DKR-KABUM-09-TA-012: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་ཁྱད་པར་འཕགས་པའི་ལས་ཚོགས་ལྷ་སྲིན་དམ་བསྒྲགས་རྡོ་རྗེའི་རི་དབང་གི་ཟུར་རྒྱན་ངོ་མཚར་རྡོ་རྗེའི་འཕྲུལ་མིག། | |||
|fulltitle=bla ma'i thugs sgrub bar chad kun sel las/ rig 'dzin khyad par 'phags pa'i las tshogs lha srin dam bsgrags rdo rje'i ri dbang gi zur rgyan ngo mtshar rdo rje'i 'phrul mig | |||
|citation=[[Khyentse, Dilgo]]. ''Bla ma'i thugs sgrub bar chad kun sel las rig 'dzin khyad par 'phags pa'i las tshogs lha srin dam bsgrags rdo rje'i ri dbang gi zur rgyan ngo mtshar rdo rje'i 'phrul mig''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 9: 60-66. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=mchog gyur gling pa | |||
|sourcerevealertib=མཆོག་གྱུར་གླིང་པ་ | |||
|tibgenre=Activity Practices - las tshogs, Supplemental Instructions - zur 'debs - zur rgyan | |||
|terma=Yes | |||
|dkroutline=Three | |||
|deity=rig 'dzin khyad par 'phags pa | |||
|cycle=bla ma'i thugs sgrub bar chad kun sel | |||
|cycletib=བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=25 | |||
|textnuminvol=012 | |textnuminvol=012 | ||
|pagenumbers=60-66 | |||
|totalpages=14 | |||
|beginfolioline=1a | |||
|endfolioline=7b5 | |||
|totalfolios=7 | |||
|multivolumework=No | |||
|rectonotes=dam bsgrags | |||
|versonotes=khyad par 'phags pa | |||
|colophontib=།ཅེས་པའང་ལྕགས་སྤྲེལ་སྤྲེལ་ཟླའི་༦ཚེས་བཅུར་བོད་ཡུལ་བཀྲ་ཤིས་འབྱུང་བའི་གནས་མཆོག་སྤ་གྲོ་སྟག་ཚང་སེངྒེ་བསམ་འགྲུབ་ནས་ལས་སྦྱོར་འདི་བརྩམས་པའི་ཚེ་རྙིང་སྔགས་རྒས་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་རི་ཁྲུས་སོགས་བསྣན་ཏེ་ཟིན་རིས་སུ་བཏབ་པ་གངས་ཅན་བདེ་སྐྱིད་དཔལ་ཡོན་རྒྱས་བརྟན་གྱི་རྟེན་འབྱུང་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། | |||
|colophonwylie=/ces pa'ang lcags sprel sprel zla'i 6tshes bcur bod yul bkra shis 'byung ba'i gnas mchog spa gro stag tshang seng+ge bsam 'grub nas las sbyor 'di brtsams pa'i tshe rnying sngags rgas po 'gyur med theg mchog bstan pa'i rgyal mtshan gyis kun gzigs mkhyen brtse rin po che'i gsung ri khrus sogs bsnan te zin ris su btab pa gangs can bde skyid dpal yon rgyas brtan gyi rten 'byung du smon pa bzhin 'grub par gyur cig_/sarba mang+ga laM/_dge'o// | |||
|pdflink=File:DKR-KABUM-09-TA-012.pdf | |pdflink=File:DKR-KABUM-09-TA-012.pdf | ||
}} | }} | ||
Line 16: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་ཁྱད་པར་འཕགས་པའི་ལས་ཚོགས་ལྷ་སྲིན་དམ་བསྒྲགས་རྡོ་རྗེའི་རི་དབང་གི་ཟུར་རྒྱན་ངོ་མཚར་རྡོ་རྗེའི་འཕྲུལ་མིག་ཅེས་བྱ་བ་བཞུགས།། | {{TibP|༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་ཁྱད་པར་འཕགས་པའི་ལས་ཚོགས་ལྷ་སྲིན་དམ་བསྒྲགས་རྡོ་རྗེའི་རི་དབང་གི་ཟུར་རྒྱན་ངོ་མཚར་རྡོ་རྗེའི་འཕྲུལ་མིག་ཅེས་བྱ་བ་བཞུགས།།<br><br> | ||
མཁའ་ཁྱབ་ཐུགས་རྗེའི་སྤྲིན་ཆེན་ལས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ཆར། །བསྟན་འགྲོའི་སྙིང་གི་དཔྱིད་སྨིན་པའི། །གུ་རུ་ཁྱད་འཕགས་རིག་འཛིན་རྒྱལ། །སྔོན་བྱོན་སྟོན་པའི་རྣམ་པར་ཐར། །རྗེས་འཇུག་གྲུབ་པས་ཉམས་བླངས་ནས། །སྙིགས་དུས་ཕན་བདེའི་གསོས་འགྱུར་ཕྱིར། །ཟབ་གཏེར་མན་ངག་སྤྲོས་ཏེ་འཆད། །དེ་ཡང་གཏེར་སྟོན་གྲུབ་ཐོབ་ཡེ་ཤེས་ཀྱི་རྒྱལ་པོ་རིག་འཛིན་རྩལ་འཆང་ཡབ་སྲས་ཀྱི་ཟབ་གཏེར་གཅིག་དྲིལ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གུ་རུ་ཁྱད་པར་འཕགས་པའི་ལས་མཐའ་བཀའ་ནན་རབ་བརྗིད་ཀྱི་ཆོ་ག་རྒྱས་པར་བྱ་བའི་ཚུལ་ལ། བྱེད་པ་པོའི་གང་ཟག་བྱང་གླིང་དཔལ་གྱི་རྒྱལ་མཚན་གྱི་གཏེར་བྱོན་བཀའ་ནན་རབ་བརྗིད་ལས། ཨོ་རྒྱན་བརྒྱུད་འཛིན་རྣལ་འབྱོར་པས༔ ཞེས་པ་ལྟར། གུ་རུའི་ལུང་གིས་བསྔགས་པའི་རྒྱལ་ཚབ་དང༌། དེའི་གདུང་རིགས་ནུས་ལྡན་དང༌། རྩ་བ་གསུམ་གྱི་བསྙེན་སྒྲུབ་ལས་སུ་རུང་ཞིང་བསྐྱེད་རྫོགས་ཀྱི་གདིང་དང་ལྡན་པས། བྱ་བའི་དགོས་པ། མ་འོངས་སྙིགས་མ་ལྔ་སྤྱོད་དུས༔ ཉོན་མོངས་དུག་ལྔའི་རང་སྐྱོན་གྱིས༔ ནད་མཚོན་མུ་གེས་རང་སྲོག་འདོར༔ བོད་ཁམས་སྡུག་བསྔལ་སྤྱོད་པའི་ཚེ༔ དམག་དཔུང་གདུག་པས་འཚེ་བའམ༔ སད་སེར་ལོ་དགྲ་འབྱུང་འགྱུར་རོ༔ ནད་བདག་ངེས་མེད་རིམས་འབེབས་ཤིང༔ ནད་ངན་གདུག་པས་ཉེས་གྱུར་ན༔ ཡུལ་ཁམས་གྲོང་ངམ་གྲོང་བརྡལ་རྒྱུ༔ སྲུང་བཟློག་ཞི་བར་བྱ་འདོད་ན༔ དུས་ནི། ཡུལ་གསར་འཛིན་ནམ་ལས་སྒོ་འབྱེད༔ མཁར་བརྩེགས་ཀླུ་འདུལ་སྲིའུ་གསོ༔ བྱ་བ་གང་དང་གང་བྱེད་ཀྱང༔ ཞེས་དང༌། དུས་དང་གཟའ་སྐར་ཤིས་པའི་ཚེ༔ ཞེས་པ་ལྟར། དེ་དག་གི་སྐབས་སུ་ཟབ་གཏེར་གྱི་སྒོ་འབྱེད་པ་དང༌། གནས་ཆེན་བྱིན་འབེབས་ཀྱི་སྐབས་སུ། སྤྲེལ་ལོ་སྤྲེལ་ཟླའི་ཡར་མར་གྱི་ཚེས་བཅུ་སོགས་དུས་ཚེས་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉིན་ལས་རིམ་ལ་འཇུག་པ་སྟེ། ཚུལ་འདི་ལྟ་བུའི་ཆོ་ག་ཚད་ལྡན་ནི་ཁེ་ཉེན་ཆེ་བའི་ལས་ཡིན་པས་ན་ཐོག་མར་སྣ་སེལ་དུ་འབུམ་སྡེ་ལྔ། སྲོག་བསླུ། ཉེའུ་འདོན་པ། སྒྲོལ་མ་མཎྜལ་བཞི་ཆོག །སཱཙྪ་གདབ་པ། ཕུད་རབས་རྒྱས་པ། བཤགས་རྒྱུད་དང་དོང་སྤྲུགས་ཀྱི་ཆོ་ག་རྩ་གསུམ་ཚོགས་སྐོང་སོགས་རྒྱས་པར་བསྒྲུབ། བྱེ་བྲག་ཏུ་དམག་བཟློག་ལ་མ་གཤིན་ཕུར་གསུམ་གྱི་མདོས་བཟློག །གདུགས་དཀར། གཙུག་ཏོར་རྣམ་རྒྱལ། སྟོབས་པོ་ཆེ། གཟུངས་གྲྭ་ལྔ། ཕྱིར་བཟློག །སྡོང་རྒྱན་སོགས་མདོ་གཟུངས་སྒྲོག །སད་སེར་ལོ་ཉེས་སྲུང་བ་གཏེར་བུམ་སྒྲུབ་པ། ཀླུ་མཆོད་དང་ཀླུ་གཏོར། ནོར་རྒྱུན་མའི་གཟུངས་མདོ་སྒྲོག །ནོར་ལྷ་དང་ཞིང་ལྷ་མཆོད། གཡང་སྒྲུབ་དང་ཛཾ་གཏོར་བཏང༌། ནད་ཡམས་སྲུང་བཟློག་ལ། གཙུག་ཏོར་ནག་མོ་དང་མ་མོའི་མདོས། བརྟན་མའི་མདོས་ཆེན། བརྒྱ་བཞི། ཁ་འབར་དཀར་ནག་ཁྲ་གསུམ། དཀར་དམར་གྱི་གསུར། དམ་སྲི་དང༌། ཤི་འདྲེའི་གླུད་བསྔོ། ལོ་གྱོན་མའི་གཟུངས་སྒྲུབ་རྣམས་ལེགས་པར་བསྒྲུབ། དམ་བསྒྲགས་ཀྱི་གནས་ནི། སྦས་པའི་གནས་དང་རི་ཡི་རྩེ༔ ཕོ་བྲང་མཁར་གྱི་ཡང་ཐོག་སོགས༔ ས་ཕྱོགས་ཐམས་ཅད་མཐོང་བ་དང༔ གཉན་ཞིང་བཀྲ་ཤིས་གནས་མཆོག་ཏུ༔ ཞེས་གསུངས་པ་ལྟར་འགལ་རྐྱེན་བྲལ་ཞིང་མཐུན་རྐྱེན་རྣམས་ཚོགས་པར་བྱས་ལ། ཇི་ལྟར་བྱ་བའི་ལས་རིམ་ནི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལམ། ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུའི་བླ་སྒྲུབ་གང་རུང་ལ་བསྟེན་པའི་བསྐྱེད་བཟླས་ཚོགས་སྐོང་ཞག་བདུན། གསུམ་སོགས་ཇི་ལྟར་རིགས་པས་གཞུང་བསྲངས་ཏེ། དེ་དག་གི་སྐབས་སུ་བྱེ་བྲག་ཁྱད་འཕགས་རིག་འཛིན་གྱི་བསྐྱེད་བཟླས་ཡང་ཡང་བྱ་ཞིང་གཞུང་གསལ་རྩ་བའི་བསྙེན་དམིགས་དང༌། ཁྱད་པར་རང་འདྲའི་ཡེ་ཤེས་སྐུ་གཉིས་པ༔ དཔག་མེད་ཉི་ཟེར་རྡུལ་ལྟར་སོགས་ཀྱི་དམིགས་བཟླས་དང༌། རེས་འགའ་ཀུན་ལ་སྙིང་རྗེ་དང༔ རེས་འགའ་སྟོང་ཉིད་ཕྱག་རྒྱས་གདབ༔ ཅེས་པ་རྣམས་གནད་དུ་བསྣུན་ཏ་རྟགས་ཐོན་པར་བྱ། ཡང་གློ་བུར་དུ་དགོས་པ་བྱུང་བ་ཁྱད་འཕགས་རིག་འཛིན་ལ་ཕྲིན་ལས་སྙིང་པོའི་ཆིངས་དང་སྦྱར་ཏེ་བཏང་ཀྱང་མི་རུང་བ་མེད། དམ་བསྒྲགས་དངོས་ལ་རྒྱས་པ་ཉིན་གསུམ་དུ་བྱས་ན་ལེགས་པའི་དང་པོ་ལས་གཞུང་གང་ཡིན་བསྲངས་རྗེས། ཁྲུས་ཆོག་ཟླ་བའི་བདུད་རྩིའི་བུམ་སྒྲུབ་ལྟར་ཁྲུས་བུམ་ལེགས་པར་བསྒྲུབས། གལ་ཆེ་ན་གཟུངས་སྔགས་རྣམས་དགེ་སློང་བཞི་སྡེ་སོགས་ཀྱིས་གྲངས་བསགས། སྐུ་གསུང་ཐུགས་རྟེན་བྱིན་ཅན་ལ་མཆོག་ཁྲུས་གསོལ་ནས་ཁྲུས་བུམ་ཏུ་བླུགས། བསང་བརྔན་འདོད་དགུའི་རྒྱ་མཚོ་རྒྱས་པར་བཏང་སྟེ་མགྲོན་སྤྱན་འདྲེན་མཆོད་བསྟོད་བར་བཏང་རྗེས། བླ་གབ་མེད་པ་རི་ཀླུང་དང་ཡུལ་ལྷ་ཀུན་མཐོང་བའི་སར་ཕྱིན་ལ། དང་པོ་ཉེས་ཚོགས་བཀྲུ་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྗོངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་མངའ་བསྒྱུར་བའི་ཡུལ་ལྷ་གཞི་བདག་གནས་བདག་གཉུག་མར་གནས་པའི་དཀར་ཕྱོགས་ཀྱི་ཟོ་དོར་ཆེན་པོ། རྒྱ་བལ་འབྲས་འབྲུག་སོགས་ཀྱི་སྐབས་ཐོབ་དམིགས་བསལ་ཁ་བསྒྱུར། བོད་ཁམས་སྐྱོངས་བའི་བརྟན་མ་བཅུ་གཉིས། ཡ་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། དགེ་བསྙེན་ཉེར་གཅིག །གངས་ཅན་ཉེར་གཅིག །བྲག་ཕུག་བརྒྱད། ཕྱོགས་བཞིའི་བྲག་རི། མཚོ་ཆེན་བཞི། ལུང་ལྔ། ལྗོངས་གསུམ། འབྲོས་ཡུལ་བཞི་ལ་སོགས་པ་མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། གཉན་ཆེན་སྡེ་བཞི། སྒང་དྲུག་གཞི་བདག་བཅུ་གཉིས། ཆུ་བཞིའི་དགེ་བསྙེན་བཞི་སོགས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཞི་གནས། གཏེར་བདག་མཆེད་དང་རིགས་སྲས་བཙུན་མོ་འཁོར་དང་ཡང་འཁོར་བཅས་པ་ཐམས་ཅད་དང༌། གཞན་ཡང་འཛམ་གླིང་ཐ་གྲུ་ཁོ་ར་ཁོར་ཡུག་གི་ས་ཆུ་རྡོ་ཤིང་གཉན་པ་ལ་གནས་པ་རྣམས་དང༌། ཁྱད་པར་ཕོག་ཐུག་འཁོན་གྲིབ་སོགས་ཀྱི་ཉེས་པས་ཕོག་པ་ཐམས་ཅད་དག་བྱེད་ཁྲུས་ཀྱི་ཆོ་གའི་མགྲོན་འདིར་སྐད་ཅིག་ཐང་གཅིག་ཡུད་ཙམ་ལ་འདུས་ཤིང་ཁྲུས་ཀྱི་བྱ་བ་ལ་དགྱེས་ཤིང་གུས་པས་འཁོད་པར་གྱུར་ཅིག །སརྦ་བྷཱུ་མི་པ་ཏི་ལོ་ཀ་པ་ལ་ཨ་ཀརྵ་ཡ་ཛཿ ཧཱུྃ། ང་ནི་པདྨ་ཐོད་ཕྲེང་རྩལ། །སོགས་བཀའ་ནན་རབ་བརྗིད་ལྟར་སྦྱར། བྱང་གླིང་དཔལ་གྱི་རྒྱལ་མཚན་གྱི་བཀའ་ནན་རབ་བརྗིད་སྦྱར་ན། ཧཱུྃ་ཧཱུྃ་ཧཱུྃ། རྗེ་བཙུན་ང་ནི་ཀུན་ཏུ་བཟང་སོགས་སྦྱར། དེ་ནས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སོགས་ཁྲུས་ཆོག་ཟླ་བའི་བདུད་རྩི་ལྟར་བྱ། སྐབས་འདིར་ཞི་བ། ཕྱེད་མ། དྲག་པོའི་སྦྱང་བ་རྣམས་ཟླ་བའི་བདུད་རྩི་ལྟར་བྱ། གཞི་བདག་གནས་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ཀྱི། ཚེ་ཐོག་མ་མེད་པ་ནས་བསགས་པའི་ཉོན་མོངས་ཞེ་སྡང་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་སོགས་སྦྱར། བྱབ་པའི་སླད་དུ་རྨ་བྱའི་མདངས་ཀྱི་དབུས་སུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་རྡོ་རྗེ་དང་བཅས་པས་བྱབ་པར་བསམ་ལ། དར་དཀར་རྨ་བྱའི་མདོངས་ཀྱིས་བྱབས་ཏེ། ཧཱུྃཿ དཀོན་མཆོག་གསུམ་གྱི་བདེན་པ་དང༔ སོགས་ཟླ་བའི་བདུད་རྩི་ལྟར་ལ། འདོད་གསོལ། ཡུལ་ལྷ་རྣམས་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ཉོན་མོངས་དུག་ལྔ་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་སོགས་པའི་རྒུད་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ། སྲུང་བའི་སླད་དུ། དེ་དག་གི་སྒོ་གསུམ་ཕྱིན་ཆད་བར་ཆད་གང་གིས་མི་ཚུགས་པའི་ཕྱིར་སློབ་དཔོན་གྱི་ཕྱག་མཚན་རྡོ་རྗེ་ལས་རྡོ་རྗེ་གྲངས་མེད་པ་འཕྲོས་སོགས་ཟླ་བའི་བདུད་རྩི་ལྟར། ཧཱུྃ༔ མ་སྐྱེས་འཇིགས་པ་སོགས་བརྗོད་བཞིན་རྡོ་རྗེ་དང་བཅས་པས་ཕྱོགས་ཀུན་ཏུ་རྒྱ་གྲམ་དུ་བཞག་སྟེ། ཡུལ་རྒུད་པ་ཐམས་ཅད་ཀྱི་མི་ཚུགས་པ་རཀྵ་རཀྵ་སྭཱ་ཧཱ། དེ་ནས་དགེ་ལེགས་ཤིས་པའི་སླད་དུ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་སློབ་དཔོན་དང་ལྷན་ཅིག་ཤིས་པ་བརྗོད་པ་དང་ཆབས་ཅིག་ལྷ་ཡི་མེ་ཏོག་སིལ་མ་ཆར་དུ་བསྙིལ་བའི་མོས་པ་མཛོད། གང་ལ་སེར་སྣ་སོགས་རོལ་མོ་བཅས་བྱ། བསང་བརྔན་འདོད་དགུའི་རྒྱ་མཚོའི་བསང་རབས། ཀྱཻ། དང་པོ་བསང་བྱུང་སོགས་གཞུང་བསྲངས། ཆོས་སྦྱིན་གྱི་དབུར། སླར་ཡང་བདེ་གཤེགས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་སྐྱབས་སེམས་ཀྱི་སྡོམ་པ་འཛིན་སྙམ་པས་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་པདྨ་དང་ཟླ་བའི་སྟེང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བར་དམིགས་པ་སངས་རྒྱས་དཀོན་མཆོག །ཐེག་ཆེན་གྱི་དམ་ཆོས་གླེགས་བམ་བྲག་རི་བརྩེགས་པ་ལྟར་བཞུགས་པ་ཆོས་དཀོན་མཆོག །ཐེག་པ་ཆེན་པོའི་བྱང་སེམས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དགེ་འདུན་དཀོན་མཆོག་སྟེ། དེ་རྣམས་ལ་འདི་ནས་བྱང་ཆུབ་མ་ཐོབ་པར་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གཞི་བདག་གནས་བདག་གི་རིགས་སུ་གཏོགས་པ་ཐམས་ཅད་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར༴ ལན་གསུམ་བརྗོད་པས་དེ་རྣམས་ཀྱི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་སྐྱེས་པར་བསམ། སླར་ཡང་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པ་སོགས་ནས། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་སོགས་ལན་གསུམ་བརྗོད་པས་བྱང་སེམས་ཀྱི་སྡོམ་པ་ཐོབ་བྱུང་སྙམ་དུ་མོས་མཛོད། དེ་ནས་རང་དགའ་བ་བསྒོམ་པ་དང༌། གཞན་དགའ་བ་བསྒོམ་ཏུ་འཇུག་པ་དང༌། སྨོན་ལམ་གདབ་པ་རྣམས་ཀྱང་བྱ། བསོད་ནམས་འདི་ཡིས༴ ལྷ་ཡང་དུས་སུ༴ འཇིག་རྟེན་བདེ་ཞིང་སོགས་སྨོན་ལམ་གང་ཤེས་གདབ་བོ། །དེ་ཡང༌། དབུ་མ་ལུགས་ཀྱི་སེམས་བསྐྱེད་འདི། །སེམས་ཅན་ཀུན་གྱི་ལེགས་ཐོབ་ན། །རྫོགས་པའི་སངས་རྒྱས་རྒྱུར་འགྱུར་ཞེས། །མདོ་དང་བསྟན་བཅོས་རྣམས་ལས་གསུངས། །ཞེས་སོ། །བསང་བརྔན་གཞུང་གི་ཆོས་སྦྱིན། ཨཿ སྐྱེ་མེད་དབྱིངས་སུ་ལྷུན་གྲུབ་གསལ་སོགས་བརྗོད་པས་མཐར་དབྱུང་ལ། ལས་གཞུང་གང་ལ་བསྟེན་པའི་བཀའ་གཏེར་སྲུང་མའི་གཏོར་ཆོག་དང༌། ཚོགས་བསྐང་སོགས་ལས་མཇུག་བསྡུའོ། །ཉིན་གཉིས་པ་ལ་རྩ་གསུམ་ལས་གཞུང་བསྲངས་ཏེ། གལ་ཆེ་གསེར་སྐྱེམས་ཙམ་བྱས་ལ། སློབ་དཔོན་འཁོར་འདས་ཡོངས་ཀྱི་རྗེ་བཙན་མ་ཧཱ་གུ་རུ་ཁྱད་པར་འཕགས་པའི་སྐུས་སྲིད་གསུམ་ཁྱབ་པ་ཁམས་གསུམ་ཟིལ་གྱིས་གནོན་པ། གསུང་གི་དྲག་སྔགས་ལྡིར་བས་དྲེགས་པའི་སྲོག་སྙིང་འདྲེན་པ། ཐུགས་མི་གཡོ་མཁའ་ཁྱབ་ཀྱི་དགོངས་རྩལ་རྫོགས་པས་དྲེགས་བྱེད་ཨར་ལ་གཏོད་པ། ཞི་ཁྲོ་སྤྲུལ་པའི་འཁོར་ལོ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུའི་འཕྲོ་འདུ་གློག་ལྟར་འབྱེད་པའི་ཐུགས་སྲོག་ལས་འོད་ཟེར་ལྕགས་ཀྱུ་དང༌། ལས་བྱེད་ལས་བཞིའི་གིང་ཆེན་གྱི་ཚོགས་ཕྱོགས་བཅུར་རྡོ་རྗེའི་སེར་དྲག་འབེབས་པ་བཞིན་འཕྲོས་པས་སྲིད་པ་གསུམ་གྱི་སྡེ་བརྒྱད་འབྱུང་པོ་མཐུ་ཆེན་ཕོ་མོ་རྣམས་རང་དབང་མེད་པར་ཕྱག་རྒྱ་བཞིས་བཏབ་ཏེ་བཀུག་པར་བསམ་ལ། རྔ་རོལ་དབྱངས་དང་བཅས་སྟེ། ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ་སོགས་དང༌། ཞི་དྲག་ཕྱེད་མའི་སྦྱོང་བ་རི་ཁྲུས། བསང་བསྡུས་རྣམས་སྔ་ཉིན་ལྟར་བྱ། སྡེ་བརྒྱད་ཁེངས་མདོས་འཇམ་མགོན་གསུང་ལྟར་མདོས་བྱིན་རླབས་སྤྱན་འདྲེན་ཡན་ཆད་གྲུབ་པ་དང༌། རང་ཉིད་ཁྱད་པར་འཕགས་པའི་རིག་འཛིན་གྱི་ལྷ་སྲིན་ཐམས་ཅད་དགོངས་པས་གཟིར་ནས་ཐམས་ཅད་དཔའ་བཀོང་ང་རྒྱལ་ཆགས། རྒོལ་བའི་ནུས་སྟོབས་ཟད། མཐུ་དང་རྫུ་འཕྲུལ་གཟི་བརྗིད་ཉམས་ཏེ་འདར་ཞིང་འདུད་པར་བསམ་ལ། ཧཱུྃ་ཧཱུྃ༔ ང་ནི་སངས་རྒྱས་ཀུན་གྱི་སོགས་ནས། འབངས་སུ་གྱུར༔ བར་ཆེ་བ་བརྗོད། དམ་བཞག་དངོས་ནི། ནང་མཆོད་རྡོ་རྗེའི་རྩེའི་འཐོར་ཏེ། བྱང་གླིང་གི །ཧཱུྃ། ཨོ་རྒྱན་པདྨ་རྒྱལ་པོ་སོགས་དང༌། ཧཱུྃ། ང་ནི་པདྨ་འབྱུང་གནས་ཡིན་སོགས། ས་མ་ཡ་ལ་རྩེན་པར་མཛོད༔ བར་སྦྱར་མཐར། དམ་ཚིག་གི་དཔང་པོ་རྡོ་རྗེའི་མནའ་ཆུ་བྱིན་པར་མོས་ལ། ཧཱུྃ༔ སྔོན་གྱི་བསྐལ་བའི་དང་པོ་ནས་སོགས་མཐར། སྔགས་མཐར། ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ བརྗོད་ལ། ཧཱུྃ༔ བླ་མ་ཡི་དམ་དཀོན་མཆོག་གསུམ་སོགས་སྡེ་བརྒྱད་མདོས་དང༌། བཀའ་ཉན་རབ་བརྗིད་གཞུང་གི །ཨོཾ་ཨཱཿཧཱུྃ། སྣང་སྲིད་གཞིར་བཞེངས་སོགས་གྲངས་བསགས་མཐར། གླུད་བཅས་བསྔོས་མཐར་དྲེགས་པ་ཐམས་ཅད་མངའ་འབངས་སུ་ཚུད་པ་ལ་མདོས་གཏོར་འདོད་ཡོན་གྱིས་བརྔན་པས་དགའ་མགུ་ཡི་རང་དམ་ཚིག་གི་རྡོ་རྗེ་སྤྱི་བོར་བཞག་ཅིང་ཐ་ཚིག་བསྒྲགས་ཏེ་ཕྲིན་ལས་བཅོལ་བས་དགའ་བའི་འཛུམ་མདངས་བཅས་ཕྲིན་ལས་ཐོག་མེད་དུ་སྒྲུབ་པར་ཁས་བླང་བར་བསམ་ལ། མདོས་ལ་ཁྲག་ཆང་བདུད་རྩིའི་བྲན། གསེར་སྐྱེམས་སྦྲེང་ཞིང༌། སློབ་དཔོན་གྱིས་རྡོ་རྗེ་གདེང་ཞིང་རིག་རྩལ་སྦར་ལ། ཧཱུྃ་བྷྱོཿ ཉོན་ཅིག་སྣང་སྲིད་སོགས། རྡོ་རྗེའི་ཐ་ཚིག་བྲོ་བོར་གྱུར༔ མཐར་རྫོང་འདེབས་དང་བཅས། སྡེ་བརྒྱད་ཁེངས་མདོས་ཀྱི། ཀྱཻ༔ ད་ནི་སྣང་སྲིད་དྲེགས་པ་སོགས་གཤེགས་གསོལ་བཅས་མདོས་རི་རྩེར་བསྐྱལ། སྐུ་གླུད་གནོད་པའི་ཕྱོགས་སུ་བཏང༌། ལས་གཞུང་གི་གཏོར་བསྔོ་དང་ཚོགས་སྐོང་སོགས་འཇུག་བསྡུའོ། །ཉིན་གསུམ་པ་ལ་སྔ་དྲོ་ལས་གཞུང་གང་ཡིན་རྒྱས་པར་བཏང༌། ཕྱི་དྲོ་གྲོ་ལོད་ཀྱི་ལས་བྱང་མཆོད་པ་བྱིན་བརླབ་ནས་བརྩམས་མདུན་རྟེན་བཟློག་དཀྱིལ་ལ་དམིགས་པའི་བསྐྱེད་བཟླས་སྟོང་ཚིག་མཆོད་བསྟོད་དང༌། བཀའ་ནན་རབ་བརྗིད་ཀྱི། ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་སོགས་དང༌། ཞི་དྲག་ཕྱེད་མའི་སྦྱང་པ། བརྟན་གཡོའི་ཁྲུས། བསང་བསྡུས་མཐར། ཧཱུྃ་ཧཱུྃ༔ ང་ནི་སངས་རྒྱས་ཀུན་སོགས་མཐར་དཔལ་གཏོར་སྡེ་བརྒྱད་ཀྱི་བཤོས་བུས་བསྐོར་བ་ལ་བརྟེན་པའི་མདོས་གཏོར་བསྔོ། དམ་བསྒྲགས་བཅས་བཀའ་ཉན་རབ་བརྗིད་དཀྱུས་ལྟར་དམ་བསྒྲགས། ཧཱུྃ༔ ཉོན་ཅིག་སྣང་སྲིད་བར་བཏང་ནས་ཚོགས་དང་གསོལ་ཀ་གྲོ་ལོད་བཟློག་པའི་ལས་གཞུང་བསྲང་ལ། འགུགས་པའི་བདེན་བརྗོད་སྐབས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རྡོ་རྗེའི་ཐ་ཚིག་བཀའ་ནན་ཕོག་པའི་བཀའ་ལ་མི་ཉན། དམ་ལ་མི་སྡོད་སླར་ལ་འཁུ་ཞིང་གཤེ་བའི་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་གསར་སྐྱེས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་སོགས་སྦྱར། ལྷ་སྲིན་ཟིལ་གནོན་སྔགས། སརྦ་དུཥྚཾ་ཨེ་ཡ་མ་ཡ་མ་མ་ཧཱ་དེ་ཝ་ཨ་དུ་ཏྲ་མུན་མུ་ཐུན་མུ་ཐུཾ༔ ཤུ་ལ་ཛཿ རཱ་ཙ་ཙཿ གྷྲྀ་བ་ཙ་ཛཿ རཀྵ་རཿ བཛྲ་ས་དྷཱུ་ཏྲིཿ ཧཾ་ཤཾ་ཏྲིཿ ས་ནཱ་ག་ཕུ༔ ཧུར་ཐུཾ་ཛཿ ཞེས་པས་གཟིར། ཕུར་གདབ་ཀྱི་མགོར། ཧཱུྃ། ཆེ་མཆོག་པདྨ་ཐོད་ཕྲེང་རྩལ་སོགས་སྔགས་བཅས་དང༌། ཧཱུྃ། བདག་ཉིད་རིག་འཛིན་དཔལ་ཆེན་པོ་སོགས་མཐར། ཞལ་བསྟབ་ཀྱི་སྔགས་མཐར་ ཨཿཡཿམཿདུཿརུ་ཙཿཤཿནཿ ས་པ་རི་ཝཱ་ར་སརྦ་དུཥྚན་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་དུཥྚན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མ་ར་ཡ་ཧཱུྃ་ཕཊ྄༔ ཅེས་སྦྱར། ཤིན་ཏུ་རྩུབ་ན་སྡེ་བརྒྱད་སོ་སོའི་སྔགས་བཅུན་པ་དང་ཤི་ས་བསྟན་པ་སོགས་བྱ་བར་གསུངས་ཀྱང་ཞལ་ལས་ཤེས་པར་བྱ་དགོས་སོ། །ཚོགས་ལ་རོལ་ཞིང་ལྷག་མ་སོགས་གཏོར་བཟློག་དཀྱུས་ལྟར་བྱ། སྡེ་བརྒྱད་གནད་ལ་ཆུན་པའི་རྟགས་བྱུང་ན་སླར་ཁྲུས་དང༌། བསང་དང་གཏོར་མ་སོགས་ཀྱིས་བརྔན་འབུལ་བ་དང༌། སྡེ་བརྒྱད་ཀྱི་གཏོར་མ་གྲོ་ལོད་ཀྱི་གཏོར་ཟོར་ནང་དུ་འབུལ་བ་དང༌། རྟེན་འབྲེལ་གྱི་དགའ་སྟོན་མཐའ་རྒྱས་སུ་བྱས་པའི་དགོས་པ་ནི། ཞི་བས་བརྔན་དང་དྲག་པོས་གཟིར༔ ཤིན་ཏུ་དྲག་པོས་ཚར་གཅོད་པའི༔ མན་ངག་ཁྱད་པར་འཕགས་པའི་མཆོག༔ རྡོ་རྗེའི་བཀའ་ནན་ཆོ་ག་འདི༔ ནུས་ལྡན་གང་གིས་བརྩམས་པ་ན༔ བོད་ཁམས་སྤྱི་དང་བྱེ་བྲག་ལ༔ ཕན་པའི་རྟེན་འབྲེལ་བླ་ན་མེད༔ ནད་ཡམས་འཁྲུགས་རྩོད་ཐམས་ཅད་ཞི༔ ཆར་ཆུ་ལོ་ཕྱུགས་དཔལ་གཡང་རྒྱས༔ བསམ་པ་འགྲུབ་ཅིང་འདོད་དགུ་འདུ༔ ནག་ཕྱོགས་འབྱུང་པ་ཚར་གཅོད་ཅིང༔ སངས་རྒྱས་བསྟན་པ་ཡུན་དུ་གནས༔ དེ་ཕྱིར་སྙིང་རྗེ་དམ་ཚིག་ཅན༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ གཞན་དོན་འགྲོ་འདུལ་ཐབས་ཆེན་པོ༔ འདི་ཉིད་ཁོ་ན་བརྩོན་པར་བྱ༔ ཞེས་དང༌། དེ་ལྟར་བྱས་པར་གྱུར་པ་ན༔ དམག་བཟློག་ནད་རིམས་ཡོད་ན་ཆད༔ དམོད་ངན་ཐུབ་ཅིང་ཟོར་ཁ་བཟློག༔ སད་སེར་ལོ་དགྲ་འབྱུང་མི་འགྱུར༔ ལེགས་པའི་ཡོན་ཏན་བརྗོད་ལས་འདས༔ ས་སྐོ་ས་འབྱེད་བདེ་བར་འགྱུར༔ ཡུལ་མཁར་འཛིན་ན་བཀྲ་ཤིས་བརྟན༔ གཡུལ་འཐབ་པ་ན་རྒྱལ་བར་འགྱུར༔ བན་སྔགས་མཐུ་བྱད་ནུས་པ་ཆེ༔ སྲི་དང་ཤི་ཁ་ཆོད་པར་འགྱུར༔ ལོ་ལེགས་འབྲུ་ཕྱུགས་སྨིན་པར་འགྱུར༔ དགེ་ལེགས་ཚོགས་འཕེལ་བདེ་སྐྱིད་འབྱུང༔ ཞེས་གསུངས་སོ། །པདྨའི་ཕྲིན་ལས་ཉིན་མོར་བྱེད་པའི་མཐུ། །ལེགས་བྱས་ཁྱུང་སྔོན་སྐྱེས་འདི་དྲངས་བས་ཀྱང༌། །དགེ་ལེགས་ཕན་བདེའི་པདྨོ་རབ་བཞད་པས། །བསྟན་འགྲོ་ལེགས་ཚོགས་སྦྲང་རྩིའི་ཕྱུག་གྱུར་ཅིག །ཅེས་པའང་ལྕགས་སྤྲེལ་སྤྲེལ་ཟླའི་༦ཚེས་བཅུར་བོད་ཡུལ་བཀྲ་ཤིས་འབྱུང་བའི་གནས་མཆོག་སྤ་གྲོ་སྟག་ཚང་སེངྒེ་བསམ་འགྲུབ་ནས་ལས་སྦྱོར་འདི་བརྩམས་པའི་ཚེ་རྙིང་སྔགས་རྒས་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་རི་ཁྲུས་སོགས་བསྣན་ཏེ་ཟིན་རིས་སུ་བཏབ་པ་གངས་ཅན་བདེ་སྐྱིད་དཔལ་ཡོན་རྒྱས་བརྟན་གྱི་རྟེན་འབྱུང་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།}} | མཁའ་ཁྱབ་ཐུགས་རྗེའི་སྤྲིན་ཆེན་ལས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ཆར། །བསྟན་འགྲོའི་སྙིང་གི་དཔྱིད་སྨིན་པའི། །གུ་རུ་ཁྱད་འཕགས་རིག་འཛིན་རྒྱལ། །སྔོན་བྱོན་སྟོན་པའི་རྣམ་པར་ཐར། །རྗེས་འཇུག་གྲུབ་པས་ཉམས་བླངས་ནས། །སྙིགས་དུས་ཕན་བདེའི་གསོས་འགྱུར་ཕྱིར། །ཟབ་གཏེར་མན་ངག་སྤྲོས་ཏེ་འཆད། །དེ་ཡང་གཏེར་སྟོན་གྲུབ་ཐོབ་ཡེ་ཤེས་ཀྱི་རྒྱལ་པོ་རིག་འཛིན་རྩལ་འཆང་ཡབ་སྲས་ཀྱི་ཟབ་གཏེར་གཅིག་དྲིལ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གུ་རུ་ཁྱད་པར་འཕགས་པའི་ལས་མཐའ་བཀའ་ནན་རབ་བརྗིད་ཀྱི་ཆོ་ག་རྒྱས་པར་བྱ་བའི་ཚུལ་ལ། བྱེད་པ་པོའི་གང་ཟག་བྱང་གླིང་དཔལ་གྱི་རྒྱལ་མཚན་གྱི་གཏེར་བྱོན་བཀའ་ནན་རབ་བརྗིད་ལས། ཨོ་རྒྱན་བརྒྱུད་འཛིན་རྣལ་འབྱོར་པས༔ ཞེས་པ་ལྟར། གུ་རུའི་ལུང་གིས་བསྔགས་པའི་རྒྱལ་ཚབ་དང༌། དེའི་གདུང་རིགས་ནུས་ལྡན་དང༌། རྩ་བ་གསུམ་གྱི་བསྙེན་སྒྲུབ་ལས་སུ་རུང་ཞིང་བསྐྱེད་རྫོགས་ཀྱི་གདིང་དང་ལྡན་པས། བྱ་བའི་དགོས་པ། མ་འོངས་སྙིགས་མ་ལྔ་སྤྱོད་དུས༔ ཉོན་མོངས་དུག་ལྔའི་རང་སྐྱོན་གྱིས༔ ནད་མཚོན་མུ་གེས་རང་སྲོག་འདོར༔ བོད་ཁམས་སྡུག་བསྔལ་སྤྱོད་པའི་ཚེ༔ དམག་དཔུང་གདུག་པས་འཚེ་བའམ༔ སད་སེར་ལོ་དགྲ་འབྱུང་འགྱུར་རོ༔ ནད་བདག་ངེས་མེད་རིམས་འབེབས་ཤིང༔ ནད་ངན་གདུག་པས་ཉེས་གྱུར་ན༔ ཡུལ་ཁམས་གྲོང་ངམ་གྲོང་བརྡལ་རྒྱུ༔ སྲུང་བཟློག་ཞི་བར་བྱ་འདོད་ན༔ དུས་ནི། ཡུལ་གསར་འཛིན་ནམ་ལས་སྒོ་འབྱེད༔ མཁར་བརྩེགས་ཀླུ་འདུལ་སྲིའུ་གསོ༔ བྱ་བ་གང་དང་གང་བྱེད་ཀྱང༔ ཞེས་དང༌། དུས་དང་གཟའ་སྐར་ཤིས་པའི་ཚེ༔ ཞེས་པ་ལྟར། དེ་དག་གི་སྐབས་སུ་ཟབ་གཏེར་གྱི་སྒོ་འབྱེད་པ་དང༌། གནས་ཆེན་བྱིན་འབེབས་ཀྱི་སྐབས་སུ། སྤྲེལ་ལོ་སྤྲེལ་ཟླའི་ཡར་མར་གྱི་ཚེས་བཅུ་སོགས་དུས་ཚེས་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉིན་ལས་རིམ་ལ་འཇུག་པ་སྟེ། ཚུལ་འདི་ལྟ་བུའི་ཆོ་ག་ཚད་ལྡན་ནི་ཁེ་ཉེན་ཆེ་བའི་ལས་ཡིན་པས་ན་ཐོག་མར་སྣ་སེལ་དུ་འབུམ་སྡེ་ལྔ། སྲོག་བསླུ། ཉེའུ་འདོན་པ། སྒྲོལ་མ་མཎྜལ་བཞི་ཆོག །སཱཙྪ་གདབ་པ། ཕུད་རབས་རྒྱས་པ། བཤགས་རྒྱུད་དང་དོང་སྤྲུགས་ཀྱི་ཆོ་ག་རྩ་གསུམ་ཚོགས་སྐོང་སོགས་རྒྱས་པར་བསྒྲུབ། བྱེ་བྲག་ཏུ་དམག་བཟློག་ལ་མ་གཤིན་ཕུར་གསུམ་གྱི་མདོས་བཟློག །གདུགས་དཀར། གཙུག་ཏོར་རྣམ་རྒྱལ། སྟོབས་པོ་ཆེ། གཟུངས་གྲྭ་ལྔ། ཕྱིར་བཟློག །སྡོང་རྒྱན་སོགས་མདོ་གཟུངས་སྒྲོག །སད་སེར་ལོ་ཉེས་སྲུང་བ་གཏེར་བུམ་སྒྲུབ་པ། ཀླུ་མཆོད་དང་ཀླུ་གཏོར། ནོར་རྒྱུན་མའི་གཟུངས་མདོ་སྒྲོག །ནོར་ལྷ་དང་ཞིང་ལྷ་མཆོད། གཡང་སྒྲུབ་དང་ཛཾ་གཏོར་བཏང༌། ནད་ཡམས་སྲུང་བཟློག་ལ། གཙུག་ཏོར་ནག་མོ་དང་མ་མོའི་མདོས། བརྟན་མའི་མདོས་ཆེན། བརྒྱ་བཞི། ཁ་འབར་དཀར་ནག་ཁྲ་གསུམ། དཀར་དམར་གྱི་གསུར། དམ་སྲི་དང༌། ཤི་འདྲེའི་གླུད་བསྔོ། ལོ་གྱོན་མའི་གཟུངས་སྒྲུབ་རྣམས་ལེགས་པར་བསྒྲུབ། དམ་བསྒྲགས་ཀྱི་གནས་ནི། སྦས་པའི་གནས་དང་རི་ཡི་རྩེ༔ ཕོ་བྲང་མཁར་གྱི་ཡང་ཐོག་སོགས༔ ས་ཕྱོགས་ཐམས་ཅད་མཐོང་བ་དང༔ གཉན་ཞིང་བཀྲ་ཤིས་གནས་མཆོག་ཏུ༔ ཞེས་གསུངས་པ་ལྟར་འགལ་རྐྱེན་བྲལ་ཞིང་མཐུན་རྐྱེན་རྣམས་ཚོགས་པར་བྱས་ལ། ཇི་ལྟར་བྱ་བའི་ལས་རིམ་ནི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལམ། ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུའི་བླ་སྒྲུབ་གང་རུང་ལ་བསྟེན་པའི་བསྐྱེད་བཟླས་ཚོགས་སྐོང་ཞག་བདུན། གསུམ་སོགས་ཇི་ལྟར་རིགས་པས་གཞུང་བསྲངས་ཏེ། དེ་དག་གི་སྐབས་སུ་བྱེ་བྲག་ཁྱད་འཕགས་རིག་འཛིན་གྱི་བསྐྱེད་བཟླས་ཡང་ཡང་བྱ་ཞིང་གཞུང་གསལ་རྩ་བའི་བསྙེན་དམིགས་དང༌། ཁྱད་པར་རང་འདྲའི་ཡེ་ཤེས་སྐུ་གཉིས་པ༔ དཔག་མེད་ཉི་ཟེར་རྡུལ་ལྟར་སོགས་ཀྱི་དམིགས་བཟླས་དང༌། རེས་འགའ་ཀུན་ལ་སྙིང་རྗེ་དང༔ རེས་འགའ་སྟོང་ཉིད་ཕྱག་རྒྱས་གདབ༔ ཅེས་པ་རྣམས་གནད་དུ་བསྣུན་ཏ་རྟགས་ཐོན་པར་བྱ། ཡང་གློ་བུར་དུ་དགོས་པ་བྱུང་བ་ཁྱད་འཕགས་རིག་འཛིན་ལ་ཕྲིན་ལས་སྙིང་པོའི་ཆིངས་དང་སྦྱར་ཏེ་བཏང་ཀྱང་མི་རུང་བ་མེད། དམ་བསྒྲགས་དངོས་ལ་རྒྱས་པ་ཉིན་གསུམ་དུ་བྱས་ན་ལེགས་པའི་དང་པོ་ལས་གཞུང་གང་ཡིན་བསྲངས་རྗེས། ཁྲུས་ཆོག་ཟླ་བའི་བདུད་རྩིའི་བུམ་སྒྲུབ་ལྟར་ཁྲུས་བུམ་ལེགས་པར་བསྒྲུབས། གལ་ཆེ་ན་གཟུངས་སྔགས་རྣམས་དགེ་སློང་བཞི་སྡེ་སོགས་ཀྱིས་གྲངས་བསགས། སྐུ་གསུང་ཐུགས་རྟེན་བྱིན་ཅན་ལ་མཆོག་ཁྲུས་གསོལ་ནས་ཁྲུས་བུམ་ཏུ་བླུགས། བསང་བརྔན་འདོད་དགུའི་རྒྱ་མཚོ་རྒྱས་པར་བཏང་སྟེ་མགྲོན་སྤྱན་འདྲེན་མཆོད་བསྟོད་བར་བཏང་རྗེས། བླ་གབ་མེད་པ་རི་ཀླུང་དང་ཡུལ་ལྷ་ཀུན་མཐོང་བའི་སར་ཕྱིན་ལ། དང་པོ་ཉེས་ཚོགས་བཀྲུ་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྗོངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་མངའ་བསྒྱུར་བའི་ཡུལ་ལྷ་གཞི་བདག་གནས་བདག་གཉུག་མར་གནས་པའི་དཀར་ཕྱོགས་ཀྱི་ཟོ་དོར་ཆེན་པོ། རྒྱ་བལ་འབྲས་འབྲུག་སོགས་ཀྱི་སྐབས་ཐོབ་དམིགས་བསལ་ཁ་བསྒྱུར། བོད་ཁམས་སྐྱོངས་བའི་བརྟན་མ་བཅུ་གཉིས། ཡ་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། དགེ་བསྙེན་ཉེར་གཅིག །གངས་ཅན་ཉེར་གཅིག །བྲག་ཕུག་བརྒྱད། ཕྱོགས་བཞིའི་བྲག་རི། མཚོ་ཆེན་བཞི། ལུང་ལྔ། ལྗོངས་གསུམ། འབྲོས་ཡུལ་བཞི་ལ་སོགས་པ་མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། གཉན་ཆེན་སྡེ་བཞི། སྒང་དྲུག་གཞི་བདག་བཅུ་གཉིས། ཆུ་བཞིའི་དགེ་བསྙེན་བཞི་སོགས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཞི་གནས། གཏེར་བདག་མཆེད་དང་རིགས་སྲས་བཙུན་མོ་འཁོར་དང་ཡང་འཁོར་བཅས་པ་ཐམས་ཅད་དང༌། གཞན་ཡང་འཛམ་གླིང་ཐ་གྲུ་ཁོ་ར་ཁོར་ཡུག་གི་ས་ཆུ་རྡོ་ཤིང་གཉན་པ་ལ་གནས་པ་རྣམས་དང༌། ཁྱད་པར་ཕོག་ཐུག་འཁོན་གྲིབ་སོགས་ཀྱི་ཉེས་པས་ཕོག་པ་ཐམས་ཅད་དག་བྱེད་ཁྲུས་ཀྱི་ཆོ་གའི་མགྲོན་འདིར་སྐད་ཅིག་ཐང་གཅིག་ཡུད་ཙམ་ལ་འདུས་ཤིང་ཁྲུས་ཀྱི་བྱ་བ་ལ་དགྱེས་ཤིང་གུས་པས་འཁོད་པར་གྱུར་ཅིག །སརྦ་བྷཱུ་མི་པ་ཏི་ལོ་ཀ་པ་ལ་ཨ་ཀརྵ་ཡ་ཛཿ ཧཱུྃ། ང་ནི་པདྨ་ཐོད་ཕྲེང་རྩལ། །སོགས་བཀའ་ནན་རབ་བརྗིད་ལྟར་སྦྱར། བྱང་གླིང་དཔལ་གྱི་རྒྱལ་མཚན་གྱི་བཀའ་ནན་རབ་བརྗིད་སྦྱར་ན། ཧཱུྃ་ཧཱུྃ་ཧཱུྃ། རྗེ་བཙུན་ང་ནི་ཀུན་ཏུ་བཟང་སོགས་སྦྱར། དེ་ནས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སོགས་ཁྲུས་ཆོག་ཟླ་བའི་བདུད་རྩི་ལྟར་བྱ། སྐབས་འདིར་ཞི་བ། ཕྱེད་མ། དྲག་པོའི་སྦྱང་བ་རྣམས་ཟླ་བའི་བདུད་རྩི་ལྟར་བྱ། གཞི་བདག་གནས་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ཀྱི། ཚེ་ཐོག་མ་མེད་པ་ནས་བསགས་པའི་ཉོན་མོངས་ཞེ་སྡང་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་སོགས་སྦྱར། བྱབ་པའི་སླད་དུ་རྨ་བྱའི་མདངས་ཀྱི་དབུས་སུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་རྡོ་རྗེ་དང་བཅས་པས་བྱབ་པར་བསམ་ལ། དར་དཀར་རྨ་བྱའི་མདོངས་ཀྱིས་བྱབས་ཏེ། ཧཱུྃཿ དཀོན་མཆོག་གསུམ་གྱི་བདེན་པ་དང༔ སོགས་ཟླ་བའི་བདུད་རྩི་ལྟར་ལ། འདོད་གསོལ། ཡུལ་ལྷ་རྣམས་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ཉོན་མོངས་དུག་ལྔ་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་སོགས་པའི་རྒུད་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ། སྲུང་བའི་སླད་དུ། དེ་དག་གི་སྒོ་གསུམ་ཕྱིན་ཆད་བར་ཆད་གང་གིས་མི་ཚུགས་པའི་ཕྱིར་སློབ་དཔོན་གྱི་ཕྱག་མཚན་རྡོ་རྗེ་ལས་རྡོ་རྗེ་གྲངས་མེད་པ་འཕྲོས་སོགས་ཟླ་བའི་བདུད་རྩི་ལྟར། ཧཱུྃ༔ མ་སྐྱེས་འཇིགས་པ་སོགས་བརྗོད་བཞིན་རྡོ་རྗེ་དང་བཅས་པས་ཕྱོགས་ཀུན་ཏུ་རྒྱ་གྲམ་དུ་བཞག་སྟེ། ཡུལ་རྒུད་པ་ཐམས་ཅད་ཀྱི་མི་ཚུགས་པ་རཀྵ་རཀྵ་སྭཱ་ཧཱ། དེ་ནས་དགེ་ལེགས་ཤིས་པའི་སླད་དུ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་སློབ་དཔོན་དང་ལྷན་ཅིག་ཤིས་པ་བརྗོད་པ་དང་ཆབས་ཅིག་ལྷ་ཡི་མེ་ཏོག་སིལ་མ་ཆར་དུ་བསྙིལ་བའི་མོས་པ་མཛོད། གང་ལ་སེར་སྣ་སོགས་རོལ་མོ་བཅས་བྱ། བསང་བརྔན་འདོད་དགུའི་རྒྱ་མཚོའི་བསང་རབས། ཀྱཻ། དང་པོ་བསང་བྱུང་སོགས་གཞུང་བསྲངས། ཆོས་སྦྱིན་གྱི་དབུར། སླར་ཡང་བདེ་གཤེགས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་སྐྱབས་སེམས་ཀྱི་སྡོམ་པ་འཛིན་སྙམ་པས་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་པདྨ་དང་ཟླ་བའི་སྟེང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བར་དམིགས་པ་སངས་རྒྱས་དཀོན་མཆོག །ཐེག་ཆེན་གྱི་དམ་ཆོས་གླེགས་བམ་བྲག་རི་བརྩེགས་པ་ལྟར་བཞུགས་པ་ཆོས་དཀོན་མཆོག །ཐེག་པ་ཆེན་པོའི་བྱང་སེམས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དགེ་འདུན་དཀོན་མཆོག་སྟེ། དེ་རྣམས་ལ་འདི་ནས་བྱང་ཆུབ་མ་ཐོབ་པར་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གཞི་བདག་གནས་བདག་གི་རིགས་སུ་གཏོགས་པ་ཐམས་ཅད་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར༴ ལན་གསུམ་བརྗོད་པས་དེ་རྣམས་ཀྱི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་སྐྱེས་པར་བསམ། སླར་ཡང་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པ་སོགས་ནས། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་སོགས་ལན་གསུམ་བརྗོད་པས་བྱང་སེམས་ཀྱི་སྡོམ་པ་ཐོབ་བྱུང་སྙམ་དུ་མོས་མཛོད། དེ་ནས་རང་དགའ་བ་བསྒོམ་པ་དང༌། གཞན་དགའ་བ་བསྒོམ་ཏུ་འཇུག་པ་དང༌། སྨོན་ལམ་གདབ་པ་རྣམས་ཀྱང་བྱ། བསོད་ནམས་འདི་ཡིས༴ ལྷ་ཡང་དུས་སུ༴ འཇིག་རྟེན་བདེ་ཞིང་སོགས་སྨོན་ལམ་གང་ཤེས་གདབ་བོ། །དེ་ཡང༌། དབུ་མ་ལུགས་ཀྱི་སེམས་བསྐྱེད་འདི། །སེམས་ཅན་ཀུན་གྱི་ལེགས་ཐོབ་ན། །རྫོགས་པའི་སངས་རྒྱས་རྒྱུར་འགྱུར་ཞེས། །མདོ་དང་བསྟན་བཅོས་རྣམས་ལས་གསུངས། །ཞེས་སོ། །བསང་བརྔན་གཞུང་གི་ཆོས་སྦྱིན། ཨཿ སྐྱེ་མེད་དབྱིངས་སུ་ལྷུན་གྲུབ་གསལ་སོགས་བརྗོད་པས་མཐར་དབྱུང་ལ། ལས་གཞུང་གང་ལ་བསྟེན་པའི་བཀའ་གཏེར་སྲུང་མའི་གཏོར་ཆོག་དང༌། ཚོགས་བསྐང་སོགས་ལས་མཇུག་བསྡུའོ། །ཉིན་གཉིས་པ་ལ་རྩ་གསུམ་ལས་གཞུང་བསྲངས་ཏེ། གལ་ཆེ་གསེར་སྐྱེམས་ཙམ་བྱས་ལ། སློབ་དཔོན་འཁོར་འདས་ཡོངས་ཀྱི་རྗེ་བཙན་མ་ཧཱ་གུ་རུ་ཁྱད་པར་འཕགས་པའི་སྐུས་སྲིད་གསུམ་ཁྱབ་པ་ཁམས་གསུམ་ཟིལ་གྱིས་གནོན་པ། གསུང་གི་དྲག་སྔགས་ལྡིར་བས་དྲེགས་པའི་སྲོག་སྙིང་འདྲེན་པ། ཐུགས་མི་གཡོ་མཁའ་ཁྱབ་ཀྱི་དགོངས་རྩལ་རྫོགས་པས་དྲེགས་བྱེད་ཨར་ལ་གཏོད་པ། ཞི་ཁྲོ་སྤྲུལ་པའི་འཁོར་ལོ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུའི་འཕྲོ་འདུ་གློག་ལྟར་འབྱེད་པའི་ཐུགས་སྲོག་ལས་འོད་ཟེར་ལྕགས་ཀྱུ་དང༌། ལས་བྱེད་ལས་བཞིའི་གིང་ཆེན་གྱི་ཚོགས་ཕྱོགས་བཅུར་རྡོ་རྗེའི་སེར་དྲག་འབེབས་པ་བཞིན་འཕྲོས་པས་སྲིད་པ་གསུམ་གྱི་སྡེ་བརྒྱད་འབྱུང་པོ་མཐུ་ཆེན་ཕོ་མོ་རྣམས་རང་དབང་མེད་པར་ཕྱག་རྒྱ་བཞིས་བཏབ་ཏེ་བཀུག་པར་བསམ་ལ། རྔ་རོལ་དབྱངས་དང་བཅས་སྟེ། ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ་སོགས་དང༌། ཞི་དྲག་ཕྱེད་མའི་སྦྱོང་བ་རི་ཁྲུས། བསང་བསྡུས་རྣམས་སྔ་ཉིན་ལྟར་བྱ། སྡེ་བརྒྱད་ཁེངས་མདོས་འཇམ་མགོན་གསུང་ལྟར་མདོས་བྱིན་རླབས་སྤྱན་འདྲེན་ཡན་ཆད་གྲུབ་པ་དང༌། རང་ཉིད་ཁྱད་པར་འཕགས་པའི་རིག་འཛིན་གྱི་ལྷ་སྲིན་ཐམས་ཅད་དགོངས་པས་གཟིར་ནས་ཐམས་ཅད་དཔའ་བཀོང་ང་རྒྱལ་ཆགས། རྒོལ་བའི་ནུས་སྟོབས་ཟད། མཐུ་དང་རྫུ་འཕྲུལ་གཟི་བརྗིད་ཉམས་ཏེ་འདར་ཞིང་འདུད་པར་བསམ་ལ། ཧཱུྃ་ཧཱུྃ༔ ང་ནི་སངས་རྒྱས་ཀུན་གྱི་སོགས་ནས། འབངས་སུ་གྱུར༔ བར་ཆེ་བ་བརྗོད། དམ་བཞག་དངོས་ནི། ནང་མཆོད་རྡོ་རྗེའི་རྩེའི་འཐོར་ཏེ། བྱང་གླིང་གི །ཧཱུྃ། ཨོ་རྒྱན་པདྨ་རྒྱལ་པོ་སོགས་དང༌། ཧཱུྃ། ང་ནི་པདྨ་འབྱུང་གནས་ཡིན་སོགས། ས་མ་ཡ་ལ་རྩེན་པར་མཛོད༔ བར་སྦྱར་མཐར། དམ་ཚིག་གི་དཔང་པོ་རྡོ་རྗེའི་མནའ་ཆུ་བྱིན་པར་མོས་ལ། ཧཱུྃ༔ སྔོན་གྱི་བསྐལ་བའི་དང་པོ་ནས་སོགས་མཐར། སྔགས་མཐར། ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ བརྗོད་ལ། ཧཱུྃ༔ བླ་མ་ཡི་དམ་དཀོན་མཆོག་གསུམ་སོགས་སྡེ་བརྒྱད་མདོས་དང༌། བཀའ་ཉན་རབ་བརྗིད་གཞུང་གི །ཨོཾ་ཨཱཿཧཱུྃ། སྣང་སྲིད་གཞིར་བཞེངས་སོགས་གྲངས་བསགས་མཐར། གླུད་བཅས་བསྔོས་མཐར་དྲེགས་པ་ཐམས་ཅད་མངའ་འབངས་སུ་ཚུད་པ་ལ་མདོས་གཏོར་འདོད་ཡོན་གྱིས་བརྔན་པས་དགའ་མགུ་ཡི་རང་དམ་ཚིག་གི་རྡོ་རྗེ་སྤྱི་བོར་བཞག་ཅིང་ཐ་ཚིག་བསྒྲགས་ཏེ་ཕྲིན་ལས་བཅོལ་བས་དགའ་བའི་འཛུམ་མདངས་བཅས་ཕྲིན་ལས་ཐོག་མེད་དུ་སྒྲུབ་པར་ཁས་བླང་བར་བསམ་ལ། མདོས་ལ་ཁྲག་ཆང་བདུད་རྩིའི་བྲན། གསེར་སྐྱེམས་སྦྲེང་ཞིང༌། སློབ་དཔོན་གྱིས་རྡོ་རྗེ་གདེང་ཞིང་རིག་རྩལ་སྦར་ལ། ཧཱུྃ་བྷྱོཿ ཉོན་ཅིག་སྣང་སྲིད་སོགས། རྡོ་རྗེའི་ཐ་ཚིག་བྲོ་བོར་གྱུར༔ མཐར་རྫོང་འདེབས་དང་བཅས། སྡེ་བརྒྱད་ཁེངས་མདོས་ཀྱི། ཀྱཻ༔ ད་ནི་སྣང་སྲིད་དྲེགས་པ་སོགས་གཤེགས་གསོལ་བཅས་མདོས་རི་རྩེར་བསྐྱལ། སྐུ་གླུད་གནོད་པའི་ཕྱོགས་སུ་བཏང༌། ལས་གཞུང་གི་གཏོར་བསྔོ་དང་ཚོགས་སྐོང་སོགས་འཇུག་བསྡུའོ། །ཉིན་གསུམ་པ་ལ་སྔ་དྲོ་ལས་གཞུང་གང་ཡིན་རྒྱས་པར་བཏང༌། ཕྱི་དྲོ་གྲོ་ལོད་ཀྱི་ལས་བྱང་མཆོད་པ་བྱིན་བརླབ་ནས་བརྩམས་མདུན་རྟེན་བཟློག་དཀྱིལ་ལ་དམིགས་པའི་བསྐྱེད་བཟླས་སྟོང་ཚིག་མཆོད་བསྟོད་དང༌། བཀའ་ནན་རབ་བརྗིད་ཀྱི། ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་སོགས་དང༌། ཞི་དྲག་ཕྱེད་མའི་སྦྱང་པ། བརྟན་གཡོའི་ཁྲུས། བསང་བསྡུས་མཐར། ཧཱུྃ་ཧཱུྃ༔ ང་ནི་སངས་རྒྱས་ཀུན་སོགས་མཐར་དཔལ་གཏོར་སྡེ་བརྒྱད་ཀྱི་བཤོས་བུས་བསྐོར་བ་ལ་བརྟེན་པའི་མདོས་གཏོར་བསྔོ། དམ་བསྒྲགས་བཅས་བཀའ་ཉན་རབ་བརྗིད་དཀྱུས་ལྟར་དམ་བསྒྲགས། ཧཱུྃ༔ ཉོན་ཅིག་སྣང་སྲིད་བར་བཏང་ནས་ཚོགས་དང་གསོལ་ཀ་གྲོ་ལོད་བཟློག་པའི་ལས་གཞུང་བསྲང་ལ། འགུགས་པའི་བདེན་བརྗོད་སྐབས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རྡོ་རྗེའི་ཐ་ཚིག་བཀའ་ནན་ཕོག་པའི་བཀའ་ལ་མི་ཉན། དམ་ལ་མི་སྡོད་སླར་ལ་འཁུ་ཞིང་གཤེ་བའི་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་གསར་སྐྱེས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་སོགས་སྦྱར། ལྷ་སྲིན་ཟིལ་གནོན་སྔགས། སརྦ་དུཥྚཾ་ཨེ་ཡ་མ་ཡ་མ་མ་ཧཱ་དེ་ཝ་ཨ་དུ་ཏྲ་མུན་མུ་ཐུན་མུ་ཐུཾ༔ ཤུ་ལ་ཛཿ རཱ་ཙ་ཙཿ གྷྲྀ་བ་ཙ་ཛཿ རཀྵ་རཿ བཛྲ་ས་དྷཱུ་ཏྲིཿ ཧཾ་ཤཾ་ཏྲིཿ ས་ནཱ་ག་ཕུ༔ ཧུར་ཐུཾ་ཛཿ ཞེས་པས་གཟིར། ཕུར་གདབ་ཀྱི་མགོར། ཧཱུྃ། ཆེ་མཆོག་པདྨ་ཐོད་ཕྲེང་རྩལ་སོགས་སྔགས་བཅས་དང༌། ཧཱུྃ། བདག་ཉིད་རིག་འཛིན་དཔལ་ཆེན་པོ་སོགས་མཐར། ཞལ་བསྟབ་ཀྱི་སྔགས་མཐར་ ཨཿཡཿམཿདུཿརུ་ཙཿཤཿནཿ ས་པ་རི་ཝཱ་ར་སརྦ་དུཥྚན་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་དུཥྚན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མ་ར་ཡ་ཧཱུྃ་ཕཊ྄༔ ཅེས་སྦྱར། ཤིན་ཏུ་རྩུབ་ན་སྡེ་བརྒྱད་སོ་སོའི་སྔགས་བཅུན་པ་དང་ཤི་ས་བསྟན་པ་སོགས་བྱ་བར་གསུངས་ཀྱང་ཞལ་ལས་ཤེས་པར་བྱ་དགོས་སོ། །ཚོགས་ལ་རོལ་ཞིང་ལྷག་མ་སོགས་གཏོར་བཟློག་དཀྱུས་ལྟར་བྱ། སྡེ་བརྒྱད་གནད་ལ་ཆུན་པའི་རྟགས་བྱུང་ན་སླར་ཁྲུས་དང༌། བསང་དང་གཏོར་མ་སོགས་ཀྱིས་བརྔན་འབུལ་བ་དང༌། སྡེ་བརྒྱད་ཀྱི་གཏོར་མ་གྲོ་ལོད་ཀྱི་གཏོར་ཟོར་ནང་དུ་འབུལ་བ་དང༌། རྟེན་འབྲེལ་གྱི་དགའ་སྟོན་མཐའ་རྒྱས་སུ་བྱས་པའི་དགོས་པ་ནི། ཞི་བས་བརྔན་དང་དྲག་པོས་གཟིར༔ ཤིན་ཏུ་དྲག་པོས་ཚར་གཅོད་པའི༔ མན་ངག་ཁྱད་པར་འཕགས་པའི་མཆོག༔ རྡོ་རྗེའི་བཀའ་ནན་ཆོ་ག་འདི༔ ནུས་ལྡན་གང་གིས་བརྩམས་པ་ན༔ བོད་ཁམས་སྤྱི་དང་བྱེ་བྲག་ལ༔ ཕན་པའི་རྟེན་འབྲེལ་བླ་ན་མེད༔ ནད་ཡམས་འཁྲུགས་རྩོད་ཐམས་ཅད་ཞི༔ ཆར་ཆུ་ལོ་ཕྱུགས་དཔལ་གཡང་རྒྱས༔ བསམ་པ་འགྲུབ་ཅིང་འདོད་དགུ་འདུ༔ ནག་ཕྱོགས་འབྱུང་པ་ཚར་གཅོད་ཅིང༔ སངས་རྒྱས་བསྟན་པ་ཡུན་དུ་གནས༔ དེ་ཕྱིར་སྙིང་རྗེ་དམ་ཚིག་ཅན༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ གཞན་དོན་འགྲོ་འདུལ་ཐབས་ཆེན་པོ༔ འདི་ཉིད་ཁོ་ན་བརྩོན་པར་བྱ༔ ཞེས་དང༌། དེ་ལྟར་བྱས་པར་གྱུར་པ་ན༔ དམག་བཟློག་ནད་རིམས་ཡོད་ན་ཆད༔ དམོད་ངན་ཐུབ་ཅིང་ཟོར་ཁ་བཟློག༔ སད་སེར་ལོ་དགྲ་འབྱུང་མི་འགྱུར༔ ལེགས་པའི་ཡོན་ཏན་བརྗོད་ལས་འདས༔ ས་སྐོ་ས་འབྱེད་བདེ་བར་འགྱུར༔ ཡུལ་མཁར་འཛིན་ན་བཀྲ་ཤིས་བརྟན༔ གཡུལ་འཐབ་པ་ན་རྒྱལ་བར་འགྱུར༔ བན་སྔགས་མཐུ་བྱད་ནུས་པ་ཆེ༔ སྲི་དང་ཤི་ཁ་ཆོད་པར་འགྱུར༔ ལོ་ལེགས་འབྲུ་ཕྱུགས་སྨིན་པར་འགྱུར༔ དགེ་ལེགས་ཚོགས་འཕེལ་བདེ་སྐྱིད་འབྱུང༔ ཞེས་གསུངས་སོ། །པདྨའི་ཕྲིན་ལས་ཉིན་མོར་བྱེད་པའི་མཐུ། །ལེགས་བྱས་ཁྱུང་སྔོན་སྐྱེས་འདི་དྲངས་བས་ཀྱང༌། །དགེ་ལེགས་ཕན་བདེའི་པདྨོ་རབ་བཞད་པས། །བསྟན་འགྲོ་ལེགས་ཚོགས་སྦྲང་རྩིའི་ཕྱུག་གྱུར་ཅིག །ཅེས་པའང་ལྕགས་སྤྲེལ་སྤྲེལ་ཟླའི་༦ཚེས་བཅུར་བོད་ཡུལ་བཀྲ་ཤིས་འབྱུང་བའི་གནས་མཆོག་སྤ་གྲོ་སྟག་ཚང་སེངྒེ་བསམ་འགྲུབ་ནས་ལས་སྦྱོར་འདི་བརྩམས་པའི་ཚེ་རྙིང་སྔགས་རྒས་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་རི་ཁྲུས་སོགས་བསྣན་ཏེ་ཟིན་རིས་སུ་བཏབ་པ་གངས་ཅན་བདེ་སྐྱིད་དཔལ་ཡོན་རྒྱས་བརྟན་གྱི་རྟེན་འབྱུང་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:05, 1 June 2024
Wylie title | bla ma'i thugs sgrub bar chad kun sel las/ rig 'dzin khyad par 'phags pa'i las tshogs lha srin dam bsgrags rdo rje'i ri dbang gi zur rgyan ngo mtshar rdo rje'i 'phrul mig | |
---|---|---|
Location | dil mgo mkhyen brtse bka' 'bum Volume 9, Text 12, Pages 60-66 (Folios 1a to 7b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Bla ma'i thugs sgrub bar chad kun sel las rig 'dzin khyad par 'phags pa'i las tshogs lha srin dam bsgrags rdo rje'i ri dbang gi zur rgyan ngo mtshar rdo rje'i 'phrul mig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 60-66. Delhi: Shechen Publications, 1994. | |
Genre | Activity Practices - las tshogs · Supplemental Instructions - zur 'debs - zur rgyan | |
Cycle | བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel) | |
Deity | rig 'dzin khyad par 'phags pa | |
Colophon |
།ཅེས་པའང་ལྕགས་སྤྲེལ་སྤྲེལ་ཟླའི་༦ཚེས་བཅུར་བོད་ཡུལ་བཀྲ་ཤིས་འབྱུང་བའི་གནས་མཆོག་སྤ་གྲོ་སྟག་ཚང་སེངྒེ་བསམ་འགྲུབ་ནས་ལས་སྦྱོར་འདི་བརྩམས་པའི་ཚེ་རྙིང་སྔགས་རྒས་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་རི་ཁྲུས་སོགས་བསྣན་ཏེ་ཟིན་རིས་སུ་བཏབ་པ་གངས་ཅན་བདེ་སྐྱིད་དཔལ་ཡོན་རྒྱས་བརྟན་གྱི་རྟེན་འབྱུང་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། | |
/ces pa'ang lcags sprel sprel zla'i 6tshes bcur bod yul bkra shis 'byung ba'i gnas mchog spa gro stag tshang seng+ge bsam 'grub nas las sbyor 'di brtsams pa'i tshe rnying sngags rgas po 'gyur med theg mchog bstan pa'i rgyal mtshan gyis kun gzigs mkhyen brtse rin po che'i gsung ri khrus sogs bsnan te zin ris su btab pa gangs can bde skyid dpal yon rgyas brtan gyi rten 'byung du smon pa bzhin 'grub par gyur cig_/sarba mang+ga laM/_dge'o// |
Footnotes
Other Information
- DKR-KABUM-09-TA-012
- Tibetan Publications
- Tibetan Texts
- dil mgo mkhyen brtse bka' 'bum
- bla ma'i thugs sgrub bar chad kun sel
- rig 'dzin khyad par 'phags pa
- Activity Practices - las tshogs
- Supplemental Instructions - zur 'debs - zur rgyan
- Khyentse, Dilgo
- mchog gyur gling pa
- DKR-KABUM-Volume-09-TA
- Khyentse Lineage Project