DKYD-DZINDROL-021: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཡང་གསང་ཐུགས་ཐིག་ཆ་ལག་ལསཿ རྒྱུན་ཁྱེར་ཕུང་པོའི་མཆོད་སྦྱིན་བཞུགསཿ
|citation=[[Mdo mkhyen brtse]]. ''''. In ''Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor'',  (''The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje''): 233-236. Delhi: Shechen Publications, 2020.
|collectiontitletib=མདོ་མཁྱེན་བརྩེ་འཛིན་གྲོལ།
|collectiontitle=mdo mkhyen brtse 'dzin grol
|collectiontitle=mdo mkhyen brtse 'dzin grol
|collectiontitletib=མདོ་མཁྱེན་བརྩེ་འཛིན་གྲོལ།
|totalvolumes=1
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=[[Mdo mkhyen brtse]]. ''''. In ''Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor'',  (''The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje''): . Delhi: Shechen Publications, 2020.
|tibgenre=Daily Practice - rgyun khyer, Severance Texts - gcod gzhung
|terma=No
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=1
|volumenumber=1
|volumeLetter=
|totalvolumes=1
|textnuminvol=021
|textnuminvol=021
|pagenumbers=233-236
|totalpages=4
|beginfolioline=1a1
|endfolioline=2b6
|multivolumework=No
|rectonotes=lus sbyin rgyun byang
|versonotes=mdo mkhyen zab gter gcod 'dzin pa rang grol
|colophontib=རྒྱུན་ཁྱེར་ཕུང་པོའི་མཆོད་སྦྱིན་འདིཿ ཕན་ཡོན་བྱིན་རླབས་ཤིན་ཏུ་ཆེཿ ཡང་གསང་ཐུགས་ཐིག་ཆ་ལག་ཏུཿ དྲི་མ་མེད་པའི་དགོངས་དོན་བཞིནཿ བདག་ཉིད་དགའ་རབ་རྡོ་རྗེས་སྨྲསཿ རིག་པའི་ཡེ་ཤེས་ཀྱིས་བྲིས་སོཿ དགེའོ། །གཏོང་བློ་འཕེལ།།
|pdflink=File:DKYD-DZINDROL-021.pdf
|pdflink=File:DKYD-DZINDROL-021.pdf
|InitCategories=Khyentse Lineage Project; DKYD-DZINDROL
|InitCategories=Khyentse Lineage Project; DKYD-DZINDROL

Revision as of 13:35, 13 June 2024

Wylie title DKYD-DZINDROL-021.pdf
Location mdo mkhyen brtse 'dzin grol
Volume 1, Text 21, Pages 233-236 (Folios 1a1 to 2b6)
Author མདོ་མཁྱེན་བརྩེ་
Less details More details
Citation Mdo mkhyen brtse. '. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 233-236. Delhi: Shechen Publications, 2020.
Genre Daily Practice - rgyun khyer  ·  Severance Texts - gcod gzhung
Karchag page DKYD-DZINDROL-Karchag
Colophon

རྒྱུན་ཁྱེར་ཕུང་པོའི་མཆོད་སྦྱིན་འདིཿ ཕན་ཡོན་བྱིན་རླབས་ཤིན་ཏུ་ཆེཿ ཡང་གསང་ཐུགས་ཐིག་ཆ་ལག་ཏུཿ དྲི་མ་མེད་པའི་དགོངས་དོན་བཞིནཿ བདག་ཉིད་དགའ་རབ་རྡོ་རྗེས་སྨྲསཿ རིག་པའི་ཡེ་ཤེས་ཀྱིས་བྲིས་སོཿ དགེའོ། །གཏོང་བློ་འཕེལ།།

[edit]
ཡང་གསང་ཐུགས་ཐིག་ཆ་ལག་ལསཿ རྒྱུན་ཁྱེར་ཕུང་པོའི་མཆོད་སྦྱིན་བཞུགསཿ ྈ ཆོས་དབྱིངས་ཡུམ་ལ་ཕྱག་འཚལ་ལོཿ ཉམས་ལེན་ཕུང་པོའི་མཆོད་སྦྱིན་ནིཿ ཕཊཿ ཆོས་དབྱིངས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་དབུསཿ བླ་མ་ཡུམ་ཆེན་རྩ་གསུམ་འཁོར་ཚོགས་གསལཿ འོག་གཞིར་འགྲོ་བ་རིགས་དྲུག་ལན་ཆགས་མགྲོནཿ གནས་གདོན་ལུས་གདོན་སྣང་སྲིད་ལྷ་འདྲེ་འདུསཿ ཕཊཿ བླ་མ་ཡུམ་ཆེན་དཀྱིལ་འཁོར་ལྷ་ཚོགས་ལཿ སྐྱེ་མེད་ཆོས་སྐུ་རྟོགས་ཕྱིར་སྐྱབས་སུ་མཆིཿ མ་རིག་ལས་ཉོན་སྡུག་བསྔལ་གྱིས་གཟིར་པའིཿ འགྲོ་ཀུན་གཞི་ཐོག་གྲོལ་བར་སེམས་བསྐྱེད་དོཿ ཕཊཿ རང་ལུས་མཎྜལ་རི་རབ་གླིང་བཞི་དངཿ གླིང་ཕྲན་ལྕགས་རིར་ལྷ་མིའི་དཔལ་འབྱོར་ཚོགསཿ ངོ་མཚར་རྒྱན་གྱུར་ཚོགས་ཞིང་ལྷ་ལ་འབུལཿ འགྲོ་ཀུན་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ཤོགཿ ཕཊཿ བླ་མ་སངས་རྒྱས་ཆོས་ལོངས་སྤྲུལ་པའི་སྐུཿ ཡུམ་ཆེན་ཌཱཀྐི་སྐུ་གསུམ་ལྷ་ཚོགས་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ སྐྱེ་མེད་ཆོས་སྐུའི་དགོངས་པ་རྟོགས་པར་ཤོགཿ མ་ཅིག་ཡུམ་ཆེན་བདུད་འདུལ་ཁྲོས་མ་ནགཿ བྱིན་རླབས་བཀའ་བབས་རྩ་བའི་བླ་མ་དངཿ ཡི་དམ་མཁའ་འགྲོ་རྡོ་རྗེ་མཆེད་ལྕམ་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ དངོས་གྲུབ་མཆོག་ཐོབ་འགྲོ་དོན་མཐར་ཕྱིན་ཤོགཿ མ་ཅིག་བཀའ་བབས་ཟབ་མོ་གཅོད་ཡུལ་གྱིཿ བཀའ་བབས་བརྒྱུད་པའི་བླ་མའི་ཚོགས་རྣམས་དངཿ དབང་བསྐུར་རྒྱུད་བཤད་མན་ངག་ལུང་སྟོན་པའིཿ དྲིན་ལྡན་བླ་མ་རྣམས་ལ་གསོལ་བ་འདེབསཿ བདག་འཛིན་རྩད་ནས་ཆོད་པར་བྱིན་གྱིས་རློབསཿ སྣང་སྲིད་ལྷ་འདྲེའི་འགྲོ་དོན་མཐར་ཕྱིན་ཞིངཿ སྐྱབས་ཡུལ་ཐུགས་རྒྱུད་དགོངས་པ་རྟོགས་པ་དངཿ གནས་གདོན་ལུས་གདོན་སྣང་སྲིད་ལྷ་འདྲེ་ཀུནཿ བདག་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོགཿ ཕཊཿ དེ་ནས་མཆོད་སྦྱིན་བྱ་བ་ནིཿ ཕཊཿ རང་རིག་དབུ་མའི་ལམ་བརྒྱུད་ནམ་མཁར་འཕགཿ རྣལ་འབྱོར་མར་གྱུར་ལས་བྱེད་མཁའ་འགྲོ་འཕྲོསཿ ཐོད་པ་བྲེག་ཅིང་མི་མགོའི་སྒྱེད་བུར་བཙུགསཿ བེམ་རོ་ཨ་ཐུང་ཧཾ་ཡིག་བདུད་རྩིར་ཞུཿ ཡེ་ཤེས་བདུད་རྩི་འདོད་ཡོན་སྤྲིན་ཕུང་འཁྲིགསཿ མཆོད་སྦྱིན་མགྲོན་རྣམས་མཉེས་པའི་དཔལ་དུ་གྱུརཿ ཕཊཿ བཀའ་དྲིན་གསུམ་ལྡན་བླ་མ་ཡུམ་ཆེན་དངཿ བྱིན་རླབས་རྩ་བ་བཀའ་བརྒྱུད་བླ་མའི་ཚོགསཿ དངོས་གྲུབ་རྩ་བ་ཡི་དམ་ཞི་ཆགས་ཁྲོཿ རྟེན་འབྲེལ་རྩ་བ་མཁའ་འགྲོ་རྒྱ་མཚོ་དངཿ སྐུ་གསུམ་རྒྱལ་བ་སྲས་བཅས་ཚོགས་རྣམས་ལཿ ཡེ་ཤེས་བདུད་རྩིའི་མཆོད་པའི་སྤྲིན་ཕུང་འབུལཿ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དངཿ མ་གཟའ་རྡོར་ལེགས་དྲེགས་པའི་སྡེ་དཔོན་འཁོརཿ འཛམ་གླིང་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུའི་སྡེཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་འདོད་ཡོན་བདུད་རྩིའི་མཆོད་པ་འབུལཿ མཐོ་བ་སྲིད་པའི་རྩེ་མོ་མན་ཆད་དངཿ དམའ་བ་ན་རཀ་དམྱལ་ཁམས་ཡན་ཆད་ཀྱིཿ སྡུག་བསྔལ་དུ་མས་རྣམ་པར་གཟིར་པ་ཡིཿ སྙིང་རྗེའི་ཡུལ་གྱུར་རིགས་དྲུག་མགྲོན་རྣམས་ལཿ བདག་ལུས་དགོས་འདོད་འདོད་ཡོན་བདུད་རྩི་སྦྱིནཿ འཁོར་བར་འཁོར་ཚེ་མི་དགེའི་མཐུས་བསྐྱེད་པའིཿ ཤ་མཁོན་ལན་ཆགས་བུ་ལོན་འཁོར་བ་ཡིཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་དངོས་གྲུབ་ཀུན་འབྱུང་བདུད་རྩི་སྦྱིནཿ ཕཊཿ འབྱུང་པོ་མཁའ་རྒྱུའི་ཡི་དྭགས་གདུག་སེམས་ལྡནཿ ཕོ་གདོན་མོ་གདོན་ཀླུ་གདོན་ས་བདག་དངཿ བཙན་བདུད་གྲི་བོ་ཐེའུ་རང་དམ་སྲི་སོགསཿ ཤ་དང་ཁྲག་ལ་རྣམ་པར་གདུང་བ་རྣམསཿ བདག་ལུས་ཤ་ཁྲག་ཀླད་རུས་རྐང་ཚིལ་དངཿ ནང་རོལ་པགས་པ་སྟོང་གསུམ་ཁྱབ་པར་སྦྱིནཿ མྱུར་དུ་ཟོ་ཐུངས་དགྱེས་པར་ལོངས་སུ་སྤྱོདཿ དགའ་མགུ་ཡི་རངས་གདུག་སེམས་ཀུན་བྲལ་ཤོགཿ ཕཊཿ དེ་ལྟར་མཆོད་སྦྱིན་དགེ་རྩ་དཔག་མེད་པསཿ སྡུག་བསྔལ་དུག་གི་རྒྱ་མཚོར་མནར་པའི་འགྲོཿ ཚེ་རབས་ལས་ངན་རྒྱུ་འབྲས་ཀུན་ཟད་ནསཿ རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་ཕྱིར་བསྔོཿ ཕྱིན་དྲུག་ལམ་བཟང་ཟབ་མོ་བདུད་གཅོད་ཆོསཿ འགྲོ་དོན་ནམ་མཁས་གར་ཁྱབ་སེམས་ཅན་གྲོལཿ མཆོད་སྦྱིན་འབྲེལ་པས་བསྡུས་པའི་འགྲོ་བ་ཀུནཿ སྟོང་ཉིད་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ནསཿ ཡུམ་ཆེན་ཤེར་ཕྱིན་ཐུགས་ཀློང་རོ་གཅིག་ཤོགཿ རྒྱུན་ཁྱེར་ཕུང་པོའི་མཆོད་སྦྱིན་འདིཿ ཕན་ཡོན་བྱིན་རླབས་ཤིན་ཏུ་ཆེཿ ཡང་གསང་ཐུགས་ཐིག་ཆ་ལག་ཏུཿ དྲི་མ་མེད་པའི་དགོངས་དོན་བཞིནཿ བདག་ཉིད་དགའ་རབ་རྡོ་རྗེས་སྨྲསཿ རིག་པའི་ཡེ་ཤེས་ཀྱིས་བྲིས་སོཿ དགེའོ། །གཏོང་བློ་འཕེལ།། །།