JKCL-KABUM-11-DA-025: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ས་ལུགས་ཆོས་སྐྱོང་གཏོར་བསྔོ་བསྡུས་པ། | |||
|fulltitle=sa lugs chos skyong gtor bsngo bsdus pa | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''sa lugs chos skyong gtor bsngo bsdus pa''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 11: 127-130. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Protector Rituals - gsol mchod, Torma-offering Rituals - gtor chog | |||
|terma=No | |||
|jkcloutline=Fifteen | |||
|deity=chos skyong | |||
|language=Tibetan | |language=Tibetan | ||
| | |volumenumber=011 | ||
| | |volnumtib=༡༡ | ||
|volyigtib=ད་ | |||
|totalvolumes=12 | |||
|textnuminvol=025 | |textnuminvol=025 | ||
|pagenumbers=127-130 | |||
|totalpages=4 | |||
|beginfolioline=1a1 | |||
|endfolioline=2b2 | |||
|totalfolios=2 | |||
|multivolumework=No | |||
|colophontib=།ཞེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། | |||
|colophonwylie=/zhes pa'ang chos kyi blo gros pas so// | |||
|pdflink=File:JKCL-KABUM-11-DA-025.pdf | |pdflink=File:JKCL-KABUM-11-DA-025.pdf | ||
}} | }} | ||
Line 16: | Line 32: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ས་ལུགས་ཆོས་སྐྱོང་གཏོར་བསྔོ་བསྡུས་པ་བཞུགས་སོ། །མཆོད་གཏོར་རྣམས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། | {{TibP|{{TibChung|ས་ལུགས་ཆོས་སྐྱོང་གཏོར་བསྔོ་བསྡུས་པ་བཞུགས་སོ། །མཆོད་གཏོར་རྣམས།}} ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ {{TibChung|སོགས་ཀྱིས་སྦྱང་།}} སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད། །ཡངས་ཤིང་རྒྱ་ཆེ་སྟོང་གསུམ་མཉམ་པའི་ནང་། ཤ་ལྔ་བདུད་རྩི་ཡེ་ཤེས་ལྔའི་ངོ་བོར། །འོད་ཞུ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ {{TibChung|ལན་གསུམ་གྱི་བྱིན་གྱིས་བརླབ།}} ཧཱུྃ། །འོག་མིན་བདེ་ཆེན་དག་པའི་ཕོ་བྲང་ནས། །རྣམ་སྣང་ཐུགས་ལས་སྤྲུལ་པའི་མཐུ་བོ་ཆེ། །བསྟན་སྲུང་ཀུན་གྱི་གཙོ་བོ་རྡོ་རྗེ་གུར། །དཔལ་ལྡན་མགོན་པོ་འདིར་བྱོན་མཆོད་གཏོར་བཞེས། །ཡོངས་འདུའི་ཚལ་དང་གཤིན་རྗེའི་ཕོ་བྲང་དང་། །འཛམ་གླིང་དེ་ཝཱི་ཀོ་ཊའི་གནས་མཆོག་ནས། །འདོད་ཁམས་གཙོ་མོ་ནམ་གྲུ་རེ་མ་ཏི། །དཔལ་ལྡན་ལྷ་མོ་འདིར་བྱོན་མཆོད་གཏོར་བཞེས། །སྣང་སྲིད་བྷ་ག་དབྱིངས་ཀྱི་དཀྱིལ་འཁོར་ནས། །འཁོར་འདས་ཀུན་གྱི་བདག་མོ་དབྱིངས་ཕྱུག་ཡུམ། །སྔགས་སྲུང་དྲགས་མོ་མ་མོ་མཁའ་འགྲོའི་གཙོ། །ཡུམ་ཆེན་རལ་གཅིག་འདིར་བྱོན་མཆོད༴ །བསིལ་བའི་ཚལ་དང་ཧ་ཧ་རྒོད་པ་དང་། །སིངྒ་གླིང་དང་ཏི་སེ་གངས་རི་དང་། །དར་ལུང་གནས་དང་ཁའུའི་བྲག་རྫོང་ནས། །ཞིང་སྐྱོང་དབང་པོ་འདིར༴ །དུར་ཁྲོད་བརྒྱད་དང་ལྷོ་ཕྱོགས་རི་སུལ་དང་། །རྡོ་རྗེ་གདན་དང་དཔལ་གྱི་བསམ་ཡས་དང་། །ན་ལ་ཙེ་དང་དཔལ་ལྡན་ས་སྐྱ་ནས། །ལས་མགོན་ཕོ་མོ་འདིར་བྱོན༴ །བྱང་ཤར་མ་རུ་རྩེ་ཡི་དུར་ཁྲོད་དང་། །རྒྱ་གར་བང་སོ་དམར་པོའི་བྲག་རི་དང་། །དར་ལུང་བྲག་ཧྲམ་ལ་སོགས་གནས་མཆོག་ནས། །གནོད་སྦྱིན་ལྕམ་དྲལ་འདིར༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལི་དེ་ཝཱི་ཨེ་ཀ་ཛཱ་ཊྀ་དེ་ཝཱི་ཨིནྡྲ་སཱི། བཛྲ་ཀཱ་ལ་ཡཀྵ་ཡེ། ཀཱ་ལི་ཡཀྵ་སཱི། ཡཀྵ་པུ་ཏྲ་ཡེ། རུ་ཏྲ་བྷ་ཏྲ་ཡེ། རུ་ལུ་རཀྑ་སཱི། ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མྃ་ག་ག་ན་ཁཾ་གྲིཧྞ་དམ་བ་ལིང་དེ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀ་ལ་ར་ཏྲི་ཏ། ཌོམྦྷི་ནཱི། ཙཎྜ་ལཱི། རཀྑ་སཱི། སིངྒ་ལཱི། དེ་ཝཱི་ས་པ་རི་ཝཱ་ར་ན་མཿསརྦ༴ {{TibChung|སོགས།}} ཨོཾ་གྷྲྀ་རཱ་ཛ་གྷྀ་རཱ་ཛ། ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཤྲཱི་ཤྨ་ཤ་ན་ཨ་དྷི་པ་ཏི་མ་ཧཱ་པི་ཤཱ་ཙི་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རཀྨོ་པྲཱ་ཎ་ཨཱཏྨ་ས་པ་རི་ཝཱ་ར་སརྦ་བིགྷྣན་ཤ་ཏྲཱུྃ་མཱ་ར་ཡ་ཨི་དམ་བྷ་ལིང་ཏ་གྲིཧྣ་པ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་དྷརྨ་པཱ་ལ་ཨརྒྷཾ༴ {{TibChung|ནས་}}ཤབྡ་ཨཱཿཧཱུྃ། ཨོཾ་ཤྲཱི་དྷརྨ་པཱ་ལ་ཨོཾ་ཨཱཿཧཱུྃ། {{TibChung|གིས་ནང་མཆོད་ཕུལ།}} དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང་། བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་བསྐྱབ་སྦ་བའི་ཕྲིན་ལས་སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། {{TibChung|ཞེས་ཕྲིན་ལས་བཅོལ།}} གསོལ་ལོ་མཆོད་དོ་རྒྱལ་བའི་བསྟན་སྲུང་ཚོགས། །བསྒྲུབ་བོ་རྟེན་ནོ་བླ་མའི་བཀའ་སྲུང་ཆེ། །འབོད་དོ་བསྐུལ་ལོ་རྣལ་འབྱོར་དགྲ་ལྷའི་ཚོགས། །རིངས་པའི་ཚུལ་གྱིས་འདིར་བྱོན་མཆོད་གཏོར་བཞེས། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མས་མཆོད། །ཛ་གད་སྨན་ཕུད་རཀྟའི་བཏུང་བས་མཆོད། །རྔ་ཆེན་རྐང་གླིང་རོལ་མོའི་སྒྲ་ཡིས་མཆོད། །དར་ནག་འཕན་ཆེན་སྤྲིན་ལྟར་གཏིབས་པས་མཆོད། །ཡིད་འཕྲོག་སྤྱན་གཟིགས་ནམ་མཁའ་མཉམ་པས་མཆོད། །རབ་བརྗིད་སྙན་པའི་དབྱངས་ཀྱི་ང་རོས་མཆོད། །ཕྱི་ནང་གསང་བའི་དམ་རྫས་རྒྱ་མཚོས་མཆོད། །བདེ་སྟོང་དབྱེར་མེད་ཡེ་ཤེས་རོལ་པས་མཆོད། །སངས་རྒྱས་བསྟན་པ་གཉེན་པོ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་གཉེན་པོ་ཁྱེད་ཀྱིས་བསྟོད། །དཔལ་ལྡན་བླ་མའི་ཕྲིན་ལས་ཁྱེད་ཀྱིས་སྤེལ། །རྣལ་འབྱོར་བཅོལ་བའི་འདོད་དོན་ཁྱེད་ཀྱིས་སྒྲུབས། །མཆོད་པའི་ཡོ་བྱད་མ་འབྱོར་ཉམས་པ་སོགས། །ནོངས་པ་གང་མཆིས་ཆོས་སྐྱོང་སྲུང་མར་བཤགས། །མཆོག་ཐུན་དངོས་གྲུབ་མ་ལུས་རྩོལ་བ་དང་། །རྟེན་ལ་བཞུགས་སམ་རང་གནས་གཤེགས་སུ་གསོལ། །སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ་{{TibChung|སོགས། །ཅེས་བརྗོད་པར་བྱའོ། །ཞེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:39, 1 June 2024
🚧 This website is under continued development. We appreciate your patience!
Wylie title | sa lugs chos skyong gtor bsngo bsdus pa | |
---|---|---|
Location | chos kyi blo gros bka' 'bum Volume 11, Text 25, Pages 127-130 (Folios 1a1 to 2b2) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. sa lugs chos skyong gtor bsngo bsdus pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 127-130. Bir, H.P.: Khyentse Labrang, 2012. | |
Genre | Protector Rituals - gsol mchod · Torma-offering Rituals - gtor chog | |
Deity | chos skyong | |
Colophon |
།ཞེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། | |
/zhes pa'ang chos kyi blo gros pas so// |
1 Texts in this Section (sde tshan or chos tshan)
127-130
|
ས་ལུགས་ཆོས་སྐྱོང་གཏོར་བསྔོ་བསྡུས་པ། sa lugs chos skyong gtor bsngo bsdus pa
|
Text page View PDF |
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros) |