DKYD-KABUM-06-CHA-036: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=བཟློག་པ་མི་མཐུན་གཏོར་བར་བྱེད་པའི་རླུང་ནག་འཚུབས་མ།
|fulltitle=bzlog pa mi mthun gtor bar byed pa'i rlung nag 'tshubs ma
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum

|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Averting or Dispelling Rites- zlog pa, Torma-offering Rituals - gtor chog
|terma=Yes
|terma=Yes
|deity=ge sar
|language=Tibetan
|language=Tibetan
|volumenumber=06
|volnumtib=༦
|volnumtib=༦
|volyigtib=ཆ
|volyigtib=ཆ
|pagestatus=Temporary stub only
|totalvolumes=8
|volumenumber=06
|volumeLetter=CHA
|textnuminvol=036
|textnuminvol=036
|multivolumework=No
|pdflink=File:DKYD-KABUM-06-CHA-036.pdf
|pdflink=File:DKYD-KABUM-06-CHA-036.pdf
|volumeLetter=CHA
|InitCategories=Khyentse Lineage Project; DKYD-KABUM-Volume-06-CHA

}}
}}
Line 23: Line 28:
<onlyinclude>
<onlyinclude>
{{TibP|༄༅། །བཟློག་པ་མི་མཐུན་གཏོར་བར་བྱེད་པའི་རླུང་ནག་འཚུབས་མ་ཞེས་བྱ་བ་བཞུགས་སོ།།

༄༅། «།དེ་ལ་འདིར་ཐོག་མར་སྦྱོར་བ་བཀོད་བཤམས་སོགསཿ བཟློག་གཏོར་སྤྱི་མཐུན་ལྟར་དངཿ འཁོར་སུམ་ཅུའི་གྲངས་ཀྱིས་དམར་གཏོར་གྱིས་བསྐོར་མཐརཿ དྲེགས་པ་ཡང་འཁོར་མཚོན་བྱེད་ཀྱུ་གུ་བྷ་ལིང་གྲངས་མང་གིས་བསྐོར་ཞིངཿ རྩང་མཚེ་དང་བསྲུང་བ་ཟློག་པའི་འཁོར་ལོ་སྤྱི་མཐུན་ལྟར་འཇུག་པ་དངཿ ཁྱུང་ཙཀ་གཏོར་གདུགས་ཀྱིས་བརྒྱན་པ་སོགསཿ གསང་སྔགས་སྤྱིའི་འགྲོ་ལུགས་བཞིན་གྲུབ་རྗེསཿ ཀ་དག་རིག་སྟོང་ཆོས་སྐུའི་ང་རྒྱལ་གྱི་ངང་ནསཿ རོལ་ཆེན་རྐང་གླིང་རྔ་དང་འབུད་དཀྲོལ་བྱ་ཞིངཿ འགུགས་འདྲེན་དང་བཅས༔ »ཧཱུྃ་བྷྱོཿ མི་གནས་ཡེ་ཤེས་ཆོས་དབྱིངས་ཕོ་བྲང་ནསཿ རྩ་བརྒྱུད་བླ་མ་ཆོས་སྐུའི་ལྷ་ཚོགས་བཞེངསཿ ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ནསཿ ཡི་དམ་ཞི་ཆགས་ཁྲོ་བོའི་ལྷ་ཚོགས་བཞེངསཿ རིག་རྩལ་གར་བསྒྱུར་མ་ངེས་ཞིང་ཁམས་ནསཿ གནས་གསུམ་མ་ཚོགས་མཁའ་འགྲོ་རྒྱ་མཚོ་བཞེངསཿ རྔ་ཡབ་དཔལ་རི་གསང་ཆེན་ཕོ་བྲང་ནསཿ འཛམ་གླིང་སྐྱེས་མཆོག་ནོར་བུ་དགྲ་འདུལ་བཞེངསཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངསཿ བསྐྱོད་ཅིག་བསྐྱོད་ཅིག་རཀ་ཤའི་ཡུལ་ནས་བསྐྱོདཿ འཐོར་བྱེད་རླུང་ནག་ཚོགས་ནི་འུ་རུ་རུ༔ དྲག་པོ་བསྐལ་པའི་མེ་དཔུང་ཆེམས་སེ་ཆེམཿ རཀྟའི་རྒྱ་མཚོ་རྦ་རླབས་ཆི་ལི་ལིཿ ལྷ་རྟ་གྱི་ལིང་སྟེང་ན་འགྱིང་ཞིང་བརྗིདཿ དཔའ་སྐད་དབྱར་རྔའི་སྒྲ་དབྱངས་ལྡི་རི་རིཿ ལས་མཛད་དགྲ་བླ་ཝེར་མ་སྐར་ལྟར་འཁྲུགསཿ དགྲ་སྲོག་འཇོམས་པའི་མཚོན་ཆ་ཟེངས་སེ་ཟེངཿ ཁྲོ་གཏུམ་དྲག་པོའི་ང་རོ་སྒྲོགས་ཤིང་གཤེགསཿ བདུད་དགྲའི་གཡུལ་ངོ་བཟློག་པའི་དུས་ལ་བབསཿ ཕྱི་ནང་གཡོ་འཁྲུགས་བཟློག་པའི་དུས་ལ་བབསཿ འབྱུང་བཞིའི་འཕོ་འཆུགས་བཟློག་པའི་དུས༴ བསྟན་དགྲའི་གནོད་པ་བཟློག༴ བསྟན་འཛིན་འགལ་རྐྱེན་བཟློག༴ མུ་སྟེགས་བྱད་ཕུར་བཟློག༴ ནད་མུག་མཚོན་གསུམ་བཟློག་པའི་དུས་ལ་བབས༴ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃཿ སྔ་འགྱུར་བསྟན་པའི་སྲོག་ཤིང་མགོན་ཅིག་པུཿ དགྲ་འདུལ་སེང་ཆེན་མ་ཧཱ་ར་ཛ་མཆོགཿ ཁྱོད་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱངཿ གདུལ་དཀའ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་ཤིགཿ སྔོན་གྱི་ཐུགས་བསྐྱེད་དམ་བཅས་རྗེས་སུ་དགོངསཿ མ་རུང་བདུད་དགྲ་སྒྲོལ་བའི་ཕྲིན་ལས་མཛོདཿ ཧཱུྃཿ དབུ་ལ་གནམ་ལྕགས་རྨོག་དཀར་གསོལ་བ་ཡིསཿ སྟེང་གདོན་གཟའ་ཡི་གནོད་པ་དགྲ་ལ་བཟློགཿ དྲག་པོའི་ཞལ་གྱི་སྤྲིན་ནག་འཁྲུགས་པ་ཡིསཿ མི་སྲུན་འབྱུང་པོའི་རྩལ་ངོམས་དགྲ་ལ༴ སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག་པ་ཡིས༔ མུ་སྟེགས་འདུན་འགྲོས་བྱད་ཕུར་དགྲ༴ རབ་འཇིགས་གངས་རི་ལྟར་དཀར་མཆེ་གཙིགས་པསཿ གཟུགས་ཅན་གཟུགས་མེད་འགལ་རྐྱེན་དགྲ་ལ་བཟློགཿ ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་བརྡབས་པ་ཡིསཿ ལོ་ཏོག་བཙའ་སད་སེར་གསུམ་དགྲ༴ རབ་མཛེས་སྒྲ་འཛིན་དབང་པོར་བསྐུལ་དབྱངས་སོནཿ བསྟན་པ་ནང་འཁྲུགས་བྱེད་པ་དགྲ༴ མགྲིན་པར་ཧཱུྃ་གི་སྒྲ་དབྱངས་ལྡིར་བ་ཡིསཿ མི་མཐུན་གཤེ་སྐུར་བྱུང་བ་དགྲ༴ སྐུ་མཆོག་རྡོ་རྗེའི་གོ་ཁྲབ་གསོལ་བ་ཡིསཿ བར་གདོན་བཙན་གྱི་གནོད་པ་དགྲ༴ དཔུང་པ་རྡོ་རྗེའི་ཁྱུང་གཤོག་ལྟར་བརྒྱངས་པསཿ རྣལ་འབྱོར་ཚེ་བསོད་ཉམས་པ་དགྲ༴ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར་བ་ཡིསཿ རྣལ་འབྱོར་མཚོན་ཆའི་འཚེ་བ་དགྲ༴ ཕྱག་གཡོན་ཐབས་ཀྱི་ཐོད་ཁྲག་བསྣམས་པ་ཡིསཿ རྣལ་འབྱོར་ནད་ཀྱིས་མནར་བ་དགྲ༴ སྦལ་སྦྲུལ་འདོམ་དགུའི་ཞགས་པ་བསྐྱང་པ་ཡིསཿ རྣལ་འབྱོར་བྱད་ཀྱིས་བཅིངས་པ་དགྲ༴ མདུང་མོ་རྣོ་ངར་མཆན་གཡོན་བརྟེན་པ་ཡིསཿ རྣལ་འབྱོར་ཕུར་ཁ་ཟུག་པ་དགྲ༴ སྦ་ལྕགས་ཚིགས་གསུམ་ཕྱག་སོར་བསྐོན་པ་ཡིསཿ རྣལ་འབྱོར་བསམ་པའི་བར་ཆད་དགྲ༴ མགུལ་གའུ་རིན་ཆེན་མགུལ་ལ་བརྒྱན་པ་ཡིསཿ རྣལ་འབྱོར་བདུད་དགྲའི་གླག་ལྟ་དགྲ༴ སྒྲིབ་བྲལ་མེ་ལོང་ཐུགས་ཀར་བཏགས་པ་ཡིསཿ རྣལ་འབྱོར་ལོ་ཀེག་ཟླ་གཤེད་དགྲ༴ ཞབས་ལྷྭམ་འཇའ་ཚོན་རབ་འབར་གསོལ་བ་ཡིསཿ རྣལ་འབྱོར་གོད་སྲི་སྡང་བ་དགྲ༴ ཞབས་གཉིས་ཁྲོ་བོའི་རྟ་བྲོ་བརྡུང་བ་ཡིསཿ རྣལ་འབྱོར་འོག་གདོན་ཀླུས་གནོད་དགྲ་ལ༴ ཅང་ཤེས་སྟེང་ན་སྒེག་ཅིང་འགྱིང་བ་ཡིསཿ རྣལ་འབྱོར་གཞོན་དར་སྲི་སྡང་དགྲ་ལ༴ ལྷ་རྟའི་རྨིག་བཞིས་དགྲ་འདུལ་བྲོ་འཁྲབ་པསཿ རྣལ་འབྱོར་དམག་རྐུན་གྱིས་གནོད་དགྲ༴ སྟག་དོང་གཟིག་ཤུབས་འཁོར་གསུམ་བསྣམས་པ་ཡིསཿ རྣལ་འབྱོར་ལྟས་ངན་བྱུང་བ་དགྲ་ལ་བཟློགཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃཿ སྤྱི་བོ་བདེ་ཆེན་འཁོར་ལོའི་གཞལ་ཡས་ནསཿ སངས་རྒྱས་ཀུན་འདུས་པདྨ་རྒྱལ་པོ་བཞེངསཿ ཡུམ་ཆེན་ཁམས་གསུམ་དབང་བྱེད་དམར་པོ་འཁྲིལཿ སངས་རྒྱས་བསྟན་དགྲ་བཟློག་པའི་ཕྲིན་ལས་མཛོདཿ ཧཱུྃཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས་ནསཿ དམོད་པ་རབ་གྲུབ་ལོཀྟྲི་པ་ལ་བཞེངསཿ བསྟན་འཛིན་ཞབས་བསྟན་བསྟན་ལ་སྡང་བ་ཡིཿ བདུད་སྡེའི་གཡུལ་གོ་བཟློག་པའི་ཕྲིན་ལས་མཛོདཿ ཧཱུྃཿ སྙིང་ག་ཆོས་ཀྱི་འཁོར་ལོའི་གཞལ་ཡས་ནསཿ དབང་ཆེན་རྟ་མགྲིན་ཧྱ་གྷྲི་ཝ་བཞེངསཿ རྒྱལ་བསེན་འབྱུང་པོ་དམ་སྲི་གསར་སྐྱེས་དངཿ རྒྱ་འདྲེའི་གནོད་པ་བཟློག་པའི་ཕྲིན་ལས་མཛོདཿ ཧཱུྃཿ ལྟེ་བ་སྤྲུལ་བའི་འཁོར་ལོའི་གཞལ་ཡས་ནསཿ ཁྲོ་རྒྱལ་ཡཀྴ་མེ་དབལ་ལྷ་ཚོགས་བཞེངསཿ འགུགས་འཆིང་སྡོམ་མྱོས་སྒྲོལ་སྤར་ལས་ལ་རྔམསཿ ཆགས་ཆེ་ཉམས་ང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུྃཿ གསང་གནས་བདེ་སྐྱོང་འཁོར་ལོའི་གཞལ་ཡས་ནསཿ ཤ་ཟ་ཌཱཀྐི་མ་ཚོགས་རྒྱ་མཚོ་བཞེངསཿ ལྷོག་པ་གཟེར་ཐུང་སྙིང་རླུང་སྨྱོ་འབོག་སོགསཿ མི་འདོད་མཚན་ལྟས་བཟློག་པའི་ཕྲིན་ལས་མཛོདཿ ཧཱུྃཿ ཤར་ནས་ཚེ་འཛིན་གྲུབ་པའི་རྒྱལ་མོ་བཞེངསཿ དུས་མིན་འཆི་བ་བཟློག་ཅིང་དགྲ་ལ་བསྒྱུརཿ ལྷོ་ནས་རྒྱས་པའི་ལས་མཛད་གསེར་མདོག་བཞེངསཿ དཔལ་འབྱོར་ཉམས་པ་བཟློག་ཅིང་དགྲ་ལ་བསྒྱུརཿ ནུབ་ནས་དབང་བྱེད་རྩལ་ལྡན་དམར་པོ་བཞེངསཿ སྙན་གྲགས་བར་ཆད་བཟློག་ཅིང་དགྲ་ལ་བསྒྱུརཿ བྱང་ནས་ལྷ་མོ་མྱུར་མགྱོགས་སྔོ་སངས་བཞེངསཿ སྡེ་བརྒྱད་ཀོ་ལོང་བཟློག་ཅིང་དགྲ་ལ་བསྒྱུརཿ བར་མཚམས་རྣམས་ནས་ཝེར་མའི་ཚོགས་རྣམས་བཞེངསཿ རྦད་འདྲེ་རྦོད་གཏོང་བཟློག་ཅིང་དགྲ་ལ་བསྒྱུརཿ སྟེང་གི་ཕྱོགས་ནས་ཕག་མོ་མཐིང་གསལ་བཞེངསཿ མ་མོའི་གཏད་ཁྲམ་བཟློག་ཅིང་དགྲ་ལ་བསྒྱུརཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལཿ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃཿ འོག་ཕྱོགས་འཇིགས་པའི་དུར་ཁྲོད་ལ་སོགས་པཿ མ་ངེས་གནས་ནས་ལྷ་སྲིན་དམག་དཔུང་དངཿ འཇིག་རྟེན་མཁའ་འགྲོ་སྒོ་བ་བཞི་པོའི་གཙོསཿ སྤྲུལ་པ་ཡང་སྤྲུལ་དཔག་མེད་སྐུར་བཞེངས་ཤིགཿ སྣ་ཚོགས་མདོག་ཅན་ཁྲོ་གཏུམ་རྔམས་པའི་གཟུགསཿ ཕྱག་མཚན་རྣོ་ངར་མཚོན་ཆའི་རྣམ་གྲངས་ཐོགསཿ དགྲ་གདོན་སྲོག་དབུགས་སྙིང་ཁྲག་འཇིབ་ལ་དགྱེས༔ རྣལ་འབྱོར་ཏིང་འཛིན་དམ་ཚིག་དྲོད་ཉུལ་རྣམསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལཿ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་དང་ཿ རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུཿ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལཿ གནོད་ཅིང་འཚེ་བའི་དགྲ་བགེགས་རྡུལ་དུ་རློགཿ མ་རུང་བདུད་ཀྱི་གཡུལ་ངོ་དགྲ་ལ་བཟློགཿ ཕྱི་ནང་འཁྲུགས་རྩོད་བྱེད་པ༴ བསྟན་ལ་འཚེ་བ་གང་མཆིས་དགྲ༴ བསྟན་འཛིན་འགལ་རྐྱེན་གྱིས་གཟིར་དགྲ༴ འབྱུང་བཞི་གཡོ་འཁྲུགས་བྱེད་པ༴ དུས་ཀྱི་འཕོ་འགྱུར་ངན་པ་དགྲ༴ རྨི་ལམ་མཚན་མ་ངན་པ༴ རྟགས་དང་རྟེན་འབྲེལ་ངན་པ༴ དགྲ་འདྲེའི་བསམ་སྦྱོར་ངན་པ༴ མུ་སྟེགས་རྫས་འཕྲུལ་ངན་པ༴ ལུས་ངག་ཡིད་གསུམ་བཅིངས་བ༴ རླུང་ལ་འཁོར་ལོ་བསྐོར་བ༴ བསྲེག་མནན་འཕང་གསུམ་བྱས་པ༴ སྡེ་བརྒྱད་གཏད་ཁྲམ་ཐེབས་པ༴ བན་བོན་ཕུར་ཁ་ཟུག་པ༴ མ་མོའི་ནད་རྐྱལ་རྡེབ་པ༴ གོད་ཁ་གནས་འགྱུར་བྱུང་བ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ༴ ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ དུས་མིན་འཆི་བ་བཅོ་བརྒྱད༴ གཡས་ཀྱི་བདུད་དུ་གཡོན་པ་དགྲ༴ རྒན་སྲི་གཞོན་སྲི་ལངས་བ༴ བྱིས་པའི་ཆུང་སྲི་སྡང་བ༴ ཕ་མའི་དུར་སྲི་སྡང་བ༴ གྱོད་འདྲེ་གོད་སྲི་ངན་པ་དགྲ༴ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ༴ གནམ་གྱི་དལ་ཁ་ཐེབས་པ༴ ས་ཡི་དུག་མདའ་གཡོས་པ༴ སྨེ་བ་སྤར་ཁ་ངན་པ༴ སྐེག་དང་ཕུང་འདྲེར་ལངས་པ༴ སྡེ་བརྒྱད་ཟ་ཁ་ཟུགས་པ༴ རྒྱལ་པོའི་བཀའ་ཡོག་བྱས་པ༴ ཟས་ངན་དུག་གི་འཚེ་བ་དགྲ༴ རྐྱེན་ངན་ཐོག་ཏུ་བབས་པ༴ མི་ཁ་བྲ་མཆུ་སྡང་བ་དགྲ༴ འཇུར་འགེགས་བསེ་རག་ཞུགས་པ༴ ལོ་ཏོག་བཙའ་སད་སེར་གསུམ་དགྲ༴ དགྲ་རྐུན་ཇག་སྣ་ཤོམས་པ་དགྲ༴ ཚེ་བསོད་བཀྲགས་མདངས་ཉམས་པ༴ དཔལ་དང་དབང་པོ་ཉམས་པ༴ ཁེ་དང་གྲགས་པ་ཉམས་པ་ལ་སོགས་པཿ མི་འདོད་མི་མཐུན་ཆགས་ཆེ་ཉམས་ང་ཀུནཿ མ་ལུས་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་ནིཿ སངས་རྒྱས་བསྟན་དགྲའི་སྟེང་དུ་བཟློག་ཅིང་བསྒྱུརཿ བླ་མའི་སྐུ་དགྲའི་སྟེང་དུ་བཟློག་ཅིང་བསྒྱུརཿ རྣལ་འབྱོར་དགོས་དགྲའི་སྟེང་དུ་བཟློག་ཅིང་བསྒྱུརཿ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ «ཅེས་བརྗོད་མཐར་རང་གཞུང་ལས་སྦྱོར་རྩ་སྔགས་དྲགས་སྔགས་སོ་ལྔ་སོགས་ཅི་ནུས་བཟླས་པར་བྱའོ། །དགུ་པ་གཏོར་ཆེན་ཟོར་དུ་འཕང་བ་ནིཿ »ཧཱུྃཿ གཏོར་ཆེན་དམར་ནག་མེ་དཔུང་འཁྲུགས་པའི་ཀློངཿ དམ་ཉམས་དགྲ་བགེགས་མ་ལུས་འཇོམས་བྱེད་པའིཿ མི་བཟད་མཚོན་ཚྭ་མེ་ཡི་ཚྭ་ཚྭ་འཕྲོསཿ སྟོང་གསུམ་རབ་འབྱམས་ཞིང་ཀུན་ཡོངས་ཁྱབ་པའིཿ གནམ་ལྕགས་ཟོར་ཆེན་མཚོན་གྱི་འཁོར་ལོ་འདིཿ སངས་རྒྱས་བསྟན་དགྲ་བླ་མའི་སྐུ་དགྲ་དངཿ རྣལ་འབྱོར་དགོས་དགྲའི་སྟེང་དུ་གཏད་ཅིང་འཕེནཿ མཐོ་བའི་ཞབས་སྐུམས་དམའ་བའི་དབུ་ཆུམས་ལཿ བར་བ་སྐུ་ཟུར་ཀོ་ལོང་མ་མཛད་པརཿ སྒོ་ཕྱེས་འཕྲང་སེལ་ཟོར་སྣ་དགྲ་ལ་དྲོངསཿ ཟོར་ཆེན་རླུང་ནག་འཚུབས་མས་བསྐྱོད་ཙ་ནཿ རྣོ་ངར་མཚོན་གྱི་འཁོར་ལོ་ཟེངས་སེ་ཟེངཿ འཇིགས་རུང་བསྐལ་བའི་མེ་དཔུང་པུ་རུ་རུཿ དྲག་སྔགས་ངར་བཏབ་ཡུངས་ཟོར་ཧྲི་ལི་ལིཿ སྣང་སྲིད་སྡེ་བརྒྱད་དམག་དཔུང་ཤིགས་སེ་ཤིགཿ ནད་མུག་དུག་གི་བུ་ཡུག་ཚུབས་སེ་ཚུབཿ ལས་མཁན་སྤྱང་དང་སྦྲུལ་ནག་ཉི་ལི་ལིཿ འདབ་ཆགས་ཁྲ་གླག་མང་པོ་ཞ་ལ་ལཿ ཞུབ་ཆེན་སྟོང་སྡེའི་ཚོགས་རྣམས་སི་ལི་ལིཿ བཀའ་སྡོད་དམ་ཅན་དམག་དཔུང་ཤ་ར་རཿ རྔམ་ཆེན་ཁྲོས་པའི་ང་རོ་སངས་སེ་སངཿ ནད་མུག་མཚོན་གསུམ་ལ་སོགས་མི་འདོད་པའིཿ གཡུལ་ངོ་འགྱེད་པར་བྱེད་པའི་གཏོར་ཟོར་འདིཿ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམསཿ ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགསཿ གང་ལ་དམིགས་པའི་དགྲ་ལ་ཐོག་ལྟར་རྒྱོབཿ དམིགས་ལས་རང་དང་གཞན་ལ་མ་བཟློག་ཅིགཿ ཇི་ལྟར་དམིགས་པའི་ཡུལ་དུ་གྱུར་བ་ནིཿ བསམ་སྦྱོར་ངན་པ་དགྲ་བགེགས་སྟེང་དུ་བྷྱོཿ བླ་མའི་སྐུ་ལ་སྡང་བ་དགྲ་ལ་བྷྱོཿ སངས་རྒྱས་བསྟན་ལ་བརྙེས་པ་དགྲ་ལ་བྷྱོཿ མུ་སྟེགས་ཕྲ་མ་མཁན་གྱི་སྟེང་དུ་བྷྱོཿ རྣལ་འབྱོར་དབུ་འཕང་སྨད་པ་དགྲ་ལ་བྷྱོཿ བསྲུང་བྱར་འགལ་རྐྱེན་རྩོམ་པ་དགྲ་ལ་བྷྱོཿ བྷྱོ་བྷྱོ་བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོཿ བྷྱོ་བྷྱོ་བྷྱོ་བྷྱོ་གནོད་པའི་བགེགས་པ་བྷྱོཿ ཀེག་ལྷོག་གཟེར་གསུམ་གྲི་འཐབ་སྨྱོ་འབོག་སོགསཿ རྟགས་དང་མཚན་མ་འབད་མེད་མྱུར་སྟོན་ལཿ མི་མཐུན་སྡེ་དཔུང་བརླག་པའི་ཕྲིན་ལས་མཛོདཿ «ཅེས་གཏོར་ཆེན་མེ་ཧོམ་དུ་བརྡབ་པར་བྱའོཿ ཅེས་པ་འདི་ཡང་དར་མདོའི་སྤྲང་བན་དགྱེས་པ་རྡོ་རྗེའི་མིང་དེསཿ རང་གི་ཉེར་གནས་ཐུབ་བསྟན་རྡོ་རྗེས་རིང་མོ་ཞིག་ནས་དྲག་པོ་སྤྱི་ཡི་གཏོར་བཟློག་ཉུང་དུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་རྐྱེན་བྱས་སྐྱབས་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རོལ་བའི་རྡོ་རྗེའི་དགོངས་གཏེར་གླིང་ལྷ་སྒྲུབ་ཐབས་ལ་སྟོད་ལས་མ་གཏོགས་སྨ»ད«་ལས་མེད་ཕྱིར་འདི་འདྲ་ཞིག་རྩོམ་སྙམས་པའི་བློས་གྲོགས་བྱས་ནས་གློ་བུར་ཀུན་རྟོག་གི་འཚུབ་སློང་དང་ཆོ་འཕྲུལ་སྣ་ཚོགས་པ་བྱུང་བ་སོགས་ཁྱད་དུ་བསད་དེཿ སྐབས་སུ་བབས་པ་ནི་རྟེན་འབྲེལ་བཟང་པོ»ས«་མཚམས་སྦྱོར་དང་བཅསཿ སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དངཿ ཁྱད་པར་ཟབ་གསང་བླ་མེད་ཀྱི་བསྟན་པའི་གཙོས་དགོས་སུ་རང་ལུགས་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྲིད་མི་ནུབ་པའི་རྒྱལ་མཚན་ཕ་མཐར་ཁྱབ»་«ཅིང་དེར་འཛིན་གྱི་སྐྱེས་བུ་རྣམས་ཀྱི་ཞབས་པད་བསྐལ་བརྒྱར་བསྟན་པ་སོགས་བསྟན་འགྲོའི་ཕན་བདེའི་གསོས་སུ་འགྱུར་བའི་མོས་བློ་བཟང་པོས་རྣལ་འབྱོར་ཁས་དམན་གྱི་མགོན་སྐྱབས་དངཿ བདུད་དགྲའི་ཁ་གནོན་དུ་གྱུར་པ་པདྨའི་ཐུགས་སྤྲུལ་སྙིགས་དུས་ཀྱི་ལྷ་སྐལ་དགྲ་འདུལ་སེང་ཆེན་མ་ཧཱ་»རཱ«་ཛའི་སྒོ་ནས་གཏོར་བཟློག་སྨད་ལས་དང་བཅས་པ་འདི་ཉིད་རྩོམ་པའི་དབུ་མེ་སྟག་ཟླ་༡༢ཚེས་༣ལ་བརྩམས་ཀྱང་མཐར་ཕྱིན་མ་ནུས་ནས་རྩོམ་མཇུག་མེ་ཡོས་ཟླ་༢ཚེས་༢༥ལ་ཨ་མདོའི་ས་ཡི་ཆ་མཆོག་སྤྲུལ་དགུ་རོང་རིན་པོ་ཆེའི་བཞུགས་གནསཿ གནས་མཆོག་མ་རིར་སྐྱེད་ཚལ་བཀྲ་ཤིས་ཉམས་དགའི་གླིང་ནས་ལེགས་གྲུབ་བགྱིས་པ་འདི་ཉིད་ཞལ་དྲོ་ཞིང་བྱིན་ཆགས་པ་དང་ལས་མྱུར་སོགས་ཀུན་ནས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། མངྒ་ལཾ། ཨོཾ་སྭ་སྟི། དགེ་ལེགས་འདོད་འབྱུང་ཡིད་ཀྱིས་མཁའ་གསང་ལསཿ ཐབས་ཤེས་དབྱེར་མེད་ཉི་ཟླའི་དཀྱིལ་འཁོར་རྒྱསཿ བདེ་ཆེན་དགའ་བའི་ཆུ་འཛིན་བ་གམ་འཁྲིགསཿ ཟག་མེད་ལྷན་སྐྱེས་ཡེ་ཤེས་བདུད་རྩིའི་ཆརཿ སྙིང་ལ་ངོམ་པའི་ཡ་མཚན་ཅིར་ཡང་སྟོནཿ རྨད་བྱུང་ཆོས་ཀྱི་དྲི་བསུང་ལེགས་པར་འཐུལཿ འགྲོ་ལ་ཕན་བདེ་སྦྱོར་བའི་ནོར་བུ་ཡིསཿ མ་རུང་ལས་ངན་སྨག་རུམ་རྒྱུན་རིང་དེརཿ བདག་འཛིན་འཇོམས་པའི་འོད་སྟོང་རབ་ཏུ་འགྱེདཿ བདག་མེད་རྡོ་རྗེའི་མཚོན་ཆ་འདི་འདྲ་ལེགསཿ སྙིགས་མའི་ཡང་མཐར་སྐྱེས་པའི་རྐང་དྲུག་བདགཿ གཟུགས་འོང་མ་སྟོན་བསམ་པ་མཁའ་ལྟར་ལངསཿ རྒྱལ་བའི་བསྟན་པའི་པད་ཚལ་རབ་བཞད་ཅིངཿ བསྟན་དགྲ་མི་སྲུན་ཞིང་ས་ཐ་བ་རྒྱུཿ ལོག་སྦྱོར་བསམ་པའི་ཚེར་མ་གཟེང་བ་རྣམསཿ བྱང་སེམས་བསིལ་ཟིལ་མཆོག་གི་མ་ཐུལ་བཿ དྲག་པོ་ཐབས་ཀྱིས་གཞོམས་པའི་དུག་ཆར་འདིསཿ པདྨའི་ཐུགས་སྲས་ཀུན་མཁྱེན་ཡབ་སྲས་རྗེཿ རིམ་བྱོན་གསེར་རིའི་ཕྲེང་བ་ཚར་དུ་དངརཿ བསྟན་སྲིད་ཆོས་ཀྱི་རྒྱ་མཚོ་འཁྱིལ་བ་ལཿ བར་གཅོད་བདུད་ཀྱི་གཡུལ་ངོ་གཞོམ་པ་དངཿ འགྲོ་ལ་ཕན་བདེའི་དཔག་བསམ་ལྗོན་པར་གྱུརཿ བསྟན་འགྲོར་བརྒྱུད་འཛིན་བསྲུང་བའི་གོ་མཚོན་བྱེདཿ སྐལ་མེད་བླ་ཚེ་ཐལ་བར་རློག་པའི་རྒྱུདཿ གསང་སྔགས་བཀའ་ཡི་ཡོན་ཏན་བརྗོད་མི་ལངསཿ ས་མ་ཡཱཿ ཅེས་དངཿ རྣམ་དཀར་དད་པའི་བ་དན་གཙུག་ན་འགྱིངས། །ངུར་སྨྲིག་རྒྱན་འཆང་ཤེས་རབ་མིང་དེ་ཡིས། །མྱུར་ལྡན་སོར་མོས་གར་གྱིས་ཡི་གེར་བཏབ། །དགེ་ཞིང་བཀྲ་ཤིས་སརྦ་མངྒ་ལཾ། ༈ རིགས་གསུམ་པདྨའི་རོལ་གར་སེང་ཆེན་རྗེའི། །ཆོ་གའི་སྨད་ལས་ཚིང་མོ་ཁྱད་འཕགས་ཤིང༌། །བྱིན་རླབས་གཟི་འོད་འབར་བ་འདི་ལྟ་བུ། །སྔར་ཡང་མ་བྱོན་ཕྱིས་ཀྱང་འབྱོན་རེ་ཀན། སརྦ་དཱ་ཀ་ལྱཾ་གཽ་ཌཱཾ་བྷུ་ཏི་ཏེ་ནེ་སྱ་ཥོཀྵཻ་མངྒ་པུཥྞ་སྡཽཾ་»ལོག་པ་དེ་མིན་འདུག་«ད་ཎཾ་བྷ་བནྟུ།» «དྲི་མེད་ལྷ་རྫས་བཅས་གུས་པས་ཕུལ། དགུ་རོང་རིན་པོ་ཆེའི་གསུང་རྩོམ།  
༄༅། «།དེ་ལ་འདིར་ཐོག་མར་སྦྱོར་བ་བཀོད་བཤམས་སོགསཿ བཟློག་གཏོར་སྤྱི་མཐུན་ལྟར་དངཿ འཁོར་སུམ་ཅུའི་གྲངས་ཀྱིས་དམར་གཏོར་གྱིས་བསྐོར་མཐརཿ དྲེགས་པ་ཡང་འཁོར་མཚོན་བྱེད་ཀྱུ་གུ་བྷ་ལིང་གྲངས་མང་གིས་བསྐོར་ཞིངཿ རྩང་མཚེ་དང་བསྲུང་བ་ཟློག་པའི་འཁོར་ལོ་སྤྱི་མཐུན་ལྟར་འཇུག་པ་དངཿ ཁྱུང་ཙཀ་གཏོར་གདུགས་ཀྱིས་བརྒྱན་པ་སོགསཿ གསང་སྔགས་སྤྱིའི་འགྲོ་ལུགས་བཞིན་གྲུབ་རྗེསཿ ཀ་དག་རིག་སྟོང་ཆོས་སྐུའི་ང་རྒྱལ་གྱི་ངང་ནསཿ རོལ་ཆེན་རྐང་གླིང་རྔ་དང་འབུད་དཀྲོལ་བྱ་ཞིངཿ འགུགས་འདྲེན་དང་བཅས༔ »ཧཱུྃ་བྷྱོཿ མི་གནས་ཡེ་ཤེས་ཆོས་དབྱིངས་ཕོ་བྲང་ནསཿ རྩ་བརྒྱུད་བླ་མ་ཆོས་སྐུའི་ལྷ་ཚོགས་བཞེངསཿ ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ནསཿ ཡི་དམ་ཞི་ཆགས་ཁྲོ་བོའི་ལྷ་ཚོགས་བཞེངསཿ རིག་རྩལ་གར་བསྒྱུར་མ་ངེས་ཞིང་ཁམས་ནསཿ གནས་གསུམ་མ་ཚོགས་མཁའ་འགྲོ་རྒྱ་མཚོ་བཞེངསཿ རྔ་ཡབ་དཔལ་རི་གསང་ཆེན་ཕོ་བྲང་ནསཿ འཛམ་གླིང་སྐྱེས་མཆོག་ནོར་བུ་དགྲ་འདུལ་བཞེངསཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངསཿ བསྐྱོད་ཅིག་བསྐྱོད་ཅིག་རཀ་ཤའི་ཡུལ་ནས་བསྐྱོདཿ འཐོར་བྱེད་རླུང་ནག་ཚོགས་ནི་འུ་རུ་རུ༔ དྲག་པོ་བསྐལ་པའི་མེ་དཔུང་ཆེམས་སེ་ཆེམཿ རཀྟའི་རྒྱ་མཚོ་རྦ་རླབས་ཆི་ལི་ལིཿ ལྷ་རྟ་གྱི་ལིང་སྟེང་ན་འགྱིང་ཞིང་བརྗིདཿ དཔའ་སྐད་དབྱར་རྔའི་སྒྲ་དབྱངས་ལྡི་རི་རིཿ ལས་མཛད་དགྲ་བླ་ཝེར་མ་སྐར་ལྟར་འཁྲུགསཿ དགྲ་སྲོག་འཇོམས་པའི་མཚོན་ཆ་ཟེངས་སེ་ཟེངཿ ཁྲོ་གཏུམ་དྲག་པོའི་ང་རོ་སྒྲོགས་ཤིང་གཤེགསཿ བདུད་དགྲའི་གཡུལ་ངོ་བཟློག་པའི་དུས་ལ་བབསཿ ཕྱི་ནང་གཡོ་འཁྲུགས་བཟློག་པའི་དུས་ལ་བབསཿ འབྱུང་བཞིའི་འཕོ་འཆུགས་བཟློག་པའི་དུས༴ བསྟན་དགྲའི་གནོད་པ་བཟློག༴ བསྟན་འཛིན་འགལ་རྐྱེན་བཟློག༴ མུ་སྟེགས་བྱད་ཕུར་བཟློག༴ ནད་མུག་མཚོན་གསུམ་བཟློག་པའི་དུས་ལ་བབས༴ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃཿ སྔ་འགྱུར་བསྟན་པའི་སྲོག་ཤིང་མགོན་ཅིག་པུཿ དགྲ་འདུལ་སེང་ཆེན་མ་ཧཱ་ར་ཛ་མཆོགཿ ཁྱོད་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱངཿ གདུལ་དཀའ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་ཤིགཿ སྔོན་གྱི་ཐུགས་བསྐྱེད་དམ་བཅས་རྗེས་སུ་དགོངསཿ མ་རུང་བདུད་དགྲ་སྒྲོལ་བའི་ཕྲིན་ལས་མཛོདཿ ཧཱུྃཿ དབུ་ལ་གནམ་ལྕགས་རྨོག་དཀར་གསོལ་བ་ཡིསཿ སྟེང་གདོན་གཟའ་ཡི་གནོད་པ་དགྲ་ལ་བཟློགཿ དྲག་པོའི་ཞལ་གྱི་སྤྲིན་ནག་འཁྲུགས་པ་ཡིསཿ མི་སྲུན་འབྱུང་པོའི་རྩལ་ངོམས་དགྲ་ལ༴ སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག་པ་ཡིས༔ མུ་སྟེགས་འདུན་འགྲོས་བྱད་ཕུར་དགྲ༴ རབ་འཇིགས་གངས་རི་ལྟར་དཀར་མཆེ་གཙིགས་པསཿ གཟུགས་ཅན་གཟུགས་མེད་འགལ་རྐྱེན་དགྲ་ལ་བཟློགཿ ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་བརྡབས་པ་ཡིསཿ ལོ་ཏོག་བཙའ་སད་སེར་གསུམ་དགྲ༴ རབ་མཛེས་སྒྲ་འཛིན་དབང་པོར་བསྐུལ་དབྱངས་སོནཿ བསྟན་པ་ནང་འཁྲུགས་བྱེད་པ་དགྲ༴ མགྲིན་པར་ཧཱུྃ་གི་སྒྲ་དབྱངས་ལྡིར་བ་ཡིསཿ མི་མཐུན་གཤེ་སྐུར་བྱུང་བ་དགྲ༴ སྐུ་མཆོག་རྡོ་རྗེའི་གོ་ཁྲབ་གསོལ་བ་ཡིསཿ བར་གདོན་བཙན་གྱི་གནོད་པ་དགྲ༴ དཔུང་པ་རྡོ་རྗེའི་ཁྱུང་གཤོག་ལྟར་བརྒྱངས་པསཿ རྣལ་འབྱོར་ཚེ་བསོད་ཉམས་པ་དགྲ༴ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར་བ་ཡིསཿ རྣལ་འབྱོར་མཚོན་ཆའི་འཚེ་བ་དགྲ༴ ཕྱག་གཡོན་ཐབས་ཀྱི་ཐོད་ཁྲག་བསྣམས་པ་ཡིསཿ རྣལ་འབྱོར་ནད་ཀྱིས་མནར་བ་དགྲ༴ སྦལ་སྦྲུལ་འདོམ་དགུའི་ཞགས་པ་བསྐྱང་པ་ཡིསཿ རྣལ་འབྱོར་བྱད་ཀྱིས་བཅིངས་པ་དགྲ༴ མདུང་མོ་རྣོ་ངར་མཆན་གཡོན་བརྟེན་པ་ཡིསཿ རྣལ་འབྱོར་ཕུར་ཁ་ཟུག་པ་དགྲ༴ སྦ་ལྕགས་ཚིགས་གསུམ་ཕྱག་སོར་བསྐོན་པ་ཡིསཿ རྣལ་འབྱོར་བསམ་པའི་བར་ཆད་དགྲ༴ མགུལ་གའུ་རིན་ཆེན་མགུལ་ལ་བརྒྱན་པ་ཡིསཿ རྣལ་འབྱོར་བདུད་དགྲའི་གླག་ལྟ་དགྲ༴ སྒྲིབ་བྲལ་མེ་ལོང་ཐུགས་ཀར་བཏགས་པ་ཡིསཿ རྣལ་འབྱོར་ལོ་ཀེག་ཟླ་གཤེད་དགྲ༴ ཞབས་ལྷྭམ་འཇའ་ཚོན་རབ་འབར་གསོལ་བ་ཡིསཿ རྣལ་འབྱོར་གོད་སྲི་སྡང་བ་དགྲ༴ ཞབས་གཉིས་ཁྲོ་བོའི་རྟ་བྲོ་བརྡུང་བ་ཡིསཿ རྣལ་འབྱོར་འོག་གདོན་ཀླུས་གནོད་དགྲ་ལ༴ ཅང་ཤེས་སྟེང་ན་སྒེག་ཅིང་འགྱིང་བ་ཡིསཿ རྣལ་འབྱོར་གཞོན་དར་སྲི་སྡང་དགྲ་ལ༴ ལྷ་རྟའི་རྨིག་བཞིས་དགྲ་འདུལ་བྲོ་འཁྲབ་པསཿ རྣལ་འབྱོར་དམག་རྐུན་གྱིས་གནོད་དགྲ༴ སྟག་དོང་གཟིག་ཤུབས་འཁོར་གསུམ་བསྣམས་པ་ཡིསཿ རྣལ་འབྱོར་ལྟས་ངན་བྱུང་བ་དགྲ་ལ་བཟློགཿ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃཿ སྤྱི་བོ་བདེ་ཆེན་འཁོར་ལོའི་གཞལ་ཡས་ནསཿ སངས་རྒྱས་ཀུན་འདུས་པདྨ་རྒྱལ་པོ་བཞེངསཿ ཡུམ་ཆེན་ཁམས་གསུམ་དབང་བྱེད་དམར་པོ་འཁྲིལཿ སངས་རྒྱས་བསྟན་དགྲ་བཟློག་པའི་ཕྲིན་ལས་མཛོདཿ ཧཱུྃཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས་ནསཿ དམོད་པ་རབ་གྲུབ་ལོཀྟྲི་པ་ལ་བཞེངསཿ བསྟན་འཛིན་ཞབས་བསྟན་བསྟན་ལ་སྡང་བ་ཡིཿ བདུད་སྡེའི་གཡུལ་གོ་བཟློག་པའི་ཕྲིན་ལས་མཛོདཿ ཧཱུྃཿ སྙིང་ག་ཆོས་ཀྱི་འཁོར་ལོའི་གཞལ་ཡས་ནསཿ དབང་ཆེན་རྟ་མགྲིན་ཧྱ་གྷྲི་ཝ་བཞེངསཿ རྒྱལ་བསེན་འབྱུང་པོ་དམ་སྲི་གསར་སྐྱེས་དངཿ རྒྱ་འདྲེའི་གནོད་པ་བཟློག་པའི་ཕྲིན་ལས་མཛོདཿ ཧཱུྃཿ ལྟེ་བ་སྤྲུལ་བའི་འཁོར་ལོའི་གཞལ་ཡས་ནསཿ ཁྲོ་རྒྱལ་ཡཀྴ་མེ་དབལ་ལྷ་ཚོགས་བཞེངསཿ འགུགས་འཆིང་སྡོམ་མྱོས་སྒྲོལ་སྤར་ལས་ལ་རྔམསཿ ཆགས་ཆེ་ཉམས་ང་བཟློག་པའི་ཕྲིན་ལས་མཛོདཿ ཧཱུྃཿ གསང་གནས་བདེ་སྐྱོང་འཁོར་ལོའི་གཞལ་ཡས་ནསཿ ཤ་ཟ་ཌཱཀྐི་མ་ཚོགས་རྒྱ་མཚོ་བཞེངསཿ ལྷོག་པ་གཟེར་ཐུང་སྙིང་རླུང་སྨྱོ་འབོག་སོགསཿ མི་འདོད་མཚན་ལྟས་བཟློག་པའི་ཕྲིན་ལས་མཛོདཿ ཧཱུྃཿ ཤར་ནས་ཚེ་འཛིན་གྲུབ་པའི་རྒྱལ་མོ་བཞེངསཿ དུས་མིན་འཆི་བ་བཟློག་ཅིང་དགྲ་ལ་བསྒྱུརཿ ལྷོ་ནས་རྒྱས་པའི་ལས་མཛད་གསེར་མདོག་བཞེངསཿ དཔལ་འབྱོར་ཉམས་པ་བཟློག་ཅིང་དགྲ་ལ་བསྒྱུརཿ ནུབ་ནས་དབང་བྱེད་རྩལ་ལྡན་དམར་པོ་བཞེངསཿ སྙན་གྲགས་བར་ཆད་བཟློག་ཅིང་དགྲ་ལ་བསྒྱུརཿ བྱང་ནས་ལྷ་མོ་མྱུར་མགྱོགས་སྔོ་སངས་བཞེངསཿ སྡེ་བརྒྱད་ཀོ་ལོང་བཟློག་ཅིང་དགྲ་ལ་བསྒྱུརཿ བར་མཚམས་རྣམས་ནས་ཝེར་མའི་ཚོགས་རྣམས་བཞེངསཿ རྦད་འདྲེ་རྦོད་གཏོང་བཟློག་ཅིང་དགྲ་ལ་བསྒྱུརཿ སྟེང་གི་ཕྱོགས་ནས་ཕག་མོ་མཐིང་གསལ་བཞེངསཿ མ་མོའི་གཏད་ཁྲམ་བཟློག་ཅིང་དགྲ་ལ་བསྒྱུརཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལཿ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃཿ འོག་ཕྱོགས་འཇིགས་པའི་དུར་ཁྲོད་ལ་སོགས་པཿ མ་ངེས་གནས་ནས་ལྷ་སྲིན་དམག་དཔུང་དངཿ འཇིག་རྟེན་མཁའ་འགྲོ་སྒོ་བ་བཞི་པོའི་གཙོསཿ སྤྲུལ་པ་ཡང་སྤྲུལ་དཔག་མེད་སྐུར་བཞེངས་ཤིགཿ སྣ་ཚོགས་མདོག་ཅན་ཁྲོ་གཏུམ་རྔམས་པའི་གཟུགསཿ ཕྱག་མཚན་རྣོ་ངར་མཚོན་ཆའི་རྣམ་གྲངས་ཐོགསཿ དགྲ་གདོན་སྲོག་དབུགས་སྙིང་ཁྲག་འཇིབ་ལ་དགྱེས༔ རྣལ་འབྱོར་ཏིང་འཛིན་དམ་ཚིག་དྲོད་ཉུལ་རྣམསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལཿ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་དང་ཿ རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུཿ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལཿ གནོད་ཅིང་འཚེ་བའི་དགྲ་བགེགས་རྡུལ་དུ་རློགཿ མ་རུང་བདུད་ཀྱི་གཡུལ་ངོ་དགྲ་ལ་བཟློགཿ ཕྱི་ནང་འཁྲུགས་རྩོད་བྱེད་པ༴ བསྟན་ལ་འཚེ་བ་གང་མཆིས་དགྲ༴ བསྟན་འཛིན་འགལ་རྐྱེན་གྱིས་གཟིར་དགྲ༴ འབྱུང་བཞི་གཡོ་འཁྲུགས་བྱེད་པ༴ དུས་ཀྱི་འཕོ་འགྱུར་ངན་པ་དགྲ༴ རྨི་ལམ་མཚན་མ་ངན་པ༴ རྟགས་དང་རྟེན་འབྲེལ་ངན་པ༴ དགྲ་འདྲེའི་བསམ་སྦྱོར་ངན་པ༴ མུ་སྟེགས་རྫས་འཕྲུལ་ངན་པ༴ ལུས་ངག་ཡིད་གསུམ་བཅིངས་བ༴ རླུང་ལ་འཁོར་ལོ་བསྐོར་བ༴ བསྲེག་མནན་འཕང་གསུམ་བྱས་པ༴ སྡེ་བརྒྱད་གཏད་ཁྲམ་ཐེབས་པ༴ བན་བོན་ཕུར་ཁ་ཟུག་པ༴ མ་མོའི་ནད་རྐྱལ་རྡེབ་པ༴ གོད་ཁ་གནས་འགྱུར་བྱུང་བ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ༴ ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ དུས་མིན་འཆི་བ་བཅོ་བརྒྱད༴ གཡས་ཀྱི་བདུད་དུ་གཡོན་པ་དགྲ༴ རྒན་སྲི་གཞོན་སྲི་ལངས་བ༴ བྱིས་པའི་ཆུང་སྲི་སྡང་བ༴ ཕ་མའི་དུར་སྲི་སྡང་བ༴ གྱོད་འདྲེ་གོད་སྲི་ངན་པ་དགྲ༴ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ༴ གནམ་གྱི་དལ་ཁ་ཐེབས་པ༴ ས་ཡི་དུག་མདའ་གཡོས་པ༴ སྨེ་བ་སྤར་ཁ་ངན་པ༴ སྐེག་དང་ཕུང་འདྲེར་ལངས་པ༴ སྡེ་བརྒྱད་ཟ་ཁ་ཟུགས་པ༴ རྒྱལ་པོའི་བཀའ་ཡོག་བྱས་པ༴ ཟས་ངན་དུག་གི་འཚེ་བ་དགྲ༴ རྐྱེན་ངན་ཐོག་ཏུ་བབས་པ༴ མི་ཁ་བྲ་མཆུ་སྡང་བ་དགྲ༴ འཇུར་འགེགས་བསེ་རག་ཞུགས་པ༴ ལོ་ཏོག་བཙའ་སད་སེར་གསུམ་དགྲ༴ དགྲ་རྐུན་ཇག་སྣ་ཤོམས་པ་དགྲ༴ ཚེ་བསོད་བཀྲགས་མདངས་ཉམས་པ༴ དཔལ་དང་དབང་པོ་ཉམས་པ༴ ཁེ་དང་གྲགས་པ་ཉམས་པ་ལ་སོགས་པཿ མི་འདོད་མི་མཐུན་ཆགས་ཆེ་ཉམས་ང་ཀུནཿ མ་ལུས་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་ནིཿ སངས་རྒྱས་བསྟན་དགྲའི་སྟེང་དུ་བཟློག་ཅིང་བསྒྱུརཿ བླ་མའི་སྐུ་དགྲའི་སྟེང་དུ་བཟློག་ཅིང་བསྒྱུརཿ རྣལ་འབྱོར་དགོས་དགྲའི་སྟེང་དུ་བཟློག་ཅིང་བསྒྱུརཿ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ «ཅེས་བརྗོད་མཐར་རང་གཞུང་ལས་སྦྱོར་རྩ་སྔགས་དྲགས་སྔགས་སོ་ལྔ་སོགས་ཅི་ནུས་བཟླས་པར་བྱའོ། །དགུ་པ་གཏོར་ཆེན་ཟོར་དུ་འཕང་བ་ནིཿ »ཧཱུྃཿ གཏོར་ཆེན་དམར་ནག་མེ་དཔུང་འཁྲུགས་པའི་ཀློངཿ དམ་ཉམས་དགྲ་བགེགས་མ་ལུས་འཇོམས་བྱེད་པའིཿ མི་བཟད་མཚོན་ཚྭ་མེ་ཡི་ཚྭ་ཚྭ་འཕྲོསཿ སྟོང་གསུམ་རབ་འབྱམས་ཞིང་ཀུན་ཡོངས་ཁྱབ་པའིཿ གནམ་ལྕགས་ཟོར་ཆེན་མཚོན་གྱི་འཁོར་ལོ་འདིཿ སངས་རྒྱས་བསྟན་དགྲ་བླ་མའི་སྐུ་དགྲ་དངཿ རྣལ་འབྱོར་དགོས་དགྲའི་སྟེང་དུ་གཏད་ཅིང་འཕེནཿ མཐོ་བའི་ཞབས་སྐུམས་དམའ་བའི་དབུ་ཆུམས་ལཿ བར་བ་སྐུ་ཟུར་ཀོ་ལོང་མ་མཛད་པརཿ སྒོ་ཕྱེས་འཕྲང་སེལ་ཟོར་སྣ་དགྲ་ལ་དྲོངསཿ ཟོར་ཆེན་རླུང་ནག་འཚུབས་མས་བསྐྱོད་ཙ་ནཿ རྣོ་ངར་མཚོན་གྱི་འཁོར་ལོ་ཟེངས་སེ་ཟེངཿ འཇིགས་རུང་བསྐལ་བའི་མེ་དཔུང་པུ་རུ་རུཿ དྲག་སྔགས་ངར་བཏབ་ཡུངས་ཟོར་ཧྲི་ལི་ལིཿ སྣང་སྲིད་སྡེ་བརྒྱད་དམག་དཔུང་ཤིགས་སེ་ཤིགཿ ནད་མུག་དུག་གི་བུ་ཡུག་ཚུབས་སེ་ཚུབཿ ལས་མཁན་སྤྱང་དང་སྦྲུལ་ནག་ཉི་ལི་ལིཿ འདབ་ཆགས་ཁྲ་གླག་མང་པོ་ཞ་ལ་ལཿ ཞུབ་ཆེན་སྟོང་སྡེའི་ཚོགས་རྣམས་སི་ལི་ལིཿ བཀའ་སྡོད་དམ་ཅན་དམག་དཔུང་ཤ་ར་རཿ རྔམ་ཆེན་ཁྲོས་པའི་ང་རོ་སངས་སེ་སངཿ ནད་མུག་མཚོན་གསུམ་ལ་སོགས་མི་འདོད་པའིཿ གཡུལ་ངོ་འགྱེད་པར་བྱེད་པའི་གཏོར་ཟོར་འདིཿ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམསཿ ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགསཿ གང་ལ་དམིགས་པའི་དགྲ་ལ་ཐོག་ལྟར་རྒྱོབཿ དམིགས་ལས་རང་དང་གཞན་ལ་མ་བཟློག་ཅིགཿ ཇི་ལྟར་དམིགས་པའི་ཡུལ་དུ་གྱུར་བ་ནིཿ བསམ་སྦྱོར་ངན་པ་དགྲ་བགེགས་སྟེང་དུ་བྷྱོཿ བླ་མའི་སྐུ་ལ་སྡང་བ་དགྲ་ལ་བྷྱོཿ སངས་རྒྱས་བསྟན་ལ་བརྙེས་པ་དགྲ་ལ་བྷྱོཿ མུ་སྟེགས་ཕྲ་མ་མཁན་གྱི་སྟེང་དུ་བྷྱོཿ རྣལ་འབྱོར་དབུ་འཕང་སྨད་པ་དགྲ་ལ་བྷྱོཿ བསྲུང་བྱར་འགལ་རྐྱེན་རྩོམ་པ་དགྲ་ལ་བྷྱོཿ བྷྱོ་བྷྱོ་བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོཿ བྷྱོ་བྷྱོ་བྷྱོ་བྷྱོ་གནོད་པའི་བགེགས་པ་བྷྱོཿ ཀེག་ལྷོག་གཟེར་གསུམ་གྲི་འཐབ་སྨྱོ་འབོག་སོགསཿ རྟགས་དང་མཚན་མ་འབད་མེད་མྱུར་སྟོན་ལཿ མི་མཐུན་སྡེ་དཔུང་བརླག་པའི་ཕྲིན་ལས་མཛོདཿ «ཅེས་གཏོར་ཆེན་མེ་ཧོམ་དུ་བརྡབ་པར་བྱའོཿ ཅེས་པ་འདི་ཡང་དར་མདོའི་སྤྲང་བན་དགྱེས་པ་རྡོ་རྗེའི་མིང་དེསཿ རང་གི་ཉེར་གནས་ཐུབ་བསྟན་རྡོ་རྗེས་རིང་མོ་ཞིག་ནས་དྲག་པོ་སྤྱི་ཡི་གཏོར་བཟློག་ཉུང་དུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་རྐྱེན་བྱས་སྐྱབས་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རོལ་བའི་རྡོ་རྗེའི་དགོངས་གཏེར་གླིང་ལྷ་སྒྲུབ་ཐབས་ལ་སྟོད་ལས་མ་གཏོགས་སྨ»ད«་ལས་མེད་ཕྱིར་འདི་འདྲ་ཞིག་རྩོམ་སྙམས་པའི་བློས་གྲོགས་བྱས་ནས་གློ་བུར་ཀུན་རྟོག་གི་འཚུབ་སློང་དང་ཆོ་འཕྲུལ་སྣ་ཚོགས་པ་བྱུང་བ་སོགས་ཁྱད་དུ་བསད་དེཿ སྐབས་སུ་བབས་པ་ནི་རྟེན་འབྲེལ་བཟང་པོ»ས«་མཚམས་སྦྱོར་དང་བཅསཿ སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དངཿ ཁྱད་པར་ཟབ་གསང་བླ་མེད་ཀྱི་བསྟན་པའི་གཙོས་དགོས་སུ་རང་ལུགས་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྲིད་མི་ནུབ་པའི་རྒྱལ་མཚན་ཕ་མཐར་ཁྱབ་ཅིང་དེར་འཛིན་གྱི་སྐྱེས་བུ་རྣམས་ཀྱི་ཞབས་པད་བསྐལ་བརྒྱར་བསྟན་པ་སོགས་བསྟན་འགྲོའི་ཕན་བདེའི་གསོས་སུ་འགྱུར་བའི་མོས་བློ་བཟང་པོས་རྣལ་འབྱོར་ཁས་དམན་གྱི་མགོན་སྐྱབས་དངཿ བདུད་དགྲའི་ཁ་གནོན་དུ་གྱུར་པ་པདྨའི་ཐུགས་སྤྲུལ་སྙིགས་དུས་ཀྱི་ལྷ་སྐལ་དགྲ་འདུལ་སེང་ཆེན་མ་ཧཱ་རཱ་ཛའི་སྒོ་ནས་གཏོར་བཟློག་སྨད་ལས་དང་བཅས་པ་འདི་ཉིད་རྩོམ་པའི་དབུ་མེ་སྟག་ཟླ་༡༢ཚེས་༣ལ་བརྩམས་ཀྱང་མཐར་ཕྱིན་མ་ནུས་ནས་རྩོམ་མཇུག་མེ་ཡོས་ཟླ་༢ཚེས་༢༥ལ་ཨ་མདོའི་ས་ཡི་ཆ་མཆོག་སྤྲུལ་དགུ་རོང་རིན་པོ་ཆེའི་བཞུགས་གནསཿ གནས་མཆོག་མ་རིར་སྐྱེད་ཚལ་བཀྲ་ཤིས་ཉམས་དགའི་གླིང་ནས་ལེགས་གྲུབ་བགྱིས་པ་འདི་ཉིད་ཞལ་དྲོ་ཞིང་བྱིན་ཆགས་པ་དང་ལས་མྱུར་སོགས་ཀུན་ནས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། མངྒ་ལཾ། ཨོཾ་སྭ་སྟི། དགེ་ལེགས་འདོད་འབྱུང་ཡིད་ཀྱིས་མཁའ་གསང་ལསཿ ཐབས་ཤེས་དབྱེར་མེད་ཉི་ཟླའི་དཀྱིལ་འཁོར་རྒྱསཿ བདེ་ཆེན་དགའ་བའི་ཆུ་འཛིན་བ་གམ་འཁྲིགསཿ ཟག་མེད་ལྷན་སྐྱེས་ཡེ་ཤེས་བདུད་རྩིའི་ཆརཿ སྙིང་ལ་ངོམ་པའི་ཡ་མཚན་ཅིར་ཡང་སྟོནཿ རྨད་བྱུང་ཆོས་ཀྱི་དྲི་བསུང་ལེགས་པར་འཐུལཿ འགྲོ་ལ་ཕན་བདེ་སྦྱོར་བའི་ནོར་བུ་ཡིསཿ མ་རུང་ལས་ངན་སྨག་རུམ་རྒྱུན་རིང་དེརཿ བདག་འཛིན་འཇོམས་པའི་འོད་སྟོང་རབ་ཏུ་འགྱེདཿ བདག་མེད་རྡོ་རྗེའི་མཚོན་ཆ་འདི་འདྲ་ལེགསཿ སྙིགས་མའི་ཡང་མཐར་སྐྱེས་པའི་རྐང་དྲུག་བདགཿ གཟུགས་འོང་མ་སྟོན་བསམ་པ་མཁའ་ལྟར་ལངསཿ རྒྱལ་བའི་བསྟན་པའི་པད་ཚལ་རབ་བཞད་ཅིངཿ བསྟན་དགྲ་མི་སྲུན་ཞིང་ས་ཐ་བ་རྒྱུཿ ལོག་སྦྱོར་བསམ་པའི་ཚེར་མ་གཟེང་བ་རྣམསཿ བྱང་སེམས་བསིལ་ཟིལ་མཆོག་གི་མ་ཐུལ་བཿ དྲག་པོ་ཐབས་ཀྱིས་གཞོམས་པའི་དུག་ཆར་འདིསཿ པདྨའི་ཐུགས་སྲས་ཀུན་མཁྱེན་ཡབ་སྲས་རྗེཿ རིམ་བྱོན་གསེར་རིའི་ཕྲེང་བ་ཚར་དུ་དངརཿ བསྟན་སྲིད་ཆོས་ཀྱི་རྒྱ་མཚོ་འཁྱིལ་བ་ལཿ བར་གཅོད་བདུད་ཀྱི་གཡུལ་ངོ་གཞོམ་པ་དངཿ འགྲོ་ལ་ཕན་བདེའི་དཔག་བསམ་ལྗོན་པར་གྱུརཿ བསྟན་འགྲོར་བརྒྱུད་འཛིན་བསྲུང་བའི་གོ་མཚོན་བྱེདཿ སྐལ་མེད་བླ་ཚེ་ཐལ་བར་རློག་པའི་རྒྱུདཿ གསང་སྔགས་བཀའ་ཡི་ཡོན་ཏན་བརྗོད་མི་ལངསཿ ས་མ་ཡཱཿ ཅེས་དངཿ རྣམ་དཀར་དད་པའི་བ་དན་གཙུག་ན་འགྱིངས། །ངུར་སྨྲིག་རྒྱན་འཆང་ཤེས་རབ་མིང་དེ་ཡིས། །མྱུར་ལྡན་སོར་མོས་གར་གྱིས་ཡི་གེར་བཏབ། །དགེ་ཞིང་བཀྲ་ཤིས་སརྦ་མངྒ་ལཾ། ༈ རིགས་གསུམ་པདྨའི་རོལ་གར་སེང་ཆེན་རྗེའི། །ཆོ་གའི་སྨད་ལས་ཚིང་མོ་ཁྱད་འཕགས་ཤིང༌། །བྱིན་རླབས་གཟི་འོད་འབར་བ་འདི་ལྟ་བུ། །སྔར་ཡང་མ་བྱོན་ཕྱིས་ཀྱང་འབྱོན་རེ་ཀན། སརྦ་དཱ་ཀ་ལྱཾ་གཽ་ཌཱཾ་བྷུ་ཏི་ཏེ་ནེ་སྱ་ཥོཀྵཻ་མངྒ་པུཥྞ་སྡཽཾ་»ལོག་པ་དེ་མིན་འདུག་ད་ཎཾ་བྷ་བནྟུ།» «དྲི་མེད་ལྷ་རྫས་བཅས་གུས་པས་ཕུལ། དགུ་རོང་རིན་པོ་ཆེའི་གསུང་རྩོམ།  

}}
}}

Latest revision as of 09:12, 28 June 2024

Wylie title bzlog pa mi mthun gtor bar byed pa'i rlung nag 'tshubs ma
Location mdo mkhyen brtse bka' 'bum
Volume 6, Text 36, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Averting or Dispelling Rites- zlog pa  ·  Torma-offering Rituals - gtor chog
Deity ge sar
[edit]
༄༅། །བཟློག་པ་མི་མཐུན་གཏོར་བར་བྱེད་པའི་རླུང་ནག་འཚུབས་མ་ཞེས་བྱ་བ་བཞུགས་སོ།།