DKYD-KABUM-06-CHA-015: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱི་བསྲེགས་ཆོག་ཐུགས་རྗེས་འོད་ཟེར།
|fulltitle='phags mchog sdug bsngal rang grol gyi bsregs chog thugs rjes 'od zer
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer='jigs med gling pa
|sourcerevealer='jigs med gling pa
|sourcerevealertib=འཇིགས་མེད་གླིང་པ་
|sourcerevealertib=འཇིགས་མེད་གླིང་པ་
|tibgenre=Fire Offerings - sbyin sreg
|terma=Yes
|terma=Yes
|deity=thugs rje chen po
|deity=thugs rje chen po
Line 14: Line 17:
|cycletib=གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་
|cycletib=གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་
|parentcycle=klong chen snying gi thig le
|parentcycle=klong chen snying gi thig le
|parentcycletib=ཀློང་ཆེན་སྙིང་གི་ཐིག་ལེ་
|language=Tibetan
|language=Tibetan
|volumenumber=06
|volnumtib=༦
|volnumtib=༦
|volyigtib=ཆ
|volyigtib=ཆ
|pagestatus=Temporary stub only
|totalvolumes=8
|volumenumber=06
|volumeLetter=CHA
|textnuminvol=015
|textnuminvol=015
|multivolumework=No
|colophontib=།ཅེས་པའི་འདི་ནི་ཡང་ཆུང་ནས་ཉེ་བར་གནས་པའི་རང་སློབ་དམ་ལྡན་ཆོས་བདག་མིང་འཛིན་རིག་པའི་ཡེ་ཤེས་ཀྱིས་རང་མོ་ནས་ལན་མང་ནན་ཀྱིས་བསྐུལ་ངོར་མ་ལྡོག་པར་གཏེར་མིང་འཛིན་པ་འཇའ་ལུས་རྡོ་རྗེའམ་འཇིག་མེད་ཡེ་ཤེས་རྡོ་རྗེའི་ལེགས་པར་བཀོད་པ་ཛ་ཡནྟུ། དགེའོ། །བཀྲི་ཤིས་སརྦ་མངྒལཾ།།
|colophonwylie=/ces pa'i 'di ni yang chung nas nye bar gnas pa'i rang slob dam ldan chos bdag ming 'dzin rig pa'i ye shes kyis rang mo nas lan mang nan kyis bskul ngor ma ldog par gter ming 'dzin pa 'ja' lus rdo rje'am 'jig med ye shes rdo rje'i legs par bkod pa dza yan+tu/_dge'o/_/bkri shis sarba mang+galaM//
|pdflink=File:DKYD-KABUM-06-CHA-015.pdf
|pdflink=File:DKYD-KABUM-06-CHA-015.pdf
|volumeLetter=CHA
|InitCategories=Khyentse Lineage Project; DKYD-KABUM-Volume-06-CHA
|InitCategories=Khyentse Lineage Project; DKYD-KABUM-Volume-06-CHA
}}
}}

Latest revision as of 16:10, 27 June 2024

Wylie title 'phags mchog sdug bsngal rang grol gyi bsregs chog thugs rjes 'od zer
Location mdo mkhyen brtse bka' 'bum
Volume 6, Text 15, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation
Genre Fire Offerings - sbyin sreg
Cycle གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ (gsang sgrub thugs rje chen po sdug bsngal rang grol)
Parent Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity thugs rje chen po
Colophon

།ཅེས་པའི་འདི་ནི་ཡང་ཆུང་ནས་ཉེ་བར་གནས་པའི་རང་སློབ་དམ་ལྡན་ཆོས་བདག་མིང་འཛིན་རིག་པའི་ཡེ་ཤེས་ཀྱིས་རང་མོ་ནས་ལན་མང་ནན་ཀྱིས་བསྐུལ་ངོར་མ་ལྡོག་པར་གཏེར་མིང་འཛིན་པ་འཇའ་ལུས་རྡོ་རྗེའམ་འཇིག་མེད་ཡེ་ཤེས་རྡོ་རྗེའི་ལེགས་པར་བཀོད་པ་ཛ་ཡནྟུ། དགེའོ། །བཀྲི་ཤིས་སརྦ་མངྒལཾ།།

/ces pa'i 'di ni yang chung nas nye bar gnas pa'i rang slob dam ldan chos bdag ming 'dzin rig pa'i ye shes kyis rang mo nas lan mang nan kyis bskul ngor ma ldog par gter ming 'dzin pa 'ja' lus rdo rje'am 'jig med ye shes rdo rje'i legs par bkod pa dza yan+tu/_dge'o/_/bkri shis sarba mang+galaM//

[edit]
༄༅། །འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱི་བསྲེགས་ཆོག་ཐུགས་རྗེས་འོད་ཟེར་ཞེས་བྱ་བ་བཞུགས་སོ།« །སྙིང་རྗེའི་རང་གཟུགས་འཕགས་མཆོག་པད་དཀར་འཆང༌། །གང་དང་དབྱེ་མེད་རིག་བདག་བྱང་ཆུབ་གླིང༌། །མི་འབྲལ་སྤྱི་གཙུགས་རྒྱན་དུ་རྟག་བཞུགས་ལ། །བདག་སོགས་སྙིགས་དུས་འགྲོ་ཀུན་རྗེས་སུ་བཟུང༌། །སྡུག་བསྔལ་ཉམ་ཐག་གཤིན་པོ་རྗེས་འཛིན་པའི། །རྣམ་ཤེས་འདྲེན་པ་འཕོ་བའི་གདམ་པ་དང༌། །སྐྱེ་སྒོ་དགག་པ་རིགས་དྲུག་གནས་འདྲེ་སོགས། །ངན་སོང་ཕུང་པོ་སྦྱོང་བའི་ཆོ་ག་བསྟན། །དེ་ལ་འདིར་འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱི་ཆོ་ག་ལ་བརྟེན་ནས་ཚེ་འདས་ཀྱི་ཕུང་པོ་བསྲེགས་སྦྱངས་ཀྱི་རིམ་པ་ལ། སྔོན་འགྲོ་དང་དངོས་གཞི་རྗེས་དང་གསུམ་ལས། དང་པོ་ལ་ཡང༌། ས་བརྟགས་པ། བསླང་བ་སྦྱང་བ་གསུམ་ལས། བརྟགས་པ་ནི་དཔྱད་མཁས་པའི་བྱ་བའོ། །བསླང་བ་ལ་སྣང་བ་ཚིག་གིས་བསླང་བ་དང༌། མི་སྣང་བ་མི་མ་ཡིན་ལ་བསླང་བ་གཉིས་ལས་དང་པོ་མི་ལ་ཚིག་གིས་བསླང་ཞིང༌། གཉིས་པ་ནི་སྐྱབས་སེམས་དང་བདག་བསྐྱེད་སྔོན་དུ་འགྲོ་བའི་གང་དུ་བྱ་བའི་སར་མཆོད་གཏོར་རྣམས་བཤམས་ཤིང༌། དང་པོ་སྡེ་བརྒྱད་མཆོད་པ་སྤྱི་ལྟར་བཏང༌། དེ་ནས་ས་ལྷའི་གཏོར་མ་བཤམས་ལ་རཾ་ཡཾ་ཁཾ་ལན་གསུམ་ཀྱིས་སྦྱངས། ཨོཾ་ཨཱ་ཧཱུྃ ལན་གསུམ་གྱི་བདུད་རྩིར་བསྒྱུར་ ཨོཾ་སྲི་ཐི་»དཱེ«་ཝི་སརྦ་བྷུ་མི་པཱ་ཏི་ས་པ་རི་ཝ་ར་ཨ་ཀརྵ་ཡ་ཛ༔ ཞེས་པས་ས་བདག་ལྷ་ཀླུ་རྣམས་བཀུག །གཏོར་མ་བསྔོ་བ་ནི། ཀྱཻ་ས་ཡིས་ལྷ་མོ་བསྟན་མའི་གཙོས། »།«ས་བདག་ལྷ་ཀླུ་གནོད་སྦྱིན་དང༌། »།«ཟོ་དོར་དྲི་ཟ་མི་མ་ཡིན། »།«སྡེ་བརྒྱད་འབྱུང་པོ་གང་ཡང་རུང༌། »།«གཙང་སྦྱར་གཏོར་མ་གསེར་སྐྱེམས་བཞེས། »།«ས་འདི་བདག་ལ་གནང་དུ་གསོལ། »།«རྩ་སྔགས་ཤམ་བུར་ཨེ་དམ་»བྷ་ལིངྟ་«ཁ་ཁ་ཁྷཱི་ཁྷཱི། ཧྲཱིཿ »།«སྐྱོབས་པ་ཤཱཀྱ་སེང་གེ་ཡིས། »།«ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། »།«དེ་ལྟར་བདག་གི»ས«་ངན་སོང་ལས། »།«སྐྱོབས་ཕྱིར་དཀྱིལ་འཁོར་འཁོད་པར་བྱ།» «ཞེས་བརྗོ»ད«་དེ་དག་གིས། རིག་པ་འཛིན་པ་ཁྱོད་ཀྱི་ཅི་དགའ་བར་ལོངས་སུ་སྤྱོད་པར་བྱ། ཞེས་གནང་བ་བྱིན་པར་བསམ་ཞིང་མགྲོན་རྣམས་རང་གནས་སུ་བཏང༌། སྦྱང་བ་ནི། གཞི་དེའམ་སྟེགས་བུའི་སྟེང་དང་འཁོར་ཡུག་ཏུ་ལག་མཐིལ་གཡས་ཀྱི་སོ་སོར་རྣམས་ཕྲལ་ཏེ་བསྐོར་ཞིང་འདི་སྐད་དོ། །ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བརྗོད་པ་དེ་ལས་བྱུང་སྟེ་མ་དག་པ་ཐམས་ཅད་སྦྱང་བར་བསམ་ལ། ཨོཾ་བྷྲུཾ་ཁྃ༔ གྱིས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་ཏུ་བསམ། ཨོཾ་མེ་དེ་ནི་བཛྲ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ»ཿ «ཀྱིས་རྡོ་རྗེའི་གཞི་རུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊཿཀྱིས་བསྲུང་བར་བྱའོ། གཉིས་པ་བསྲེགས་ཁང་བ»རྩི«གས་པ་ནི་གང་ཟག་མཆོག་ལ་གདུང་སྒྲོམ་མཁའ་འགྲོ་སྙིང་ཐིག་གི་བསྲེགས་སྦྱང་འོད་ཀྱི་སྙེ་མ་དང༌། བྱང་གཏེར་སྤྱན་རས་གཟིགས་ཀྱི་བསྲེགས་སྦྱངས་སྣང་བྱེད་ཉི་མ་ལྟར་བྱ་ཞིང་སྤྱིར་བཏང་ལ། ཐབ་གདན་ཡུལ་ལུགས་གནས་དུས་དང་བསྟུན་པའི་ལེགས་པར་བརྩིགས་པའི་སྟེང་དཀྱིལ་འཁོར་མུ་འཁྱུད་རིམ་པ་ལྔ་བསྐོར་གྱི་དབུས་སུ་པདྨ་དཀར་པོ། དེ་ཕྱིར་འདབ་བཞི་ཕྱོགས་མདོག་ཚོན་སྤུང་ངམ་འབྲུ་ཚོམ། དེའི་ཕྱིར་གྲྭ་བཞིར་ཕྱོགས་མདོག་ལ་རྟ་མགྲིན་རིགས་བཞིའི་ཚོམ་བུ། དེའི་ཕྱིར་རྡོ་ར་དེའི་ཕྱིར་འོད་ཕྲང་ཟུར་བཞིར་ཟླ་ཕྱེད་རྡོ་རྗེའི་མཚན་པ་བཅས་བྲིས་པའི་སྟེང་དུ་བརྩིག་ཤིང༌། དབུས་དང་འཇིང་་རྡོ་མེ་སྒོ་སོགས་མཐོངབརྒྱུད་ལྟར་ལག་ལེན་ཐེབ་པར་བྱ་ཞིང༌། »བེ«མ་པོ་བཀོད། བདག་ཉིད་དབང་ཆེན་རྟ་མགྲིན་དུ་གསལ་བས་བགེགས་བསྐྲད་དོ། །གསུམ་པ་ཡོ་བྱད་བཤམས་པ་ནི། སློབ་དཔོན་གྱི་ཡས་སུ་བསྲེག་རྫས། གཡོན་དུ་མཆོད་རྫས། མདུན་དུ་རྡོ་དྲིལ་ལས་བུམ་དགངས་གཟར་སོགས་མཐོང་བ་བརྒྱུད་པ་ལྟར་དང༌། བསྲེགས་རྫས་ཀྱི་རྩ་བ། མར་ཁུ་དང་ཡམ་ཤིང་བལ་ལུ། འོམ་བུ་སོགས་ལོ་མ་ཅན་གྱི་ཤིང་»ངམ«༌། དུག་ཤིང་མ་ཡིན་པའི་ལོ་འདབ་འབྲས་བུ་ཅན་གང་རུང་སྐམ་སང་མ་ཡིན་པ་བརྒྱ་དང་ཉེར་དགུ། དེ་བཞིན་དུ་མར་ཁུ། ཏིལ ཞོ་ཟན། འབྲས སོ་་བ། ནས་ སྲན་མ། གྲོ༌། དུར་ཝ། ཀུ་ཤ»། «ཤ»ི«ང་ཏོག་དང༌། དཀར་གསུམ་མངར་གསུམ། དར་རམ་རས་དཀར་གྱི་གོས་ཟུང༌། སོ་རྩི་བཅས་དང་སྐབས་སྐབས་སུ་འབུལ་རྒྱུའི་མཆོད་པ་རྣམ་ལྔ་བཞི་དང༌། གཡོན་ངོས་སུ་བདག་བསྐྱེད་གཏོར་མ་མདུན་དུ་འཇིག་འདས་ཀྱི་གཏོར་མ་སྨན་རཀ་མཐའ་བསྐོར་དུ་ཉེར་སྤྱོད་ལས་བུམ་དང་བསང་ཆུ་སོགས་ལེགས་པར་འདུ་བྱས། རང་ཉིད་ཀྱིས་ཆོས་གོས་བཅས་བྱང་ཆུབ་སེམས་དང་ལྡན་པའི་སེམས་དཔའི་སྐྱིལ་ཀྲུང་གི་བདེ་བའི་སྟན་ལ་འཁོར་དང་ཅིང་བདག་བསྐྱེད་ཆོ་ག་གཞུང་ལྟར་བསྙེན་པ་སྟོང་ཕྲག་ལས་མི་ཉུང་བཟླ་ཞིང༌། མཆོད་བསྟོད་མཐར་ལས་བུམ་བསྒྲུབ་དེ་ནས་སྦྱིན་བསྲེགས་དངོས་ལ་འཇུག་པ་ནི། ལས་བུམ་གྱིས་བསང་ཆུ་སློབ་དཔོན་གྱི་རྡོ་དྲིལ་ལ་འཐོར་ཞིང༌། ཨོཾ་བཛྲ་ཀྲོ་ཏ»། «སོགས་བསང་ཞིང་སྭ་བྷ་ཝ་ས་སྦྱངས་ལ། སྟོང་པའི་ངང་ལས་ཧཱུྃ»་«ལས་»རྡོ་རྗེ་«ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔ་པོ་ལ་ཨ་ལས་བྱུང་བའི་དྲིལ་བུ་ཤེ»ས«་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱིངས་སྒྲོག་པ་གཉིས་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཅན་ནོ། »།«ཨོཾ་མ་ཧཱ་བཛྲ་ཧཱུྃ»། «རྡོ་རྗེ་ཐུགས་ཀར་གསོར།» «ཨོཾ་བཛྲ་གྷནྡྷེ་ཨཱ༔» «ཅེས་དྲིལ་དུ་འཁྲོལ་ཞིང་དཀུར་བརྟེན ཨོཾ་སརྦ་ཏ་ཐཱ་ག་ཏ་»མ་ཧ་«་ཨ་ནུ་»རཱ«་ག་ན་བཛྲ་སྭ་བྷ་ཝ་ཨརྨ་»ཀོ«྅་ཧཾ། ཞེས་ཐུགས་ཀར་འཁྱིད་»རྒྱ«་བྱའོ། »།«དེ་ནས་དགངས་བླུག་བསང་སྦྱངས། ཨོཾ་བཛྲ་ཀྲོ་ཏ»༴«སྭ་བྷ་ཝས་»༴« རང་གི་ཐུགས་གའི་འོད་ཟེར་གྱིས། »།«ཡེ་ཤེས་ལྷ་ཡིས་ཐུགས་རྒྱུད་བསྐུ»ལ«། »།«ཐབས་ཤེས་རང་བཞིན་ཡེ་ཤེས་སེམས། »།«འོད་ཀྱི་ཚུལ་བཀུག་དགངས་བླུགས་ལ། »།«ཐིམ་པས་སྡིག་སྒྲིབ་སྦྱངས་བ་ཡིས། »།«དམ་ཚིག་ཡོ་བྱད་མཆོག་ཏུ་གྱུར། »།«མཆོད་རྫས་དང་བསྲེགས་རྫས་ཕུང་པོ་བཅས་བསང་སྦྱོངས། ཨོཾ་བཛྲ་ཀྲོ་ཏ༴ ཨོཾ་སྭ་བྷ་ཝ༴» «ཨོཾ་ཨཱ༔ཧཱུྃ»། «ཕྱི»་ནང«་གསང་བའི་མཆོད་རྫས་མ་ལུས་པ»།« »།«རྣམ་པ་རྫས་ལ་ངོ་བོ་ཡེ་ཤེས་ཀྱི། »།«བདུད་རྩི་ཆེན་པོ་རོ་བརྒྱའི་དཔལ་འཛིན་ཞིང༌། »།«དམི»ག«ས་ཡུལ་སྡིག་»སྒྲ«ིབ་སྦྱངས་བའི་ནུས་པ་ལྡན། »།«ཕུང་པོ་ཤ་ཁྲག་རུས་གསུམ་ལྤགས་པར་བཅས། »།«ཞི་བའི་བསྲེགས་རྫས་བདུད་རྩིའི་རྣམ་པ་ལ། »།«འཇའ་ཚོན་སྣ་ལྔའི་རང་བཞིན་སྤྲིན་ཕུང་»འཁྲི«གས། »།«འདོད་དོན་»ལྔ«་ཡི་ཟེར་མ་འ»ཕྲ«ོ་བར་གྱུར། »།«ཨོཾ་བཛྲ་ཨ་རྒྷཾ་སོགས་ནས། ཤཔྟ་ཨ་ཧཱུྃ༔» «སརྦ་པཉྩ་རཀྟ་བ་»ལིངྟ«་སརྦ་པཱུ»ཙ་«ཨ་ཧཱུྃ༔ བསྲེགས་རྫས་རྣམས་རྡོ་རྗེ་རྩེ་གཅིག་པས་རེག་ཅིང༌། ཨོཾ་སྭཱ་ཧཱ»། «ཡམ་ཤིང་ལ་ཨོཾ་ཤྲི་སྭཱ་ཧཱ། མར་ཁུ་ལ། ཨོཾ་ཛིཾ་སྭཱ་ཧཱ༔ རྫས་གཞན་རྣམས་ལ»། «ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ དེ་ནས་ཀུ་ཤ་སྔོ་ལྗང་དྲི་མེད་ལ། ལས་ཆུ་འཐོར་ཞི། ཨོཾ་བཛྲ་ཀྲ་ཏ༴ བསང་སྦྱངས༴ ཨོཾ་ཨ་མྲྀ་ཏ་ཀུནྜ་ལི་སརྦ་བིག་ནཾ་ན་ཤ་ཡ་ཧཱུྃ་ཕཊ༔ ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ། »།«ཚངས་པ་ལྷ་རྣམས་དག་བྱེད་ཡིན། »།«དཀོན་མཆོག་གསུམ་པོ་མཉེས་བྱེད་པ། »།«ས་ལས་སྐྱེས་པ་འདབ་མའི་སྙིང་»། །«བདག་གཞན་བགེག་རྣམས་ཐམས་ཅད་ནི། »།«ཞི་དང་བཀྲ་ཤིས་མཛད་དུ་གསོལ་སྭཱ་ཧཱཿ ཀུ་ཤ་རྣམས་ཐབས་ཀྱི་ཁ་ཁྱེར་རྒྱབ་མའི་རྩེ་མོ་མདུན་མའ»ི«་རྩ་བས་ནོན་པར་བྱ་ཞིང་ཆུན་པོ་ཆེ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་རིང་བས་སྟེང་ནས་བཀབ་བོ»། «མེ་སྦྱར་བ་ནི། ཐབ་ཀྱི་ནང་དུ»། «ཨོཾ་ཨཱཿ་ཧཱུྃ་གསུམ་ལས» «ཚེ་འདས་གཙོར་བྱས་ཁམས་གསུམ་སེམས་ཅན་གྱི། »།«སྡིག་གྲིབ་དུག་གསུམ་ཉོན་མོངས་ཀུན་སྦྱངས་ཤི»ང་«། འཕགས་པའི་སྐུ་ལས་འཕྲོས་པའི་འོད་ཟེར་གྱི། »།«རྩེ་ལས་ཡེ་ཤེས་ལྔ་ཡི་མེ་དཔུང་སྦར། »།«རྣམ་པར་དག་པ་འདུས་མ་བྱས་པའི་»ངང་«། །ཡི་གེ་བདུན་པ་ལན་གསུམ་བཟླས་གང་ཟག་མཆོག་ལ»། «ཨོཾ་བཛྲ་ཛྭ་ལ་རམ་རམ་ཧཱུྃ་ཕཊ »།«ཙམ་གྱི་མེ་སྦར་ཞིང༌། ཕལ་བ་སྤྱི་འགྲོའི་བླ་མས་དཔལ་འབར་ཐོག་ལ»།« »རཾ་« ཚེ་འདས་མ་རིག་ཕུང་པོ་ལ»། །«འཕགས་པའི་གསང་གསུམ་མེ་སྦར་རོ། »།«ཚེ་འདས་དུག་ལྔའི་»ཕུ«ང་པོ་ལ། »།«ཡེ་ཤེས་ལྔ་ཡི་མེ་སྦར་ར»ོ། །«ཚེ་འདས་འབྱུང་བཞིའི་ཕུང་པོ་ལ། »།«སེམས་མ་བཞི་ཡིས་མེ་སྦར་རོ། »།«སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱ»ི། །«འགྲོ་བའི་དོན་ལ་སྤྱོ»ད«་པར་ཤོག །བཛྲ་ཛྭ་ལ་རམ་རམ་ཧཱུྃ་ཕཊ༔» «སྡིག་སྒྲིབ་ཀུན་འཇོམས་དང་གཟུངས་སྔགས་བཟླས་ནས་མེ་སྦར་རོ། །ཧཱུྃ་ཧཱུྃ་གིས་མེ་དར་གཡབ་ཅིག །རམ་རམ་གྱིས་རླུང་དར་གཡབ། བསྲེག་ཁང་གི་ཤར་ལྷོར་མེ་དར་དང་དཔལ་འབར་བཙུག །བྱང་བར་དུ་རླུང་དར་བཙུག་ལ་བཞག་གོ། དེ་ནས་བསྲེགས་སྦྱངས་དངོས་ལ་འཇིག་འདས་གཉིས་ལས་དང་པོ་ནི་བསང་ཆུ་འཐོར་ཞིང་མེ་ཐབ་བསང་སྦྱངས ཨོཾ་བཛྲ་ཀྲོ་ཏ༴ ཨོཾ་སྭཱ་བྷ་ཝས༴ སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་དཀར»།« »།«ཁ་ཁྱེར་མུ་རན་རྡོ་རྗེ་འོད་ཕྲེང་དང༌། »།«ལྟེ་བར་གྷནྡྷེ་རམ་གྱིས་མཚན་པ་ལས། »།«འོད་ཟེར་འཕྲོ་འདུས་མེ་ལྷ་སྐུ་མདོག་དཀར། »།«ཞལ་གཅིག་ཕྱག་གཉིས་གྷནྡྷེ་བགྲངས་ཕྲེང་བསྣམས། »།«གསུས་པ་ཆེ་ཞིང་རལ་བ་ཐོར་ཚུག་ཅན། »།«རིན་ཆེན་རྒྱན་སྤྲས་ཚང་སྐུད་སེ་རོལ་བཅིངས། »།འགྱི«ང་བག་བཞུགས་པའི་པང་དུ་ཡུམ་དཀར་པ»ོ«། »།«ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་བགྲང་ཕྲང་འཛིན། »།«ཡབ་ལ་འཁྱུད་ཅིང་རྒྱན་གོས་དཀར་ལ་མཛེས། »།«སྐུ་ལ་འོད་ཟེར་མེ་འོད་འཕྲོ་བ་ཡིས། »།«གནས་གསུམ་འབྲུ་གསུམ་དེ་ལས་འདོ་འཕྲོས་པས། »།«ཤར་ལྷོའི་མཚམས་ནས་མེ་ལྷ་སྤྱན་དྲངས་གྱུར།» །«ལག་གཡས་མི་འཇིགས་སྐྱབས་སྦྱིན་དང་བཅས་མཐེ་བོང་གཡབ་ཅིང༌། »།«ཨོཾ་དད་པ་དང་ནི་དམ་ཚིག་གི»།« »།«ཚུར་གཤེགས་ཚུར་བྱོན་དྲང་སྲོང་ཆེ། »།«རང་གི་དམ་ཚིག་ཚུལ་བཞིན་དུ། »།«འབར་བའི་གནས་འདིར་གཤེགས་སུ་གསོལ། »།«ཨོཾ་ཨཀ྄ེན་དེ་ཝི་ཧྲཱིང་ཨ་གཙྪ་ཡ་མ་མ་ཤནྟཾ་ཀུ་རུ་སྭཱ་ཧཱ། ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ། ལས་ཆུས་བགེགས་བསྐྲད། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ གདོན་བགེགས་ལོགས་འདྲེན་ཐམས་ཅད་ཨུཥྩི་ཌ་མ་ར་ཡ་ཕཊ༔ ཞེས་ཡུངས་་ ཀར་བྲབས། བཞུགས་སུ་གསོལ་བ་ནི། ཧཱུྃ༔ གཟི་བརྗིད་ཆེན་པོ་མེ་ཡིས་ལྷ། »།«འདོད་པ་ཐམས་ཅད་སྒྲུབ་མཛད་»ཅིང་«། »།«ཐུགས་རྗེས་སེམས་ཅན་དོན་མཛད་པའི། »།«འབར་བའི་ནང་དུ་བཞུགས་སུ་གསོལ། »།«ཨོཾ་བཛྲ་ཨཾ་ཀུ་ཤ་ཛ་ཛ༔ ལྕང་ཀྱུའི་རྒྱས་བཀུག» «ཨོཾ་བཛྲ་པ་ཤ་ཧཱུྃ། ཞག་པའི་ཕྱག་རྒྱས་བཞུགས།» «ཨོཾ་»སྥ«ོ་ཊ་བམ། ལྕགས་སྒྲོག་ཕྱག་རྒྱས་གཉིས་མེད་དུ་བྱས »།«ཨོཾ་བཛྲ་གྷནྡྷེ་ཧོ༔ དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད་ལ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། »།«སྤོས་དང་སྨ»ན«་སྦྱ»ར«་ཆུ་གཙང་དམ་པ་འདི»ས། །«མི་»གཙང«་»དྲ«ི་མའི་ཚོགས་རྣམས་དག་གྱུར་ཅིག »།«ཨོཾ་སྭཱ་བྷ་ཤུདྡྷེ་»ཤུ«ད་དྷ་སྭཱ་ཧཱ»།« ཞེས་ཆུ་གཙང་བྲན། བདག་ཅག་»མེ«་ཏོག་སྤོ»ས«་རབ་དང༌། »།«སྦྱིན་བསྲེག་མཆོད་པ་འདི་འབུལ་གྱིས། »།«བཞེས་ནས་བདག་ལ་དགྱེས་པར་མཛོད། »།«ཨོཾ་བཛྲ་པུཥྤེ་པྲ་ཏིཙྪ་ཧོཿ ཨོཾ་བཛྲ་དྷུ་»པེ«་སོགས་ནས ཤཔྟ་»པྲ་«ཏི་ཙྪ་ཧོ»།« ནས་ཞེས་རྣམ་ལྔ་གཅིག་འབུལ»།« ཧཱུྃ་གཟི་བརྗིད་»ཆེ«ན་པོ་»མེ«་ཡི་ལྷ། »།«འདོད་པ་ཐམས་ཅད་རྩོལ་མཛད་པའི། »།«བདག་གཞན་དོན་སྒྲུབ་པ་ལ་བཞུགས། »།«འ»ཛི«ན་བྱེད་མེ་ལྷ་ཉིད་ལ་འབུལ»།« ཐོག་མེད་བྱོན་སྐྱེམ་འབུལ་བ་ནི། བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ་ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས་འཛུབ་མོ་བསྒྲེགས་ཤིང་གཡས་ཁ་སྦུབས་གཡོན་གྱེན་བསྟན་མཉམ་པར་སྦྱོར་བའི་དགངས་བླུག་བཟུང༌། དགངས་གཟར་ནང་དུ་ ཧཱུྃ་དང་བླུག་གཟར་ནང་དུ་ཛ་དང་»། «མེ་ལྷའི་ལྗགས་འོད་ཟེར་གྱི་སྦུ་གུ་རམ་ཡི་གེ་མཚན་པས་བདུད་རྩིའི་རྒྱུན་དྲངས་དེ་གསོལ་བར་བསམ། ཨོཾ་ཨཀ྄ེན་ཡེ་སྭཱ་ཧཱ། »།«ལན་བདུན་གྱིས་བཀང་ཞིང་དགངས་བླུག་ཁ་སྦར་ལག་གཉིས་པུས་མོ་ལས་མི་འདའ་བར་ལན་གསུམ་བསྐོར་ཞིང་འབུལ། ཨོཾ་ཨཀ྄ེན་ཡེ་ན་མ༔ས་མནྟ་བྷུདྡྷ་ནཾ་པུརྞྱ་ཧྲིཥྛ་མནྟྲ་ཨོཾ་ཨ༔ཧཱུྃ། ཚེ་ལས་འདས་པ»། «ཆྒཻ་མོའི་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ དེ་འདྲ་བ་ལན་གསུམ་བྱ། དེ་ནས་ཡམ་ཤིང་ལག་པ་གཡོན་ཀྱིས་བཟུང་ཞིང༌། གཡས་པས་མཐེབ་སྲིན་གྱིས་གཡས་བསྐོར་གྱེན་བསྟན་ཀྱི་འབུལ་ཞིང༌། ཨོཾ་ཨ»ཀ྄ེན་«ད་ཝ་ཧྲིང་པེ་ཤ་»ཧསྟ«་བཛྲ་ཡེ་སྭཱ་ཧཱཿ» «ལན་ཉེར་གཅིག་དང་»། «ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤནྟཾ་ཀུ་རུ་ཡེ་སྭཱ་ཧཱ།» «ཞེས་ཉེར་གཅིག»་«འབུལ་དེ་བཞིན་དུ། མར་ཁུ་ལ། ཨོཾ་ཨ»ཀ྄ེན་«་དེ་ཝི་»ཧྲ«ི། བི་མ་ལ་ཨ»ཀ྄ེན་«་ཡེ་སྭཱ་ཧཱ། ཚེ་ལས»༴« ཨོཾ་ཨཀ྄ེན་དེ་ཝ་ཧྲི། སརྦ་ས་སཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཚེ་ལས»༴« ཞོ་ཟན »ཏིལ་ལ་«ཨོཾ་ཨ»ཀ྄ེན་«དེ་ཝ་ཧྲི། སརྦ་སམ་བྷ་དེ་ཡེ་སྭཱ་ཧཱ»། «ཚེ་ལས»༴« འབྲས ཨོཾ་ཨཀྴེ་དེ་ཝ་ཧྲི། བ»ཛྲ«་པུཥྟ་ཡེ་སྭཱ་ཧཱ༔ ཚེ་ལས༴» «སོ་བ། ཨོཾ་ཨཀ྄ེན་དེ་ཝ་ཧྲི་བཛྲ་བི་ཛ་»ཡེ«་སྭཱ་ཧཱ། ཚེ་ལས༴» «ནས»། «ཨོཾ་ཨ»ཀ྄ེན«་དེ་ཝ་ཧྲི །མ་ཧཱ་བེ་ག་ཡེ་སྭཱ་ཧཱ༔ ཚེ་ལས༴» «སྲ་མ། ཨོཾ་ཨ»ཀ྄ེན་«་དེ་ཝ་ཧྲི་མ་ཧཱ་བ་ལ་ཡེ་སྭཱ་ཧཱཿ ཚེ་ལས༴ རོ་མོ་གྲོ་ཨོཾ་ཨ»ཀ྄ེན«་དེ་ཝ་ཧྲི་ བཛྲ་གསྨ་རི་ཡེ་སཱ་ཧཱ»།« ཚེ་ལས༴» «རོ་མོ་དརྺ» «ཨོཾ་ཨ»ཀ྄ེན་«་དེ་ཝ་ཧྲི»།« བ»ཛྲ«་ཨ་ཡུ་ཥེ་ཡེ་སྭཱ་ཧཱཿ ཚེ་ལས་འདས༴ ཀུ་ཤ་ལ»། «ཨོཾ་ཨ»ཀ྄ེན་«་དེ་ཝ་ཧྲི། ཨོཾ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ ཚེ་ལས་འདས་༴» «རྫས་གཞན་རྣམས་ལ་» ཨོཾ་ཨཀ྄ེན་་དེ་ཝ་ཧྲི་ཨ་ཧ་ར་ཨ་ར་ཧ་ཕུ་ལོ་མ་ཧཱ་ད་ར་ཕེ་ཤ་ཤནྟཾ་ཀུ་རུུ་ཡེ་སྭཱ་ཧཱ། «ལན་གསུམ་»ཚེ་ལས༴« དེ་ལྟར་ལག་པར་བླུགས་གཟར་གྱིས་འབུལ་དུ་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་ཉེར་གཅིག་རེ་དང་རྫས་སྤོང་སྔགས་ལན་གསུམ་ཀྱིས་འབུལ»།« ཨོཾ་བཛྲ་པུཥྤེ་སོགས་ནས། རྣམ་ལྔ་གཅིག་འབུལ»། «ཤཔྟ»། «བར་གྱི་མཆོད་ལ་བསྟོད་པ་ནི། ཚངས་པ་འཇིག་རྟེ»ན«་མགོན་གྱི་སྲས། »།«མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག»།« »།«འཇིག་རྟེན་ཡོངས་སུ་སྐྱོབ་པའི་ཕྱི»ར། །«ཐུགས་རྗེའི་དབང་གི་སྐུར་སྤྲུལ་པ། »།«རིག་པའི་བཅུད་ལྡན་གྷནྡྷེ་བསྣམས། »།«ཉོན་མོངས་བསྲེགས་པའི་ཡེ་ཤེས་»མེད། །«བསྐལ་པའི་མེ་ལྟར་བར་བའི་འོད། »།«མངོན་ཤེས་»རྫུ«་འཕྲུལ་ཐུགས་རྗེ་»ལྡན«། »།བགྲ«ོང་ཕྲེང་འཛིན་ཅིང་རིག་སྔགས་གསུང༌། »།«ཐབས་དང་»ཤེས«་རབ་གཉིས་མེད་པའི། »།«ཐུགས་རྗེས་སྤྲུལ་སྐུ་ཁྱེད་ལ་བསྟོད། »།«སྡིག་སྒྲིབ་སྦྱོང་བའི་ཕྲིན་ལས་མཛོད། །བཛྲ་ཨ»ཀ྄ེན་«་ཧཱུྃ་ཛ ཞེས་བསང་ཆུ་འཐོར་ཞིང་ཨོཾ་ཨ»ཀ྄ེན་«་གཙྪ»། «དབྱུག་གུའི་ཕྱག་རྒྱའི»། «ཡེ་ཤེས་ཀྱི་མེ་ལྷ་གཤེགས། དམ་ཚིག་གི་མེ་ལྷ་»ལྷོ«་བ་ཡང་ཤིང་རྒྱ་ཆེ་བར་གྱུར ཅེས་བརྗོད། གཉིས་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལྷ་ལ་འབུལ་བ་ནི། བྱིན་ཟའི་»ལྟོ«་བ་འབར་ཞིག་བ»སྲེ«གས་པའི་ཀློང༌། »།«རང་སྣང་ལྷུན་གྲུབ་རི་བོ་པོ་ཏ་ལ། »།«བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོ»ར«་དབུས། »།«སྣ་ཚོགས་པདྨ་བྷོ་དྷི་ཉི་ཟླའི་སྟེང༌། »།«ཧྲཱི་ལས་འགྲོ་མགོན་འཕགས་མཆོག་ཐུགས་རྗེ་གཏེར»། །«སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས་དབང་སྐུ»།« »།«ཞལ་གཅིག་ཕྱག་བཞི་ཉམས་པའི་སྟབས་ཀྱི»ས«་བཞེངས། »།«རྩ་བའི་ཕྱག»་«གཉིས་ཐུགས་ཀར་ཐལ་སྦྱར་ཚུལ། »།«ལྷག་མ་རྣམས་གཉིས་བགྲེང་ཕྲེང་»པད«་དཀར་འཆང་»། །«ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན»།« »།«དཀར་དམར་མདངས་ལྡན་རུས་པའི་རྒྱན་གྱིས་སྤྲས»། །«ཞི་ཚུལ་དགུ་དང་བརྒྱན་ཆ་བཅུ་གསུམ་མཛེས»།« »།«དབུ་གཙུག་རིགས་བདག་འོད་དཔག་མེད་པས་མཚན»། །«ཕྱོགས་བཞི་པ»དྨ«་འདབ་བཞིའི་གདན་»སྟ«ེང་དུ། »།«ཤར་དུ་རྗེས་བཅུན་སྒྲོལ་མ་སྐུ་མདོག་དཀར»།« »།«ལྷོ་རུ་འོད་ཟེར་ཅན་མ་གསེར་གྱི་མདོག །ནུབ་ཏུ་ཀུ་རུ་ཀུལླེ་པད་རག་མདངས། »།«བྱང་དུ་ནོར་རྒྱུན་ལྷ་མོ་སྐུ་མདོག་ལྗང༌། »།«ཀུན་ཀྱང་རང་རང་རྒྱན་དང་ཆ་ལུགས་རྫོགས། »།«སྒོ་བཞིར་དབང་ཆེན་སྡེ་བཞི་ལས་མདོག་ཅན། »།«གྲིབ་གུག་ཐོད་འཛིན་དོར་སྟབས་འཇིགས་ཚུལ་བརྔམས། »།«ཁྲོ་བོའི་»ཆས«་རྫོགས་རྔམ་པའི་ཀློང་ན་འགྱིངས། »།«བར་མཚམ་སངས་རྒྱས་བྱང་སེམས་རིག་འཛིན་དང༌། »།«དཔའ་བོ་ཌཱཀྐི་དམ་ཅན་སྤྲིན་ལྟར་གཏིབ། »།«སྣང་སྟོང་སྒྲིབ་གཡོག་བྲལ་བའི་དབྱིངས་ནས་གསལ། »།«ཀུན་ཀྱང་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། »།«དེ་ལས་འདོ་འཕྲོས་རང་བཞིན་གནས་མཆོག་དང༌། »།«ཁྱད་པར་སྤྲུལ་པའི་ཞིང་མ»ཆོག་«པོ་ཏ་ལ། »།«གནས་ཡུལ་ཉེར་བཞི་དུར་ཁྲོད་བ»རྒྱད«་སོགས་ནས། »།«ཡེཤེས་ལྷ་ཚོགས་བཛྲ་ས་མ་ཛ། གཉིས་པ་སྤྱན་འདྲེན་པ་ནི། ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་»ཕོ་བྲ«ང་ནས། »།«མགོན་པོ་འོད་དཔག་མེད་པ་གཤེགས་སུ་གསོལ། །སྤྲུལ་པའི་ཞིང་ཁམས་རི་བོ་ཏ་ལ་ནས། འགྲོ་འདུལ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལ། །ཐུགས་རྗེས་འགྲོ་བ་འདུལ་བའི་ཕོ་བྲང་ནས། དཀྱིལ་འཁོར་ལྷ་ཚོགས་མ་ལུས་གཤེགས་སུ་གསོལ། །བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱི་རླབས། མཆོག་དང་ཐུན་མོང་དངོས་གྲུབ་རྩལ་དུ་གསོལ། །ཨོཾ་ལོ་ཀི་ཤྭ་རི་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི། ཧྲཱིཿ དམིགས་མེད་རང་གྲོལ་ཐུགས་རྗེའི་དཀྱིལ་འཁོར་ལྷ»།« »།«གཤེགས་བྱོན་བཞུགས་སུ་གསོལ་བར་མི་དམིགས་ཀྱང་»།« »།«གཉིས་སྣང་གློ་བུར་དྲི་མ་སྦྱངས་བའི་ཕྱིར། »།«དམ་ཡེ་གཉིས་མེད་ངོ་བོར་བརྟེན་པར་བཞུགས»།« བཛྲ་ས་མ་ཡ་ཏིཥྛ་ཧོ༔ ཕྱག་འཚལ་བ་ནི། ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། »།«རང་ཤེས་འཁྲུལ་བ་བྲལ་བའི་བརྡ་ཕྱག་གར། »།«ལྷ་ཆེན་འཕྲུལ་དགའི་རྣམ་འགྱུར་ཅི་བཞིན་»དུ། །«སྤང་»བླ«ང་མེད་པའི་ངང་ནས་བཙལ་བར་བགྱི། »།«ན་མོ་པཱུ་རུ་ཤ་ཡ་ཧོ༔ བྱོན་སྐྱེམ་འབུལ་བ་ནི། དཀྱིལ་འཁོར་ལྷ་ཚོགས་སྐུ་ལས་འོད་དཀར་པ»ོ«། »།«ཞིང་ཁམས་ཀུན་ལ་འ»ཕྲ«ོས་ཤིང་ཁྱབ་པ་ཡ»ི། །«ཞི་བའི་ཕྲིན་ལས་ཐོག་མེད་སྒྲུབ་ལ་དཔའ། །འཛུམ་པའི་མདངས་ཀྱི་ཅུང་ཟད་ཞལ་གདངས་པ»།« ལྗགས་ལས་འོ»ད«་ཟེར་དཀར་པ»ོ«་»སྦུ་«གུའི་དབྱིབས»།« »།«འཕྲོས་པའི་དགངས་བླུགས་བདུད་རྩིའི་རྒྱུན་དྲང་གསོལ། །ཚེ་འདས་སྡིག་སྒྲིབ་ཐམས་ཅད་ཀུན་སྦྱངས་བས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལན་བདུན་གྱིས་དགངས་གཟར་བཀང་ཏེ་ཁ་སྦྱར»། «ཡང་རྩ་སྔགས་» «ན་མ༔ ས་མནྟ་བྷུདྡྷ་ནཾ་པུརྞ་ཧྲཱིཥྟ་མནྟྲ་ཨོཾ་ཨཱཿ་ཧཱུྃ »།«ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཡས་སུ་བསྐོར་བ་ལན་གསུམ་གྱི་འབུལ་ཞིང༌། ཨཱརྱ་ལོ་ཀི་ཤྭ་རི་ས་པ་རི་ཝ་ར་ཨརྒྷ»༴ «རྣམས་ལྔ་གཅིག་འབུལ་ནས»།« ཤབྟ་བར་གྱི་ཉེར་སྤྱོད་འབུལ། དེ་རྗེས་ཡམ་ཤིང་ནས་བཟུང་རིམ་བཞིན»།« ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ པ་ཤ་ཧཔྟ་བཛྲ་ཡེ་སྭཱ་ཧཱ༔»༡༠༠« ཚེ་ལས་འདས་པའ»ི༴ «བརྒྱ་རྩ་བརྒྱད་ཀྱི་ཡམ་ཤིང་འབུལ་ལ་དེ་ནས། མར་ཁུ། རྩ་སྔགས། བཱི་མ་ལ་ཨ»ཀ྄ེན་«་ཡེ་སྭཱ་ཧཱ༔»༡༠༠« ཚེ༴ ཏིལ། རྩ་སྔགས། སརྦ་པཱ་སམ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ»།༡༠༠« ཚེ༴ ཞོ་ཟན་རྩ་སྔགས། སརྦ་སམ་ཧ་དེ་ཡེ་སཱ་ཧཱ»།༡༠༠ «ཚེ༴» «འབྲས་རྩ་སྔགས།བཛྲ་པུཥྟ་ཡེ་སཱ་ཧ༔»༡༠༠« ཚེ༴ སོ་བ རྩ་སྔགས། བཛྲ་བཱི་ཛ་ཡེ་སྭཱ་ཧཱ༔ ཚེ༴ ནས༴» «རྩ་སྔགས»། «མ་ཧཱ་བེ་ག་ཡེ་སྭཱ་ཧཱ༔ ཚེ༴» «སྲན་མ། རྩ་སྔགས མ་ཧཱ་བ་ལ་ཡེ་སྭཱ་ཧཱ༔ ཚེ༴ གྲོ་ལ། རྩ་སྔགས» «བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔»༡༠༠« ཚེ༴» «དུ་རྺ། རྩ་སྔགས བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཚེ་ལས༴ ཀུ་ཤ། རྩ་སྔགས»།« ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སཱ་ཧཱ༔ ཚེ༴ རྫས་གཞན་རྣམས»།« རྩ་སྔགས»་« ཨ་ཧ་ར་ཨ་ཧ་ར་ཕུ་»ལེ«་མ་ཧཱ་ད་ར་»ཕ«ེ་ཤ་ཤིནྟཾ་ཀུ་རུ་ཡེ་སཱ་ཧཱ»ཿ༡༠༠« ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤིཏྣཾ་ཀུ་རུ་ཡེ་»སྭཱ་ཧཱཿ «ཡིག་བརྒྱ་བཟླས་ལ་ཡུངས་དཀར་ཐབ་དུ་གཏོར་སྭཱ་ཧཱ༔» «ཀུན་ལ་གོང་བཞིན་བརྒྱ་རྩ་རེ་འམ། བཅུ་ཚན་རེ་འབུལ་བའི་སྦྱིན་བསྲེགས་སྤྱི་འགྲོས་ལྟར་སོགས། སྤྲོ་ན་རྫས་ཚན་རེ་རྫོགས་པའི་མཚམས་སུ་མ་ལྕོགས་ཀྱང་རྫས་ཐམས་ཅད་ཀྱིས་མཐར་འདོད་གསོལ་ནི། རྩ་སྔགས་ཀྱི་ཤམ་བུར»། «ན་མ་ས་མནྟ་བུདྡྷ་ནཾ་པུརྞ་ཧྲཱིཥྟ་མནྟྲ་ཨོཾ་ཨཱཿ་ཧཱུྃ། ཚེ་ལས་འདས་པའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བསོགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ རོལ་མོ ཞེས་གོས་འབུལ་ལ»། «ཨོཾ་བཛྲ་ཝས་ཏྲ་ཡེ་སྭཱ་ཧཱ༔ »རྡོ་རྗེ«་ཐོལ་མོ་མེ་ཡིས་ཕྱག་རྒྱས་སོ་»རྩ«ིང་འབུལ། ཨོཾ་བཛྲ་དམ་བུ་ལ་ཡེ་སྭཱ་ཧཱ།» «དེ་ནས་གཞུང་གི་མཆོད་པ།» «ཧྲཱིཿ ཀུན་ཏུ་བཟང་པོའི་རྣམ་རོལ་མཆོད་པའི་སྤྲིན༔ མེ་ཏོག་བདུག་»སྤོས་མར«་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔ༔ ལྷ་མའི་དཔལ་འབྱོར་མ་ལུས་འབུལ་ལོ་བཞེས། ཨོཾ་བཛྲ་ཨརྒྷམ་ནས»། «ཉེར་སྤྱོད་ལྔ་བཤམ་ཡོད་པ་མེད་ཐབ་ཏུ་འབུལ། ཤཔྟ་རུ་པ་ཤཔྟ་གྷནྡྷེ་»ར་ས་སྤརྴེ་མཱའ་ ཧཱ་«སརྦ་པུ་ཛ་ཁ་ཧཱི༔ རོལ་མོ་དེ་ནས་ཁྱད་པར་མཆོད་པ་ནི། ཧྲཱིཿ »།«ཁྱད་པར་རྨད་བྱུངབདེ་བ་ཆེན་པོའི་རྫས། »།«སྨན་གཏོར་རཀྟ་ཚོགས་མཆོད་དང་རེ་སྤྲོ༔ ཤེས་རབ་རིགས་མའི་བློ་འདས་གཉུག་མའི་གཤིས༔ འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་»སྩ«ོལ»ཿ« སྨན་རཀཱ་གཉིས་ཀ་མེ་ཐབ་ཏུ་འབུལ།» «སརྦ་པཉྩ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་དྷརྨ་དྷརྟུ་པུ་ཙ་ཧོ༔ དེ་ནས་བསྟོད་པ་ནི། ཧྲཱིཿ ཆོས་དབྱིངས་སྤྲོས་པ་བྲལ་བའི་»ཕོ་བྲ«ང་ནས༔ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་མངའ་དབང་ཅན༔ ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས༔ སྡུག་བསྔལ་རང་གྲོལ་སྐུ་ལ་ཕྱག་འཚལ་བསྟོད༔ ཚད་མེད་བཞི་ཡིས་འགྲོ་ཀུན་ཐར་ལམ་འདྲེན༔ གང་ལ་གང་འདུལ་ཐུགས་རྗེ་རོལ་པའི་གར༔ ཅིར་ཡང་བསྒྱུར་བའི་མཐུ་སྟོབས་རྫུུ་»འཕྲུ«ལ་ཅན༔ རིགས་བཞིའི་སེ»མ«ས་མ་རྣམས་ལ་ཕྱག་འཚལ་བསྟོད༔ རྣམས་བ»ཞ«ིའི་ཕྲིན་ལས་ཀུན་ལ་དབང་བསྒྱུར་ཞིང་ ལོག་འདེན་འདུལ་ཕྱིར་ཁྲོ་གཏུམ་རོལ་བའི་སྟབས༔ ཐོག་མེད་བསྒྱུར་བའི་རིགས་བཞི་ཧྱ་གྷྲྀ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔» «སོགས་ཀྱིས་བསྟོད་པས་གཟི་བྱིན་བསྐྱེད། སྤྲོ་ན་ཚོགས་འཁོར་ཀྱང་བྱ། མ་ནུས་ཀྱང་ཆད་སྐྱོན་མེད། མདུན་བ»སྐྱེ«ད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ»ཿ« སྦྱིན་བསྲེགས་མཆོ»ད«་པ་གཞུང་བཞིན་བགྱིས་པ་ལ༔ བདག་ཅག་མ་རིག་འཁྲུལ་བའི་རྐྱེན་དབང་»ག«ི»ཿ« འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ༔» «ཡིག་བརྒྱ་ལན་གསུམ་མཐར»།« ཨོཾ་ས་མ་ཡ ཨཱ༔ས་མ་ཡ། ཧཱུྃ་ས་མ་ཡ༔ བཛྲ་ས་མ་ཡ༔ བདག་གི་ཚེ་རབ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་སྤྱི་དང་ཁྱད་པར་དུ་གསང་སྔགས་ཟབ་མོའི་ཆོ་ག་ལྷག་ཉམས་ཆགས་འགལ་འཁྲུལ་ནོངས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ»།« ཞེས་དང་བཟོད་གསོལ་ཡང་»།« མ་འབྱོར་བ་དང་ཉམས་པ་དང༌། »།«གང་ཡང་བདག་རྨོང་བློ་ཡིས་ནི། »།«མ་རིག་འཁྲུལ་པ་ཅི་མཆིས་པ། »།«དེ་ཡང་བཟོད་པར་མཛད་དུ་གསོལ། »།«ལྷག་པ་དང་ནི་ཆད་པ་དང༌། »།«ཆོ་གའི་ཡན་ལག་ཉམས་པ་དང༌། »།«བདག་གི་བགྱི་ངན་ཅི་མཆིས་པ། »།«དེ་ཡང་བཟོད་པར་མཛད་དུ་གསོལ། »།«བག་མེད་བརྗོད་བྱ་མ་དག་པ། »།«རྒྱུད་ལས་གསུང་པའི་ཆོ་ག་བཞིན། »།«མ་ལྕོགས་འཁྲུལ་བ་ཇི་མཆ»ི«ས་པ། དེ་ཡང་བཟོད་པར་མཛད་དུ་ག»སོ«ལ། »།«སེར་སྣའི་དབང་གྱུར་ཕུང་ཉམས་ཤིང་»། །«མཆོད་པ་ངན་ཞིང་བཤམས་ཉེས་པ། »།«སྦྱོར་བ་གཙང་སྦྲ་མ་ཐོན་པ»། «དེ་ཡང་བཟོད་པར་༴ ཁྱེད་ཐུགས་གསང་བ་དམ་པའི་མཛོད། »།«དགྱེས་པ་ཆེན་པོའི་སྒོ་ཕྱེ་ལ། »།«དངོས་གྲུབ་ཕྲི»ན་ལས«་བདུད་རྩི་ཡིས། »།«རྒྱུན་གྱིས་བདག་»རྒྱུ«ད་གཏམ་པར་མཛོད། །ལྷག་ཆད་ཁ་སྐོང་མཛད་དུ་གསོལ།» «འདིན་ནི་རྟེན་དང་༴ ཨོཾ་ཁྱེད་ཀྱི་སེམས་ཅན»་«སོགས། བ»ཛྲ«་མུ༔ ཡེ་ཤེས་ཀྱི་མེ་»ལྷ་«གཤེགས་དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར»། «བར་བསམ། གསུམ་པ་རྗེས་ཀྱི་རིམ་པ་ནི།» «གོང་གི་བྱོན་སྐྱེམ་ལྟར་གྱི་གཤེགས་སྐྱེམ་འབུལ་བ་ནི། ཨོཾ་བཛྲ་ཀྲོ་ཏ»༴ «བསང་»།« ཨ»ཀ྄ེན་«་རཱ་ཛ་བཛྲ་ས་མ་ཡ་ཛ༔ མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛ་ཧཱུྃ་བམ་ཧོ༔ རྫས་ལྷག་རྣམས་རིམ་བཞིན་བདུན་རེ་གཤེགས་སྐྱེམས་འབུལ། མེ་ལྷའི་ལྗགས་འོད་ཟེར་གྱི་སྦུ་གུ་རམ་ཡིག་གི་མཚན་པས་བདུད་རྩིའི་རྒྱུན་དྲངས་»དེ«་གསོལ་བར་བསམ། ཨོཾ་»ཀ྄ེན«་ཡེ་སྭཱ་ཧཱ།» «ལན་བདུན་གྱི་དགངས་གཟར་ཀྱིས་མར་ཁུ་གཤེགས་སྐྱིམས་ཕུལ། ཨོཾ་ཨ»ཀ྄ེན་«་ཡེ་ན་མས་མནྟ་»བྷུ«དྡྷ་ནཾ་པུརྞྱ་ཧྲིཥྛ་ཨོཾ་ཨཱཿ་ཧཱུྃ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་གྲིབ་ཐམས་ཅད་ཤིཏྣ྄ཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་འདྲ་བ་ལནགསུམ་འབུལ་ལ་ཡམ་ཤིང་མེ་ལྷའི་རྩ་སྔགས»། «ཨོཾ་ཨཀྴ»ཀ྄ེན་«་དེ་ཝ་ཧྲི་སེ་ཤ་ཧེ་སྟ་བཛྲ་ཡེ་སྭཱ་ཧཱ༔ ཚེ»༴« མར་ཁུ། རྩ་སྔགས། ཨོཾ་ཨཀ྄ེན་་ཝ་ཧྲི་བི་མ་ལ་ཨ»ཀ྄ེན་«་ཡེ་སྭཱ་ཧཱ༔ ཏིལ་རྩ་སྔགས། སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཚེ༴» «ཞོ་ཟན»།« རྩ་སྔགས»། «སརྦ་སམ་བྷ་ད»ེ«་ཡེ་སྭཱ་ཧཱ»༴« ཚེ༔ འབྲས་རྩ་སྔགས»། «བཛྲ་པུཥྟ་ཡེ་སྭཱ་ཧཱ»།« ཚེ༴» «སོ་བ། རྩ་སྔགས། བཛྲ་བི་ཛ་ཡེ་སྭཱ་ཧཱ༔ཚེ༴ ནས་རྩ་སྔགས། མ་ཧཱ་བེ་གྷ་ཡེ་སྭཱ་ཧཱ༔ རོ་མོ།» «ཚེ༴ སྲན་མ་རྩ་སྔགས། མ་ཧ་བ་ལ་ཡེ་སྭཱ་ཧཱ༔» «རོ་མོ་ཚེ༴ གྲོ་རྩ་སྔགས།» «བཛྲ་གསྨ་རི་ཡེ་སྭཱ་ཧཱ»།« རོ་མོ་ཚེ༴ དུ»ར«་ཝ། རྩ་སྔགས།» «བཛྲ་ཨ་ཡུ་ཥེ་ཡེ་སྭཱ་ཧཱ༔ རོ་མོ་ཚེ༴ ཀུ་ཤ །རྩ་སྔགས། »ཨ་«བྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ རོ་མོ་ཚེ༴རྫས་གཞན་རྣམས་རྩ་སྔགས»།« ཨ་ཧ་ར་ཨ་ཧ་ར་ཕུ་ལོ་མ་ཧཱ་ད་ར་»ཕེ«་ཤ་ཤིནྟཾ་ཀུ་རུ་ཡེ་སཱ་ཧཱ»། «མེ་ལྷའི་རྩ་སྔགས་དང་རྫས་སྔགས་སྦྲེལ་བའི་ལན་གསུམ་མམ་བདུན་ནམ་ལྔ་རི་འབུལ སྤྲོ་ན་སོ་སོའི་མཐར་དང༌། མ་ནུས་ན་རྫས་རྣམས་རྫོགས་མཐར་འདི་བཞིན»།« བཱི་མ་ལ་ཨ»ཀ྄ེན་«་ཡེ»། «བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་མཆོད་སྦྱིན་གྱི་»རྫ«ས་དང་ཡོ་བྱད་མ་ཚང་བ་དང༌། ཏིང་ངེ་འཛིན་མ་གསལ་བ་དང༌། ཆོ་ག་ལྷག་པ་དང་ཆད་པ་དང་ཉམས་པ་དང༌། ལྷ་གོང་འོག་ནོར་བ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སཱ་ཧཱ༔» «ཞེས་བརྗོད། ཨོཾ་བཛྲ་ཝ་»ས྄ཊ«་ཡེ་སྭཱ་ཧཱ༔ གོས་ཟུང་དང་ ཨོཾ་བཛྲ་དམ་བུ་ལ་ཡེ་སྭ་ཧཱ༔ རོ་མོ་སོ་རྩི་འབུལ། གཤེགས་སྐྱེམ་སྔར་ལྟར་འབུལ་ནས། ཨོཾ་བ»ཛྲ«་ཨརྒྷམ»། «ནས་ཤཔྟ་རོ་མོ་སོགས་ཀྱིས་མཆོད། མེ་སྟེ་བསྲེགས་བྱ་ཟ་བའི་ལྷ༔ དྲང་སྲོང་རྒྱལ་པོ་གདོན་གྱི་བདག »།«ཤར་ལྷོ་»མེ«་ལྷའི་ཚོགས་བཅས་ལ། »།«མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ཞེས་པས་བསྟོད ཨོཾ་ཨ་ཀ་»རོ༴ «གསུམ་གྱིས་འཇིག་གཏོར་མེ་ཐབ་དུ་འབུལ་ལ། ཕྲིན་ལས་བཅོལ་བ་ནི» «མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི»ཿ« ནད་མེད་ཚེ་དང་དབང་ཕྱུག་དང་»།« དཔལ་དང་གྲགས་དང་བསྐལ་བ་བཟང་»།« ལོངས་སྤྱོ»ད«་རྒྱ་ཆེན་ཀུན་འགྲུབ་ཅིང༔ ཞི་དང་རྒྱས་པ་སོགས་པ་ཡིས༔ ལས་ཀྱི་དངོས་གྲུབ་བདག་ལ་»སྩོ«ལ༔ དམ་ཚིག་ཅན་ཀྱིས་བདག་ལ་སྲུང་»ཿ« དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད༔ དུས་མིན་འཆི་བའི་ནད་རྣམས་དང་༔ གདོན་དང་བགེགས་རྣམས་མེད་པར་མཛོད༔ རྨི་ལམ་ངན་དང་མཚན་མ་ངན»།« བྱ་བྱེད་ངན་པ་མེད་པར་མཛོད། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་»ཿ« »།«འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ»ཿ «དགེ་ལེགས་ཐམས་ཅད་འབྱུང་བའི་གནས»ཿ« ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ ཅེས་དང༌།མ་འབྱོར་བ་དང་ཉམས་པ་དང༌། གང་ཡང་བདག་རྨོངས་བློ་ཡིས་ནི»། །བགྱིས་«པ་དང་ན»ི་བགྱིད་རྩལ་བ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །«ཞེས་ལྷག་ཆད་བསྐང་ལ»། «བདག་གི་དོན་དང་གཞན་གྱི་དོན། སྒྲུབ་བྱེད་བསྲེགས་བྱ་ཟ་བ་གཤེགས། »།«ཇི་བཞིན་དུས་སུ་ཚུར་བྱོན་ལ། »།«བདག་གི་དངོས་གྲུབ་ཐམས་ཅད་བསྒྲུབས། »།«ཨོཾ་བཛྲ་མ་མུ»མ། «མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས དམ་ཚིག་པ་ལྟེ་བའི་ཨ་ཐུང་ལ་ཐིམ་པར»་གྱུར། «འདོད་ཡོན་བསྔོ། བསོད་ནམས་འདིས༴ བཅོམ་ལྡན་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ལ་ཕྱག་འཚལ༴ སངས་རྒྱས་བསོད་ནམས༴ འཇམ་དཔལ་དཔའ་བོ༴ གང་དུ་སྐྱེ་བའི༴ སངས་རྒྱས་སྐུ་གསུམ༴ རིན་ཆེན་དགེ་ཚོགས༴ ཀུན་བཟང་སྣང་མཐའ༴ གྱུར་བར་བསམ་ཞིང༌། དགེ་བ་བསྔོ་ཞིང་ཤེས་པ་བརྗོད། སྨོན་ལམ་རྣམ་པར་དག་པའི་མཐའ་བརྒྱན་པར་བྱའོ། །གང་ཟག་མཆོག་དང་སྤྲོས་པ་ཅན་སོགས་ལ་རུས་ཆོག་དུས་རུས་པ་བརྡུང་རུས་སོགས་གཞུང་གཞན་ནས་བྱུང་བ་ལྟར་བྱ། སྤྱིར་བཏང་ལ་གོང་དུ་བསྒྲུབ་ཟིན་པའི་གཟུངས་བུམ་གྱིས་ཆུས་བསྲེགས་ཁང་ལ་གཏོར་ཞིང༌། རྩ་སྔགས་ཡི་གེ་བདུན་མ་དང་བཅུ་གཅིག་ཞལ་གྱི་གཟུངས་རང་དང༌། སྡིག་སྒྲིབ་ཀུན་འཇོམས་ཡི་གེ་བརྒྱ་བ་སོགས་གཟུངས་སྔགས་གང་རིག བཟླ་ཞིང་རུས་པ་རྣམས་ཀྱང་འཇའ་དང་འོད་ཀྱི་རང་བཞིན་ཏུ་གྱུར་བར་དམིགས་ཅིང་ཆོ་གའི་མཇུག་བསྡུའོ། །སྨྲས་པ། འགྲོ་བ་མགོན་མེད་སྐྱོབ་པའི་ཐུགས་རྗེས་གཏེར། །འཕགས་མཆོག་སྡུག་བསྔལ་རང་གྲོལ་ལ་བརྟེན་པའི། ཕུང་པོ་སྦྱངས་ཐབས་ཐུགས་རྗེས་འོད་ཟེར་འདི། སྡོན་བྱོན་རྣམས་ཀྱིས་ཕྱག་བཞེས་དང་བསྟུན་ནས། མཆོག་དམན་འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །ལྷག་བསམ་རྣམ་པར་དག་པས་སྒྲུབ་པ་སྟེ། །རྗེས་འཇུག་རྣམས་ཀྱིས་འོལ་ཚོད་མ་མཛད་པར། །གཞུང་གི་ཕྱག་བཞེས་རྣམ་དག་དང་དུུ་ལོང༌། །སེམས་བསྐྱེད་ལྡན་ན་རང་གཞན་བྱང་ཆུབ་སེམས། །བསྒྲོད་པར་འགྱུར་ངེས་སྔགས་ཀྱིས་ཁྱད་ཆོས་སོ། །དགེ་བས་ཕ་མར་གྱུར་པའི་མཁའ་མཉམ་འགྲོ། །མཐའ་མེད་འཁོར་བ་སྡུག་བསྔལ་ལས་ཐར་ནས། །ཐུགས་རྗེས་འདྲེན་པའི་ལྕགས་ཀྱུས་རྗེས་འཛིན་ཞིང༌། །ཕྱག་ན་པདྨའི་གོ་འཕང་ཐོབ་པར་ཤོག །ཅེས་པའི་འདི་ནི་ཡང་ཆུང་ནས་ཉེ་བར་གནས་པའི་རང་སློབ་དམ་ལྡན་ཆོས་བདག་མིང་འཛིན་རིག་པའི་ཡེ་ཤེས་ཀྱིས་རང་མོ་ནས་ལན་མང་ནན་ཀྱིས་བསྐུལ་ངོར་མ་ལྡོག་པར་གཏེར་མིང་འཛིན་པ་འཇའ་ལུས་རྡོ་རྗེའམ་འཇིག་མེད་ཡེ་ཤེས་རྡོ་རྗེའི་ལེགས་པར་བཀོད་པ་ཛ་ཡནྟུ། དགེའོ། །བཀྲི་ཤིས་སརྦ་མངྒལཾ།།