JKW-KABAB-12-NA-010: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
m (Text replacement - "Khyentse Metadata" to "Text") |
||
(7 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. '' ''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 12: | |fulltitletib=རྫོགས་ཆེན་ཧཱུྃ་སྐོར་ལས། གཅོད་ཡུལ་སྣང་བ་ལམ་ཁྱེར་དང་ཞི་བྱེད་རིན་ཆེན་ཕྲ་བཀོད་གཏུམ་མོ་དྲན་ཆོག་མེ་འབར་འོད་གསལ་ཤེས་བྱ་བུམ་འཇུག་བཅས། | ||
|fulltitle=rdzogs chen hU~M skor las gcod yul snang ba lam khyer dang zhi byed rin chen phra bkod gtum mo dran chog me 'bar 'od gsal shes bya bum 'jug bcas | |||
|citation=[['jam dbyangs mkhyen brtse'i dbang po]]. ''rdzogs chen hU~M skor las gcod yul snang ba lam khyer dang zhi byed rin chen phra bkod gtum mo dran chog me 'bar 'od gsal shes bya bum 'jug bcas''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 12: 265-282. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |||
|collectiontitletib=མཁྱེན་བརྩེའི་བཀའ་བབས་ | |||
|collectiontitle=mkhyen brtse'i bka' babs | |collectiontitle=mkhyen brtse'i bka' babs | ||
| | |author='jam dbyangs mkhyen brtse'i dbang po | ||
|sourcerevealer='jam dbyangs mkhyen brtse'i dbang po | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|sourcerevealer='jam dbyangs mkhyen brtse'i dbang po; rdo rje gling pa | |||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་; རྡོ་རྗེ་གླིང་པ་ | ||
|tibgenre=Ritual and Liturgical Texts - cho ga phyag len, Severance Texts - gcod gzhung | |||
|tibgenre= | |||
|terma=Yes | |terma=Yes | ||
|transmissiontype=yang gter - Rediscovered Treasure | |||
|cycle=rdzogs chen snying po hUM skor | |||
|cycletib=རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ | |||
|language=Tibetan | |language=Tibetan | ||
|volumenumber= | |volumenumber=012 | ||
|volnumtib=༡༢ | |||
|volyigtib=ན་ | |||
|totalvolumes=22 | |totalvolumes=22 | ||
|textnuminvol=010 | |textnuminvol=010 | ||
|pagenumbers=265-282 | |||
|totalpages=18 | |||
|beginfolioline=1a | |||
|endfolioline=9b3 | |||
|totalfolios=9 | |||
|multivolumework=No | |multivolumework=No | ||
|versonotes=mkhyen brtse'i bka' babs | |versonotes=mkhyen brtse'i bka' babs | ||
|archivistnotes=There are four texts included under this title: | |||
#gcod yul snang ba lam khyer (265-271) | |||
#zhi byed rin chen phra bkod (271-277) | |||
#gtum mo dran chog me 'bar (278-280) | |||
#'od gsal shes bya bum 'jug (280-282) | |||
|rtzlink=Terdzo-LI-033; Terdzo-LI-034; Terdzo-LI-035; Terdzo-LI-036 | |||
|pdflink=File:JKW-KABAB-12-NA-010.pdf | |pdflink=File:JKW-KABAB-12-NA-010.pdf | ||
}} | }} | ||
Line 22: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ རྫོགས་པ་ཆེན་པོ་སྙིང་པོ་ཧཱུྃ་སྐོར་ལས༔ གཅོད་ཡུལ་སྣང་བ་ལམ་ཁྱེར་བཞུགས་སོ༔ ཨེ་མ་ཧོ༔ ༁ྃ༔ ༡༢༣༤༥༥༦༧༧༨༩༩༠༠༠༩༨༔ ཨེ་མ་ཨོ་རྒྱན་པདྨ་ངས༔ ཉམས་སུ་ལེན་པའི་སྐྱེས་བུ་ལ༔ གཅོད་ཡུལ་སྣང་བ་ལམ་ཁྱེར་བསྟན༔ ཕྱི་རབས་རྣམས་ཀྱིས་འདི་ལྟར་སྤྱོད༔ འདི་ལ་སྤྱི་དོན་རྣམ་པ་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྔོན་འགྲོ་ནི༔ རང་མཛེ་ཕོ་མོ་དང་འབྲེལ་ལམ༔ ནད་འགོ་བའམ༔ བྲག་ཕུག་གམ༔ ལྷ་ཁང་ངམ༔ ཁང་སྟོང་ངམ༔ གང་ཡ་ང་བའི་སར་ཕྱིན་ལ༔ སྐྱབས་སུ་འགྲོ་བ་དང་༔ སེམས་བསྐྱེད་པ་བྱས༔ བརྒྱུད་པའི་བླ་མ་ལ་གསོལ་བ་གདབ༔ སྣང་བ་བདེན་མེད་དུ་བྱིན་གྱིས་རློབས་ཤིག༔ སྐྱེ་མེད་ཅིག་ཆོད་དུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ རང་སྣང་རང་གྲོལ་དུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ སྙེམས་ཐག་འཁྲི་བ་བཙན་ཐབས་སུ་ཆོད་པར་བྱིན་གྱིས་རློབས་ཤིག༔ ཡིད་ཀྱི་རོ་སྙོམས་བླང་དོར་དང་བྲལ་བར་བྱིན་གྱིས་རློབས་ཤིག༔ ཅེས་གསོལ་བ་གདབ་བོ༔ དངོས་གཞི་ནི༔ གདོན་ལ་གཅོད་ན་རང་གར་ཉལ་བ་དེའི་སྙིང་གི་འོག༔ སྒལ་པའི་དཀྱིལ་འོག་ནས༔ གཞི་བདག་གམ༔ གདོན་དེ་ཡོད་པའམ༔ རང་གི་མགོས་ལུང་པའི་ཕུ་ནོན་པ༔ རྐང་པས་མདའ་ནོན་པ༔ ཡན་ལག་གི་འོག་ཏུ་གདོན་ཕལ་པ་དང་བཅས་པ་མནན་ལ༔ གན་རྒྱལ་དུ་གཅེར་ཉལ་ལ་ཀློད་དེ༔ ད་ནི་འདི་ནས་བསྐལ་པའི་བར་དུ་མི་ལྡང་ངོ་སྙམ་དུ་འཕྲིག་བཅད་ལ་བསྡད་པས༔ རབ་དངོས༔ འབྲིང་ཆོ་འཕྲུལ༔ ཐ་མ་ཡང་གཟི་བྱིན་དང་༔ རྨི་ལམ་དུ་འབྱུང་སྟེ༔ འཇིགས་པ་དང་༔ ཡ་ང་བ་དང་༔ སྐྱི་ཟིང་བ་དང་༔ གཟུགས་བརྙན་སྣ་ཚོགས་པ་འོང་༔ དེ་བྱུང་བའི་དུས་སུ་རབ་གཏད་མེད་དུ་ཤེས་པས་གྲོལ་འགྲོ༔ འབྲིང་སེམས་ཀྱི་ཆོ་འཕྲུལ་ཡིན་སྙམ་པས་གྲོལ་འགྲོ༔ ཐ་མ་ཆགས་ཞེན་དང་༔ འཛིན་པ་ལུས་ལ་འབྱུང་བ་ཡིན༔ སེམས་ནི་སྟོང་པ་ཡིན༔ སྟོང་ཉིད་རིག་པ་གཅེར་བུ་ལ་ཞེན་པ་ཉམ་ང་དང་བྲལ༔ འོ༔ ཐམས་ཅད་ཀྱང་རང་གི་སེམས་ཡིན༔ རང་མདངས་ཡིན༔ དངོས་ཅན་འདུག་ན་དགའི༔ ངས་ནམ་མཁའ་མཐའ་གཏུག་གཏུག་བཙལ་ཀྱང་༔ ངོ་བོ་ངོས་བཟུང་༔ དབྱིབས་དང་༔ ཁ་དོག༔ མཚོན་དཔེ༔ མིང་བཙལ་བས་མ་རྙེད༔ ད་ཤ་འདོད་པས་ཤ་ཁྱེར༔ ལན་ཆགས་བྱང་བར་གྱུར་ཅིག༔ ཁྲག་འདོད་པས་གྲག་ཁྱེར་ཅིག༔ རུས་པ་འདོད་པས་རུས་པ་ཁྱེར་ཅིག༔ པགས་པ་འདོད་པས་ལྤགས་པ་ཁྱེར་ཅིག༔ ནང་ཁྲོལ་འདོད་པས་ནང་ཁྲོལ་ཁྱེར་ཅིག༔ ལན་ཆགས་བྱང་བར་གྱུར་ཅིག༔ ངའི་ལུས་པོ་འདི་ནམ་ཞིག་འཁོར་བའི་རྒྱུ་ཡིན་པ་ལ༔ ད་རེས་དངོས་སུ་ལེན་མཁན་ཡོད་པས་དགའ༔ ཆགས་ཞེན་ཀྱང་ཡོད་རེ་བྱས་ལ་ཁར་ཡང་འདོན༔ སེམས་ཀྱིས་གཏིང་དུ་བློ་ལ་ཡང་བླང་ངོ་༔ དེ་ནས་གཏད་མེད་དུ་ལྷོད་དེ་ཉལ་བསྡད་དོ༔ དེའི་ཆོད་པའི་རྟགས་སུ༔ ཤེས་པ་བདེ་འབོལ་བ་དང་༔ དྭངས་སིང་བ་དང་༔ རྨྀ་ལམ་དུ་ཟས་གོས་སྟེར་བ་ལ་སོགས་དངོས་སུ་འབྱུང་བ༔ གདོན་བགེགས་གཞི་བདག་དེས་བྲན་བྱེད་པ་འབྱུང་༔ ཁྱད་པར་སྔར་མེད་པའི་ཉམས་ཁྱད་པར་ཅན་བློ་ཐོལ་ཐོལ་འཆར་བ་འབྱུང་ངོ་༔ གཞན་ཡང་གཉན་ས་རུ་འགྲོ་མི་དགོས་ཏེ༔ རང་གང་འདུག་གི་མལ་དེར་དམིགས་པ་དེ་བྱས་པས༔ རོ་མལ་ན་ཡོད་པས་མལ་གཉན་སར་ཤེས་པར་བྱའོ༔ བདུད་འཇམ་པོ་ཞུགས་པ་ནི༔ བཟང་པོར་བཀུར་བ་དང་༔ ཕྱེ་གཏོར་དང་༔ འགྲོ་དོན་དང་༔ གདུལ་བྱ་དང་༔ ཕན་ཐོགས་དང་༔ བསོད་ནམས་དང་༔ སྙན་གྲགས་དང་༔ འཁོར་གཡོག་འབྱུང་བ་རྣམས་ཡིན་ནོ༔ དེ་རྣམས་གཏད་མེད་དུ་མ་ཤེས་པར་སྙེམས་ཞུགས་ནས་ང་ཅིག་འོང་བར་འདུག་གོ་སྙམས་པའི་ཞེན་འཛིན་ཞུགས་པས༔ བདུད་ཀྱིས་ཁྱེར་བ་ཡིན་ཏེ༔ དེ་ལྟར་བྱུང་བའི་དུས་སུ་སྐྱོ་བ་གཏིང་ནས་བསྐྱེད༔ ཞེན་པ་གཏིང་ནས་ལོག༔ བློ་སྣ་འུབ་ཀྱིས་བསྟུང་༔ དཀའ་ཐུབ་བཅུད་ལེན་བྱས༔ སྙེམས་ཐག་ནང་ནས་བཅད༔ རང་གིས་སེམས་ལ་ཞེན་འཛིན་འདུག་གམ་བལྟ༔ འདུག་ན་ད་རུང་ཀློད་པས་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་ཞིང་༔ ཡལ་ནས་འགྲོ༔ དེ་ལྟ་བུ་མ་རྟོགས་ནའང་༔ ནང་དུ་རང་ལ་བལྟས་པས་བདུད་ཀྱི་རྩ་བ་སེམས་ཡིན་པས༔ སེམས་ནི་བཙལ་ཡང་མ་གྲུབ༔ སྣང་བ་དང་༔ སྟོང་པ་དང་༔ ལྷ་དང་༔ འདྲེ་དང་༔ དགྲ་དང་༔ གཉེན་དང་༔ གཙང་བ་དང་༔ བཙོག་པ་དང་༔ བདེ་བ་དང་༔ སྡུག་པ་དང་༔ ཉོན་མོངས་པ་རྣམས་ལེགས་པར་ཀློད་ཅིང་བཞག་པས༔ ངོ་བོ་མ་གྲུབ་པར་རང་སར་དུ་གྲོལ་འགྲོ༔ མ་གྲོལ་བཅིངས་མེད་ཀྱི་ངང་དུ་ཀློད་པས་ཤེས་པ་བཅིངས་མེད་བདེན་འཛིན་གྱི་སྣང་བ་བསྐྱིལ་མེད་པར་ཆེད་དུ་བསྒོམ་པ་དང་བྲལ༔ དབང་པོ་རྒྱ་ཡན་དུ་གྱུར༔ གང་ལྟར་བྱས་ཀྱང་གཏད་མེད་དུ་བདེ་ཕྱམ་ཕྱམ་བ་ཅིག་འབྱུང་ངོ་༔ དེ་དུས་ཆོད་པ་ཡིན་ནོ༔ བདུད་རྩུབ་ཆོས་སུ་ཞུགས་པའང་༔ ནད་དང་༔ གདོན་དང་༔ མི་དང་༔ མི་མ་ཡིན་པ་རྣམས་ཡིན་ཏེ༔ ཐོག་འགེལ་དུ་བྱས་ཏེ༔ ནད་པ་སླར་འདྲེ་ལ་གཏད༔ གཉན་གྱི་སྟེང་དུ་གཉན་པ་ཕབ༔ མེ་བཙའ་ཨ་ཚ་ཚུགས་སུ་བཏབ་པས༔ སླར་འཕྲིག་མི་ཚུད་པར་གྲོགས་སུ་འགྱུར་བའོ༔ རྗེས་ནི༔ དུས་རྟག་དུ་བློ་སྣ་ཐུང་ཧྲིལ་བསྡུས་ནས༔ ནམ་འཆི་ངེས་མེད་སྙིང་གི་དཀྱིལ་དུ་ཏུང་ངེ་བྱས༔ ཉམས་ལེན་ཕྱི་དུས་སུ་མི་བཞག༔ མིག་བསྒྲད༔ གཅོད་གསུམ་དུས་གཅིག་ཏུ་ཤེས་པར་གྱིས་ཤིག༔ ཨེ་མ་ཐོག་མེད་མ་རིག་སེམས༔ རྣམ་པར་རྟོག་པ་གང་སྐྱེས་བདུད༔ དེ་ནི་རང་གི་སེམས་ལས་བྱུང་༔ སེམས་ལ་བྱུང་གནས་འགྲོ་གསུམ་མེད༔ གྲོལ་བས་སངས་རྒྱས་བྱུང་བ་མེད༔ འཁྲུལ་པས་འཁོར་བར་ལྷུང་བ་མེད༔ དཀར་ནག་ལས་ཀྱི་དྲིས་མ་གོས༔ རང་གྲོལ་གདོད་མའི་སངས་རྒྱས་ཡིན༔ གཉིས་མེད་རང་གྲོལ་གཤིས་ལུགས་ཡིན༔ ཆོས་ཉིད་ངང་ལ་སྐྱབས་འགྲོ་དང་༔ སེམས་བསྐྱེད་གསོལ་བ་གདབ་པར་བྱ༔ རང་ལ་བར་ཆད་བྱུང་བ་ན༔ གཉན་སར་ཕྱིན་ལ་སྟོང་གསལ་བསྒོམ༔ སེམས་ཅན་གཞན་ལ་ཕན་འདོགས་ན༔ སྙིང་རྗེ་སྔོན་དུ་སོང་བ་ཡིས༔ བདག་དང་གཞན་དང་གདོན་དང་ནད༔ ཐམས་ཅད་སྟོང་པར་ཤེས་བྱས་ལ༔ ཕཊ་ཕཊ་བྱ་ཞིང་སྟོང་ཉིད་བསྒོམ༔ དེས་ཀྱང་ཞི་བར་མ་གྱུར་ན༔ གཉན་སར་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ལན་གསུམ་བརྗོད་ལ་མཐའ་བྲལ་བསྒོམ༔ མཎྜལ་བཅས་ལ་ཤིང་བུ་དང་༔ རྡེའུ་བྱིན་རླབས་བྱས་ལ་སྒྱུར༔ སྟེང་གི་ལྷ་རྣམས་དམ་ལ་ཐོགས༔ འོག་གི་ཀླུ་རྣམས་ཟིལ་གྱིས་གནོན༔ ཀླུ་ལ་ལས་ནི་གང་བཅོལ་གྲུབ༔ ལྷ་རྣམས་རང་རང་གྲོགས་དན་བྱེད༔ ལྷ་འདྲེ་མི་གསུམ་བྲན་དུ་འཁོལ༔ རྩ་བ་གསུམ་དང་ཆོས་སྐྱོང་གིས༔ མ་ལྟར་སྐྱོང་ཞིང་བུ་ལྟར་འཚོ༔ ཐོགས་བཅས་བདུད་ལ་ཆོད་པ་ཡིན༔ སྣང་བ་དགྲ་ནི་གང་ལ་ལྡང་༔ ཐོགས་མེད་བདུད་ལ་ཆོད་པ་ཡིན༔ གནོད་སྦྱིན་ཕོ་མོ་དམ་ལ་ཐོགས༔ ཉོན་མོངས་དགྲ་ལས་རྒྱལ་བར་འགྱུར༔ དེ་ལ་སོགས་པ་ཐུན་མོང་དུ༔ ཚེ་རིང་ནད་མེད་བསམ་དགུ་འགྲུབ༔ ཀུན་གྱི་གཙུག་ནོར་ལྟ་བུར་འགྱུར༔ མཆོག་ཏུ་བླ་མེད་དེར་སངས་རྒྱས༔ རྣལ་འབྱོར་ལམ་པའི་ཉམས་ལེན་ལ༔ འདི་ལས་ཟབ་པ་ལོག་ན་མེད༔ སྐལ་ལྡན་གཅིག་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ | {{TibP|༁ྃ༔ རྫོགས་པ་ཆེན་པོ་སྙིང་པོ་ཧཱུྃ་སྐོར་ལས༔ གཅོད་ཡུལ་སྣང་བ་ལམ་ཁྱེར་བཞུགས་སོ༔ | ||
ཨེ་མ་ཧོ༔ | |||
༁ྃ༔ ༡༢༣༤༥༥༦༧༧༨༩༩༠༠༠༩༨༔ ཨེ་མ་ཨོ་རྒྱན་པདྨ་ངས༔ ཉམས་སུ་ལེན་པའི་སྐྱེས་བུ་ལ༔ གཅོད་ཡུལ་སྣང་བ་ལམ་ཁྱེར་བསྟན༔ ཕྱི་རབས་རྣམས་ཀྱིས་འདི་ལྟར་སྤྱོད༔ འདི་ལ་སྤྱི་དོན་རྣམ་པ་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྔོན་འགྲོ་ནི༔ རང་མཛེ་ཕོ་མོ་དང་འབྲེལ་ལམ༔ ནད་འགོ་བའམ༔ བྲག་ཕུག་གམ༔ ལྷ་ཁང་ངམ༔ ཁང་སྟོང་ངམ༔ གང་ཡ་ང་བའི་སར་ཕྱིན་ལ༔ སྐྱབས་སུ་འགྲོ་བ་དང་༔ སེམས་བསྐྱེད་པ་བྱས༔ བརྒྱུད་པའི་བླ་མ་ལ་གསོལ་བ་གདབ༔ སྣང་བ་བདེན་མེད་དུ་བྱིན་གྱིས་རློབས་ཤིག༔ སྐྱེ་མེད་ཅིག་ཆོད་དུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ རང་སྣང་རང་གྲོལ་དུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ སྙེམས་ཐག་འཁྲི་བ་བཙན་ཐབས་སུ་ཆོད་པར་བྱིན་གྱིས་རློབས་ཤིག༔ ཡིད་ཀྱི་རོ་སྙོམས་བླང་དོར་དང་བྲལ་བར་བྱིན་གྱིས་རློབས་ཤིག༔ ཅེས་གསོལ་བ་གདབ་བོ༔ དངོས་གཞི་ནི༔ གདོན་ལ་གཅོད་ན་རང་གར་ཉལ་བ་དེའི་སྙིང་གི་འོག༔ སྒལ་པའི་དཀྱིལ་འོག་ནས༔ གཞི་བདག་གམ༔ གདོན་དེ་ཡོད་པའམ༔ རང་གི་མགོས་ལུང་པའི་ཕུ་ནོན་པ༔ རྐང་པས་མདའ་ནོན་པ༔ ཡན་ལག་གི་འོག་ཏུ་གདོན་ཕལ་པ་དང་བཅས་པ་མནན་ལ༔ གན་རྒྱལ་དུ་གཅེར་ཉལ་ལ་ཀློད་དེ༔ ད་ནི་འདི་ནས་བསྐལ་པའི་བར་དུ་མི་ལྡང་ངོ་སྙམ་དུ་འཕྲིག་བཅད་ལ་བསྡད་པས༔ རབ་དངོས༔ འབྲིང་ཆོ་འཕྲུལ༔ ཐ་མ་ཡང་གཟི་བྱིན་དང་༔ རྨི་ལམ་དུ་འབྱུང་སྟེ༔ འཇིགས་པ་དང་༔ ཡ་ང་བ་དང་༔ སྐྱི་ཟིང་བ་དང་༔ གཟུགས་བརྙན་སྣ་ཚོགས་པ་འོང་༔ དེ་བྱུང་བའི་དུས་སུ་རབ་གཏད་མེད་དུ་ཤེས་པས་གྲོལ་འགྲོ༔ འབྲིང་སེམས་ཀྱི་ཆོ་འཕྲུལ་ཡིན་སྙམ་པས་གྲོལ་འགྲོ༔ ཐ་མ་ཆགས་ཞེན་དང་༔ འཛིན་པ་ལུས་ལ་འབྱུང་བ་ཡིན༔ སེམས་ནི་སྟོང་པ་ཡིན༔ སྟོང་ཉིད་རིག་པ་གཅེར་བུ་ལ་ཞེན་པ་ཉམ་ང་དང་བྲལ༔ འོ༔ ཐམས་ཅད་ཀྱང་རང་གི་སེམས་ཡིན༔ རང་མདངས་ཡིན༔ དངོས་ཅན་འདུག་ན་དགའི༔ ངས་ནམ་མཁའ་མཐའ་གཏུག་གཏུག་བཙལ་ཀྱང་༔ ངོ་བོ་ངོས་བཟུང་༔ དབྱིབས་དང་༔ ཁ་དོག༔ མཚོན་དཔེ༔ མིང་བཙལ་བས་མ་རྙེད༔ ད་ཤ་འདོད་པས་ཤ་ཁྱེར༔ ལན་ཆགས་བྱང་བར་གྱུར་ཅིག༔ ཁྲག་འདོད་པས་གྲག་ཁྱེར་ཅིག༔ རུས་པ་འདོད་པས་རུས་པ་ཁྱེར་ཅིག༔ པགས་པ་འདོད་པས་ལྤགས་པ་ཁྱེར་ཅིག༔ ནང་ཁྲོལ་འདོད་པས་ནང་ཁྲོལ་ཁྱེར་ཅིག༔ ལན་ཆགས་བྱང་བར་གྱུར་ཅིག༔ ངའི་ལུས་པོ་འདི་ནམ་ཞིག་འཁོར་བའི་རྒྱུ་ཡིན་པ་ལ༔ ད་རེས་དངོས་སུ་ལེན་མཁན་ཡོད་པས་དགའ༔ ཆགས་ཞེན་ཀྱང་ཡོད་རེ་བྱས་ལ་ཁར་ཡང་འདོན༔ སེམས་ཀྱིས་གཏིང་དུ་བློ་ལ་ཡང་བླང་ངོ་༔ དེ་ནས་གཏད་མེད་དུ་ལྷོད་དེ་ཉལ་བསྡད་དོ༔ དེའི་ཆོད་པའི་རྟགས་སུ༔ ཤེས་པ་བདེ་འབོལ་བ་དང་༔ དྭངས་སིང་བ་དང་༔ རྨྀ་ལམ་དུ་ཟས་གོས་སྟེར་བ་ལ་སོགས་དངོས་སུ་འབྱུང་བ༔ གདོན་བགེགས་གཞི་བདག་དེས་བྲན་བྱེད་པ་འབྱུང་༔ ཁྱད་པར་སྔར་མེད་པའི་ཉམས་ཁྱད་པར་ཅན་བློ་ཐོལ་ཐོལ་འཆར་བ་འབྱུང་ངོ་༔ གཞན་ཡང་གཉན་ས་རུ་འགྲོ་མི་དགོས་ཏེ༔ རང་གང་འདུག་གི་མལ་དེར་དམིགས་པ་དེ་བྱས་པས༔ རོ་མལ་ན་ཡོད་པས་མལ་གཉན་སར་ཤེས་པར་བྱའོ༔ བདུད་འཇམ་པོ་ཞུགས་པ་ནི༔ བཟང་པོར་བཀུར་བ་དང་༔ ཕྱེ་གཏོར་དང་༔ འགྲོ་དོན་དང་༔ གདུལ་བྱ་དང་༔ ཕན་ཐོགས་དང་༔ བསོད་ནམས་དང་༔ སྙན་གྲགས་དང་༔ འཁོར་གཡོག་འབྱུང་བ་རྣམས་ཡིན་ནོ༔ དེ་རྣམས་གཏད་མེད་དུ་མ་ཤེས་པར་སྙེམས་ཞུགས་ནས་ང་ཅིག་འོང་བར་འདུག་གོ་སྙམས་པའི་ཞེན་འཛིན་ཞུགས་པས༔ བདུད་ཀྱིས་ཁྱེར་བ་ཡིན་ཏེ༔ དེ་ལྟར་བྱུང་བའི་དུས་སུ་སྐྱོ་བ་གཏིང་ནས་བསྐྱེད༔ ཞེན་པ་གཏིང་ནས་ལོག༔ བློ་སྣ་འུབ་ཀྱིས་བསྟུང་༔ དཀའ་ཐུབ་བཅུད་ལེན་བྱས༔ སྙེམས་ཐག་ནང་ནས་བཅད༔ རང་གིས་སེམས་ལ་ཞེན་འཛིན་འདུག་གམ་བལྟ༔ འདུག་ན་ད་རུང་ཀློད་པས་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་ཞིང་༔ ཡལ་ནས་འགྲོ༔ དེ་ལྟ་བུ་མ་རྟོགས་ནའང་༔ ནང་དུ་རང་ལ་བལྟས་པས་བདུད་ཀྱི་རྩ་བ་སེམས་ཡིན་པས༔ སེམས་ནི་བཙལ་ཡང་མ་གྲུབ༔ སྣང་བ་དང་༔ སྟོང་པ་དང་༔ ལྷ་དང་༔ འདྲེ་དང་༔ དགྲ་དང་༔ གཉེན་དང་༔ གཙང་བ་དང་༔ བཙོག་པ་དང་༔ བདེ་བ་དང་༔ སྡུག་པ་དང་༔ ཉོན་མོངས་པ་རྣམས་ལེགས་པར་ཀློད་ཅིང་བཞག་པས༔ ངོ་བོ་མ་གྲུབ་པར་རང་སར་དུ་གྲོལ་འགྲོ༔ མ་གྲོལ་བཅིངས་མེད་ཀྱི་ངང་དུ་ཀློད་པས་ཤེས་པ་བཅིངས་མེད་བདེན་འཛིན་གྱི་སྣང་བ་བསྐྱིལ་མེད་པར་ཆེད་དུ་བསྒོམ་པ་དང་བྲལ༔ དབང་པོ་རྒྱ་ཡན་དུ་གྱུར༔ གང་ལྟར་བྱས་ཀྱང་གཏད་མེད་དུ་བདེ་ཕྱམ་ཕྱམ་བ་ཅིག་འབྱུང་ངོ་༔ དེ་དུས་ཆོད་པ་ཡིན་ནོ༔ བདུད་རྩུབ་ཆོས་སུ་ཞུགས་པའང་༔ ནད་དང་༔ གདོན་དང་༔ མི་དང་༔ མི་མ་ཡིན་པ་རྣམས་ཡིན་ཏེ༔ ཐོག་འགེལ་དུ་བྱས་ཏེ༔ ནད་པ་སླར་འདྲེ་ལ་གཏད༔ གཉན་གྱི་སྟེང་དུ་གཉན་པ་ཕབ༔ མེ་བཙའ་ཨ་ཚ་ཚུགས་སུ་བཏབ་པས༔ སླར་འཕྲིག་མི་ཚུད་པར་གྲོགས་སུ་འགྱུར་བའོ༔ རྗེས་ནི༔ དུས་རྟག་དུ་བློ་སྣ་ཐུང་ཧྲིལ་བསྡུས་ནས༔ ནམ་འཆི་ངེས་མེད་སྙིང་གི་དཀྱིལ་དུ་ཏུང་ངེ་བྱས༔ ཉམས་ལེན་ཕྱི་དུས་སུ་མི་བཞག༔ མིག་བསྒྲད༔ གཅོད་གསུམ་དུས་གཅིག་ཏུ་ཤེས་པར་གྱིས་ཤིག༔ ཨེ་མ་ཐོག་མེད་མ་རིག་སེམས༔ རྣམ་པར་རྟོག་པ་གང་སྐྱེས་བདུད༔ དེ་ནི་རང་གི་སེམས་ལས་བྱུང་༔ སེམས་ལ་བྱུང་གནས་འགྲོ་གསུམ་མེད༔ གྲོལ་བས་སངས་རྒྱས་བྱུང་བ་མེད༔ འཁྲུལ་པས་འཁོར་བར་ལྷུང་བ་མེད༔ དཀར་ནག་ལས་ཀྱི་དྲིས་མ་གོས༔ རང་གྲོལ་གདོད་མའི་སངས་རྒྱས་ཡིན༔ གཉིས་མེད་རང་གྲོལ་གཤིས་ལུགས་ཡིན༔ ཆོས་ཉིད་ངང་ལ་སྐྱབས་འགྲོ་དང་༔ སེམས་བསྐྱེད་གསོལ་བ་གདབ་པར་བྱ༔ རང་ལ་བར་ཆད་བྱུང་བ་ན༔ གཉན་སར་ཕྱིན་ལ་སྟོང་གསལ་བསྒོམ༔ སེམས་ཅན་གཞན་ལ་ཕན་འདོགས་ན༔ སྙིང་རྗེ་སྔོན་དུ་སོང་བ་ཡིས༔ བདག་དང་གཞན་དང་གདོན་དང་ནད༔ ཐམས་ཅད་སྟོང་པར་ཤེས་བྱས་ལ༔ ཕཊ་ཕཊ་བྱ་ཞིང་སྟོང་ཉིད་བསྒོམ༔ དེས་ཀྱང་ཞི་བར་མ་གྱུར་ན༔ གཉན་སར་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ལན་གསུམ་བརྗོད་ལ་མཐའ་བྲལ་བསྒོམ༔ མཎྜལ་བཅས་ལ་ཤིང་བུ་དང་༔ རྡེའུ་བྱིན་རླབས་བྱས་ལ་སྒྱུར༔ སྟེང་གི་ལྷ་རྣམས་དམ་ལ་ཐོགས༔ འོག་གི་ཀླུ་རྣམས་ཟིལ་གྱིས་གནོན༔ ཀླུ་ལ་ལས་ནི་གང་བཅོལ་གྲུབ༔ ལྷ་རྣམས་རང་རང་གྲོགས་དན་བྱེད༔ ལྷ་འདྲེ་མི་གསུམ་བྲན་དུ་འཁོལ༔ རྩ་བ་གསུམ་དང་ཆོས་སྐྱོང་གིས༔ མ་ལྟར་སྐྱོང་ཞིང་བུ་ལྟར་འཚོ༔ ཐོགས་བཅས་བདུད་ལ་ཆོད་པ་ཡིན༔ སྣང་བ་དགྲ་ནི་གང་ལ་ལྡང་༔ ཐོགས་མེད་བདུད་ལ་ཆོད་པ་ཡིན༔ གནོད་སྦྱིན་ཕོ་མོ་དམ་ལ་ཐོགས༔ ཉོན་མོངས་དགྲ་ལས་རྒྱལ་བར་འགྱུར༔ དེ་ལ་སོགས་པ་ཐུན་མོང་དུ༔ ཚེ་རིང་ནད་མེད་བསམ་དགུ་འགྲུབ༔ ཀུན་གྱི་གཙུག་ནོར་ལྟ་བུར་འགྱུར༔ མཆོག་ཏུ་བླ་མེད་དེར་སངས་རྒྱས༔ རྣལ་འབྱོར་ལམ་པའི་ཉམས་ལེན་ལ༔ འདི་ལས་ཟབ་པ་ལོག་ན་མེད༔ སྐལ་ལྡན་གཅིག་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ | |||
རྫོགས་པ་ཆེན་པོ་སྙིང་པོ་ཧཱུྃ་གི་སྐོར་ལས༔ ཞི་བྱེད་རིན་ཆེན་ཕྲ་བཀོད་བཞུགས༔ གེགས་སེལ་ཡིད་བཞིན་ནོར་བུ༔ ༁ྃ༔ ༔༡༢༣༤༥༦༧༧༨༨༩༩༨༧༧༦། རིག་པ་སྐྱེ་མེད་སྤྲིན་བྲལ་ནམ་མཁའ་ལ༔ རྟོག་པའི་རང་རྒྱུད་རང་སར་ཤར་ཡལ་གྱི༔ ཆུ་རླབས་རང་སངས་རྟོག་མེད་རང་གྲོལ་བ༔ གེགས་སེལ་ཡིད་བཞིན་ནོར་བུ་དེ་ལ་བསྟོད༔ འདིར་རྣལ་འབྱོར་པ་ཉམས་སུ་ལེན་པ་འབད་རྩོལ་དང་བཅས་པ་དྲག་པོས་ཉམས་སུ་བླང་པ་རྣམས་ལ༔ ལམ་གྱི་སྣང་བ་འཕེལ་འགྲིབ་སེལ་བའི་ཐབས་ལ༔ རྣམ་རྟོག་བྱིང་བ་དང་༔ རྒོད་པ་གཉིས་ཡིན་ཏེ༔ བྱིང་བ་ལ་གནས་ཀྱིས་བྱིང་བ་དང་༔ གྲོགས་ཀྱིས་སོ༔ གནས་ཀྱིས་བྱིང་བ་ནི༔ མཛེ་སྤྲང་ངམ༔ དམ་ཉམས་ཀྱིས་བསླད་པའམ༔ རང་བཞིན་གྱིས་གནས་འཐིབ་པ་དང་༔ ནམ་ཟླས་འཐིབ་པའོ༔ དེ་ལ་གནས་མཐོ་བའམ༔ གངས་མཐོ་བའམ༔ ནེའུ་སིང་ངམ༔ བྲག་གི་རྩེ་ལ་བསྒོམས་པས་སེལ་ལོ༔ གྲོགས་ནི༔ དམ་ཉམས་སམ༔ སྡོམ་ཉམས་སམ༔ བསམ་ངན་ནམ༔ སྡིག་ཅན་ནམ༔ གདོན་ཅན་དང་འགྲོགས་པས་ཏིང་ངེ་འཛིན་འགྲིབ་པ་དང་༔ ལུས་ལྡང་མི་ནུས་པ་དང་༔ བཏང་སྙོམས་དང་ལེ་ལོར་ལུས་པ་འབྱུང་ངོ་༔ དེ་ལ་སྐོང་གསོ་བྱ༔ བཤགས་པ་བྱ༔ འཆི་བ་བསམ༔ གསོལ་བ་གདབ༔ སྨྲ་བ་བཅད༔ འཁྲུལ་འཁོར་བྱ༔ དེས་སེལ་ལོ༔ རྒོད་པ་ལ་འང་གནས་དང་༔ གྲོགས་སོ༔ གནས་ཀྱི་རྒོད་པ་ནི༔ གནས་དྭངས་ཆེས་བས་རིག་པ་མ་ནོན་པའོ༔ དེ་ལ་སྤྱི་བོར་བླ་མ་བསྒོམ༔ གྲོགས་ཀྱིས་གཡེང་སྟེ་རྒོད་པ་ལ་སྨྲ་བ་བཅད༔ ཞེན་པ་སྐྱུར༔ བློ་ཁ་ནང་དུ་ལོག་ལ་སྙིང་རུས་བསྐྱེད་དེ༔ ལར་གྱི་ཁམས་འདུས་པ་དང་༔ རྐྱེན་དྲག་པོ་དང་༔ སྡུག་བསྔལ་འབྱུང་བའི་དུས་སུ༔ འོ་ད་རེས་ང་ལ་དགེ་སྦྱོར་གྱི་གསལ་འདེབས་བླ་མ་ཅིག་བྱུང་རེ་དགའ་སྙོམས་ལས་སུ་གྱུར་པས་སྔར་ལན༔ ཁམས་གསུམ་སེམས་ཅན་ཕ་མ་དང་བཅས་པའི་མི་འདོད་པའི་སྡུག་བསྔལ་ཐམས་ཅད་ང་ལ་ཤོག་ཅིག༔ ངའི་སྡིག་སྒྲིབ་ཐམས་ཅད་དུས་འདིར་སྨིན་པར་གྱུར་ཅིག༔ མི་ཁ་དང་༔ གླེང་བརྗོད་མི་མཐུན་པ་ཐམས་ཅད་ང་ལ་ཤོག་ཅིག༔ དུས་འདིར་ཤོག་ཅིག༔ སྐད་ཅིག་མ་ལ་ཤོག་ཅིག་བྱའོ༔ རྒྱུད་ལའང་བཀལ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་པས༔ དེའི་སྟེང་དུ་གཏད་མེད་དུ་ཕྱལ་ཕྱལ༔ ཉམས་དགའ་ཡལ་བ༔ རྒྱང་གླུ་རྩེ་རེ་བ་ཅིག་འོང་སྟེ༔ དེ་ལས་ཀྱིས་ལས་དག་པ་བྱ་བ་ཡིན་ནོ༔ དཔེར་ན་ཡུལ་གཅིག་ཏུ་འཕྲད་དམ༔ ལམ་དོག་པོ་གཅིག་བྱུང་ན་དེ་བརྒལ་མ་ཐག་ཡུལ་གཅིག་འོང་ངོ་ཤེས་པས༔ དེ་དང་འདྲ་བ་བཞིན་བསྒོམས་པའི་རྗེས་ལ༔ ཉམས་ཀྱི་འཕེལ་འགྲིབ་རེ་བྱུང་དུས༔ རྗེས་ལ་རྟོགས་པ་རྐྱང་བ་གཅིག་མི་སྐྱེ་མི་སྲིད་པ་ཡིན་ནོ༔ དེ་ལྟར་མ་རིག་པའི་འཕེལ་འགྲིབ་ཐམས་ཅད་ཀྱང་རྒྱུ་མ་རིག་པ༔ ངོ་བོ་བདག་ཏུ་འཛིན་པ༔ མཚན་ཉིད་མ་ངེས་པའོ༔ དབྱེ་ན༔ བདག་ལ་བརྟེན་ཏེ་བྱུང་བ་དང་༔ གཞན་ལ་བརྟེན་ཏེ་བྱུང་བ་དང་༔ གཉིས་ཀ་ལ་བརྟེན་ཏེ་བྱུང་བ་དང་༔ ཤེས་རབ་བྱ་ལྟར་ལྡིང་བའོ༔ བདག་ལ་བརྟག་པ་ནི༔ ང་དང་བདག་ཏུ་འཛིན་པའི་ཉོན་མོངས་པ་རྣམས་སོ༔ གཞན་གྱི་ཕྱི་རོལ་གྱི་གདོན་རྣམས་རང་གི་སྣང་བ་ལ་ཞེན་པས་དུག་ལྔ་རྒྱས་པའོ༔ གཉིས་ཀ་ལ་བརྟེན་པ་ནི༔ གཟུང་འཛིན་རྣམ་པར་རྟོག་པའོ༔ ཤེས་རབ་བྱ་ལྟར་ལྡིང་བ་ནི༔ ཆོས་མང་པོ་ཤེས་ཤིང་རློམས་སེམས་སུ་གྱུར་ཏེ༔ བློ་དྲེད་ཁྱེར་བའོ༔ བྱིང་བ་ལ་ལུས་ཀྱི་འབྱུང་བ་འཁྲུགས་པའི་གཉིད་དང་༔ ཆེད་དུ་གོས་དང་༔ མལ་དུས་བཙལ་བ་དང་༔ ངལ་དུབ་དང་༔ ཆད་ལས་བྱུང་བའོ༔ རྒོད་པ་ལ་རང་བཞིན་གྱིས་རྒོད་པ་དང་༔ གླུ་གར་རོལ་རྩེད་དང་༔ ཉོན་མོངས་པས་དཀྲུགས་པ་རྣམས་ཡིན་ནོ༔ དེ་རྣམས་གང་ལས་བྱུང་བརྟག་པས་གཞི་མེད༔ གང་ལ་གནས་ལུགས་བལྟས་པས་རྩ་བ་དང་བྲལ༔ ངོ་གང་དུ་སྤྲད༔ རིག་པ་རྟེན་མེད་དུ་ངོ་སྤྲད་དོ༔ དཔེ་འདུས་མ་བྱས་ཀྱི་ནམ་མཁའ་དང་འདྲ༔ ཅི་རུ་བསྲེ༔ འོད་གསལ་བདེ་བ་རང་སྟོང་དུ་བསྲེ༔ དུས་ཅི་ཙམ་ན་ད་ལྟ་ཉིད་ཀྱི་ཤེས་པ་འདི་ནས་མ་ཡེངས་པར་རོ༔ ངར་ཅིས་འདོགས༔ རླུང་གིས་འདོགས༔ རླུང་ལ་ཤེས་པས་འདོགས༔ རང་བྱུང་གི་ཡེ་ཤེས་ཧྲིག་གེ་རྗེན་ནེ་བའོ༔ རྟགས་ཅི་ཙམ་འབྱུང་༔ ཞེན་ཆགས་དང་བྲལ་བ་འབྱུང་༔ འབྲས་བུ་ལྟ་བ་བདེན་མེད་ཆོས་སྐུ་འཐོབ་བོ༔ འགྱུ་བ་སྟོང་པར་ངོ་ཤེས༔ གང་ན་གནས༔ སྣང་བ་ལ་གནས༔ ངོ་རང་གྲོལ་དུ་སྤྲད༔ དཔེ་ཅི༔ བར་སྣང་གི་འཇའ་དང་༔ དེ་ཅི་རུ་བསྲེ༔ ཕན་གནོད་མེད་པར་རང་སྣང་ཤར་གྲོལ་དུ་བསྲེ༔ དུས་ཅི་ཙམ་ན་སྐད་ཅིག་གཉིས་པ་རང་གསལ་ཡུལ་བྲལ་འདི་རང་ངར་གཅིག་གདགས༔ ཚོགས་དྲུག་སྒོ་ཡན༔ རྐྱེན་བླ་མ༔ རྟགས་ཅི་འབྱུང་ན༔ འཆི་བ་ལ་ཉམ་ང་མེད་པ་འབྱུང་༔ འབྲས་བུ་སྣང་བ་རང་གསལ་དུ་ཤེས་པས་ལོངས་སྐུ་ཐོབ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ངོ་ཤེས༔ གང་ན་གནས༔ རྣམ་རྟོག་སྔ་མ་སོང་༔ ཕྱི་མ་མ་སྐྱེས་པར་གནས༔ ངོ་བདེ་སྟོང་དུ་སྤྲད༔ དེས་སྤྲ་བ་ལ་མེ་མཆེད་པ་བཞིན་དུ་སྤྲད༔ བླང་དོར་དགག་སྒྲུབ་མེད་པར་བསྲེ༔ དུས་སྐད་ཅིག་མ་གསུམ་པ་གང་ལ་བཟོ་མེད་བཞིན་དུ་གསལ༔ གསལ་བཞིན་དུ་ཞེན་པ་མེད༔ མེད་བཞིན་མ་འགག་པར་ང་རྒྱལ་བསྐྱེད༔ གྲ་ཡམ་མེ༔ ཁྲ་ཤིག་གེ༔ བདེ་ཕྱམ་མེ༔ རྗེན་ལང་ངེ་བའི་དུས་འདི་ནའོ༔ ངར་ཅི་འདོགས་ན༔ སྣང་བའི་དངོས་པོ་རྟེན་དང་༔ རྟེན་མེད་གང་གིས་ཀྱང་བཟོ་མེད་བཞིན་གསལ༔ དབྱིངས་སྣང་འབྲལ་རྒྱུན་ཆོད༔ འཁོར་བ་ཆུས་བཤལ༔ འཁྲུལ་པ་རྩད་ནས་ཆོད་དོ༔ རྟགས་འཆི་བ་ལ་བྲོད་པ་ཐོབ༔ འབྲས་བུ་ཅིར་སྣང་སྤྲུལ་པའི་སྐུར་ཐོབ་པ་ཡིན་ནོ༔ ཅི་ཡང་མི་དམིགས་ཧད་པོར་བསྒོམ་ན་ནམ་མཁའ་མཐའ་ཡས་སུ་གོལ་འགྲོ༔ ནམ་མཁའ་སེམས་དང་སེམས་ལས་བྱུང་བའི་ཚུལ་དུ་བསྒོམ་པ་ནི་རྣམ་ཤེས་མཐའ་ཡས་སུ་གོལ༔ གཅིག་དང་དུ་མས་གཞི་གནས་ཅི་ཡང་མེད་པ་སྒོམ་པས་ཅུང་ཟད་མེད་པའི་སྐྱེ་མཆེད་དུ་གོལ༔ དེ་ཡང་དཔེ་ནམ་མཁའ་དོན་རིག་པ༔ ཚད་སྣ་རྩེའི་བར་སྣང་སང་ངེ་བ༔ ངོ་བོ་ས་ལེ༔ ཧྲིག་གེ༔ བུན་ནེ༔ ཕྱད་དེ༔ འབོལ་ལེ་བ་འདིའོ༔ འདི་ཉིད་མིག་གི་ཡུལ་དུ་གཟུགས་སྣང་སྟོང་དབྱེར་མེད༔ རྣ་བའི་ཡུལ་དུ་སྒྲ་གྲགས་སྟོང་དབྱེར་མེད༔ སྣ་ལ་དྲི༔ ལྕེ་ལ་རོ༔ ལུས་ལ་རེག༔ ཡིད་ལ་བདེ་སྡུག་གང་སྣང་ཡང་གསལ་སྟོང་རྗེན་པར་ཁྲིགས་སེ༔ ཡིན་ལུགས་ཀྱི་ངང་དུ་སྐྱོང་ཞིག༔ དུས་བཞི་སྟེ༔ སྔ་དྲོ་ཕྱི་དྲོ༔ སྲོད་དང་༔ ཐོ་རངས་སོ༔ འགྲོ་བ་དང་འདུག་པ༔ ཟ་བ༔ སྨྲ་བའི་དུས་སུ་མི་འབྲལ་བར་བྱའོ༔ དེ་ལྟ་བུ་སྣང་བ་གྲོགས་སུ་ཁྱེར་བས༔ མཉམ་རྗེས་མཉམ་པོར་འདྲེས༔ སྣང་བ་གྲོགས་སུ་ཤར༔ རྐྱེན་ངན་བླ་མར་ཤར༔ སྟོང་ཉིད་རང་རྩལ་འབྱོངས༔ ཆོས་སྐུ་རྒྱ་ལྟར་འབྱམས་པ་ལ་སྤྱོད་ཅིག༔ དང་པོ་ཞི་གནས་ཀྱི་དུས་སུ་ཉམས༔ གཞོན་ནུ་མས་བདེ་བ་མྱོང་བ་ལྟ་བུར་འཆར༔ འབྲས་བུ་མིག་གི་མངོན་ཤེས་འབྱུང་༔ རྗེས་ཐོབ་ཀྱི་དུས་སུ་སྒོམ་མི་སྒོམ་ཐ་སྙད་དང་བྲལ་བ་འབྱུང་༔ འབྲས་བུ་སྣ་ཚོགས་པའི་མངོན་ཤེས་འབྱུང་༔ ཐམས་ཅད་ལ་མ་ཞེན་པར་མཉམ་རྗེས་འདྲེས་དུས་དངོས་པོར་འཛིན་པ་ཅི་ཡང་མེད༔ འབྲས་བུ་ཕ་རོལ་གྱི་སེམས་ཤེས༔ རྩལ་འབྱོངས་པའི་རྟགས་ནི༔ མ་རིག་པ་ཉིད་རིག་པར་ཤར་ནས༔ རང་སེམས་རང་མཚན་རིག་སྟེ༔ ལུས་གཞན་དུ་སྤྲུལ་ཤེས༔ འབྲས་བུ་སྔོན་གྱི་གནས་རྗེས་སུ་དྲན་པ་འབྱུང་༔ དེ་ནས་ཉིན་སྣང་དང་མཚན་སྣང་ཕྱེད་འདྲེས་ཙམ་གྱི་དུས་ན་སེམས་ཀྱི་ངོ་བོ་རིག་པར་གྲོལ་ཏེ༔ སྐྱེ་བ་མི་ལེན༔ འབྲས་བུ་འཆི་འཕོ་དང་༔ སྐྱེ་བའི་མངོན་ཤེས་འཆར་རོ༔ ཉིན་མཚན་འཁོར་ཡུག་དང་འདྲེས་པའི་ཏིང་ངེ་འཛིན་ཉི་མ་དང་འདྲ༔ རང་དོན་ཆོས་སྐུ་ཐོབ༔ ཀ་དག་རང་ས་ཟིན༔ འཁྲུལ་པར་ལྡོག་མི་སྲིད༔ གཟུགས་སྐུ་གཉིས་ཉི་ཟེར་ལྟ་བུར་འཁོར་བ་མ་སྟོང་གི་བར་སེམས་ཅན་གྱི་དོན་བྱེད་ཅིང་༔ འབྲས་བུ་ཟག་མེད་ཀྱི་མངོན་ཤེས་འཆར་རོ༔ ཨེ་མ༔ ལྟ་བ་བལྟར་མེད་རིག་པའི་ཕོ་རྒོད་ལྟོས༔ སྒོམ་པ་སྒོམ་བྲལ་ཡེ་སྒོམ་ངོ་བོ་གསལ༔ སྤྱོད་པ་སྤྱོད་བྲལ་སྣང་བ་ཐུག་ཕྲད་གྱེས༔ འབྲས་བུ་ཐོབ་མེད་མིན་འདས་བརྗོད་བྲལ་ལོངས༔ གནད་འདི་སུས་ཤེས་སངས་རྒྱས་ཟང་ཐལ་རང་༔ ཨོ་རྒྱན་ང་ཡི་བརྒྱུད་འཛིན་དམ་པའོ༔ སྡུག་བསྔལ་སྒོམ་གེགས་ཐམས་ཅད་རིག་པའི་ཀློང་དུ་ཞི་བའི་ཞི་བྱེད་རིན་ཆེན་ཕྲ་བཀོད་འདི་རྫོགས་སོ༔ ཨྠིྀ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱའོ༔ | རྫོགས་པ་ཆེན་པོ་སྙིང་པོ་ཧཱུྃ་གི་སྐོར་ལས༔ ཞི་བྱེད་རིན་ཆེན་ཕྲ་བཀོད་བཞུགས༔ གེགས་སེལ་ཡིད་བཞིན་ནོར་བུ༔ ༁ྃ༔ ༔༡༢༣༤༥༦༧༧༨༨༩༩༨༧༧༦། རིག་པ་སྐྱེ་མེད་སྤྲིན་བྲལ་ནམ་མཁའ་ལ༔ རྟོག་པའི་རང་རྒྱུད་རང་སར་ཤར་ཡལ་གྱི༔ ཆུ་རླབས་རང་སངས་རྟོག་མེད་རང་གྲོལ་བ༔ གེགས་སེལ་ཡིད་བཞིན་ནོར་བུ་དེ་ལ་བསྟོད༔ འདིར་རྣལ་འབྱོར་པ་ཉམས་སུ་ལེན་པ་འབད་རྩོལ་དང་བཅས་པ་དྲག་པོས་ཉམས་སུ་བླང་པ་རྣམས་ལ༔ ལམ་གྱི་སྣང་བ་འཕེལ་འགྲིབ་སེལ་བའི་ཐབས་ལ༔ རྣམ་རྟོག་བྱིང་བ་དང་༔ རྒོད་པ་གཉིས་ཡིན་ཏེ༔ བྱིང་བ་ལ་གནས་ཀྱིས་བྱིང་བ་དང་༔ གྲོགས་ཀྱིས་སོ༔ གནས་ཀྱིས་བྱིང་བ་ནི༔ མཛེ་སྤྲང་ངམ༔ དམ་ཉམས་ཀྱིས་བསླད་པའམ༔ རང་བཞིན་གྱིས་གནས་འཐིབ་པ་དང་༔ ནམ་ཟླས་འཐིབ་པའོ༔ དེ་ལ་གནས་མཐོ་བའམ༔ གངས་མཐོ་བའམ༔ ནེའུ་སིང་ངམ༔ བྲག་གི་རྩེ་ལ་བསྒོམས་པས་སེལ་ལོ༔ གྲོགས་ནི༔ དམ་ཉམས་སམ༔ སྡོམ་ཉམས་སམ༔ བསམ་ངན་ནམ༔ སྡིག་ཅན་ནམ༔ གདོན་ཅན་དང་འགྲོགས་པས་ཏིང་ངེ་འཛིན་འགྲིབ་པ་དང་༔ ལུས་ལྡང་མི་ནུས་པ་དང་༔ བཏང་སྙོམས་དང་ལེ་ལོར་ལུས་པ་འབྱུང་ངོ་༔ དེ་ལ་སྐོང་གསོ་བྱ༔ བཤགས་པ་བྱ༔ འཆི་བ་བསམ༔ གསོལ་བ་གདབ༔ སྨྲ་བ་བཅད༔ འཁྲུལ་འཁོར་བྱ༔ དེས་སེལ་ལོ༔ རྒོད་པ་ལ་འང་གནས་དང་༔ གྲོགས་སོ༔ གནས་ཀྱི་རྒོད་པ་ནི༔ གནས་དྭངས་ཆེས་བས་རིག་པ་མ་ནོན་པའོ༔ དེ་ལ་སྤྱི་བོར་བླ་མ་བསྒོམ༔ གྲོགས་ཀྱིས་གཡེང་སྟེ་རྒོད་པ་ལ་སྨྲ་བ་བཅད༔ ཞེན་པ་སྐྱུར༔ བློ་ཁ་ནང་དུ་ལོག་ལ་སྙིང་རུས་བསྐྱེད་དེ༔ ལར་གྱི་ཁམས་འདུས་པ་དང་༔ རྐྱེན་དྲག་པོ་དང་༔ སྡུག་བསྔལ་འབྱུང་བའི་དུས་སུ༔ འོ་ད་རེས་ང་ལ་དགེ་སྦྱོར་གྱི་གསལ་འདེབས་བླ་མ་ཅིག་བྱུང་རེ་དགའ་སྙོམས་ལས་སུ་གྱུར་པས་སྔར་ལན༔ ཁམས་གསུམ་སེམས་ཅན་ཕ་མ་དང་བཅས་པའི་མི་འདོད་པའི་སྡུག་བསྔལ་ཐམས་ཅད་ང་ལ་ཤོག་ཅིག༔ ངའི་སྡིག་སྒྲིབ་ཐམས་ཅད་དུས་འདིར་སྨིན་པར་གྱུར་ཅིག༔ མི་ཁ་དང་༔ གླེང་བརྗོད་མི་མཐུན་པ་ཐམས་ཅད་ང་ལ་ཤོག་ཅིག༔ དུས་འདིར་ཤོག་ཅིག༔ སྐད་ཅིག་མ་ལ་ཤོག་ཅིག་བྱའོ༔ རྒྱུད་ལའང་བཀལ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་པས༔ དེའི་སྟེང་དུ་གཏད་མེད་དུ་ཕྱལ་ཕྱལ༔ ཉམས་དགའ་ཡལ་བ༔ རྒྱང་གླུ་རྩེ་རེ་བ་ཅིག་འོང་སྟེ༔ དེ་ལས་ཀྱིས་ལས་དག་པ་བྱ་བ་ཡིན་ནོ༔ དཔེར་ན་ཡུལ་གཅིག་ཏུ་འཕྲད་དམ༔ ལམ་དོག་པོ་གཅིག་བྱུང་ན་དེ་བརྒལ་མ་ཐག་ཡུལ་གཅིག་འོང་ངོ་ཤེས་པས༔ དེ་དང་འདྲ་བ་བཞིན་བསྒོམས་པའི་རྗེས་ལ༔ ཉམས་ཀྱི་འཕེལ་འགྲིབ་རེ་བྱུང་དུས༔ རྗེས་ལ་རྟོགས་པ་རྐྱང་བ་གཅིག་མི་སྐྱེ་མི་སྲིད་པ་ཡིན་ནོ༔ དེ་ལྟར་མ་རིག་པའི་འཕེལ་འགྲིབ་ཐམས་ཅད་ཀྱང་རྒྱུ་མ་རིག་པ༔ ངོ་བོ་བདག་ཏུ་འཛིན་པ༔ མཚན་ཉིད་མ་ངེས་པའོ༔ དབྱེ་ན༔ བདག་ལ་བརྟེན་ཏེ་བྱུང་བ་དང་༔ གཞན་ལ་བརྟེན་ཏེ་བྱུང་བ་དང་༔ གཉིས་ཀ་ལ་བརྟེན་ཏེ་བྱུང་བ་དང་༔ ཤེས་རབ་བྱ་ལྟར་ལྡིང་བའོ༔ བདག་ལ་བརྟག་པ་ནི༔ ང་དང་བདག་ཏུ་འཛིན་པའི་ཉོན་མོངས་པ་རྣམས་སོ༔ གཞན་གྱི་ཕྱི་རོལ་གྱི་གདོན་རྣམས་རང་གི་སྣང་བ་ལ་ཞེན་པས་དུག་ལྔ་རྒྱས་པའོ༔ གཉིས་ཀ་ལ་བརྟེན་པ་ནི༔ གཟུང་འཛིན་རྣམ་པར་རྟོག་པའོ༔ ཤེས་རབ་བྱ་ལྟར་ལྡིང་བ་ནི༔ ཆོས་མང་པོ་ཤེས་ཤིང་རློམས་སེམས་སུ་གྱུར་ཏེ༔ བློ་དྲེད་ཁྱེར་བའོ༔ བྱིང་བ་ལ་ལུས་ཀྱི་འབྱུང་བ་འཁྲུགས་པའི་གཉིད་དང་༔ ཆེད་དུ་གོས་དང་༔ མལ་དུས་བཙལ་བ་དང་༔ ངལ་དུབ་དང་༔ ཆད་ལས་བྱུང་བའོ༔ རྒོད་པ་ལ་རང་བཞིན་གྱིས་རྒོད་པ་དང་༔ གླུ་གར་རོལ་རྩེད་དང་༔ ཉོན་མོངས་པས་དཀྲུགས་པ་རྣམས་ཡིན་ནོ༔ དེ་རྣམས་གང་ལས་བྱུང་བརྟག་པས་གཞི་མེད༔ གང་ལ་གནས་ལུགས་བལྟས་པས་རྩ་བ་དང་བྲལ༔ ངོ་གང་དུ་སྤྲད༔ རིག་པ་རྟེན་མེད་དུ་ངོ་སྤྲད་དོ༔ དཔེ་འདུས་མ་བྱས་ཀྱི་ནམ་མཁའ་དང་འདྲ༔ ཅི་རུ་བསྲེ༔ འོད་གསལ་བདེ་བ་རང་སྟོང་དུ་བསྲེ༔ དུས་ཅི་ཙམ་ན་ད་ལྟ་ཉིད་ཀྱི་ཤེས་པ་འདི་ནས་མ་ཡེངས་པར་རོ༔ ངར་ཅིས་འདོགས༔ རླུང་གིས་འདོགས༔ རླུང་ལ་ཤེས་པས་འདོགས༔ རང་བྱུང་གི་ཡེ་ཤེས་ཧྲིག་གེ་རྗེན་ནེ་བའོ༔ རྟགས་ཅི་ཙམ་འབྱུང་༔ ཞེན་ཆགས་དང་བྲལ་བ་འབྱུང་༔ འབྲས་བུ་ལྟ་བ་བདེན་མེད་ཆོས་སྐུ་འཐོབ་བོ༔ འགྱུ་བ་སྟོང་པར་ངོ་ཤེས༔ གང་ན་གནས༔ སྣང་བ་ལ་གནས༔ ངོ་རང་གྲོལ་དུ་སྤྲད༔ དཔེ་ཅི༔ བར་སྣང་གི་འཇའ་དང་༔ དེ་ཅི་རུ་བསྲེ༔ ཕན་གནོད་མེད་པར་རང་སྣང་ཤར་གྲོལ་དུ་བསྲེ༔ དུས་ཅི་ཙམ་ན་སྐད་ཅིག་གཉིས་པ་རང་གསལ་ཡུལ་བྲལ་འདི་རང་ངར་གཅིག་གདགས༔ ཚོགས་དྲུག་སྒོ་ཡན༔ རྐྱེན་བླ་མ༔ རྟགས་ཅི་འབྱུང་ན༔ འཆི་བ་ལ་ཉམ་ང་མེད་པ་འབྱུང་༔ འབྲས་བུ་སྣང་བ་རང་གསལ་དུ་ཤེས་པས་ལོངས་སྐུ་ཐོབ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ངོ་ཤེས༔ གང་ན་གནས༔ རྣམ་རྟོག་སྔ་མ་སོང་༔ ཕྱི་མ་མ་སྐྱེས་པར་གནས༔ ངོ་བདེ་སྟོང་དུ་སྤྲད༔ དེས་སྤྲ་བ་ལ་མེ་མཆེད་པ་བཞིན་དུ་སྤྲད༔ བླང་དོར་དགག་སྒྲུབ་མེད་པར་བསྲེ༔ དུས་སྐད་ཅིག་མ་གསུམ་པ་གང་ལ་བཟོ་མེད་བཞིན་དུ་གསལ༔ གསལ་བཞིན་དུ་ཞེན་པ་མེད༔ མེད་བཞིན་མ་འགག་པར་ང་རྒྱལ་བསྐྱེད༔ གྲ་ཡམ་མེ༔ ཁྲ་ཤིག་གེ༔ བདེ་ཕྱམ་མེ༔ རྗེན་ལང་ངེ་བའི་དུས་འདི་ནའོ༔ ངར་ཅི་འདོགས་ན༔ སྣང་བའི་དངོས་པོ་རྟེན་དང་༔ རྟེན་མེད་གང་གིས་ཀྱང་བཟོ་མེད་བཞིན་གསལ༔ དབྱིངས་སྣང་འབྲལ་རྒྱུན་ཆོད༔ འཁོར་བ་ཆུས་བཤལ༔ འཁྲུལ་པ་རྩད་ནས་ཆོད་དོ༔ རྟགས་འཆི་བ་ལ་བྲོད་པ་ཐོབ༔ འབྲས་བུ་ཅིར་སྣང་སྤྲུལ་པའི་སྐུར་ཐོབ་པ་ཡིན་ནོ༔ ཅི་ཡང་མི་དམིགས་ཧད་པོར་བསྒོམ་ན་ནམ་མཁའ་མཐའ་ཡས་སུ་གོལ་འགྲོ༔ ནམ་མཁའ་སེམས་དང་སེམས་ལས་བྱུང་བའི་ཚུལ་དུ་བསྒོམ་པ་ནི་རྣམ་ཤེས་མཐའ་ཡས་སུ་གོལ༔ གཅིག་དང་དུ་མས་གཞི་གནས་ཅི་ཡང་མེད་པ་སྒོམ་པས་ཅུང་ཟད་མེད་པའི་སྐྱེ་མཆེད་དུ་གོལ༔ དེ་ཡང་དཔེ་ནམ་མཁའ་དོན་རིག་པ༔ ཚད་སྣ་རྩེའི་བར་སྣང་སང་ངེ་བ༔ ངོ་བོ་ས་ལེ༔ ཧྲིག་གེ༔ བུན་ནེ༔ ཕྱད་དེ༔ འབོལ་ལེ་བ་འདིའོ༔ འདི་ཉིད་མིག་གི་ཡུལ་དུ་གཟུགས་སྣང་སྟོང་དབྱེར་མེད༔ རྣ་བའི་ཡུལ་དུ་སྒྲ་གྲགས་སྟོང་དབྱེར་མེད༔ སྣ་ལ་དྲི༔ ལྕེ་ལ་རོ༔ ལུས་ལ་རེག༔ ཡིད་ལ་བདེ་སྡུག་གང་སྣང་ཡང་གསལ་སྟོང་རྗེན་པར་ཁྲིགས་སེ༔ ཡིན་ལུགས་ཀྱི་ངང་དུ་སྐྱོང་ཞིག༔ དུས་བཞི་སྟེ༔ སྔ་དྲོ་ཕྱི་དྲོ༔ སྲོད་དང་༔ ཐོ་རངས་སོ༔ འགྲོ་བ་དང་འདུག་པ༔ ཟ་བ༔ སྨྲ་བའི་དུས་སུ་མི་འབྲལ་བར་བྱའོ༔ དེ་ལྟ་བུ་སྣང་བ་གྲོགས་སུ་ཁྱེར་བས༔ མཉམ་རྗེས་མཉམ་པོར་འདྲེས༔ སྣང་བ་གྲོགས་སུ་ཤར༔ རྐྱེན་ངན་བླ་མར་ཤར༔ སྟོང་ཉིད་རང་རྩལ་འབྱོངས༔ ཆོས་སྐུ་རྒྱ་ལྟར་འབྱམས་པ་ལ་སྤྱོད་ཅིག༔ དང་པོ་ཞི་གནས་ཀྱི་དུས་སུ་ཉམས༔ གཞོན་ནུ་མས་བདེ་བ་མྱོང་བ་ལྟ་བུར་འཆར༔ འབྲས་བུ་མིག་གི་མངོན་ཤེས་འབྱུང་༔ རྗེས་ཐོབ་ཀྱི་དུས་སུ་སྒོམ་མི་སྒོམ་ཐ་སྙད་དང་བྲལ་བ་འབྱུང་༔ འབྲས་བུ་སྣ་ཚོགས་པའི་མངོན་ཤེས་འབྱུང་༔ ཐམས་ཅད་ལ་མ་ཞེན་པར་མཉམ་རྗེས་འདྲེས་དུས་དངོས་པོར་འཛིན་པ་ཅི་ཡང་མེད༔ འབྲས་བུ་ཕ་རོལ་གྱི་སེམས་ཤེས༔ རྩལ་འབྱོངས་པའི་རྟགས་ནི༔ མ་རིག་པ་ཉིད་རིག་པར་ཤར་ནས༔ རང་སེམས་རང་མཚན་རིག་སྟེ༔ ལུས་གཞན་དུ་སྤྲུལ་ཤེས༔ འབྲས་བུ་སྔོན་གྱི་གནས་རྗེས་སུ་དྲན་པ་འབྱུང་༔ དེ་ནས་ཉིན་སྣང་དང་མཚན་སྣང་ཕྱེད་འདྲེས་ཙམ་གྱི་དུས་ན་སེམས་ཀྱི་ངོ་བོ་རིག་པར་གྲོལ་ཏེ༔ སྐྱེ་བ་མི་ལེན༔ འབྲས་བུ་འཆི་འཕོ་དང་༔ སྐྱེ་བའི་མངོན་ཤེས་འཆར་རོ༔ ཉིན་མཚན་འཁོར་ཡུག་དང་འདྲེས་པའི་ཏིང་ངེ་འཛིན་ཉི་མ་དང་འདྲ༔ རང་དོན་ཆོས་སྐུ་ཐོབ༔ ཀ་དག་རང་ས་ཟིན༔ འཁྲུལ་པར་ལྡོག་མི་སྲིད༔ གཟུགས་སྐུ་གཉིས་ཉི་ཟེར་ལྟ་བུར་འཁོར་བ་མ་སྟོང་གི་བར་སེམས་ཅན་གྱི་དོན་བྱེད་ཅིང་༔ འབྲས་བུ་ཟག་མེད་ཀྱི་མངོན་ཤེས་འཆར་རོ༔ ཨེ་མ༔ ལྟ་བ་བལྟར་མེད་རིག་པའི་ཕོ་རྒོད་ལྟོས༔ སྒོམ་པ་སྒོམ་བྲལ་ཡེ་སྒོམ་ངོ་བོ་གསལ༔ སྤྱོད་པ་སྤྱོད་བྲལ་སྣང་བ་ཐུག་ཕྲད་གྱེས༔ འབྲས་བུ་ཐོབ་མེད་མིན་འདས་བརྗོད་བྲལ་ལོངས༔ གནད་འདི་སུས་ཤེས་སངས་རྒྱས་ཟང་ཐལ་རང་༔ ཨོ་རྒྱན་ང་ཡི་བརྒྱུད་འཛིན་དམ་པའོ༔ སྡུག་བསྔལ་སྒོམ་གེགས་ཐམས་ཅད་རིག་པའི་ཀློང་དུ་ཞི་བའི་ཞི་བྱེད་རིན་ཆེན་ཕྲ་བཀོད་འདི་རྫོགས་སོ༔ ཨྠིྀ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱའོ༔ |
Latest revision as of 15:45, 1 June 2024
🚧 This website is under continued development. We appreciate your patience!
Wylie title | rdzogs chen hU~M skor las gcod yul snang ba lam khyer dang zhi byed rin chen phra bkod gtum mo dran chog me 'bar 'od gsal shes bya bum 'jug bcas | |
---|---|---|
Location | mkhyen brtse'i bka' babs Volume 12, Text 10, Pages 265-282 (Folios 1a to 9b3) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, རྡོ་རྗེ་གླིང་པ་ ('jam dbyangs mkhyen brtse'i dbang po, rdo rje gling pa) | |
Citation | 'jam dbyangs mkhyen brtse'i dbang po. rdzogs chen hU~M skor las gcod yul snang ba lam khyer dang zhi byed rin chen phra bkod gtum mo dran chog me 'bar 'od gsal shes bya bum 'jug bcas. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 12: 265-282. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |
Genre | Ritual and Liturgical Texts - cho ga phyag len · Severance Texts - gcod gzhung | |
Cycle | རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ (rdzogs chen snying po hum skor) | |
Karchag page | JKW-KABAB-Volume-12-NA-Karchag | |
RTZ | In the Rinchen Terdzö: https://rtz.tsadra.org/index.php/Terdzo-LI-033; Terdzo-LI-034; Terdzo-LI-035; Terdzo-LI-036 | |
Notes | There are four texts included under this title:
|