དུར་བདག་མཆོད་གསོལ།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-024
Wylie title dur bdag mchod gsol JKCL-KABUM-11-DA-024.pdf
Location chos kyi blo gros bka' 'bum
Volume 11, Text 24, Pages 125-126 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dur bdag mchod gsol. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 125-126. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Deity dur bdag
Colophon

།ཅེས་པའང་ཨ་མདོ་བླ་མ་ངག་དབང་བསྟན་པ་དར་རྒྱས་ཀྱིས་གསུང་ངོར་ཆོས་ཀྱི་བློ་གྲོས་པས་སོ།།

/ces pa'ang a mdo bla ma ngag dbang bstan pa dar rgyas kyis gsung ngor chos kyi blo gros pas so//

1 Texts in this Section (sde tshan or chos tshan)

[edit]
དུར་བདག་མཆོད་གསོལ་བཞུགས། ཧཱུྃ་ཨོཾ། དཔལ་ལྡན་ཞིང་སྐྱོང་དུར་བདག་ཡབ་ཡུམ་ནི། །སྐུ་མདོག་དཀར་པོ་ཟླ་ལྟར་དཀར་བའི་གཟུགས། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །གཡས་པས་ཐོད་དབྱུག་གཡོན་ན་ཐོད་ཁྲག་བསྣམས། །ཞབས་གཉིས་འཁྲིལ་བའི་ཚུལ་གྱིས་གར་སྟབས་བསྒྱུར། །དུར་ཁྲོད་ཞིང་སྐྱོང་ཤ་ཟ་འབུམ་གྱིས་བསྐོར། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །ཕྱི་ནང་ཉེར་སྤྱོད་འདོད་ཡོན་རྣམ་ལྔ་དང་། །བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་པ་བདུན། །དུར་ཁྲོད་དྲག་པོའི་གཞལ་མེད་ཁང་ཆེན་པོར། །དྲག་པོའི་ལོངས་སྤྱོད་འཇིགས་ཤིང་རྔམ་པ་དང་། །ལྷ་མིའི་ཡོ་བྱད་རྣམ་པ་སྣ་ཚོགས་བཀྲམ། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང་། །པདྨ་མཾ་ས་སྦྱར་བའི་རཀྟ་དང་། །ཁྱད་པར་རྨད་བྱུང་དམ་རྫས་གཏོར་ཆེན་པོས། །དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་དང་། །ཞིང་སྐྱོང་ཤ་ཟ་མཁའ་འགྲོ་འབུམ་སྡེ་སོགས། །འཁོར་བཅས་ཐུགས་དམ་གཉེན་པོ་དགྱེས་པར་བསྐང་། །ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཟོད་པར་བཞེས། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་ཀུན་སོལ་བསམ་དོན་ཡིད་བཞིན་སྒྲུབས། །དགྲ་ཇག་ཆོམ་རྐུན་གཅན་གཟན་གནོད་པ་སྲུངས། །འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་དབང་དུ་བསྡུས། །དཀོར་ཆ་ཡོ་བྱད་ཐམས་ཅད་གཉེར་དུ་གཏད། །བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པའང་ཨ་མདོ་བླ་མ་ངག་དབང་བསྟན་པ་དར་རྒྱས་ཀྱིས་གསུང་ངོར་ཆོས་ཀྱི་བློ་གྲོས་པས་སོ།། །།

Footnotes

Other Information