DKYD-KABUM-02-KHA-003: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
༄༅། །དྷཱཾ ར ཡ མུཀྟ བེ ཤནྟ སར ཛི ན ཀཱ ལཱི སཱ དན བིཧ ར ཏི སྨ། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse bka' 'bum | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=8 | |||
|fulltitletib=འཛིན་པ་རང་གྲོལ་ཆ་ལག་ལསཿ མཚོ་རྒྱལ་དཀར་མོའི་སྒྲུབ་ཐབསཿ | |||
|fulltitle='dzin pa rang grol cha lag las mtsho rgyal dkar mo'i sgrub thabs | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|sourcerevealer=Mdo mkhyen brtse | |||
|sourcerevealertib=མདོ་མཁྱེན་བརྩེ་ | |||
|associatedpeople=ye shes mtsho rgyal | |||
|associatedpeopletib=ཡེ་ཤེས་མཚོ་རྒྱལ་ | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=No | |||
|cycle=gcod 'dzin pa rang grol | |||
|cycletib=གཅོད་འཛིན་པ་རང་གྲོལ་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=02 | |||
|volnumtib=༢ | |||
|volyigtib=ཁ | |||
|volumeLetter=KHA | |||
|textnuminvol=003 | |||
|rectonotes='dzin grol mtsho rgyal | |||
|colophontib=ཨེ་མ་ཧོཿ བདག་འདྲ་དུས་མཐའི་གཏེར་མིང་འཛིན་པ་འཁྲུལ་ཞིག་འཇའ་ལུས་རྡོ་རྗེས་བརྡ་རིས་ལས་ས་སྤྲེལ་ལོར་ཤར་བཞིན་ལོ་བདུན་གསང་རྒྱ་བྱས་ནས། སླར་ཤིང་ཁམས་སྟག་གི་ལོར་ཆོས་བདག་ཌཱཀྐི་མའི་སྐུ་འཕྲང་བསལ་ཞིང་འགྲོ་དོན་གྱི་སྣ་ཁ་འགྱེད་ཕྱིར་དུས་རྟགས་མངོན་གྱུར་སྐབས་སུ་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་སློབ་བུ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པའོ། །འདི་ཡིས་འགྲོ་དོན་ཉི་འོག་ཁྱབ་གྱུར་ཅིག །དགེའོ། །ཨ་ལ་ལ།། །། | |||
|colophonwylie=e ma ho:_bdag 'dra dus mtha'i gter ming 'dzin pa 'khrul zhig 'ja' lus rdo rjes brda ris las sa sprel lor shar bzhin lo bdun gsang rgya byas nas/_slar shing khams stag gi lor chos bdag DAk+ki ma'i sku 'phrang bsal zhing 'gro don gyi sna kha 'gyed phyir dus rtags mngon gyur skabs su dag par phab pa'i yi ge'i 'du byed slob bu rig pa'i ye shes kyis bgyis pa'o/_/'di yis 'gro don nyi 'og khyab gyur cig_/dge'o/_/a la la//_// | |||
|pdflink=File:DKYD-KABUM-02-KHA-003.pdf | |||
|InitCategories=Khyentse Lineage Project; DKYD-KABUM-Volume-02-KHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །དྷཱཾ ར ཡ མུཀྟ བེ ཤནྟ སར ཛི ན ཀཱ ལཱི སཱ དན བིཧ ར ཏི སྨ། ། | |||
༄༅། །འཛིན་པ་རང་གྲོལ་ཆ་ལག་ལསཿ མཚོ་རྒྱལ་དཀར་མོའི་སྒྲུབ་ཐབས་བཞུགསཿ ཿ | |||
«༄༅། །ཌཱ་ཀིའི་མེས་པོ་ཧེ་རུ་ཀཿ པདྨ་ཐོད་ཕྲེང་རྩལ་ལ་འདུདཿ དབྱིངས་ན་བདེ་ཆེན་དཀར་མོ་ནིཿ པོ་ཊ་ལ་རུ་ཀུན་གྲོལ་མཿ གུ་རུའི་དྲུང་དུ་མཚོ་རྒྱལ་ཡུམཿ སླར་ཡང་ཤེས་རབ་ཕར་ཕྱིན་མའིཿ དགོངས་དོན་འཛིན་པ་རང་གྲོལ་ཆོསཿ ཟབ་མོ་བདུད་ཀྱི་གཅོད་ཡུལ་ཞེསཿ བོད་རྒྱར་ཉི་ལྟར་གསལ་མཛད་མཿ ལབ་ཀྱི་སྒྲོན་མ་སྒྲུབ་པའི་ཐབསཿ གུ་རུའི་ཐུགས་ཀྱི་བུམ་བཟང་བསྟནཿ རང་ལུས་དཀྱིལ་ལ་ཕྱི་སྣོད་འཁོརཿ ཡུལ་དྲུག་འདོད་ཡོན་མཆོད་པའི་རྫསཿ བཟའ་བཏུང་ཚོགས་ཀྱི་འཁོར་ལོའོཿ »ཨེ་མ་ཧོཿ རྣམ་དག་མཁའ་དབྱིངས་འོད་ཀྱི་གཞལ་ཡས་ཁངཿ རྒྱན་བཀོད་ཕུན་ཚོགས་དབུས་སུ་པདྨ་འབྱུངཿ ཉི་མ་འོད་ཟེར་ཧེ་རུ་ཀ་ཡི་ཆསཿ སངས་རྒྱས་བྱང་སེམས་རྩ་གསུམ་མཁའ་འགྲོས་བསྐོརཿ བདག་དང་ཕ་མ་དགྲ་གདོན་སེམས་ཅན་ཀུནཿ ས་གཞིའི་ཉི་རྡུལ་འཁྲིགས་བཞིན་དད་གུས་གྱིསཿ ན་མོཿ སྐྱེ་བ་མེད་པ་ཆོས་ཀྱི་སྐུཿ མི་གནས་མཉམ་ཉིད་ལོངས་སྤྱོད་རྫོགསཿ མ་འགགས་རང་གསལ་སྤྲུལ་པའི་སྐུཿ རྩ་བ་གསུམ་ལ་སྐྱབས་སུ་མཆིཿ «སྐྱབས་འགྲོ་ལན་གསུམ་སེམས་བསྐྱེད་ནིཿ »ཀྱེ་མཿ མ་རིག་ལས་ཉོན་མཐུས་བསྐྱེད་པའིཿ གཟུང་འཛིན་ཨ་འཐས་འཁྲུལ་པའི་འགྲོཿ ཡེ་ཤེས་རང་ངོ་ཤེས་པའི་ཕྱརཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ «ལན་གསུམ་ཡན་ལག་བཅུ་པ་ནིཿ» ན་མོཿ དབྱིངས་ཀྱི་ལྷ་ཚོགས་སྤྱན་འདྲེན་གཤེགསཿ སྤྲུལ་པའི་གནས་འདིར་དགྱེས་པར་བཞུགསཿ འགྲོ་ཀུན་ལུས་བཏུད་གུས་ཕྱག་འཚལཿ སྟོང་གསུམ་རབ་འབྱམས་མཆོད་ཚོགས་འབུལཿ རང་ངོ་མ་ཤེས་མཐོལ་ལོ་བཤགསཿ འགྲོ་དོན་མཛད་ལ་རྗེས་ཡི་རངསཿ ཕར་ཕྱིན་ཆོས་འཁོར་བསྐོར་བར་བསྐུལཿ སེམས་ཅན་དོན་དུ་བཞུགས་གསོལ་འདེབསཿ དུས་གསུམ་དགེ་ཚོགས་ཅི་བསགས་པཿ མར་གྱུར་སེམས་ཅན་དོན་དུ་བསྔོཿ «ཕྱེ་སྣོད་ནང་བཅུད་བྱིན་རླབས་ནིཿ» ཨོཾ་ཨཱཿཧཱུྃཿ བྱིན་རླབས་ཡ་མཚན་མཆོག་གི་གནསཿ པདྨ་འོད་ཀྱི་གཞལ་ཡས་ནསཿ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷཿ ཁྱད་པར་པདྨ་ཐོད་ཕྲེང་རྩལཿ དཔའ་བོ་མཁའ་འགྲོའི་ཚོགས་དང་བཅསཿ བྱིན་ཆེན་ཕོབ་ལ་དངོས་གྲུབ་སྩོལཿ ཕྱི་སྣོད་བདེ་ཆེན་རོལ་པའི་ཞིངཿ ནང་བཅུད་མཁའ་འགྲོ་སྡེ་ལྔའི་ངངཿ ཡུལ་དྲུག་མཆོད་པའི་ལྷ་མོ་སྤྲིནཿ སྲིད་གསུམ་རྣམ་དག་ཞིང་དུ་གྱུརཿ ཨོཾ་བུདྡྷཱ་སཾ་གྷ་ནིརྨཱ་ཀཱ་ཡ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾཿ སརྦ་ས་མ་ཡ་ཛཿ «དངོས་གཞི་བསྐྱེད་པའི་རིམ་པ་ནིཿ» ཨཱཿ ཆོས་དབྱིངས་ཡེ་ཤེས་རིག་པའི་ཀློང་ཿ མེ་ལོང་ཡེ་ཤེས་སྤྲོས་དང་བྲལཿ མཉམ་ཉིད་ཡེ་ཤེས་སྙིང་རྗེ་ཤརཿ སོར་རྟོག་ཡེ་ཤེས་རང་རིག་ཨཱཿ བྱ་བ་གྲུབ་པའི་ཡེ་ཤེས་ལསཿ བདག་ཉིད་ཡེ་ཤེས་མཁའ་འགྲོ་མཿ དཀར་གསལ་དུང་གི་རི་བོ་ལཿ ཉི་ཟེར་འཁྱུད་ལྟའི་འོད་ཟེར་འབརཿ ཞལ་གཅིག་མཛེས་འཛུམ་ཆགས་པའི་ཉམསཿ སྤྱན་ཟུང་ཐུགས་རྗེས་འགྲོ་ལ་གཟིགསཿ ཞལ་ནས་ཆོས་ཉིད་ཉམས་དབྱངས་ལེནཿ ཕྱག་གཉིས་གཡས་པས་ཌཱ་མ་རུཿ བྷནྡྷ་ལྟག་སྤྲོད་ནམ་མཁའ་འཁྲོལཿ སྐུ་གསུམ་ཞིང་གི་ཐུགས་རྒྱུད་བསྐུལཿ གཡོན་པས་གསེར་གྱི་དྲིལ་བུ་འཁྲོལཿ ལྷ་འདྲེ་མི་གསུམ་དབག་མེད་འགུགསཿ ཞབས་ཟུང་དཔའ་མོའི་གར་སྟབས་བསྒྱུརཿ ནུ་མ་འབུར་ཞིང་བྷ་ག་རྒྱསཿ སྐུ་ལུས་བཀྲག་དང་གཟི་བརྗིད་འབརཿ དབུ་སྐྲ་ཐོར་ཚུགས་དར་སྣས་བཅིངསཿ ལྷག་མ་སིལ་མས་སྐུ་རྒྱབ་ཁེབཿ རུས་པའི་རྒྱན་དྲུག་རིན་པོ་ཆེའིཿ རྒྱན་ཆ་དུ་མས་རབ་ཏུ་སྤྲསཿ འཇའ་ཚོན་དར་གྱི་འཕྱང་འགྲུལ་གཡོཿ བུདྡྷ་རིགས་ཀྱི་ཌཱསྐི་མཿ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མཐིངཿ གྲི་གུག་གཡས་ལ་ལྕགས་ཀྱུ་གཡོནཿ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་སེརཿ ཞིང་ལྤགས་གཡས་ལ་ཞགས་པ་གཡོནཿ ནུབ་ཕྱོགས་པདྨ་ཌཱཀྐི་དམརཿ ལྕགས་སྒྲོགས་གཡས་ལ་བྷནྡྷ་གཡོནཿ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་ལྗངཿ རལ་གྲི་གཡས་ལ་དྲིལ་བུ་གཡོནཿ རིགས་བཞི་མཁའ་འགྲོ་སོ་སོ་ཡིཿ རུས་རྒྱན་དུར་ཁྲོད་ཆས་ཀྱིས་བརྒྱནཿ ལྔ་ཀའང་རང་རང་རིགས་མཐུན་གྱིཿ འབུམ་ཕྲག་འབུམ་ཕྲག་འཁོར་གྱིས་བསྐོརཿ བྷནྡྷ་གཡང་གཞི་རྐང་གླིང་དང་ཿ གྲི་གུག་ཐོད་རྔ་ཅང་དྲིལ་འཛིནཿ སྟེང་ཕྱོགས་བམ་ཆེན་རོ་ཡི་སྟེང་ཿ དམ་པ་རྒྱ་གར་ནག་ལ་སྣུམཿ གཟི་བརྗིད་འོད་ཟེར་ཕྱོགས་བཅུར་འཕྲོསཿ ཕྱག་གཡས་སེང་ལྡེང་ཌཱ་རུ་འཁྲོལཿ དཔའ་བོ་མཁའ་འགྲོ་འདར་ཞིང་འདུཿ གཡོན་པས་མི་རྐང་གླིང་བུ་ཡི་སྒྲསཿ ལྷ་འདྲེ་མི་གསུམ་བརྒྱལ་ཞིང་འགུགསཿ གྲུབ་ཐོབ་རྒྱ་མཚོའི་དབུས་སུ་བཞུགསཿ སྤྱི་བོར་རིགས་བདག་ཐོད་ཕྲེང་རྩལཿ ཤཱཀྱ་སེང་གེའི་རྣམ་པར་བཞུགསཿ གཞན་ཡང་རྩ་གསུམ་རིག་འཛིན་ཚོགསཿ ལྷ་མིའི་ཁྲོམ་ཚོགས་ལྟ་བུར་གསལཿ སྲིད་གསུམ་ཡེ་ནས་རྣམ་དག་ཞིང་ཿ མ་དག་འཁྲུལ་པའི་སྣང་བ་ཀུནཿ རྨི་ལམ་སད་བཞིན་དག་ཅིང་གསལཿ« སྤྱན་འདྲེན་པ་ནིཿ »ཨོཾ་ཨཱཿཧཱུྃཿ འདུས་མ་བྱས་པ་ཆོས་ཀྱི་དབྱིངསཿ རིག་པ་ཡེ་ཤེས་སློང་ཡངས་ནསཿ པདྨ་འབྱུང་གནས་སྤྲུལ་པའི་སྐུཿ ཤཱཀྱ་སེང་གེ་གཤེགས་སུ་གསོལཿ བརྟུལ་ཞུགས་རོ་སྙོམས་ལོངས་སྤྱོད་རྫོགསཿ འདོད་ཡོན་མ་སྤངས་རྒྱན་དུ་ཤརཿ འཛིན་པ་རང་སར་གྲོལ་བ་ཡིཿ དམ་པ་རྒྱ་གར་གཤེགས་སུ་གསོལཿ ཐུགས་རྗེའི་འགྲོ་འདུལ་སྤྲུལ་པའི་སྐུཿ སྙིང་སྟོབས་བཟོད་པའི་གོ་ཆ་་ཅནཿ འགྲོ་དྲུག་འདྲེན་པའི་མཁའ་འགྲོ་མཿ བུདྡྷ་ཌཱཀྐི་གཤེགས༴ ལས་བཞི་ལྷུན་གྲུབ་རྫོགས་སངས་རྒྱསཿ སྣ་ཚོགས་སྤྲུལ་པས་འགྲོ་དོན་མཛདཿ འཁྲུལ་པ་དབྱིངས་སུ་བསལ་མཛད་པའིཿ རིགས་བཞིའི་ཌཱཀྐི་གཤེགས་སུ༴ འགྲོ་དྲུག་ལུས་ངག་ཡིད་གསུམ་ལཿ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབསཿ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུརཿ ཁྱོད་དང་དབྱེར་མེད་འདྲེས་གྱུར་ཅིགཿ གུ་རུ་དྷེ་ཝ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་ནཱི་ཨཱ་བེ་ཤ་ཡ་ཕེཾ་ཕེཾཿ སརྦ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧོཿ «བཞུགས་གསོལ་ཕྱག་འཚལ་བ་ནིཿ »ཧོཿ ཡེ་ནས་དམ་ཡེ་དབྱེར་མེད་ཀྱང་ཿ རྣམ་རྟོག་བསལ་ཕྱིར་དབྱེར་མེད་འདྲེསཿ ཁམས་གསུམ་སེམས་ཅན་དད་གུས་ཀྱིསཿ ཕྱག་འཚལ་རང་ངོ་ཤེས་པར་ཤོགཿ ཏིཥྛ་ལྷནཿ ན་མོ་ན་མ་ཧོཿ «འདོད་ཡོན་རོལ་མཆོད་ནིཿ »ཨོཾ་ཨཱཿཧཱུྃཿ སྟོང་གསུམ་སྟོང་གི་འཇིག་རྟེན་ནཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོསཿ གཞན་ཡང་མཆོད་པའི་བྱེ་བྲག་ཚོགསཿ ལྷ་མིའི་བཟའ་བཏུང་ལོངས་སྤྱོད་གཏེརཿ རྟགས་བརྒྱད་སྣ་བདུན་སྲིད་ཞིའི་དཔལཿ གསང་བ་བྱང་ཆུབ་སེམས་ཀྱི་སྤྲིནཿ དགའ་བ་བཞི་ཡི་ཡེ་ཤེས་རོཿ མ་རིག་ཉོན་མོངས་བསྒྲལ་བའི་ཁྲགཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོདཿ ཨོཾ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿ «བསྟོད་ཅིང་གསོལ་བ་བཏབ་པ་ནིཿ »ཨེ་མ་ཧོཿ ཆོས་སྐུའི་ཞིང་དུ་བདེ་ཆེན་ཀུན་ཏུ་བཟང་ཿ ལོངས་སྤྱོད་རྫོགས་སྐུར་བཛྲ་ཝཱ་ར་ཧིཿ ཐུགས་རྗེའི་སྤྲུལ་བསྒྱུར་སངས་རྒྱས་པདྨའི་ལྕམཿ རྟོགས་གྲོལ་དུས་མཉམ་མཁར་ཆེན་བཟའ་ལ་བསྟོདཿ ཟག་བཅས་འོད་ལུས་འབྱུང་བཞིའི་དགྲས་མི་ཚུགསཿ ཚངས་དབྱངས་གསུང་གིས་འགྲོ་ཁམས་དབང་དུ་བསྡུཿ སྟོང་ཉིད་སྙིང་རྗེས་གདུལ་བྱའི་རེ་སྐོང་མཿ མ་གཅིག་ཡེ་ཤེས་ཌཱཀྐི་མ་ལ་བསྟོདཿ རྡོ་རྗེ་མཁའ་འགྲོས་འཁོར་བ་དོང་ནས་སྤྲུགསཿ རིན་ཆེན་མཁའ་འགྲོས་གདུལ་བྱའི་རེ་བ་སྐོང་ཿ པདྨ་མཁའ་འགྲོས་ཁམས་གསུམ་དག་ཞིང་འདྲེནཿ ལས་ཀྱྀ་མཁའ་འགྲོས་སྣ་ཚོགས་འགྲོ་དོན་སྤྱོདཿ དམ་པ་ནག་པོས་གཟུང་འཛིན་དབྱིངས་སུ་གཅོདཿ ཤཱཀྱ་སེང་གེས་ཡུམ་དོན་རང་ངོ་སྤྲོདཿ སྣང་སྲིད་ལྷ་འདྲེ་ས་ལམ་བར་ཆད་སེལཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོདཿ མ་གཅིག་མི་མིན་ཡེ་ཤེས་མཁའ་འགྲོ་མཿ མ་བུའི་ཚུལ་དུ་སེམས་ཅན་དོན་མཛད་ཅིང་ཿ མ་དག་འཁོར་བའི་ལོག་སྒྲུབ་སྐྱོ་ངལ་བཟོདཿ མ་རིག་སེམས་ཅན་རིག་པའི་དོན་རྟོགས་མཛདཿ མ་གཅིག་དྲིན་མོ་ཆེ་ལ་གསོལ་བ་འདེབསཿ མ་ཡི་དགོངས་སྤྱོད་ཐུགས་བསྐྱེད་ཇི་ལྟ་བཿ མ་ཡི་ཐུགས་རྗེས་བདག་ལ་འཕོས་ནས་ཀྱངཿ མ་དག་འཁོར་བའི་རྒྱ་མཚོ་མ་སྟོངས་པརཿ མ་ཡི་རྒྱལ་ཚབ་དམ་པ་བདག་འགྱུར་ཤོགཿ «བསྙེན་སྒྲུབ་ཆིག་དྲིལ་བཟླས་པ་བྱ་ནི།» ཙིཏྟ་རིན་ཆེན་འོད་ཀྱི་གུར་ཁང་ནངཿ པདྨ་ཉི་ཟླའི་གདན་ལ་ཡེ་ཤེས་སེམསཿ ཤེས་རབ་ཕར་ཕྱིན་ཞལ་གཅིག་ཕྱག་བཞི་མཿ གསེར་རྡོར་གླེགས་བམ་མཉམ་བཞག་རྡོར་སྐྱིལ་བཞུགསཿ གསེར་གྱི་མདོག་ཅན་ཕྱོགས་ཀུན་ཐ་ལེར་གཟིགསཿ ཐུགས་ཀར་ཉི་ཟླའི་སྟེང་དུ་ཨ་ཡིག་མཐརཿ སྔགས་ཀྱི་ཕྲེང་བ་གཡས་བཀོད་གཡོན་དུ་འཁོརཿ སངས་རྒྱས་ཞིང་མཆོད་བྱིན་རླབས་དངོས་གྲུབ་བསྡུསཿ ཁམས་གསུམ་རིགས་དྲུག་སེམས་ཅན་བག་ཆགས་སྦྱངསཿ ཕྱི་སྣོད་དག་ཞིང་ནང་བཅུད་ཡུམ་ཆེན་སྐུརཿ དཀྱིལ་འཁོར་ལྷ་ཚོགས་གསལ་བརྟན་གཟི་བརྗིད་འབརཿ སྨྲ་བསམ་བརྗོད་མེད་སྤྲོས་བྲལ་ཆོས་སྐུའི་ངངཿ ཨོཾ་ཨཱཿཧ་རི་ནི་སཛྙཱ་ན་ཌཱཀྐི་ནཱི་སིདྡྷི་ཕ་ལ་ཧཱུྃཿ «བསྙེན་སྒྲུབ་ཆིག་དྲིལ་སྙིང་པོ་ནིཿ གྲངས་ཀྱི་བསྙེན་པ་འབུམ་ཕྲག་གསུམཿ མཚན་མའི་བསྙེན་པ་རྟགས་མཐོང་བརཿ དུས་ཀྱི་བསྙེན་པ་སྐབས་དང་སྦྱརཿ ཆུ་བོའི་རྒྱུན་བཞིན་སྐབས་སུ་བཟླསཿ སྐབས་སུ་སྣང་བ་གང་དགའ་སྤྱོདཿ སྐབས་སུ་ཤ་ཁྱེར་ཁྲག་ཁྱེར་བྱཿ སྐབས་སུ་སྣང་བ་གཏད་མེད་བཏངཿ དུས་ཀུན་བྱང་ཆུབ་སེམས་བསྐྱེད་ཅིངཿ འགྲོ་བའི་དོན་དུ་ལུས་སྲོག་གཏོངཿ མ་གཅིག་ཉིད་ཀྱི་དམ་ཚིག་གོཿ ཞལ་མཇལ་གསུང་ཐོས་ལུང་སྟོན་ཞིངཿ ཡུམ་ཆེན་ཉིད་དང་འགྲོ་དོན་མཉམཿ ཆོས་ཟད་བློ་འདས་རྫོགས་སངས་རྒྱས་ལས་སྦྱོར་དམིགས་པའི་རིམ་པ་ནིཿ» མ་གཅིག་ཐུགས་ལས་འོད་ཟེར་སྣ་ལྔ་འཕྲོསཿ འཁོར་གྱི་མཁའ་འགྲོ་སྡེ་བཞིའི་ཐུགས་རྒྱུད་བསྐུལཿ རང་རང་ཐུགས་ཀའི་འོད་ཟེར་ལས་མདོག་འཕྲོསཿ ཞིང་ཁམས་རྩ་གསུམ་རྒྱ་མཚོའི་བྱིན་རླབས་བསྡུསཿ སླར་འཕྲོས་འགྲོ་བའི་ནད་གདོན་སྡིག་སྒྲིབ་ཞིཿ ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱསཿ འགྲོ་བའི་ལས་ཉོན་བསྲེགས་ཤིང་དག་ཞིང་འདྲེནཿ གང་འདོད་ཕྲིན་ལས་ཐོགས་མེད་འགྲུབ་པར་བསམཿ ཨོཾ་ཨཱཿབཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་ནཱི་ཤཱིནྟཾ་པུཥྟཾ་ཝཱ་ཤཾ་མཱ་ར་ཡ་ཕཊཿ «གང་འདོད་དམིགས་པའི་འཕྲུལ་འཁོར་ཞལ་ལས་ཤེསཿ ཡིད་བཞིན་ནོར་བུར་གསོལ་བ་བཏབ་པ་བཞིནཿ དགོས་འདོད་ཀུན་འབྱུང་ཕྲིན་ལས་ལྷུན་གྱི་གྲུབཿ ས་མ་ཡཿ ཐུན་མཐར་མཆོད་བསྟོད་བཤགས་པ་དངཿ དངོས་གྲུབ་བསྡུ་བའི་རིམ་པ་ནིཿ »ཤཱིནྟཾ་པིུཥྟཾ་ཝཱ་ཤཾ་མཱ་ར་ཡ་ཕཊཿ མ་ཅིག་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ ཨོཾ་ཨ་ཨཱཿ ཨི་ཨཱིཿ ཨུཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཱཿ ཀ་ཁ་ག་གྷ་ང་ཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ མ་གཅིག་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབས་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནསཿ མཆོག་གི་དངོས་གྲུབ་མ་གཅིག་མཁའ་འགྲོ་སྡེ་ལྔའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིངཿ ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིསཿ མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་བརླབས་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨ་སོགས། ཧཱུྃཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགསཿ ཕྱི་ནང་གསང་བའི་མཆོད་པ་འབུལཿ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིཏྱཱ་ཤབྡ་མ་ཧཱ་སརྦ་པཱུ་ཙ་ཧོཿ རྒྱལ་བའི་ཡུམ་མཆོག་ཤེས་རབ་ཕ་རོལ་ཕྱིནཿ ཕྲིན་ལས་སྤྲུལ་པའི་རྣམ་རོལ་མཚོ་རྒྱལ་ཡུམཿ སྙིགས་དུས་གདུལ་དཀའ་ཐབས་ཀྱིས་འདུལ་མཛད་མཿ མ་གཅིག་དྲིན་མོ་ཆེ་ལ་ཕྱག་འཚལ་བསྟོདཿ« ཅེས་བསྟོད་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགསཿ »དགེ་བ་འདི་ཡིས་མྱུར་དུ་བདགཿ ཆོས་སྐུ་ཡུམ་ཆེན་འགྲུབ་གྱུར་ནསཿ འགྲོ་བ་གཅིག་ཀྱང་མ་ལུས་པཿ དེ་ཡི་ས་ལ་འགོད་པར་ཤོགཿ «འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ མ་དག་གདོས་བཅས་འབྱུང་ལྔའི་ཁམསཿ དག་པའི་ཞིང་དུ་བློ་སྦྱངས་ཕྱིརཿ བསྡུ་རིམ་ལོགས་སུ་མི་དགོས་ཤིང་ཿ དཀྱིལ་འཁོར་གསུམ་གྱི་ལམ་ཁྱེར་བྱཿ བྱིན་རླབས་ཡོན་ཏན་མངོན་དུ་འགྱུརཿ ཨེ་མཿ བསིལ་པ་ཚལ་གྱི་དུར་ཁྲོད་དུཿ ཡེ་ཤེས་མཁའ་འགྲོ་ལབ་སྒྲོན་མཿ སྒྱུ་ལུས་འོད་སྐུར་གྲོལ་བའི་ཚེཿ བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀཿ གུ་རུ་ཉི་མ་འོད་ཟེར་གྱིསཿ ལུས་མེད་མཁའ་འགྲོའི་ཆོས་སྐོར་གསུངསཿ རྡོ་རྗེ་གསང་བའི་ཡི་གེར་བཏབཿ རྡོ་རྗེ་ཕག་མོའི་ཐུགས་ཀློང་སྦསཿ འགྲོ་དོན་དུས་ལ་བབ་པའི་ཚེཿ ལྷ་ལྕམ་སྤྲུལ་པའི་དཔའ་མོ་དང་ཿ འཕྲད་ནས་འགྲོ་དོན་སྤྱོད་པར་ཤོགཿ སྨྱོན་ཁ་ནག་པོས་ཐུབ་པར་སྲུངསཿ ས་མ་ཡཿ སྐུ་གསུང་ཐུགས་ཀྱི་རྒྱཿ ཨེ་མ་ཧོཿ བདག་འདྲ་དུས་མཐའི་གཏེར་མིང་འཛིན་པ་འཁྲུལ་ཞིག་འཇའ་ལུས་རྡོ་རྗེས་བརྡ་རིས་ལས་ས་སྦྲེལ་ལོར་ཤར་བཞིན་ལོ་བདུན་གསང་རྒྱ་བྱས་ནས་སླར་ཤིང་ཁམས་སྟག་གི་ལོར་ཆོས་བདག་ཌཱཀྐི་མའི་སྐུ་འཕྲང་བསལ་ཞིང་འགྲོ་དོན་གྱི་སྣ་ཁ་འགྱེད་ཕྱིར་དུས་རྟགས་མངོན་གྱུར་སྐབས་སུ་དག་པར་བབ་པའི་ཡི་གེ་པ་ནི་སློབ་བུ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པའོཿ འདི་ཡིས་འགྲོ་དོན་ཉི་འོག་ཁྱབ་གྱུར་ཅིགཿ དགེའོ།། །།ཨ་ལ་ལཿ ཿ | |||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Latest revision as of 09:24, 17 June 2024
Wylie title | 'dzin pa rang grol cha lag las mtsho rgyal dkar mo'i sgrub thabs | |
---|---|---|
Location | mdo mkhyen brtse bka' 'bum Volume 2, Text 3, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Associated People | ཡེ་ཤེས་མཚོ་རྒྱལ་ (ye shes mtsho rgyal) | |
Citation | ||
Genre | Sadhanas - Evocation Ritual - sgrub thabs | |
Cycle | གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol) | |
Colophon |
ཨེ་མ་ཧོཿ བདག་འདྲ་དུས་མཐའི་གཏེར་མིང་འཛིན་པ་འཁྲུལ་ཞིག་འཇའ་ལུས་རྡོ་རྗེས་བརྡ་རིས་ལས་ས་སྤྲེལ་ལོར་ཤར་བཞིན་ལོ་བདུན་གསང་རྒྱ་བྱས་ནས། སླར་ཤིང་ཁམས་སྟག་གི་ལོར་ཆོས་བདག་ཌཱཀྐི་མའི་སྐུ་འཕྲང་བསལ་ཞིང་འགྲོ་དོན་གྱི་སྣ་ཁ་འགྱེད་ཕྱིར་དུས་རྟགས་མངོན་གྱུར་སྐབས་སུ་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་སློབ་བུ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པའོ། །འདི་ཡིས་འགྲོ་དོན་ཉི་འོག་ཁྱབ་གྱུར་ཅིག །དགེའོ། །ཨ་ལ་ལ།། །། | |
e ma ho:_bdag 'dra dus mtha'i gter ming 'dzin pa 'khrul zhig 'ja' lus rdo rjes brda ris las sa sprel lor shar bzhin lo bdun gsang rgya byas nas/_slar shing khams stag gi lor chos bdag DAk+ki ma'i sku 'phrang bsal zhing 'gro don gyi sna kha 'gyed phyir dus rtags mngon gyur skabs su dag par phab pa'i yi ge'i 'du byed slob bu rig pa'i ye shes kyis bgyis pa'o/_/'di yis 'gro don nyi 'og khyab gyur cig_/dge'o/_/a la la//_// |