དགྲ་འདུལ་སེང་ཆེན་རྒྱལ་པོའི་གཏོར་བཟློག་བསྡུས་པ་གནམ་ལྕགས་མཚོན་གྱི་འཁོར་ལོ།

From Khyentse Lineage - A Tsadra Foundation Project
DKYD-KABUM-06-CHA-035
Wylie title dgra 'dul seng chen rgyal po'i gtor bzlog bsdus pa gnam lcags mtshon gyi 'khor lo
Location mdo mkhyen brtse bka' 'bum
Volume 6, Text 35, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Averting or Dispelling Rites- zlog pa  ·  Torma-offering Rituals - gtor chog
Deity ge sar
Colophon

ཅེས་པ་འདི་ཡང་དར་མདོའི་སྤྲང་བན་ངསཿ གྲངས་བསོགས་ཉེར་མཁོར་དམིགས་རིམ་ནས་ཤར་མར་ལ་བྲིསཿ སྡང་དགྲ་ཆམ་ལ་འབེབ་པའི་རྒྱུར་གྱུར་ཅིགཿ ཡི་གེ་པ་ནི་ཤེས་རབ་མིང་གིས་བྱས་པའོ། །དགེ་ཞིང་བཀྲ་ཤིས། སརྦ་མངྒ་ལཾ། །

ces pa 'di yang dar mdo'i sprang ban ngasaH_grangs bsogs nyer mkhor dmigs rim nas shar mar la brisaH_sdang dgra cham la 'beb pa'i rgyur gyur cigaH_yi ge pa ni shes rab ming gis byas pa'o/_/dge zhing bkra shis/_sarba mang+ga laM/_/

[edit]
༄༅། །དགྲ་འདུལ་སེང་ཆེན་རྒྱལ་པོའི་གཏོར་བཟློག་བསྡུས་པ་གནམ་ལྕགས་མཚོན་གྱི་འཁོར་ལོ་ཞེས་བྱ་བ་བཞུགས།

༄༅། །ཧཱུྃཿ རིག་སྟོང་སྤྲོས་བྲལ་ཆོས་སྐུའི་མཁའ་དབྱིངས་ལསཿ རྩལ་སྣང་མ་འགགས་ཞི་ཁྲོ་རབ་འབྱམས་ལྷཿ རིག་རྩལ་གར་བསྒྱུར་སྐྱེས་མཆོག་དགྲ་ལྷ་བཞེངསཿ ཁྱོད་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱངཿ བསྟན་དགྲ་བདུད་སྡེ་འཇོམས་ཕྱིར་དྲག་པོའི་སྐུརཿ ཡོངས་ཤར་དཔལ་ཆེན་བདུད་འདུལ་རཱ་ཛ་དངཿ སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་རྒྱ་མཚོ་རྣམསཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལཿ ད་ལྟ་ལྔ་བདོ་སྙིགས་མའི་སྨག་རུམ་འདིརཿ ཐུགས་དམ་མ་གཡེལ་བཅོལ་བའི་ལས་འདི་སྒྲུབསཿ གསང་ཆེན་བསྟན་ལ་འཚེ་བའི་གནོད་པ་བཟློགཿ བསྟན་འཛིན་དཔོན་སློབ་སྐུ་ཚེའི་བར་ཆད་བཟློགཿ འབྱུང་བ་དགྲར་ལང་དུས་ཀྱི་འཕོ་འཆུག་བཟློགཿ ཕྱི་ནང་འཁྲུགས་རྩོད་ནད་མུག་མཚོན་གསུམ་བཟློགཿ སྤར་སྨེ་ངན་དང་ལོ་ཀེག་ཟླ་གཤེད་བཟློགཿ གོད་འདྲེ་གོད་སྲི་གྱོད་འདྲེ་གྱོད་སྲི་བཟློགཿ ཆུང་སྲི་རྒན་སྲི་གཞོན་སྲི་སྡང་བ་བཟློགཿ མི་ཁ་བྲ་མཆུ་དགྲ་རྐུན་སྡང་བ་བཟློགཿ གཞན་གྱིས་བདག་ཅག་བསྲེགས་མནན་བྱས་པ་སོགསཿ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནཿ མ་ལུས་གཅིག་ཏུ་བསྡུས་ཤིང་བསྡོམ་བྱས་ནསཿ སངས་རྒྱས་བསྟན་དགྲའི་སྟེང་དུ་བཟློག་ཅིང་བསྒྱུརཿ རྣལ་འབྱོར་དགོས་དགྲའི་སྟེང་དུ་བཟློག་ཙམ་བསྒྱུརཿ འཚེ་བའི་བགེགས་ཀྱི་སྟེང་དུ་བཟློག་ཅིང་བསྒྱུརཿ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ «ཅེས་པ་འདི་ཡང་དར་མདོའི་སྤྲང་བན་ངསཿ གྲངས་བསོགས་ཉེར་མཁོར་དམིགས་རིམ་ནས་ཤར་མར་ལ་བྲིསཿ སྡང་དགྲ་ཆམ་ལ་འབེབ་པའི་རྒྱུར་གྱུར་ཅིགཿ ཡི་གེ་པ་ནི་ཤེས་རབ་མིང་གིས་བྱས་པའོ། །དགེ་ཞིང་བཀྲ་ཤིས། སརྦ་མངྒ་ལཾ། །