བའི་གཏོར་མ་སྦྱིན། །དབྱིངས་རིག་དབྱེར་མེད་ངང་ནས་གསལ་བཏབ་སྟེ། །རྗེས་ཐོབ་ཐུགས་སྲོག་ལ་བསྡུ་གཏུམ་མོར་བསྟིམ། །དེ་ལས་མེ་འབར་རྣམ་སྨིན་ཕུང་ཁམས་བསྲེགས། །གཉིས་ཆོས་ལས་འདས་བློ་བྲལ་ངང་དུ་བཞག །ནུས་མཐུའི་སྙིང་པོ་གཟུང་འཛིན་དགྲ་བགེགས་གསོད། །མཐར་ཐུག་དབྱེར་མེད་བྱང་ཆུབ་སེམས་སུ་གྲོལ། ཞེས་གསུངས་པའི་དགོངས་དོན་སྟེ་སྤྱིར་དྲེགས་པ་རྒྱུད་གསུམ་ཞེས་ཉོན་མོངས་དུག་གསུམ་རང་རྒྱུད་དུ་སྤྱོད་པའི་དྲེགས་པ་ཕོ་མོ་མ་ནིང་གི་རྒྱུད་གསུམ་དུ་ཤར་བ་སངས་རྒྱས་རྣམས་ཀྱི་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་དཔལ་ཆེན་པོ་རིགས་གསུམ་ཁྲོ་བོའི་སྐུར་བཞེངས་ནས། །ཐབས་མཁས་ཀྱི་གསང་བ་རྡོ་རྗེ་ཏན་གན་གྱི་མཛད་པ་རྨད་དུ་བྱུང་བས་བསྟན་པ་སྲུང་ཞིང་ཉམས་པ་སྒྲོལ་བའི་ཕྲིན་ལས་ཀྱི་ཕོ་ཉ་མཛད་ནས་དྲེགས་པའི་སྡེ་ཚོགས་ཐམས་ཅད་དངོས་བརྒྱུད་ནས་སངས་རྒྱས་ཀྱི་སར་སྦྱོར་བའི་སྡེ་དཔོན་གཙོ་བོ་དཔལ་ཆེན་པོ་དང་ཡུམ་གནམ་ཞལ་མ་གཉིས་མིན་གཉིས་སུ་སྣང་བའི་དཔལ་མགོན་མ་ནིང་ནག་པོ་རུ་མཚོན་དང༌། སྙིང་ཕྲེང་གི་ཞགས་པ་བསྣམས་པ། སྦྲུལ་ནག་པོའི་རལ་པ་ཐུར་དུ་འཕྱང་བ། དར་ནག་གི་བེར་དང་སྭག་ལྷྭམ་སོགས་མགོན་པོའི་ཆས་ཅན་ཞིག་རྟ་མགྲིན་གྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཐོད་ཕྲེང་གི་ལྟེ་བ་ནས་ཐོལ་བྱུང་དུ་སྤྲོས་ཏེ། ལྟེ་འོག་ཨེ་ཀ་ཛཱ་ཊིའི་སྐུ་ལ་འཁྱུད་དེ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་སྤྲུལ་པའི་ཁྲོ་ཆུང་དང་མཚོན་ཆ་མེ་ཟེར་དུག་རླངས་ཀྱི་ཚོགས་བསྐལ་པའི་མེ་རླུང་ལྟར་ཤུགས་དྲག་པོ་སྤྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས། དེ་ན་གནས་པའི་ཡེ་ཤེས་ལས་དང་འཇིག་རྟེན་གྱི་དྲེགས་པ་སྡེ་བརྒྱད་ཐམས་ཅད་ལ་ཕོག་པས། སྔོན་གྱི་ཡལ་གམ་རྗེས་སུ་དྲན་ཏེ་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ། ལྷ་སྲིན་ཐམས་ཅད་ཀྱི་ཁེངས་སེམས་ཞི། མ་རུངས་པ་ཐམས་ཅད་ཀྱི་སྲོག་སྙིང་འཕྲོག །མཚང་ནས་བྲུས། དཔའ་ཟིལ་བཅག །འདར་ཞིང་ཞུམས་པ་དང་བཅས་གུས་འདུད་ཆེན་པོས་བྲན་ཁོལ་དང་འབངས་སུ་དམ་བཅས། ཇི་ལྟར་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབ་པར་བསམ། ཤྲཱི་མ་ཧཱ་ཀཱ་ལའི་སྔགས་བཟླ། དགོངས་པས་གཟིར་བས་ཕྱི་ནང་གསང་བའི་དྲེགས་ཚོགས་ཀྱིས་ཚར་གཅོད་རྗེས་སུ་འཛིན་པའི་ཕྲིན་ལས་མཐར་ཕྱིན་པར་འགྱུར་རོ། །ལྔ་པ་རྩ་གསུམ་ཆོས་སྐྱོང་གང་ལྟར་བསྒྲུབ་ཀྱང་ཟབ་གནད་མན་ངག་དམར་བྱང་ནི། ཡིག་ཆུང་ལས། བསྙེན་སྒྲུབ་ལས་སྦྱོར་གང་ལྟར་ཡང་སོགས་ནས། དངོས་གྲུབ་ཐོབ་པར་གདོན་མི་ཟ༔ ཞེས་པའི་དོན་ཏེ། རྣམ་པ་བླ་མ་ལྟར་བསྙེན་པ། ཡི་དམ་ལྟར་ཉེ་བསྙེན། མཁའ་འགྲོ་ལྟར་སྒྲུབ་པ། ཆོས་སྐྱོང་ལྟར་སྒྲུབ་པ་ཆེན་པོ་གང་གི་ཚུལ་ལྟར་ལྷ་སྔགས་ཏིང་ངེ་འཛིན་སྣ་ཚོགས་སུ་བསྒྱུར་བས་ལས་ཀྱི་རྣོ་སོ་ཆེ་ཞིང༌། ངོ་བོ་དྲན་ཆོག་རྒྱལ་པོ་བླ་མ་གུ་རུ་རིན་པོ་ཆེ་གཅིག་གི་ཡེ་ཤེས་ལས་མ་འདས་པར་ཤེས་པས་ཉམས་སུ་བླངས་ན་བྱིན་རླབས་ཆེ་བས་འཕྲལ་དུ་འགྲུབ་ཐག་ཉེ་ཞིང༌། ཐམས་ཅད་མཐར་ཐུག་བླ་མ་ལ་བསྟེན་པ་མཆོག་སྒྲུབ་ཀྱི་གཞི་བཟུང་བས་གེགས་དང་གོལ་ས་མེད་པ་མྱུར་ལམ་དུ་གྱུར་བས་བོགས་འབྱིན་ཆེ་བ་སྟེ། གསལ་སྣང་རབ་ཀྱིས་ངོ་བོའི་གནད་དེ་ལྟར་ཤེས་པས་རྣམ་པ་གཞུང་གི་དངོས་བསྟན་ལྟར་དམིགས་པ་གསལ་བ་གནད་དུ་ཆེ་ལ། དེ་ཙམ་མ་བྱུང་ཡང་རྩ་གསུམ་ཐམས་ཅད་བླ་མ་གཅིག་གི་རང་བཞིན་ལས་རྒྱུད་ཐ་དད་དུ་མ་གྱུར་པས། བླ་མ་ནི་རང་ལ་བཀའ་དྲིན་ཆེན་པོའི་ཐུགས་བརྩེས་རྗེས་སུ་འཛིན་བཞིན་ཡིན་པས་ཅི་འདོད་དངོས་གྲུབ་ཐོབ་པ་ལ་ཐེ་ཚོམ་མེད་སྙམ་པའི་མོས་གུས་དཀར་པོ་ཆིག་ཐུབ་ཀྱིས་བློ་སྙིང་བྲང་གསུམ་གཏད་ན་ནམ་ཡང་བསླུ་བ་མེད་ངེས་པའི་གསོལ་བ་བཏབ་ན། དད་པ་ཅན་ལ་དངོས་གྲུབ་ཉེ་བ་གསང་སྔགས་ཀྱི་ཁྱད་ཆོས་ཡིན་ཕྱིར་མི་འགྲུབ་པའི་དབང་མེད་ལ། བླ་མ་དེ་ཡང་ཕྱི་རོལ་ན་མེད་དེ་སེམས་ཉིད་ཆོས་སྐུའི་བླ་མ་གདོད་ནས་རང་ཆས་སུ་བཞུགས་པ་ལ་བཞུགས་པར་ངོ་ཤེས་པས། དེའི་ཆོས་ཉིད་བདེ་ལ་རྟོག་པ་མེད་པ། གསལ་ལ་ངོས་བཟུང་མེད་པ། རིག་པ་རྗེས་མཐུད་མེད་པ། ཡུལ་ལ་མ་ཡེངས། སེམས་སུ་མི་འཛིན། བསྒོམ་བྱ་སྒོམ་བྱེད་ཀྱི་ཆོས་ལས་འདས་པའི་ངང་བསྐྱངས་ན་ལྟ་བའི་རྩིས་ཟིན་པ་ཉམས་ལེན་གྱི་སྙིང་པོ་ཡིན་ནོ། །སྤྱིར་ཟབ་གཏེར་གྱི་སྟོན་པ་དང་པོ་སངས་རྒྱས་བླ་མའི་རྩ་གསུམ་དངོས་གྲུབ་བརྟན་གཟིགས་ཤོག་དྲིལ་ཉེར་གཅིག་པ་དང༌། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་གཙོས་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་སྤྱི་གཏེར། གུ་རུ་རིན་པོ་ཆེའི་གསོལ་འདེབས་ཕྱི་སྒྲུབ་བར་ཆད་ལམ་སེལ། ནང་སྒྲུབ་བསམ་པ་ལྷུན་གྲུབ། གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ། ཡང་གསང་རྡོ་རྗེ་དྲག་རྩལ་ཞེས་རིག་འཛིན་མཆོག་གྲུབ་ཀྱི་བཀའ་བབ་ཆེན་པོ་བཞུགས་པ་ལྟར། འདི་ཡང་དེའི་ཆ་ཤས་ལས་འཕྲོས་པའི་བྱིན་རླབས་ཀྱི་ཟེགས་མ་ཞིག་བདག་གི་སྐལ་བར་ཐོབ་སྙམ་པས་ཉམས་སུ་ལེན་རིན་ཆོག་པ་ཡིན་རློམས་ཀྱིས་བྲིས་པ་ལགས་སོ། །མཁས་གྲུབ་ཉི་ཟླའི་བགྲོད་པས་ལེགས་བཟུང་བའི། །ཟབ་རྒྱས་བཀའ་གཏེར་མཁའ་ལྟར་རྒྱ་ཆེ་ཞིང༌། །མན་ངག་རྒྱུ་སྐར་འབུམ་གྱིས་བཀྲ་ན་ཡང༌། །ཐོས་བསམ་སྒོམ་པས་བདག་ཏུ་མཛད་པ་དཀོན། །སྔོན་སྦྱངས་ལས་འཕྲོ་པད་སྣལ་ལས་ཕྲ་ཡང༌། །རྣམ་འདྲེན་འོད་སྣང་བདག་པོའི་བྱིན་སྣང་གིས། །ཟབ་ལམ་གནད་ཀྱི་པདྨའི་དགའ་ཚལ་ཞིག །ལྷག་བསམ་ཡིད་ཀྱི་དོ་རར་ཚར་དུ་དངར། །པུསྟི་ལོངས་པའི་ཐུགས་སྒྲུབ་མེད་ན་ཡང༌། །དོན་གནད་སྙིང་པོ་རྩ་གསུམ་ཀུན་འདུས་ཡིན། །མི་འགྲུབ་འཕྲལ་མཁོའི་ལས་ཚོགས་མ་སྤེལ་ཀྱང༌། །ཉམས་སུ་བླངས་ན་མཆོག་དངོས་ལག་རྩེར་སྟོན། །ཁ་ཕོ་ཆེ་བའི་ལུང་བསྟན་མི་ཤེས་ཀྱང༌། །འབྲེལ་ཚད་དོན་ལྡན་ཆོས་སུ་ངེས་པ་རྙེད། །དྲན་ཚད་བྲིས་པའི་ཡིག་ཉོབ་མ་བསགས་ཀྱང༌། །བཀའ་གཏེར་གདམས་པའི་ཉིང་ཁུ་གཅིག་ཏུ་བསྡུས། །ཆེད་དུ་བཅོས་པའི་རང་བཟོས་མ་བསྒྲིགས་ཀྱང༌། །འབའ་སམ་བསྡུས་པའི་གཞུང་དང་འདི་མི་འདྲ། །མཐོ་ལ་ཁྱད་སོད་དམའ་ལ་བརྙས་སེམས་ཚིག །ཞུས་པ་མིན་ཡང་ཡིན་ལུགས་ལྷུག་པར་བརྗོད། །སྙིགས་དུས་སྐྱེས་ཀྱང་ཚད་མའི་མཁས་གྲུབ་མཇལ། །ཆོས་ཀྱི་མུ་གེ་གཏན་ནས་མ་མྱོང་བས། །དད་པ་ཅན་ལ་པད་འབྱུང་སྒོ་ཉལ་དུ། །རློམས་པས་བྲིས་འདིས་བསྟན་འགྲོར་སྨན་གྱུར་ཅིག །དེ་སྐད་ཟབ་གསང་པདྨའི་དགའ་ཚལ་ལ། །ངོམས་མེད་རྩེན་པ་རྐང་པ་དྲུག་པའི་འབུས། །བསགས་བསགས་སྦྲང་རྩིའི་སྐྱེས་ཀྱི་དགའ་སྟོན་འདི། །དམ་པའི་གསུང་འོད་དྲོད་ཀྱིས་བསྐུལ་ཏེ་བྲིས། །ལེགས་བྱས་དཔལ་གྱིས་ཉམས་རྟོགས་ལུས་རྩལ་རྫོགས། །སྨིན་གྲོལ་སྡེར་བཞིས་ནག་ཕྱོགས་ཝ་སྐྱེས་འཇོམས། །བཤད་སྒྲུབ་གཡུ་རལ་བསིགས་པས་བསྟན་དང་འགྲོར། །དགེ་སོགས་རྫོགས་ལྡན་འཆར་བའི་གཉེན་གྱུར་ཅིག །ཅེས་པ་འདིའང་དམ་པའི་ངང་ཚུལ་བཅུ་གཉིས་ཀྱིས་གསང་གསུམ་མཛེས་པར་སྤྲས་པ་འཁྲུལ་ཞིག་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚད་མའི་གཏེར་ཆེན་ཞིག་དང་མཉམ་པའི་དག་སྣང་གིས་གནང་སྐྱེས་གྱ་ནོམ་པ་སྔ་ཕྱིར་བསྩལ་ཏེ་གསུང་ནན་ལྕི་བས་བསྐུལ་བ་དང༌། སྔ་འགྱུར་རྡོ་རྗེ་སྙིང་པོའི་བསྟན་པ་ཨ་རིའི་ལྗོངས་སུ་སྤེལ་བའི་སྔགས་བཙུན་ཉག་རོང་ལྕགས་མདུད་སྤྲུལ་པའི་སྐུ་པདྨ་གར་གྱི་དབང་ཕྱུག་ཡབ་སྲས་སློབ་ཚོགས་དང་བཅས་པས་རིང་ནས་རྟེན་དང་བཅས་ཏེ་གསུང་བསྐུལ་ཡང་ཡང་བྱུང་བ་བཞིན་ཞིབ་རྒྱས་སུ་བཀོད་པ་པོ་པདྨ་གར་དབང་མདོ་སྔགས་བདེ་ཆེན་གླིང་པས་ལྷོ་མོན་སྐུ་རྗེས་རྡོ་རྗེ་བཀོད་པའི་ཀེའུ་ཚང་ནས་དབུ་བརྩམས། ཕ་རན་སེའི་རྒྱལ་ཁབ་ཀྱི་དབེན་གནས་རྡོ་གདོང་ཞི་བའི་ནགས་ཀླུང་དུ་གྲུབ་པར་བགྱིས་པ་ཡི་གེ་གཉིས་པའི་མཐུན་འགྱུར་གྲུབ་དབང་ཡེ་ཤེས་རྡོ་རྗེའི་མཆོག་སྤྲུལ་ཐུབ་བསྟན་ལུང་རིགས་སྨྲ་བའི་ཉི་མས་མཛད་པ་ཀུན་བཟང་ཐུགས་ཀྱི་བསྟན་པའི་སྤོང་ཀློག་དང༌། འཛམ་གླིང་རྒྱལ་ཁབ་ཞི་བདེའི་བདུད་རྩིའི་དགའ་སྟོན་ལ་སྤྱོད་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:11, 1 June 2024
Wylie title | rang byung pad+ma'i snying thig las/ rtsa gsum spyi dril gyi thugs sgrub dngos grub snying po ji ltar nyams su len pa'i yi ge dngos grub rgya mtsho'i bcud 'dzin | |
---|---|---|
Location | dil mgo mkhyen brtse bka' 'bum Volume 17, Text 31, Pages 247-269 (Folios 1a to 23b2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Rang byung pad+ma'i snying thig las rtsa gsum spyi dril gyi thugs sgrub dngos grub snying po ji ltar nyams su len pa'i yi ge dngos grub rgya mtsho'i bcud 'dzin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 247-269. Delhi: Shechen Publications, 1994. | |
Genre | Recitation Manual - bsnyen yig | |
Cycle | རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig) | |
Colophon |
།ཅེས་པ་འདིའང་དམ་པའི་ངང་ཚུལ་བཅུ་གཉིས་ཀྱིས་གསང་གསུམ་མཛེས་པར་སྤྲས་པ་འཁྲུལ་ཞིག་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚད་མའི་གཏེར་ཆེན་ཞིག་དང་མཉམ་པའི་དག་སྣང་གིས་གནང་སྐྱེས་གྱ་ནོམ་པ་སྔ་ཕྱིར་བསྩལ་ཏེ་གསུང་ནན་ལྕི་བས་བསྐུལ་བ་དང༌། སྔ་འགྱུར་རྡོ་རྗེ་སྙིང་པོའི་བསྟན་པ་ཨ་རིའི་ལྗོངས་སུ་སྤེལ་བའི་སྔགས་བཙུན་ཉག་རོང་ལྕགས་མདུད་སྤྲུལ་པའི་སྐུ་པདྨ་གར་གྱི་དབང་ཕྱུག་ཡབ་སྲས་སློབ་ཚོགས་དང་བཅས་པས་རིང་ནས་རྟེན་དང་བཅས་ཏེ་གསུང་བསྐུལ་ཡང་ཡང་བྱུང་བ་བཞིན་ཞིབ་རྒྱས་སུ་བཀོད་པ་པོ་པདྨ་གར་དབང་མདོ་སྔགས་བདེ་ཆེན་གླིང་པས་ལྷོ་མོན་སྐུ་རྗེས་རྡོ་རྗེ་བཀོད་པའི་ཀེའུ་ཚང་ནས་དབུ་བརྩམས། ཕ་རན་སེའི་རྒྱལ་ཁབ་ཀྱི་དབེན་གནས་རྡོ་གདོང་ཞི་བའི་ནགས་ཀླུང་དུ་གྲུབ་པར་བགྱིས་པ་ཡི་གེ་གཉིས་པའི་མཐུན་འགྱུར་གྲུབ་དབང་ཡེ་ཤེས་རྡོ་རྗེའི་མཆོག་སྤྲུལ་ཐུབ་བསྟན་ལུང་རིགས་སྨྲ་བའི་ཉི་མས་མཛད་པ་ཀུན་བཟང་ཐུགས་ཀྱི་བསྟན་པའི་སྤོང་ཀློག་དང༌། འཛམ་གླིང་རྒྱལ་ཁབ་ཞི་བདེའི་བདུད་རྩིའི་དགའ་སྟོན་ལ་སྤྱོད་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། | |
/ces pa 'di'ang dam pa'i ngang tshul bcu gnyis kyis gsang gsum mdzes par spras pa 'khrul zhig 'gyur med chos kyi blo gros rin po ches tshad ma'i gter chen zhig dang mnyam pa'i dag snang gis gnang skyes gya nom pa snga phyir bstsal te gsung nan lci bas bskul ba dang*/_snga 'gyur rdo rje snying po'i bstan pa a ri'i ljongs su spel ba'i sngags btsun nyag rong lcags mdud sprul pa'i sku pad+ma gar gyi dbang phyug yab sras slob tshogs dang bcas pas ring nas rten dang bcas te gsung bskul yang yang byung ba bzhin zhib rgyas su bkod pa po pad+ma gar dbang mdo sngags bde chen gling pas lho mon sku rjes rdo rje bkod pa'i ke'u tshang nas dbu brtsams/_pha ran se'i rgyal khab kyi dben gnas rdo gdong zhi ba'i nags klung du grub par bgyis pa yi ge gnyis pa'i mthun 'gyur grub dbang ye shes rdo rje'i mchog sprul thub bstan lung rigs smra ba'i nyi mas mdzad pa kun bzang thugs kyi bstan pa'i spong klog dang*/_'dzam gling rgyal khab zhi bde'i bdud rtsi'i dga' ston la spyod pa'i rgyur smon pa bzhin 'grub par gyur cig/ |