JKW-KABAB-16-MA-015: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABAB-16-MA-015
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' babs |collectiontitletib=མཁྱེན་བརྩེ...")
 
m (Text replacement - "Khyentse Metadata" to "Text")
 
(5 intermediate revisions by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=རྩ་གསུམ་འོད་གསལ་སྙིང་ཏིག་ལས། ཕག་མོའི་མེ་མཆོད་ཕྲིན་ལས་སྣང་བའི་རྒྱན།
|fulltitle=rtsa gsum 'od gsal snying tig las phag mo'i me mchod phrin las snang ba'i rgyan
|citation=[['jam dbyangs mkhyen brtse'i dbang po]]. ''rtsa gsum 'od gsal snying tig las phag mo'i me mchod phrin las snang ba'i rgyan''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 16: 711-718. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
|collectiontitle=mkhyen brtse'i bka' babs
|collectiontitle=mkhyen brtse'i bka' babs
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|totalvolumes=22
|author='jam dbyangs mkhyen brtse'i dbang po
|sourcerevealer='jam dbyangs mkhyen brtse'i dbang po
|sourcerevealer='jam dbyangs mkhyen brtse'i dbang po
|editor=
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|editor=rdzong sar blo gros phun tshogs
|editortib=
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|tibgenre=Fire Offerings - sbyin sreg, Revelations - gter ma
|language=Tibetan
|tibgenre=Revelations - gter ma
|terma=Yes
|terma=Yes
|transmissiontype=dgongs gter - Mind Treasure
|deity=phag dkar
|cycle=rtsa gsum 'od gsal snying tig
|cycletib=རྩ་གསུམ་འོད་གསལ་སྙིང་ཏིག་
|language=Tibetan
|language=Tibetan
|pagestatus=Temporary stub only
|rtzlink=Terdzo-DZI-070
|volumenumber=MA
|volumenumber=016
|volnumtib=༡༦
|volyigtib=མ་
|totalvolumes=22
|textnuminvol=015
|textnuminvol=015
|pagenumbers=711-718
|totalpages=8
|beginfolioline=1a1
|endfolioline=4b5
|totalfolios=4
|multivolumework=No
|versonotes=mkhyen brtse'i bka' babs
|colophontib=ཞེས་པའང་གཞུང་རྩ་བ་ལ་ཕྱག་ལེན་རྒྱས་པར་ཕྱེ་སྟེ་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་འོད་གསལ་སྤྲུལ་པའི་རྡོ་རྗེས་སྦྱར་བའི་དགེ་བས་འགྲོ་ཀུན་དངོས་གྲུབ་རྣམ་པ་གཉིས་ཀྱི་དགའ་སྟོན་ལ་འདོད་རྒུར་སྤྱོད་པའི་རྒྱུར་གྱུར་ཅིག  །སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།།
|colophonwylie=zhes pa'ang gzhung rtsa ba la phyag len rgyas par phye ste bklags pas grub par mtsho skyes bla ma dgyes pa'i 'bangs 'od gsal sprul pa'i rdo rjes sbyar ba'i dge bas 'gro kun dngos grub rnam pa gnyis kyi dga' ston la 'dod rgur spyod pa'i rgyur gyur cig__/sarba dA shre yo b+ha ba tu//
|pdflink=File:JKW-KABAB-16-MA-015.pdf
|pdflink=File:JKW-KABAB-16-MA-015.pdf
}}
}}

Latest revision as of 14:46, 1 June 2024

Wylie title rtsa gsum 'od gsal snying tig las phag mo'i me mchod phrin las snang ba'i rgyan JKW-KABAB-16-MA-015.pdf
Location mkhyen brtse'i bka' babs
Volume 16, Text 15, Pages 711-718 (Folios 1a1 to 4b5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse'i dbang po. rtsa gsum 'od gsal snying tig las phag mo'i me mchod phrin las snang ba'i rgyan. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 16: 711-718. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Fire Offerings - sbyin sreg  ·  Revelations - gter ma
Cycle རྩ་གསུམ་འོད་གསལ་སྙིང་ཏིག་ (rtsa gsum 'od gsal snying tig)
Deity phag dkar
Karchag page JKW-KABAB-Volume-16-MA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-DZI-070
Colophon

ཞེས་པའང་གཞུང་རྩ་བ་ལ་ཕྱག་ལེན་རྒྱས་པར་ཕྱེ་སྟེ་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་འོད་གསལ་སྤྲུལ་པའི་རྡོ་རྗེས་སྦྱར་བའི་དགེ་བས་འགྲོ་ཀུན་དངོས་གྲུབ་རྣམ་པ་གཉིས་ཀྱི་དགའ་སྟོན་ལ་འདོད་རྒུར་སྤྱོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།།

zhes pa'ang gzhung rtsa ba la phyag len rgyas par phye ste bklags pas grub par mtsho skyes bla ma dgyes pa'i 'bangs 'od gsal sprul pa'i rdo rjes sbyar ba'i dge bas 'gro kun dngos grub rnam pa gnyis kyi dga' ston la 'dod rgur spyod pa'i rgyur gyur cig__/sarba dA shre yo b+ha ba tu//

[edit]
དྷཱི།༔ རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཕག་མོའི་མེ་མཆོད་ཕྲིན་ལས་སྣང་བའི་རྒྱན་ཅེས་བྱ་བ་བཞུགས་སོ༔ དྷཱི།༔ ན་མོ་གུ་རུ་ཛྙཱ་ན་ཝཱ་ར་ཧཱི་པཱ་དཱ་ཡ། འདིར་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། ལས་སྒྲུབ་པ་མེ་མཆོད་ཀྱི་ཆོ་ག་མདོར་བསྡུས་ཏེ་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང༌། ཆོ་གར་གཏོགས་པའི་སྦྱོར་བ་དང༌། དང་པོ་ནི། གཞི་མ་དུལ་བ་ཡིན་ན་སའི་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པར་བྱ། གང་ལྟར་ཡང་རང་གི་མདུན་དུ་ཤེས་པའི་ས་ལས་འཇམ་ཞིང་ཁོད་སྙོམས་པའི་སྟེགས་བུ་གྲུ་བཞི་པ་བྱས་པའི་ངོགས་སུ་རྡུལ་ཚོན་གྱིས་ཆོས་འབྱུང་བསྣོལ་མ་རྡོ་ར་མེ་རི་དང་བཅས་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་དབུས་སུ་བྃ་ཡིག་རིགས་ཀྱི་ཁ་དོག་ཅན་དང༌། འདབ་མ་ལ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་སྲོག་གི་མཚོན་བྱེད་ཧ་རི་ནི་སའི་ཡིག་འབྲུ་བཞི་དགོད། མ་གྲུབ་ན་མེ་ཏོག་གི་ཚོམ་བུའམ། རྒྱུན་གྱི་རྣལ་འབྱོར་ལྟ་བུར་སོལ་མེས་བཀང་བའི་སྣོད་བཞག་ཀྱང་རུང༌། ཐབ་ཀྱི་ཁར་ལས་གང་གཙོ་བོར་བྱེད་པའི་བུད་ཤིང་ཟླུམ་པོ་སོགས་དབྱིབས་སོ་སོར་བརྩིགས་པའམ། ལས་བཞིའི་ཤིང་དབྱིབས་སོ་སོར་ཕྱོགས་བཞིར་བརྩིགས་ཀྱང་རུང་ཞིང༌། དེ་ལ་ཤིང་ནི་ཞི་བ་ལ་བལ་བུ། ལྕང་མ། འོམ་བུ་སོགས་འོ་མ་ཅན། རྒྱས་པར་སྟར་ག །ཤུག་པ་སོགས་འབྲས་བུ་ཅན་མདོག་སེར་ཞིང་དྲི་བཟང་བ། དབང་ལ་སེང་ལྡིང་ངམ། འོ་སེ། མཛོ་མོ་ཤིང་སོགས་མདོག་དམར་ཞིང་རོ་སྐྱུར་བ། དྲག་པོ་ལ་སྐྱེར་པ་སོགས་ཚེར་མ་ཅན་ནོ། །དབྱིབས་ཞི་བ་ལ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། དབང་ལ་ཟླ་གམ། དྲག་པོ་ལ་ཟུར་གསུམ་དུ་བྱ། མཆོག་གི་དངོས་གྲུབ་གཙོ་བོར་བྱེད་པ་ལ་ནི་རྒྱས་པ་དང་མཐུན། དེར་མ་ཟད་ཐབ་ཁུང་ཀྱང་ཞི་བ་ལ་དཀར་ཟླུམ་ཁྲུ་གང༌། རྒྱས་པར་གྲུ་བཞི་སེར་པོ་ཁྲུ་དོ། དབང་ལ་ཟླ་གམ་དམར་པོ་ཁྲུ་གང༌། དྲག་པོ་ལ་གྲུ་གསུམ་ནག་པོ་སོར་ཉི་ཤུ། དཔངས་སུ་རང་རང་གི་ཕྱེད་ཆ། སོར་བཞིའི་མུ་རན་དང་ཁ་ཁྱེར་ལ་ཞི་བར་རྡོ་རྗེ་དཀར་པོ། རྒྱས་པར་རིན་ཆེན་སེར་པོ། དབང་ལ་ལྕགས་ཀྱུ་དམར་པོ། དྲག་པོ་ལ་གྲི་གུག་ནག་པོའི་ཕྲེང་བས་བསྐོར་ཞིང༌། དེའི་ལྟེ་བར་ཆོས་འབྱུང་སོགས་གོང་ལྟར་བྲི། དེ་དང་ཉེ་བར་རང་གི་མདུན་དུ་དགང་བླུགས་ཁ་སྦྱར་བ། རྡོ་དྲིལ། ཐོད་རྔ། བསང་ཆུ་མེ་ཏོག་གི་སྣོད་སོགས་དང༌། རང་གི་གཡས་སུ་སྨན་གཏོར་རཀྟ་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད། གཡོན་དུ་སྲེག་རྫས་་་་་དྲག་པོ་ལ་མཆོད་སྲེག་གི་རྫས་གོ་ལྡོག་སྟཻ་བཤམ། མཆན། མར་ཁུ། ལས་མཐུན་གྱི་ཡམ་ཤིང༌། ཁྱད་པར་གྱི་རྫས་སྡིག་སྒྲིབ་ཞི་བ་དང་བསྙེན་པའི་ཁ་སྐོང་སོགས་ལ་ཏིལ་བགེགས་ཞི་བ་ལ་ཡུངས་ཀར། ཚེ་རྒྱས་པ་ལ་དཱུརྺ། ཤེས་རབ་རྒྱས་པ་ལ་དྲི་བཟང་པོ་དང་ལྡན་པའི་མེ་ཏོག་སེར་པོ། བསོད་ནམས་རྒྱས་པ་ལ་ཟས་མཆོག །འབྱོར་པ་རྒྱས་པ་ལ་རིན་ཆེན་དར་ཟབ་འབྲུ་སྣ། རིགས་བརྒྱུད་རྒྱས་པ་ལ་ཤིང་ཏོག་སྐྱོན་མེད་པ། དབང་ལ་གར་ཆང་དང་ལན་ཚྭས་སྦགས་པའི་མེ་ཏོག་དམར་པོ། དྲག་པོ་ལ་དུག་ཁྲག་དང་ལིངྒ། མཆོག་གི་དངོས་གྲུབ་གཙོ་བོར་བྱེད་ན་བདུད་རྩི་ཆོས་སྨན་དང་མཱ་ད་ན་སིནྡྷཱུ་ར་རྣམས་བསྲེས་པའི་ཟས་མཆོག་བཅས་བཤམ། སྤྲོས་པ་ལ་དགའ་ན་ལས་སོ་སོ་དང་མཐུན་པའི་ཆས་ཞུགས། ཞི་བ་ལ་དར་དང་རིན་པོ་ཆེ་དཀར་པོའི་རྒྱན་རྒྱས་པ་ལ་སེར། དབང་ལ་དམར། དྲག་པོ་ལ་ཞྭ་ནག་ཕོད་ཀ་རུས་བརྒྱན་སོགས། མཆན། ལ་བལྟ་ཕྱོགས་ཞི་བ་ལ་ཤར། རྒྱས་པ་ལ་ལྷོ། དབང་ལ་ནུབ། དྲག་པོ་ལ་བྱང༌། འདུག་སྟངས་ཞི་བ་ལ་སེམས་སྐྱིལ། རྒྱས་པ་ལ་བཟང་པོའི་འདུག་སྟངས། དབང་ལ་པད་སྐྱིལ། དྲག་པོ་ལ་རུ་སྦལ་གྱི་འདུག་སྟངས། སོགས་ཀྱང་སྤྱི་ལྟར་རོ། གཉིས་པ་ནི། སྐྱབས་སེམས་ནས་བཟུང་བཟླས་པ་མཆོད་བསྟོད་བར་བདག་བསྐྱེད་རྒྱས་བསྡུས་གང་རིགས་བྱ། བསང་ཆུ་ལ་དམིགས་ཏེ། ཨོཾ་ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ ཅེས་བགེགས་བསང་བའི་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ། གཉིས་པ་དངོས་གཞི་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་པས་རྡོ་རྗེ་སྙིང་གར་གསོར། ཨོཾ་བཛྲ་གཎྜཻ་ཨཱཿས་དྲིལ་བུ་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་གིས་རྡོར་དྲིལ་བསྣོལ་བའི་འཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང༌། གཉིས་པ་དངོས་གཞི་ལ། ཐོག་མར་མཆོད་སྲེག་གི་རྫས་རྣམས་ལ་བསང་ཆུ་འཐོར་ཞིང༌། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བདེ་ཆེན་གྱི༔ རྣམ་རོལ་མཆོད་དང་བསྲེག་བྱའི་རྫས༔ ཡེ་ཤེས་བདུད་རྩི་འདོད་ཡོན་སྤྲིན༔ ཅིར་ཡང་འཆར་ཞིང་འབྱུང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་བདུན་དང༌། སྤྲོ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀྱང་བརླབ་ཅིང་སྤེལ། ཐལ་མོ་སྦྱར་བའི་བར་དུ་དཔལ་འབར་ཐོགས་ལ་ཐབ་ལ་གཡས་སུ་བསྐོར་ཞིང༌། ཨོཾ་བཛྲ་ཛྙཱ་ན་ཌཱ་ཀི་ནཱི་ཛྭ་ལ་རྃ༔ ཞེས་ལན་གསུམ་གྱིས་མེ་སྦར། ཀུ་ཤའི་འཐོར་ཡབ་ཀྱིས་ཐབ་ལ་བསང་ཆུ་འཐོར་ཞིང༌། ཨོཾ་ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། ཨཱ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་མཁའ༔ ཐིག་ལེ་ཆེན་པོའི་ཀློང་ཡངས་སུ༔ རིག་པའི་ཡེ་ཤེས་རང་སྣང་བ༔ ལས་ཀྱི་དངོས་གྲུབ་ཇི་སྙེད་ཀུན༔ མོས་པ་བཞིན་དུ་འབྱུང་བའི་གནས༔ མཚན་ཉིད་ཡོངས་རྫོགས་རྡོ་རྗེའི་ཐབ༔ གོས་དཀར་ཡུམ་གྱི་ངོ་བོ་ཉིད༔ རབ་འབར་མེ་ལྕེ་འཁྱིལ་བའི་དབུས། རིགས་ཀྱིས་ས་བོན་བྃ་ཡིག་ལས། ཞེས་པའི་མཚམས་ཕག་མོ་རིགས་ལྔ་སོ་སོའམ་དྲིལ་སྒྲུབ་གང་བྱེད་ལྟར་ལྷ་བསྐྱེད་པ་ནས་བཟུང་མཆོད་བསྟོད་བར་རྒྱས་བསྡུས་ཅི་རིགས་པ་དང༌། ཐབ་ཀྱི་དབུས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སྟེང་གི་ནམ་མཁའ་དང་མཐའ་སྐོར་ཀུན་ཏུ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་དང་བཅས་པས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་ལས་ཀྱི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་དུ་བཞུགས་པར་གྱུར། ཅེས་བརྗོད་ཅིང་གསལ་གདབ། དགང་བླུགས་ཐོགས་ཏེ། ཨོཾ་ཨཱཿཧཱུྃ༔ ཤེས་རབ་དགང་གཟར་ཨེ་ཡི་དབྱིངས༔ ཐབས་མཆོག་བླུགས་གཟར་ཝྃ་ཡིག་གིས༔ ཟུང་འཇུག་སྲེག་རྫས་བདུད་རྩིར་བསྐྱིལ༔ བྱང་ཆུབ་སེམས་ཀྱི་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཐིམ༔ ཟག་མེད་བདེ་བས་རབ་མཉེས་པའི༔ ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས༔ ལས་ཀྱི་དངོས་གྲུབ་མཆོག་སྩོལ་གྱུར༔ ཅེས་བརྗོད་ཅིང་དམིགས་ལ། ལྷ་སྔགས་གང་ཡིན་ལན་བདུན་དང༌། མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར་ཁ་སྦྱར་ནས་ཐབས་ལ་བསྐོར་ཞིང་འབུལ་ཏེ། སྤེལ་ཚིག་ཞི་བ་སྤྱིར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ རྒྱས་པར་ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ༔ དབང་ལ། གསུམ་གསུམ་བརྟན་གཡོའི་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ དྲག་པོ་ལ། གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕ¿ཊ༔ མཆོག་ལ། ས་དང་ལམ་གྱི་ཉམས་རྟོགས་ཡོན་ཏན་ཡེ་ཤེས་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ༔ ཞེས་གདགས། བྱེ་བྲག་གི་སྤེལ་ཚིག་རྣམས་འོག་ཏུ་ཤེས་དེ་ལྟ་བུས་མར་ཁུ་ཉེར་གཅིག་དང༌། ཡམ་ཤིང་དེ་མཚུངས་ཕུལ། དེ་ནས་ལས་སོ་སོའི་ཁྱད་པར་གྱི་རྫས་ལྷ་སྔགས་བརྒྱ་སོགས་ཀྱི་མཚམས་སུ་སྤེལ་ཚིག་གདགས་པ་ལ་གྲངས་བཟུང༌། དེ་རྣམས་ཀྱི་ཚེ། ཐབ་ཀྱི་ལྷ་ཚོགས་རྣམས་ཀྱིས་འོད་ཟེར་དཀར་པོ་ཟླ་བ་བདུད་རྩིའི་རང་བཞིན་ཅན་སྤྲོ་བ་དང་བསྡུ་བའི་སྒོ་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བའི་ལས་མཛད་པ་དེ་བཞིན་དུ་འོད་ཟེར་སེར་པོ་གསེར་ཞུན་མའི་མདངས་ཅན་ཉི་མ་འཆར་ཁའི་གཟི་བྱིན་ལྟ་བུས་ཚེ་བསོད་སོགས་རྒྱས་པ། འོད་ཟེར་དམར་པོ་པདྨ་རཱ་གའི་མདངས་ཅན་ལྕགས་ཀྱུའི་རྣམ་པས་དབང༌། འོད་ཟེར་མཐིང་ནག་ཚ་ཞིང་རྩུབ་པ་མཚོན་ཆ་དང་ནད་མཚོན་དུག་གི་ཆར་འབེབས་པས་དྲག་པོ། འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པ་དྲན་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་སྐྱེད་པ་སྤྲོ་བསྡུས་མཆོག་གི་ལས་ཐམས་ཅད་རྩོལ་མེད་དུ་འགྲུབ་པར་བསམས་ལ་དམིགས་པའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་འཛིན་པ་ནི་རྣོ་ལ་ངར་གྱིས་གདགས་པ་བཞིན་ནོ། གསུམ་པ་རྗེས་ནི། གྲངས་རྫོགས་པའི་ཚེ་སྤྲོ་ན། ཨོཾ་བཛྲ་ཝཱསྟྲ་ཡ་སྭཱ་ཧཱ་ས་ལས་མཐུན་གྱི་གོས་ཟུང་དང༌། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱའ་ས་སོ་རྩི་འབུལ། རྃ་ཡྃ་ཁྃ་རང་བྱུང་པདྨ་བྷཉྫ་སོགས་ཀྱིས་ཚོགས་བརླབ། ཧྲཱིཿ ངོ་བོ་ཆོས་སྐུའི་སོགས་ཀྱིས་ཚོགས་ཕུད་ཐམས་ཅད་ཀྱི་དཀྱིལ་དང༌། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕེཾ་ཕེཾ༔ བྷྱོཿ ཡེ་ཤེས་མཁའ་འགྲོའི་སོགས་ཀྱིས་ལྷག་མ་ཐབ་ཀྱི་ཟུར་དུ་དབུལ། ཡེ་ཤེས་མཁའ་འགྲོའི་སོགས་སྨོན་ལམ་གདབ། སྤྲོ་ཞིང་ནུས་ན་ནང་དང་གསང་བའི་ཚོགས་མཆོད་ཀྱང་ཇི་ལྟར་རིགས་པ་བགྱིས་པས་ནང་གསང་གི་སྦྱིན་སྲེག་ཀྱང་ཞར་ལ་གྲུབ་པ་ཡིན་གང་ལྟར་ཡང་གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་གིས་དངོས་གྲུབ་བླང༌། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཛཿཧཱུྃ་བྃ་ཧོཿས་ཐབ་ཀྱི་ཡེ་ཤེས་པ་རང་ལ་ཐིམ་པར་བསམ་ཞིང༌། ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་དྷཱ་ཀ་ནཱི་ཨཱཏྨ་ཀོ྅ཧཾཿཞེས་ང་རྒྱལ་གཟུང༌། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་ཅེས་བརྗོད་ཅིང་བསམས་ལ། ཧོཿ བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཟག་མེད་བདུད་རྩིའི་སྲེག་བླུགས་ཕུལ་བའི་མཐུས༔ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་བསྔོ་སྨོན་དང༌། ཨོཾ༔ དགོངས་བརྡ་སྙན་བརྒྱུད་རིག་རྩལ་འཆང་༔ རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ རབ་འབྱམས་ཞི་ཁྲོའི་ཕྱག་རྒྱར་སྣང་༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ རྣལ་འབྱོར་གྲོགས་མཛད་བདེ་ཆེན་སྤེལ༔ ཕྱི་ནང་མཁའ་འགྲོའི་བཀྲ་ཤིས་ཤོག༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་རྒྱ་མཚོའི་བཀྲ་ཤིས་ཤོག༔ གནས་སྐབས་རྣམ་བཞིའི་ཕྲིན་ལས་ཀྱིས༔ དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ མཐར་ཐུག་འཆི་མེད་ཡེ་ཤེས་སྐུ༔ མངོན་སུམ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་གི་ཆར་དབབ། ཐལ་བ་ཞི་རྒྱས་དབང་གསུམ་ལ་མེ་རང་ཞིར་འཇོག་པའམ། ལོང་མེད་ན་ཞི་བ་ལ་འོ་མ། རྒྱས་པ་ལ་དྲི་སེར་པོ། དབང་ལ་ཆང་དང་སྦྱར་བའི་ཆུས་གཞིལ་ཞིང༌། དྲག་པོ་ནི་དུག་ཁྲག་གི་ཆུས་ཅིག་ཅར་དུ་གཞིལ་ཏེ་ཞི་བའི་ཐལ་བ་ཆུ་ཀླུང་ཆེན་པོར་སྦྱང༌། རྒྱས་པར་མཛོད་ཀྱི་ཕུག་ཏུ་སྦ། དབང་ལ་རི་མཐོན་པའི་རྩེར་མཐུན་པའི་རླུང་ལ་བསྐུར། དྲག་པོ་ལ་ལམ་གྱི་གཞི་མདོར་མནན་པས་མཚོན་ལས་ཀྱི་རྗེས་མི་མངོན་པར་བྱའོ། །འཕྲོས་དོན་བྱེ་བྲག་གི་སྤེལ་ཚིག་ནི། བསྙེན་པ་སོགས་ཀྱི་ཁ་སྐོང་ལ། གསང་སྔགས་ཀྱི་ལྷག་ཆད་སོགས་བཟླས་པའི་ཉེས་སྐྱོན་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ དམ་ཚིག་ཉམས་ཆག་ཞི་བར། དམ་ཚིག་ཉམས་ཆག་ཉེས་ལྟུང་དཔའ་བོ་མཁའ་འགྲོའི་བཀའ་ཆད་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་རྒྱས་པ་ལ། ཚེ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ༔ དེ་བཞིན་དུ་ཤེས་རབ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ༔ བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ༔ འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ༔ ཆོས་དང་རིགས་ཀྱི་བརྒྱུད་འཛིན་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ༔ ཞེས་སོགས་གང་འདོད་དང༌། དབང་གི་ལས་དམིགས་བསལ་ལ། ཁམས་གསུམ་སྐྱེ་དགུའི་བླ་ཡིད་ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་སམ་ཡང་ན་མིང་འདི་ཞེས་བྱ་བའི་བླ་ཡིད་སོགས་སྤེལ་ལོ། །སྤྱིར་ཕག་མོ་རིགས་གང་ལ་བརྟེན་ཀྱང་ལས་ཐམས་ཅད་བསྒྲུབ་ཏུ་རུང་མོད། གཙོ་བོར་ཕག་མོ་དཀར་མོས་ཞི་བ། སེར་མོས་རྒྱས་པ། དམར་མོས་དབང༌། ལྗང་མོས་དྲག་པོ། ནག་མོས་མཆོག་གི་ལས་ལ་སྦྱར་བ་ལེགས་ཤིང༌། རྒྱུན་གྱི་རྣལ་འབྱོར་ལ། སྐྱབས་སེམས་ཙམ་གྱི་རྗེས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཕག་མོའི་སྐུར་གྱུར་པར་མོས་ལ་བསང་ཆུ་དང་མཆོད་སྲེག་གི་རྫས་བརླབ། ཨཿ འོད་གསལ་སྟོང་ཉིད་དབྱིངས་ཀྱི་མཁའ༔ ཞེས་སོགས་གོང་ལྟར་ལ། དགང་བླུགས་མ་འབྱོར་ན་ལག་གཉིས་རྡོ་རྗེའི་དགང་བླུགས་སུ་མོས་ཏེ། མར་ཁུ་ཕུད་སྐྱོགས་སོགས་ཀྱིས་བླུགས་ཀྱང་རུང་ཞིང༌། སྤྱིར་མར་དང་ཡམ་ཤིང་སོགས་མ་འབྱོར་ཀྱང༌། ཕྱེ་མར་དང༌། འབྲུ་སྨན་རིན་ཆེན་ཤིང་ཏོག་དར་ཟབ་སོགས་གང་འབྱོར་སྦོམ་རྫས་སུ་བྱས་ནས། ཨོཾ་ཨཱཿ་ཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པའི༔ བྱང་ཆུབ་སེམས་ཀྱི་མཆོད་པའི་སྤྲིན༔ ཅེས་སོགས་གསལ་བཏབ་ལ་ཕུལ་བས་ཀྱང་རུང་སྟེ། ཉང་གཏེར་ཕག་མོའི་མེ་མཆོད་ལས། རྫས་ནི་ཕྱེ་མར་རཏྣ་སྨན༔ ཟས་ནི་རྣམ་པ་སྣ་ཚོགས་དང་༔ རིན་པོ་ཆེ་དང་འབྲུ་སྣ་དང་༔ དར་ཟབ་གོས་ལ་སོགས་པ་བསྲེག༔ ཅེས་དང༌། བླ་མ་གསང་བ་འདུས་པ་ལས༔ ཚོགས་གསོག་པ་ཡི་སྦྱིན་སྲེག་ནི༔ ཕྱི་དང་སྨན་གྱིས་འགྲུབ་པའོ༔ ཟས་འདོད་པ་ལ་ཟས་དེ་བསྲེག༔ གོས་འདོད་པ་ལ་གོས་དེ་བསྲེག༔ ནང་ནུབ་ཐབ་ཏུ་བསྲེག་ཀྱང་ཆོག༔ ཅེས་སོགས་ཚད་མར་གྱུར་པའི་གཞུང་གཞན་ལས་ཀྱང་འབྱུང་བའི་ཕྱིར་རོ། །རྫས་རྫོགས་པ་ན་མཆོད་བསྟོད་ནོངས་བཤགས་སོགས་གོང་ལྟར་བྱའོ། །ཡང་ཚོགས་མཆོད་དང་འབྲེལ་བར་མེ་མཆོད་འབུལ་བར་སྤྲོ་ན། ཕྱྀའི་ཚོགས་མཆོད་ཀྱི་རྗེས་སུ་བསང་ཆུ་བྱིན་གྱིས་བརླབས་པ་ནས་བཟུང་ཆོ་ག་རྒྱས་བསྡུས་གང་རིགས་བྱ། ཚོགས་ཀྱི་མཆོད་པ་ཕུད་ཀྱི་ཆ་ཤས་སྔགས་ཙམ་གྱིས་ཕུལ་བས་རུང༌། མཐར་མེ་ལྷ་རང་ལ་བསྟིམས་པའི་བར་གྱི་རྗེས་ནང་དང་གསང་བའི་ཚོགས་མཆོད་སོགས་དཀྱུས་ལྟར་བྱས་པས་རུང་ངོ༌། །ཞེས་པའང་གཞུང་རྩ་བ་ལ་ཕྱག་ལེན་རྒྱས་པར་ཕྱེ་སྟེ་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་འོད་གསལ་སྤྲུལ་པའི་རྡོ་རྗེས་སྦྱར་བའི་དགེ་བས་འགྲོ་ཀུན་དངོས་གྲུབ་རྣམ་པ་གཉིས་ཀྱི་དགའ་སྟོན་ལ་འདོད་རྒུར་སྤྱོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།། །།
[edit]

d+hI/:__rtsa gsum 'od gsal snying tig las:__phag mo'i me mchod phrin las snang ba'i rgyan ces bya ba bzhugs so:____d+hI/:__na mo gu ru dz+nyA na wA ra hI pA dA ya/__'dir bsnyen pa las su rung ba'i rnal 'byor pas/__las sgrub pa me mchod kyi cho ga mdor bsdus te bya ba'i tshul la gsum/__sbyor ba/__dngos gzhi/__rjes so/__/dang po la gnyis/__cho gar ma gtogs pa'i sbyor ba dang*/__cho gar gtogs pa'i sbyor ba dang*/__dang po ni/__gzhi ma dul ba yin na sa'i cho ga rgyas bsdus ji ltar rigs par bya/__gang ltar yang rang gi mdun du shes pa'i sa las 'jam zhing khod snyoms pa'i stegs bu gru bzhi pa byas pa'i ngogs su rdul tshon gyis chos 'byung bsnol ma rdo ra me ri dang bcas pa'i lte bar pad+ma 'dab ma bzhi pa'i dbus su ba~M yig rigs kyi kha dog can dang*/__'dab ma la 'bum phrag yangs pa'i mkha' 'gro'i srog gi mtshon byed ha ri ni sa'i yig 'bru bzhi dgod/__ma grub na me tog gi tshom bu'am/__rgyun gyi rnal 'byor lta bur sol mes bkang ba'i snod bzhag kyang rung*/__thab kyi khar las gang gtso bor byed pa'i bud shing zlum po sogs dbyibs so sor brtsigs pa'am/__las bzhi'i shing dbyibs so sor phyogs bzhir brtsigs kyang rung zhing*/__de la shing ni zhi ba la bal bu/__lcang ma/__'om bu sogs 'o ma can/__rgyas par star ga__/shug pa sogs 'bras bu can mdog ser zhing dri bzang ba/__dbang la seng lding ngam/__'o se/__mdzo mo shing sogs mdog dmar zhing ro skyur ba/__drag po la skyer pa sogs tsher ma can no/__/dbyibs zhi ba la zlum po/__rgyas pa la gru bzhi/__dbang la zla gam/__drag po la zur gsum du bya/__mchog gi dngos grub gtso bor byed pa la ni rgyas pa dang mthun/__der ma zad thab khung kyang zhi ba la dkar zlum khru gang*/__rgyas par gru bzhi ser po khru do/__dbang la zla gam dmar po khru gang*/__drag po la gru gsum nag po sor nyi shu/__dpangs su rang rang gi phyed cha/__sor bzhi'i mu ran dang kha khyer la zhi bar rdo rje dkar po/__rgyas par rin chen ser po/__dbang la lcags kyu dmar po/__drag po la gri gug nag po'i phreng bas bskor zhing*/__de'i lte bar chos 'byung sogs gong ltar bri/__de dang nye bar rang gi mdun du dgang blugs kha sbyar ba/__rdo dril/__thod rnga/__bsang chu me tog gi snod sogs dang*/__rang gi g.yas su sman gtor rak+ta nyer spyod tshogs kyi yo byad/__g.yon du sreg rdzas drag po la mchod sreg gi rdzas go ldog stai bsham/__mchan/__mar khu/_____las mthun gyi yam shing*/__khyad par gyi rdzas sdig sgrib zhi ba dang bsnyen pa'i kha skong sogs la til bgegs zhi ba la yungs kar/__tshe rgyas pa la dUr+Wa/__shes rab rgyas pa la dri bzang po dang ldan pa'i me tog ser po/__bsod nams rgyas pa la zas mchog__/'byor pa rgyas pa la rin chen dar zab 'bru sna/__rigs brgyud rgyas pa la shing tog skyon med pa/__dbang la gar chang dang lan tshwas sbags pa'i me tog dmar po/__drag po la dug khrag dang ling+ga/__mchog gi dngos grub gtso bor byed na bdud rtsi chos sman dang mA da na sin+d+hU ra rnams bsres pa'i zas mchog bcas bsham/__spros pa la dga' na las so so dang mthun pa'i chas zhugs/__zhi ba la dar dang rin po che dkar po'i rgyan rgyas pa la ser/__dbang la dmar/__drag po la zhwa nag phod ka rus brgyan sogs/__mchan/__la blta phyogs zhi ba la shar/__rgyas pa la lho/__dbang la nub/__drag po la byang*/__'dug stangs zhi ba la sems skyil/__rgyas pa la bzang po'i 'dug stangs/__dbang la pad skyil/__drag po la ru sbal gyi 'dug stangs/__sogs kyang spyi ltar ro/__gnyis pa ni/__skyabs sems nas bzung bzlas pa mchod bstod bar bdag bskyed rgyas bsdus gang rigs bya/__bsang chu la dmigs te/__oM karma DA ki nI hU~M phaT:__ces bgegs bsang ba'i nus pa dang ldan par byin gyis brlab/__gnyis pa dngos gzhi la/__oM ma hA badz+ra hU~M zhes pas rdo rje snying gar gsor/__oM badz+ra gaN+Dai AHsa dril bu dkur brten/__oM sarba ta thA ga ta ma hA a nu rA ga Na badz+ra swa b+hA ba At+ma ko\u0f85haM gis rdor dril bsnol ba'i 'khyud rgya dang bcas dam tshig gsum bzung*/__gnyis pa dngos gzhi la/__thog mar mchod sreg gi rdzas rnams la bsang chu 'thor zhing*/__ra~M ya~M kha~M gis bsang sbyang*/__stong pa'i ngang las bde chen gyi:__rnam rol mchod dang bsreg bya'i rdzas:__ye shes bdud rtsi 'dod yon sprin:__cir yang 'char zhing 'byung bar gyur:__oM AHhU~M:__lan bdun dang*/__spro na nam mkha' mdzod kyi sngags rgyas kyang brlab cing spel/__thal mo sbyar ba'i bar du dpal 'bar thogs la thab la g.yas su bskor zhing*/__oM badz+ra dz+nyA na DA ki nI dz+wa la ra~M:__zhes lan gsum gyis me sbar/__ku sha'i 'thor yab kyis thab la bsang chu 'thor zhing*/__oM karma DA ki nI hU~M phaT kyis bsang*/__swa b+hA bas sbyang*/__A:__'od gsal stong nyid dbyings kyi mkha':__thig le chen po'i klong yangs su:__rig pa'i ye shes rang snang ba:__las kyi dngos grub ji snyed kun:__mos pa bzhin du 'byung ba'i gnas:__mtshan nyid yongs rdzogs rdo rje'i thab:__gos dkar yum gyi ngo bo nyid:__rab 'bar me lce 'khyil ba'i dbus/__rigs kyis sa bon ba~M yig las/__zhes pa'i mtshams phag mo rigs lnga so so'am dril sgrub gang byed ltar lha bskyed pa nas bzung mchod bstod bar rgyas bsdus ci rigs pa dang*/__thab kyi dbus su ye shes kyi mkha' 'gro ma la steng gi nam mkha' dang mtha' skor kun tu rtsa brgyud kyi bla ma yi dam dkyil 'khor lha tshogs/__gnas gsum gyi dpa' bo dang rnal 'byor ma 'bum phrag yangs pa'i mkha' 'gro'i tshogs dang bcas pas bskor ba sprin phung 'thibs pa ltar las kyi dngos grub stsol ba la dgyes bzhin du bzhugs par gyur/__ces brjod cing gsal gdab/___dgang blugs thogs te/__oM AHhU~M:__shes rab dgang gzar e yi dbyings:__thabs mchog blugs gzar wa~M yig gis:__zung 'jug sreg rdzas bdud rtsir bskyil:__byang chub sems kyi mchod pa'i sprin:__dkyil 'khor lha tshogs zhal du thim:__zag med bde bas rab mnyes pa'i:__ye shes chen po'i 'od zer gyis:___las kyi dngos grub mchog stsol gyur:__ces brjod cing dmigs la/__lha sngags gang yin lan bdun dang*/__mar blugs gzar bdun gyis dgang gzar bkang la mthar kha sbyar nas thabs la bskor zhing 'bul te/__spel tshig zhi ba spyir/__bdag cag dpon slob yon mchod 'khor dang bcas pa'i nad gdon sdig sgrib 'gal rkyen bar chad mi mthun pa'i phyogs thams cad shan+tiM ku ru swA hA:__rgyas par _tshe bsod dpal 'byor ye shes yon tan sogs mthun rkyen phun sum tshogs pa thams cad puSh+tiM ku ru oM:__dbang la/__gsum gsum brtan g.yo'i phun sum tshogs pa thams cad wA shaM ku ru ho:__drag po la/__gnod byed dgra bgegs thams cad mA ra ya pha[¿]Ta:__mchog la/__sa dang lam gyi nyams rtogs yon tan ye shes thams cad puSh+tiM ku ru oM:__zhes gdags/__bye brag gi spel tshig rnams 'og tu shes de lta bus mar khu nyer gcig dang*/__yam shing de mtshungs phul/__de nas las so so'i khyad par gyi rdzas lha sngags brgya sogs kyi mtshams su spel tshig gdags pa la grangs bzung*/__de rnams kyi tshe/__thab kyi lha tshogs rnams kyis 'od zer dkar po zla ba bdud rtsi'i rang bzhin can spro ba dang bsdu ba'i sgo nas nad gdon sdig sgrib thams cad zhi ba'i las mdzad pa de bzhin du 'od zer ser po gser zhun ma'i mdangs can nyi ma 'char kha'i gzi byin lta bus tshe bsod sogs rgyas pa/__'od zer dmar po pad+ma rA ga'i mdangs can lcags kyu'i rnam pas dbang*/__'od zer mthing nag tsha zhing rtsub pa mtshon cha dang nad mtshon dug gi char 'bebs pas drag po/__'od zer dkar la dmar ba'i mdangs chags pa dran pa tsam gyis bde stong gi ye shes skyed pa spro bsdus mchog gi las thams cad rtsol med du 'grub par bsams la dmigs pa'i gsal snang la rtse gcig tu sems 'dzin pa ni rno la ngar gyis gdags pa bzhin no/__gsum pa rjes ni/__grangs rdzogs pa'i tshe spro na/__oM badz+ra wAs+t+ra ya swA hA sa las mthun gyi gos zung dang*/__oM badz+ra tam+bu lA ya swA hA' sa so rtsi 'bul/__ra~M ya~M kha~M rang byung pad+ma b+hany+dza sogs kyis tshogs brlab/__hrIH__ngo bo chos sku'i sogs kyis tshogs phud thams cad kyi dkyil dang*/__oM AHhU~M ha ho hrIH__pheM pheM:__b+h+yoH__ye shes mkha' 'gro'i sogs kyis lhag ma thab kyi zur du dbul/__ye shes mkha' 'gro'i sogs smon lam gdab/__spro zhing nus na nang dang gsang ba'i tshogs mchod kyang ji ltar rigs pa bgyis pas nang gsang gi sbyin sreg kyang zhar la grub pa yin gang ltar yang gtang rag gi mchod bstod sngon du 'gro bas/__oM AHhU~M badz+ra dz+nyA na DA ki nI sarba sid+d+hi pha la hU~M gis dngos grub blang*/__yi ge brgya pas nongs pa bshags/__dzaHhU~M ba~M hoHsa thab kyi ye shes pa rang la thim par bsam zhing*/__oM AHhU~M badz+ra dz+nyA na d+hA ka nI At+ma ko\u0f85haMHzhes nga rgyal gzung*/__dam tshig pa me 'bar ba'i rnam par gyur ces brjod cing bsams la/__hoH__bde chen byang chub sems kyi dkyil 'khor du:__zag med bdud rtsi'i sreg blugs phul ba'i mthus:__bdag dang mkha' mnyam 'gro ba ma lus kun:__rdo rje btsun mo'i go 'phang myur thob shog:__ces bsngo smon dang*/__oM:__dgongs brda snyan brgyud rig rtsal 'chang :__rig 'dzin bla ma'i bkra shis shog:__rab 'byams zhi khro'i phyag rgyar snang :__yi dam lha yi bkra shis shog:__rnal 'byor grogs mdzad bde chen spel:__phyi nang mkha' 'gro'i bkra shis shog:__legs nyes stangs 'dzin bar chad sel:__chos srung rgya mtsho'i bkra shis shog:__gnas skabs rnam bzhi'i phrin las kyis:__don gnyis mthar phyin bkra shis shog:__mthar thug 'chi med ye shes sku:__mngon sum 'grub pa'i bkra shis shog:__ces sogs shis pa brjod pa'i tshigs su bcad pa dang bcas me tog gi char dbab/__thal ba zhi rgyas dbang gsum la me rang zhir 'jog pa'am/__long med na zhi ba la 'o ma/__rgyas pa la dri ser po/__dbang la chang dang sbyar ba'i chus gzhil zhing*/__drag po ni dug khrag gi chus cig car du gzhil te zhi ba'i thal ba chu klung chen por sbyang*/__rgyas par mdzod kyi phug tu sba/__dbang la ri mthon pa'i rtser mthun pa'i rlung la bskur/__drag po la lam gyi gzhi mdor mnan pas mtshon las kyi rjes mi mngon par bya'o/__/'phros don bye brag gi spel tshig ni/__bsnyen pa sogs kyi kha skong la/__gsang sngags kyi lhag chad sogs bzlas pa'i nyes skyon thams cad shan+tiM ku ru swA hA:__dam tshig nyams chag zhi bar/__dam tshig nyams chag nyes ltung dpa' bo mkha' 'gro'i bka' chad thams cad shan+tiM ku ru swA hA:__tshe rgyas pa la/__tshe phun sum tshogs pa thams cad puSh+tiM ku ru oM:__de bzhin du shes rab phun sum tshogs pa thams cad puSh+tiM ku ru oM:__bsod nams phun sum tshogs pa thams cad puSh+tiM ku ru oM:__'byor pa phun sum tshogs pa thams cad puSh+tiM ku ru oM:__chos dang rigs kyi brgyud 'dzin phun sum tshogs pa thams cad puSh+tiM ku ru oM:__zhes sogs gang 'dod dang*/__dbang gi las dmigs bsal la/__khams gsum skye dgu'i bla yid wA shaM ku ru ho:__zhes sam yang na ming 'di zhes bya ba'i bla yid sogs spel lo/__/spyir phag mo rigs gang la brten kyang las thams cad bsgrub tu rung mod/__gtso bor phag mo dkar mos zhi ba/_ser mos rgyas pa/_dmar mos dbang*/_ljang mos drag po/_nag mos mchog gi las la sbyar ba legs shing*/__rgyun gyi rnal 'byor la/__skyabs sems tsam gyi rjes/__rang nyid skad cig gis rdo rje phag mo'i skur gyur par mos la bsang chu dang mchod sreg gi rdzas brlab/__aH__'od gsal stong nyid dbyings kyi mkha':__zhes sogs gong ltar la/__dgang blugs ma 'byor na lag gnyis rdo rje'i dgang blugs su mos te/__mar khu phud skyogs sogs kyis blugs kyang rung zhing*/__spyir mar dang yam shing sogs ma 'byor kyang*/__phye mar dang*/__'bru sman rin chen shing tog dar zab sogs gang 'byor sbom rdzas su byas nas/__oM AH hU~M:__thabs dang shes rab dbyer med pa'i:__byang chub sems kyi mchod pa'i sprin:__ces sogs gsal btab la phul bas kyang rung ste/__nyang gter phag mo'i me mchod las/__rdzas ni phye mar rat+na sman:__zas ni rnam pa sna tshogs dang :__rin po che dang 'bru sna dang :___dar zab gos la sogs pa bsreg:__ces dang*/__bla ma gsang ba 'dus pa las:_tshogs gsog pa yi sbyin sreg ni:__phyi dang sman gyis 'grub pa'o:__zas 'dod pa la zas de bsreg:__gos 'dod pa la gos de bsreg:__nang nub thab tu bsreg kyang chog:__ces sogs tshad mar gyur pa'i gzhung gzhan las kyang 'byung ba'i phyir ro/__/rdzas rdzogs pa na mchod bstod nongs bshags sogs gong ltar bya'o/__/yang tshogs mchod dang 'brel bar me mchod 'bul bar spro na/__phy-i'i tshogs mchod kyi rjes su bsang chu byin gyis brlabs pa nas bzung cho ga rgyas bsdus gang rigs bya/__tshogs kyi mchod pa phud kyi cha shas sngags tsam gyis phul bas rung*/__mthar me lha rang la bstims pa'i bar gyi rjes nang dang gsang ba'i tshogs mchod sogs dkyus ltar byas pas rung ngo*/__/zhes pa'ang gzhung rtsa ba la phyag len rgyas par phye ste bklags pas grub par mtsho skyes bla ma dgyes pa'i 'bangs 'od gsal sprul pa'i rdo rjes sbyar ba'i dge bas 'gro kun dngos grub rnam pa gnyis kyi dga' ston la 'dod rgur spyod pa'i rgyur gyur cig__/sarba dA shre yo b+ha ba tu//__//_

Footnotes

Other Information