JKCL-KABUM-09-TA-011: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
m (Text replacement - "Khyentse Metadata" to "Text") |
||
(5 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=དཔལ་སྒྲུབ་སྡེ་བརྒྱད་ཀྱི་གསུང་དབང་ཆེན་རྟ་མགྲིན་གྱི་རྟ་སྐད་ཐེངས་གསུམ་བཤད་པ་སྣང་སྲིད་དབང་སྡུད། | |||
|fulltitle=dpal sgrub sde brgyad kyi gsung dbang chen rta mgrin gyi rta skad thengs gsum bshad pa snang srid dbang sdud | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''dpal sgrub sde brgyad kyi gsung dbang chen rta mgrin gyi rta skad thengs gsum bshad pa snang srid dbang sdud''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 9: 99-121. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Detailed Explanation - rnam bshad | |||
|terma=No | |||
|jkcloutline=Ten | |||
|deity=rta mgrin | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=12 | |||
|textnuminvol=011 | |textnuminvol=011 | ||
|pagenumbers=99-121 | |||
|totalpages=23 | |||
|beginfolioline=1a | |||
|endfolioline=12a4 | |||
|totalfolios=12 | |||
|multivolumework=No | |||
|colophontib=།ཅེས་དབང་ཆེན་པདྨ་ཧེ་རུ་ཀའི་རྟ་སྐད་ཀྱི་དགོངས་པ་ཅུང་ཟད་བྲིས་པ་འདིའང་རིག་འཛིན་མཁས་གྲུབ་ཆེན་པོ་རྣམས་ཀྱི་གསུང་གི་རྗེས་སུ་འབྲང་ནས་པདྨའི་སྔགས་རིག་འཛིན་པ་༧པདྨ་ཡེ་ཤེས་རྡོ་རྗེ་ལ་རང་སློབ་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་ལྷ་རྫས་བཟང་གོས་ཀྱི་རྟེན་དང་བྲི་གཞི་ཤོག་བུ་བཅས་ནན་ཏན་ཆེན་པོའི་གསུང་གི་བསྐུལ་བ་མི་ལྡོག་ཙམ་དུ་བྲིས་པ་འདིས་ཀྱང་སྒྲུབ་སྡེ་ཆེན་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |||
|colophonwylie=/ces dbang chen pad+ma he ru ka'i rta skad kyi dgongs pa cung zad bris pa 'di'ang rig 'dzin mkhas grub chen po rnams kyi gsung gi rjes su 'brang nas pad+ma'i sngags rig 'dzin pa 7pad+ma ye shes rdo rje la rang slob gdong sna mchog sprul rin po che'i lha rdzas bzang gos kyi rten dang bri gzhi shog bu bcas nan tan chen po'i gsung gi bskul ba mi ldog tsam du bris pa 'dis kyang sgrub sde chen po'i bstan pa rin po che phyogs bcur rgyas pa'i rgyur gyur cig__/sarba dA mang+ga laM// | |||
|pdflink=File:JKCL-KABUM-09-TA-011.pdf | |pdflink=File:JKCL-KABUM-09-TA-011.pdf | ||
}} | }} | ||
Line 16: | Line 32: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །དཔལ་སྒྲུབ་སྡེ་བརྒྱད་ཀྱི་གསུང་དབང་ཆེན་རྟ་མགྲིན་གྱི་རྟ་སྐད་ཐེངས་གསུམ་བཤད་པ་སྣང་སྲིད་དབང་སྡུད་ཅེས་བྱ་བ་བཞུགས་སོ། | {{TibP|༄༅། །དཔལ་སྒྲུབ་སྡེ་བརྒྱད་ཀྱི་གསུང་དབང་ཆེན་རྟ་མགྲིན་གྱི་རྟ་སྐད་ཐེངས་གསུམ་བཤད་པ་སྣང་སྲིད་དབང་སྡུད་ཅེས་བྱ་བ་བཞུགས་སོ། | ||
།ན་མོ་གུ་རུ་ཧྱ་གྲཱི་ཝཱ་ཡ། དཔལ་གྱི་འབྱུང་གནས་དཔལ་གྱི་དབང་ཕྱུག་ཆེ། །དཔལ་ཆེན་རྟ་མགྲིན་དཔལ་གྱི་རྟ་སྐད་སྒྲོགས། །དཔལ་ལྡན་པདྨ་དཔལ་ཆེན་གྲུབ་པའི་གཙོ། །དཔལ་ལ་སྨོན་པས་དཔལ་དེར་གུས་བཏུད་ནས། །གཞི་ལམ་འབྲས་གསུམ་ཧཱི་ཧཱིའི་སྒྲས་སྟོན་ཅིང་། །རྡོ་རྗེ་རྟ་ཡི་ངུར་དབྱངས་འཚེར་བ་ལས། །ཁམས་གསུམ་འབྱུང་པོ་ཟིལ་གྱིས་གནོན་པ་ཡི། །དགོངས་དོན་གསལ་བྱེད་ཉུང་ངུར་སྤེལ་བར་བྱ། །དེ་ལ་འདིར་ཁམས་གསུམ་དང་། མྱ་ངན་ལས་འདས་པའི་ཆར་གཏོགས་པ་ཐམས་ཅད་ཀྱི་སྤྱི་རྗེ་དཔལ་ཆེན་པོ་པདྨ་དབང་ཆེན་གྱི་དཀྱིལ་འཁོར་འདི་ནི་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་པདྨའི་རིགས་ཀྱི་གཙོ་བོ་སྣང་བ་མཐའ་ཡས་འོད་མི་འགྱུར་བ་དེ་ཉིད་ཆོས་སྐུ་མཚན་མ་ཐམས་ཅད་དང་བྲལ་བ་བརྡལ་ཁྱབ་ཀ་དག་ཆོས་སྐུའི་དབྱིངས་ལས་མ་གཡོས། ལྷུན་གྲུབ་འོད་གསལ་རང་བཞིན་ལྷུན་རྫོགས་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ཡི་སྤྲིན་ཆེན་རྣམ་པར་བཀོད་དེ། རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་ཕྱི་དང་ནང་མེད་པ་མཐའ་དབུས་ཐམས་ཅད་དང་བྲལ་བ་ཚད་བཟུང་དུ་མེད་ཅིང་། རྒྱ་ཁྱོན་དཔག་པར་དཀའ་བའི་རྟེན་དང་བརྟེན་པའི་བཀོད་པ་མཐའ་ཡས་པར་འཕྲོ་བའི་རང་སྣང་གི་ཡེ་ཤེས་ཀྱི་རྩལ་གདངས་དེ་ལས། ཐུགས་རྗེ་གང་འདུལ་གྱི་སྤྲུལ་པའི་སྐུ་ཡི་ཆོ་འཕྲུལ་ཕྱོགས་དང་དུས་ཐམས་ཅད་ཁྱབ་ཅིང་སྣ་ཚོགས་ཅིར་ཡང་བསྒྱུར་བའི་ཞི་དང་ཁྲོ་གར་གྱི་ཉམས་བརྒྱ་སྐད་ཅིག་རེར་ཡང་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་དུ་འདུ་འཕྲོ་ཆེན་པོས། གདུལ་བྱ་དག་མ་དག་གི་དོན་མཐའ་ཡས་པར་སྟོན་ཅིང་འབད་པ་མེད་པའི་ཕྲིན་ལས་ཀྱི་རོལ་མོ་ཕྱོགས་བརྒྱར་འཕྲོ་བ་ལས། སྔོན་གྱི་བསྐལ་པའི་དུས་གསང་སྔགས་ཀྱི་དོན་ལ་ལོག་པར་གོལ་ཞིང་བདག་ཏུ་འཛིན་པའི་འཆིང་བ་དམ་པོས་རབ་ཏུ་བཅིངས་ཤིང་ཉོན་མོངས་པའི་འཐོར་རླུང་དྲག་པོས་རབ་ཏུ་བསྐྱོད་ཅིང་། སྔོན་དུས་གསང་སྔགས་རང་བཞིན་གྱི་གསང་བ་དང་། སྦས་པ་གསང་བའི་དོན་ཇི་བཞིན་མ་རྟོགས་ཀྱང་ཚིག་དང་སྔགས་ཀྱི་བདེན་པའི་སྟོབས་ཀྱི། རུ་ཏྲ་ཐར་པ་ནག་པོར་སྐྱེས་ནས་དུག་ཤིང་གི་རྩ་བར་འཁོར་བདུད་དང་སྲིན་པོའི་ཆུང་མའི་ཚོགས་དང་བཅས་པ་གནས་ནས་ཤ་ཟ་ཁྲག་འཐུང་རུས་མུར་ལྤགས་གྱོན་གྱི་བརྟུལ་ཞུགས་ཉམས་སུ་བླངས་ཏེ་སྦྱོར་སྒྲོལ་སྒྲ་ཇི་བཞིན་པར་སྤྱོད་པ་དང་། མ་རུང་བརླངས་པོའི་ང་རོ་གཏུམ་པོ་རབ་ཏུ་བསྒྲགས་ནས་གཟུགས་ཁམས་ཀྱི་འབྲས་བུ་ཆེ་བའི་ལྷ་གནས་མན་ཆད་དབང་དུ་བསྡུས་ཏེ་གནས་པའི་དུས་ན། དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོས་ནས་ཞི་བ་ཆེན་པོས་འདུལ་བར་བཞེད་ཀྱང་དྲག་པོ་ཆེན་པོ་དེ་ཉིད་མ་ཐུལ་བའི་ཚུལ་མཛད་ནས། སླར་ཡང་ཆོས་ཉིད་ཞི་བ་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ། གར་གྱི་ཉམས་དགུ་ལྡན་པའི་འབར་བ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་རྣམ་པར་བཀོད་པ་ལས་ཁྱད་པར་དུ་གྱུར་པ་རྡོ་རྗེ་རྟ་ཡི་མགྲིན་བུའི་ཁྲོ་བོ་ཆེན་པོ་མངོན་བར་ཕྱུངས་ཏེ། བདུད་པོ་དེ་ཡི་ལུས་ལ་ཞུགས་ནས་རྡོ་རྗེའི་གཤོགས་པ་རབ་ཏུ་བརྒྱང་སྟེ་སྤྱི་བོ་ནས་རྡོ་རྗེ་རྟ་ཡི་གདོང་པ་ཕྱུངས་ཏེ་ཧཱི་ཧཱི་ཧཱི་ཞེས་མགྲིན་གླུ་རབ་ཏུ་སྒྲོགས་པ་དང་། དཔལ་གྱི་རྟ་སྐད་དེས་ཁམས་གསུམ་དབང་དུ་སྡུད་ཅིང་རུ་ཏྲ་དེ་ཉིད་མ་བཟོད་དེ་ཤིན་ཏུ་སྐྲག་པར་གྱུར་པའི་སྨྲེ་སྔགས་ཀྱི་གདུང་དབྱངས་དྲག་པོས་དཔལ་ཆེན་པོ་ལ་བཟོད་པར་གསོལ་བ་དང་། འཁོར་གྱི་སླས་དང་བྱི་ཕོ་བྱི་མོ། བྲན་དང་བྲན་མོ་ཐམས་ཅད་ཀྱི་སྲོག་སྙིང་ཕུལ་ཞིང་དྲག་པོ་ཆེན་པོ་ཉིད་ཀྱི་ལུས་གདན་དུ་དབུལ་ནས་སྐྱབས་སུ་མཆི་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་པདྨ་དབང་གི་དཀྱིལ་འཁོར་དུ་བཅུག་སྟེ་བྱང་ཆུབ་ཀྱི་སྙིང་པོར་ལུང་བསྟན་པ་དང་། འཁོར་གྱི་ཆུང་མ་ཐམས་ཅད་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་དེ་དཀྱིལ་འཁོར་གྱི་དབུས་ལ་མི་འཚལ་ཡང་ཕྱི་ཁྱམས་སུ་གནས་པར་ཞུས་བཞིན་བཀོད་དེ་དཔལ་གྱི་ཕ་འབབ་ཆེན་པོས་ཚིམ་པར་མཛད་པ་རྣམས་ཀྱང་གདུལ་བྱ་འདུལ་བྱེད་དང་། གསང་སྔགས་ཀྱི་རྒྱུད་འབྱུང་བའི་གླེང་གཞིའི་ཆོ་འཕྲུལ་དུ་སྟོན་པ་ཙམ་ལས་རང་རྒྱུད་དུ་གོ་བར་མི་བྱའོ། །དེ་ལྟར་གླེང་གཞིའི་སྐབས་དོན་དེ་ཡི་སྐབས་སུ་སྟོན་པ་དཔལ་ཆེན་པདྨ་དབང་གི་རྒྱལ་པོ་དེ་ཉིད་ཀྱི་འཁོར་པདྨའི་རིགས་ཀྱི་ཁྲོ་བོ་ཁྲོ་མོ་རིག་འཛིན་གྲུབ་པའི་ཚོགས་བྱེ་བ་འབུམ་ཕྲག་མང་པོ་ལ་པདྨ་རིགས་ཀྱི་ཞི་དང་ཁྲོ་བོའི་རྒྱུད་བསམ་གྱི་མི་ཁྱབ་པ་བཀའ་སྩལ་པ་རྣམས་རང་ལས་མི་གཞན་པའི་སྡུད་མཛད་རྡོ་རྗེ་ཆོས་ཀྱི་བསྡུས་ཏེ་གླེགས་བམ་དུ་བཀོད་པ་རྣམས་མཁའ་འགྲོའི་ཕྱག་དང་། ཨོ་རྒྱན་གྱི་གནས་སུ་བཞུགས་པ་རྣམས་སློབ་དཔོན་ཆེན་པོ་ནཱ་ག་རྫུ་ན་དང་། པདྨ་འབྱུང་གནས། སློབ་དཔོན་རྟ་མཆོག་ཞབས་སོགས་ཀྱི་སྤྱན་དྲངས་ཤིང་། ཁྱད་པར་དུ་མཁའ་འགྲོ་ལས་ཀྱི་དབང་མོ་ཆེས་མཆོད་རྟེན་བདེ་བྱེད་བརྩེགས་པར་སྒྲུབ་སྡེ་བརྒྱད་སྤྱི་དང་བྱེ་བྲག་གི་རྒྱུད་ལུང་མན་ངག་རྣམས་གཏེར་དུ་སྦས་པ་རྣམས་གྲུབ་པ་བརྙེས་པའི་རིག་འཛིན་སློབ་དཔོན་བརྒྱད་ཀྱིས་དགུང་བདུན་དགོངས་པ་མཛད་ནས་བཞུགས་པ་ན། མཁའ་འགྲོ་མས་སློབ་དཔོན་སོ་སོར་སྒྲོམ་བུ་ཕུལ་བ་ན་ཟངས་ཀྱི་སྒྲོམ་བུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཕྱག་ཏུ་ཕུལ་བ་ན་དབང་ཆེན་འདུས་པ་རྩ་བའི་རྒྱུད་དང་། རྟ་མཆོག་རོལ་པའི་རྒྱུད་དང་། རྔོག་མ་ལེ་བརྒན་གྱི་རྒྱུད་སོགས་རྒྱུད་སྡེ་རྒྱ་མཚོ་དེའི་དགོངས་འགྲེལ་ལུང་དང་མན་ངག་གི་གདམས་སྐོར་མཐའ་ཡས་པ་གསུང་གི་རྡོ་རྗེ་པདྨ་སཾ་བྷ་ཝ་ལ་བཀའ་བབ་པ་དེ་ཉིད་ཀྱིས་ཆོས་རྒྱལ་ཡབ་སྲས། ངན་ལམ་བནྡེ་རྒྱལ་བ་མཆོག་དབྱངས་སོགས་ལ་སྩལ་བའི་བཀའ་གཏེར་གྱི་གདམས་ཟབ་མཐའ་ཡས་པ་བཞུགས་པ་རྣམས་ཀྱི་བསྟན་དོན་སྙིང་པོ་ནི་རྟ་སྐད་ཐེངས་གསུམ་གྱི་དགོངས་པ་ཡིན་ཏེ། བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་རྟ་མགྲིན་དགོངས་པ་སྟོན་པ་ལས། སངས་རྒྱས་ས་ལ་འགྲོ་མགྱོགས་པས༔ རྟ་སྐད་ཞེས་ནི་དེ་ལ་བྱ༔ རྟ་ཡི་རང་བཞིན་འགྲོས་མཁས་ལྟར༔ ཐེག་པ་དགུ་དང་ས་ལམ་བསྒྲོད༔ མཁས་ཤིང་རྩེ་མོར་ཕྱིན་པས་ན༔ རྟ་མགྲིན་ཞེས་ནི་དེ་ལ་བྱ༔ རྟ་མགྲིན་རང་བཞིན་ཁ་རྩལ་ཆེ༔ དེ་བཞིན་རྟ་མཆོག་གསང་སྔགས་འདི༔ གསང་སྔགས་གཞན་པས་ཁ་རྩལ་ཆེ༔ རྟ་མགྲིན་ཞེས་ནི་དེ་ལ་བྱ༔ རྟ་ནི་དྲག་པོའི་རྔམ་ཚུལ་ལས༔ རྟ་མགྲིན་ལས་ནི་བྱེད་པའོ༔ རྟ་ནི་དྲག་པོའི་ངར་དང་ལྡན༔ མགྲིན་ནི་གདུག་པ་འདུལ་བའོ༔ རྟ་ནི་རྫུ་འཕྲུལ་རྐང་པར་ལྡན༔ མགྲིན་ནི་སངས་རྒྱས་ས་གནོན་པའོ༔ ཞེས་སོ། །དེ་ཡང་རྟ་ཡི་འགྲོས་དགུ་དང་མཚུངས་སྦྱར་གྱི་ཐེག་པ་དགུར་བཤད་པ་ལ། དང་པོ་སྒྲོག་ཏུ་ཚུད་པ་ནི་མི་མྱུར་པ་འགྲོ་བ་ལྟར། འཇིག་རྟེན་ལྷ་མིའི་ཐེག་པ་ནི་ཆོས་ཉིད་མཉམ་པ་ཆེན་པོའི་དོན་མ་མཐོང་ཞིང་མི་དགེ་བཅུ་སྤང་ལེན་གྱི་ལེགས་སྨོན་ཙམ་ལས་ངེས་འབྱུང་གི་བསམ་པ་དང་བྲལ་བས་ལམ་སྟེགས་ཙམ་དང་། གཉིས་པ་ལྕགས་ཀྱི་འགྲོས་ནི་ལྕགས་སྒྲོག་གིས་སྡོམ་པ་དེ་ཐག་འགྲོས་སུམ་ལག་ལས་མྱུར་ཡང་རང་དབང་གི་བགྲོད་དུ་མེད་པ་ལྟར་ཉན་ཐོས་ཀྱི་གང་ཟག་བདག་མེད་རྟོགས་པའི་ལྟ་བས་སྔ་མའི་དོན་ལས་འཕགས་ཀྱང་མཉམ་པའི་དོན་ཉིད་ཁོང་དུ་མ་ཆུད་པས་ལྟ་སྤྱོད་ཀྱི་འཆིང་བ་དམ་པོས་སྒྲོག་ཏུ་ཚུད་པ་དང་། གསུམ་པ་ཕོ་ཉ་སྲུས་ཀྱི་འགྲོས་ནི། ཐག་པ་དང་ལྕགས་སྒྲོག་སོགས་ལས་གྲོལ་བ་སྔ་མ་ལས་མྱུར་བ་བཞིན། ཆོས་བདག་གི་ཕྱོགས་གཅིག་གཟུང་བ་རང་བཞིན་མེད་པའི་རྟོགས་པས་ཁྱད་པར་དུ་འཕགས་ཀྱང་གོང་མ་ལས་ཐབས་ཤེས་དམན་པས་ལམ་བུལ་ཞིང་མཐར་འབྲས་མངོན་དུ་བྱེད་མི་ནུས་པའོ། །བཞི་པ་མཚམས་ལེགས་གཟེངས་ཀྱི་འགྲོས་ནི། མགོ་འཕང་བཏེགས་ནས་རང་དབང་གི་མྱུར་བའི་ཤུགས་ཀྱི་འགྲོ་བ་ལྟར་ཐེག་ཆེན་པ་བདག་མེད་གཉིས་རྟོགས་ཀྱི་ལྟ་བས་ཁྱད་དུ་འཕགས་ཤིང་། སྤྱོད་པ་ཐབས་ལ་མཁས་པའི་ཆེ་བས་ཁྱད་པར་འཕགས་ཀྱང་རང་འབྲས་ཇི་ཙམ་མྱུར་ཡང་བསྐལ་པ་གྲངས་མེད་གསུམ་སོགས་ལ་བརྩོན་དགོས་པས་ལམ་དལ་བ་དང་། ལྔ་པ་གམ་བུ་ཉལ་འགྲོས་ནི། རྟ་གོམ་པ་མཁས་པའི་འགྲོས་དེ་མྱུར་ཞིང་བདེ་བ་ལྟར་མཉམ་པའི་དོན་མཐོང་ཞིང་། ཀུན་རྫོབ་ཐ་མལ་དུ་མི་འཛིན་པར་ལྷར་བལྟ་བའི་ཐབས་ཀྱི་ཁྱད་པར་དུ་བྱས་བ་དང་། དྲུག་བ་སྤྱང་མོའི་འདུར་འགྲོས་ནི། གོམ་འགྲོས་ལས་འདུར་འགྲོས་ཀྱི་སྤྱང་ཀུ་འགྲོ་བ་ལྟ་བུ་མྱུར་བ་ཡིན་བ་བཞིན། ཀྲི་ཡའི་ལྟ་བ་ལས་ཨུ་པ་དང་ཡོ་ག་ཁྱད་པར་འཕགས་པའི་བདག་དང་ལྷ་མཉམ་པར་ཤེས་པས་དངོས་གྲུབ་སྒྲུབ་ཅིང་ཕྱི་ནང་གི་རྒྱུ་རྐྱེན་མཉམ་པར་སྤྱོད་པ་དང་། བདུན་པ་རོལ་མོའི་སྟབས་འགྲོས་ཞེས་སྔ་མ་ལས་ཀྱང་མྱུར་བར་ལྡིང་སྟབས་ཀྱི་འགྲོ་བ་མགྱོགས་པ་དང་མཚུངས་པར། དབྱིངས་ཡེ་མཉམ་པ་ཉིད་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས་པའི་དགོངས་སྤྱོད་ཁྱད་པར་ཅན་གྱི་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་བ་དང་། བརྒྱད་པ་འཇོལ་མོ་དཀྱུས་འགྲོས་ནི། རྟ་ཤིན་ཏུ་མགྱོགས་པའི་རྒྱུགས་ཆུང་བྱས་ཏེ་འགྲོ་བ་དེ་སྔ་མ་ལས་མྱུར་བ་བཞིན་ཨ་ནུ་ཡོ་གས་སྤྲོས་བཅས་ཀྱི་བསྐྱེད་རིམ་རྒྱས་པ་ལ་ལྟོས་མི་དགོས་པར་སྔགས་བརྗོད་པ་ཙམ་གྱིས་དབྱིངས་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ཤར་བའི་ཚུལ་གྱི་ཆོས་ཐམས་ཅད་གདོད་ནས་དག་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་པས་མཆོག་སྒྲུབ་པ་དང་། དགུ་པ་དཀྱུས་ཚང་བའི་འགྲོས་ནི། རྟ་ལ་རྒྱུགས་རྩལ་ཇི་ཡོད་ཕྱུངས་ན་ཐོགས་པ་མེད་པར་འགྲོ་བ་བཞིན། ཨ་ཏི་ཡོ་ག་རིག་པ་བཅིངས་གྲོལ་ལས་འདས་པ་ཉིད་རང་གནས་རང་བབ་ཡེ་གྲོལ་ཐོག་མཐའ་མེད་པའི་རང་བྱུང་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་སྤྲོས་བྲལ་འོད་གསལ་གྱི་སྦུབས་སུ་སྐུ་གསུམ་མངོན་དུ་གྱུར་པ་སྟེ། དེ་ལྟར་ཐེག་པ་རིམ་དགུའི་དོན་ཐམས་ཅད་ཀྱང་རྟ་མཆོག་རོལ་པའི་དགོངས་པ་འདིར་འདུས་ཤིང་ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་པས་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྤྱིའམ་བླ་མར་གྱུར་པའོ། །དེ་ལྟར་ཐེག་དགུའི་རྩེ་རྒྱལ་མཆོག་གསང་རྫོགས་པ་ཆེན་པོར་ཐེག་པ་འོག་མ་རྣམས་འདུས་ཤིང་ཐེག་པའི་རྩེ་རྒྱལ་གོལ་སྒྲིབ་ཐམས་ཅད་ལས་འདས་པའི་རང་རིག་བྱང་ཆུབ་ཀྱི་སེམས་རང་བྱུང་རིག་པའི་རྒྱལ་པོ་མཚན་མཚོན་བརྗོད་པ་ཐམས་ཅད་དང་བྲལ་བ་འདི་ནི་ལྟ་བ་སྟེ་རྟ་སྐད་ཐེངས་གཅིག་དང་། རྟ་སྐད་གཉིས་པས་ནི་པདྨའི་རིགས་ཀྱི་ཞི་བ་དང་ཁྲོ་བོའི་བསྐྱེད་རྫོགས་ལམ་གྱི་རིམ་པའི་མཐར་ཐུག་ཁམས་གསུམ་ཟིལ་གྱི་གནོན་པ་རང་སྣང་དབང་མཛད་པདྨ་དབང་ཆེན་ཁྲོ་བོའི་རྒྱལ་པོ་འདི་ཉིད། ལྷག་པའི་ལྷ་ཐམས་ཅད་ལས་ཐུགས་རྗེ་ཤུགས་དྲག་མྱུར་བ་ཚན་ཆེ་ཞིང་བྱིན་བརྗིད་ཆེ་བ་སྟེ། ཨོ་རྒྱན་མཁན་པོའི་ལུང་ལས། འགྲོས་སྐད་ལྗང་ཞུར་བརྡ་སྐད་ཀྱིས༔ ཐེག་དགུ་ཆུབ་དང་ས་ལམ་སྦྱང་༔ ལ་ཤན་ཕྱེ་སྟེ་བརྡ་སྤྲོད་དང་༔ སུམ་ལག་སྒྲོག་འགྲོས་སྡོམ་པ་ལྕགས༔ ཕོ་ཉ་བསྲུས་དང་མཚམས་ལེགས་གཟེངས༔ གམ་བུའི་ཉལ་དང་སྤྱང་མོའི་མདུར༔ རོལ་པའི་སྟབས་དང་འཇོལ་མོའི་འགྲོས༔ དཀྱུས་རྫོགས་རྣམས་ཀྱིས་ཐེག་དགུ་རྫོགས༔ སྙན་འཇམ་གསང་དང་ཡིད་འོང་རིང་༔ འགྲེལ་རྩལ་ཟིལ་དངར་གདངས་ངར་ཆེ༔ ཕུལ་དུ་ཕྱིན་དང་རྩོལ་མེད་པར༔ ས་མཆོག་བཅུ་གསུམ་རབ་ཏུ་གནོན༔ ཞེས་པ་ལྟར་རྟ་ཡི་སྐད་སྙན་པ་དང་། འཇམ་པ་དང་། གཏང་བ་དང་། གསང་བ། རིང་བ། ཡིད་དུ་འོང་བ། འགྲེལ་བ། བར་མ་ཆད་པ། ཟིལ་ཆེ་བ། རྩལ་ཆེ་བ། གདངས་ཆེ་བ། ངར་ཆེས་པ། ཕུལ་དུ་བྱུང་བ་སྟེ་ཆེ་བ་བཅུ་གསུམ་དང་ལྡན་པའི་དཔེས་ཐེག་དགུ་དང་ས་ཡི་རིམ་པ་རྣམས་དང་སྦྱར་ཏེ་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་རབ་ཏུ་དགའ་བ་ས་དང་པོ་དང་། ཐུགས་བྱམས་པ་ཆེན་པོ་ས་གཉིས་པ་དང་། འགྲོ་བ་ཐམས་ཅད་ལ་ཐུགས་སྙོམས་པས་ས་གསུམ་པ་དང་། ཐུགས་གསལ་བས་དོན་མཛད་པ་ས་བཞི་པ་དང་། དུས་རིང་པོར་འགྲོ་དོན་ལ་མི་སྐྱོ་བས་ས་ལྔ་པ་དང་། གདུལ་བྱའི་རེ་བ་ཐམས་ཅད་རྫོགས་པར་མཛད་པས་ས་དྲུག་པ་དང་། འགྲོ་བ་རྣམས་ལ་ཐུགས་རྗེས་རྟག་པར་འབྲེལ་བས་ས་བདུན་པ་དང་། འགྲོ་དོན་རྒྱུན་མི་ཆད་པས་ས་བརྒྱད་པ་དང་། གདུལ་བྱའི་ཉོན་མོངས་པ་འཇམ་ཞིང་ཟིལ་གྱིས་གནོན་པས་ས་དགུ་པ་དང་། འགྲོ་བའི་དོན་ལ་ཐུགས་རྗེ་མཐུ་ནུས་སྟོབས་རྩལ་ལྡན་པས་ས་བཅུ་པ་དང་། འགྲོ་དོན་མཛད་པ་དེའང་ནམ་མཁའི་དབྱིངས་ལྟར་རྒྱ་ཆེ་བས་ས་བཅུ་གཅིག་པ་དང་། འགྲོ་བ་རྒྱ་མཚོ་སྒྲོལ་བའི་ངར་དང་ལྡན་པས་ས་བཅུ་གཉིས་པ་མ་ཆགས་པདྨ་ཅན་དང་། འགྲོ་བའི་དོན་ལ་ལྷ་དང་བཅས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཕུལ་དུ་བྱུང་བས་ས་བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་སྦྱར་ཞིང་། དེ་རྣམས་ཀྱང་ལམ་ལྔས་རྫོགས་པ་སྟེ་རྟ་སྐད་ཆེ་བ་བཅུ་གསུམ་དང་ལྡན་པ་ཐེངས་གཅིག་བསྒྲགས་པས་ཡོན་ཏན་བཅུ་གསུམ་དུས་གཅིག་ལ་ཚང་བ་བཞིན། རྟ་ཞལ་ལ་རྟ་གདོང་ལྗང་གུ་ཞུར་དཀར། ཕྲུམ་ཕྲུམ་སེར་པོ། རྔོག་མ་དམར་པོ་སོགས་བརྡ་རྟགས་ཀྱི་རྣམ་པ་དུ་མས་མཚོན་པའི་བསྐྱེད་རྫོགས་ཟབ་མོས་རྟ་སྐད་ཀྱི་དགོངས་པ་ལམ་དུ་ལྷོངས་བས་དུས་གཅིག་ཆར་དུ་བསྒྲོད་པ་ཡིན་ནོ། །གསང་སྔགས་ལ་ཤན་དབྱེ་བའི་རྟ་སྐད་ནི། རྟ་མཆོག་རོལ་པའི་ལྷ་སྔགས་དགོངས་སྤྱོད་ཐམས་ཅད་ལམ་གཞན་ལས་བགྲོད་པ་མགྱོགས་པ་དང་། ས་ལམ་བགྲོད་པ་ལ་མཁས་པའི་རྩེ་མོར་ཕྱིན་པ་དང་། གསང་སྔགས་གཞན་ལས་ཁ་རྩལ་ཆེ་བ་དང་། རྔམ་དྲག་གི་གདུག་པ་འདུལ་བ་དང་། རྫུ་འཕྲུལ་གྱི་རྐང་པས་སངས་རྒྱས་ཀྱི་ས་ལ་མྱུར་དུ་ཕྱིན་པའི་རྟགས་དང་ལྡན་པ་དེ་རྣམས་ཀྱིས་རྟ་མགྲིན་ཞེས་བྱ་སྟེ་སྔར་གྱི་ལུང་གིས་བསྟན་ལ། ཕྱི་ཡི་རྟ་མགྲིན་དེ་ནང་རྣལ་འབྱོར་པའི་ལུས་རྟ་མགྲིན་གྱི་སྐུ། གསང་བ་རང་གི་སེམས་ལས་གཞན་དུ་མེད་པས་སྣང་གྲགས་རིག་གསུམ་རྟ་མཆོག་རོལ་པའི་རྡོ་རྗེ་གསུམ་དུ་ཤེས་ཤིང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ངེས་པ་དོན་གྱི་པདྨ་དབང་ཆེན་དུ་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་ན་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་འགྱུར་ཞིང་། ས་ལམ་དང་སྦྱར་བ་ཐེག་པའི་ལ་ཤན་དབྱེ་ཞིང་སྒོམ་པའི་གནད་ཀྱི་ཆེ་བ་བསྟན་པའི་རྟ་སྐད་གཉིས་པ་སྟེ། ལུང་ལས། ཕྱི་ཡི་རྟ་མགྲིན་ཁྲོ་བོའི་སྐུ༔ ནང་གི་རྟ་མགྲིན་རྣལ་འབྱོར་སྐུ༔ གསང་བ་རྟ་མགྲིན་རང་སེམས་འདི༔ སེམས་ལས་ལོག་ན་བསྒྲུབ་ཏུ་མེད༔ སེམས་ཉིད་རྟ་མགྲིན་དུ་ཤེས་ན༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཡིད་བཞིན་ནོར་བུ་རང་ལས་རྙེད༔ ཅིར་སྣང་ཅིར་སྟོང་ཅིར་ཐོབ་པ༔ རྟ་མགྲིན་ཉིད་ལས་གཞན་མ་ཡིན༔ སྐུ་ཡི་ཆོ་འཕྲུལ་རྟ་མགྲིན་སྐུ་རུ་གསལ༔ གསུང་གི་རང་བཞིན་རྟ་སྐད་ཅི་སྒྲོགས་པ༔ མ་སྐྱེས་མ་འགགས་གསུང་དུ་མྱ་ངན་འདས༔ ཐུགས་ཀྱི་རང་བཞིན་རྟ་མགྲིན་ཅི་ཡང་གསལ༔ ཆོས་སྐུ་མཚན་མེད་ངང་དུ་མྱ་ངན་འདས༔ འདི་ལྟར་རྟོགས་ན་རྟ་མགྲིན་རྣལ་འབྱོར་ཡིན༔ གསང་སྔགས་ལ་ཤན་དབྱེ་བས་ཁྱད་པར་འཕགས༔ ཞེས་དང་། མཆོག་གཏེར་བཀའ་བརྒྱད་ལས། རྟ་མགྲིན་རྒྱལ་བའི་སྐུ་གསུང་ཐུགས༔ རྣལ་འབྱོར་ལུས་ངག་སེམས་སུ་གཅིག༔ ཅིར་སྣང་ཅི་ཐོས་ཅི་རྟོགས་པ༔ རྟ་མགྲིན་ལས་ནི་གཞན་མེད་དོ༔ སྐྱེ་མེད་དངོས་མེད་མཚན་མ་མེད༔ འགྱུར་མེད་དབྱིངས་སུ་ལ་ཤན་དབྱེ༔ དཔལ་གྱི་རྟ་སྐད་ཐེངས་གསུམ་ནི༔ ལྷང་ལྷང་ཙེར་ཙེར་ལན་གསུམ་གྱིས༔ ཐམས་ཅད་དཔལ་ཆེན་སྐུར་རྫོགས་ནས༔ དུག་གསུམ་དྲི་གསུམ་མཆོད་ཕུལ་ཏེ༔ མ་མོ་མཁའ་འགྲོ་དབང་དུ་སྡུད༔ ཅེས་འབྱུང་ངོ་། །གདུལ་བྱ་ཐབས་ཀྱི་རྟ་སྐད་ནི། དཔལ་གྱི་རྟ་སྐད་ཐེངས་གསུམ་གྱི་མ་མོ་མཁའ་འགྲོའི་ཚོགས་ལ་བརྡ་སྤྲོད། མ་མོའི་འགྱིང་སྐད་ཐེངས་གསུམ་གྱིས་རྡོ་རྗེའི་མིང་སྲིང་བརྡ་འཕྲོད་དེ་དགོངས་པའི་གཏེར་མཛོད་གྲོལ་བ་དང་། རྣལ་འབྱོར་པའི་བརྡ་སྐད་ཐེངས་གསུམ་སྣང་སྲིད་ཀྱི་མ་མོ་བྱེ་བ་འབུམ་ཕྲག་མཁའ་ཀློང་ཡངས་པ་ཆེན་པོའི་ཚོགས་ལ་དབང་བསྒྱུར་ཏེ་རྡོ་རྗེའི་རྣལ་འབྱོར་དཔལ་ཧེ་རུ་ཀའི་རིག་པ་འཛིན་པ་ལྕམ་དྲལ་གྱི་ལས། བྱེད་པའི་ཚུལ་བསྟན་པ་དང་གསུམ་གྱིས། དང་པོ་དཔལ་གྱི་རྟ་མགྲིན་གྱི་གཙུག་ནས་རྟ་སྐད་དང་པོས། སྣང་སྲིད་གདོད་ནས་དག་མཉམ་ཆེན་པོ་རང་བྱུང་གི་ཡེ་ཤེས་ཀྱི་ངང་དུ་རྟ་མགྲིན་གྱི་དཀྱིལ་འཁོར་ལྷུན་གྱིས་རྫོགས་པ་དང་། རྟ་སྐད་བར་པས། སྲིད་གསུམ་གྱི་བསྡུས་པའི་ཆོས་ཐམས་ཅད་ཤ་ཁྲག་རུས་པའི་གཏེར་ཆེན་པོར་གྱུར་པས་མ་མོ་མཁའ་འགྲོ་འདས་མ་འདས་ཐམས་ཅད་ཀྱི་དགྱེས་རྒུའི་མཆོད་སྤྲིན་ཆེན་པོར་བྱས། རྟ་སྐད་ཐ་མས། སྣང་སྲིད་ཀྱི་མ་མོ་མཁའ་འགྲོ་དབང་དུ་སྡུད་དེ་བཀའ་བཞིན་ཉན་པར་འགྱིང་གླུ་དང་བཅས་པས་བཀུག་ནས་ཞི་སོགས་ལས་ཐམས་ཅད་བསམ་པ་བཞིན་དུ་རྫོགས་པར་བྱེད་པ་སྟེ། ཡི་དམ་དཔལ་ཆེན་པོའི་རྟ་སྐད་བསྒྲགས་པ་དེ་བཞིན་ལམ་དུས་སུ་རྣལ་འབྱོར་པས་འབྲས་བུའི་རྣམ་པ་དེ་བཞིན་བསྒོམ་པ་ཡིན་ནོ། །དེའང་རྫོང་འཕྲང་ལས། རྟ་མཆོག་རྒྱལ་པོའི་ཏིང་ངེ་འཛིན་ལ་ཞུགས་པས། ཆེ་བའི་ང་རྒྱལ་གྱི་སྐད་ཐབས་གསུམ་གྱིས་ཁམས་གསུམ་ཟིལ་གྱིས་གནོན་ནོ། །དེ་ལ་རྟ་སྐད་དང་པོ་བོས་པས། ཁམས་གསུམ་སྲིད་གསུམ་དུ་སྣང་བའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་མ་བྱས་ལྷུན་གྱིས་གྲུབ་པར་རྟོགས་སོ། །རྟ་སྐད་བར་མ་བོས་པས། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་ཤ་ཆེན་གྱི་ཕུང་པོ་དང་། ཁྲག་ཆེན་གྱི་རྒྱ་མཚོ་དང་། ཀེང་རུས་ཀྱི་རི་རབ་ཏུ་གྱུར་པས། མ་མོ་དང་མཁའ་འགྲོ་ཐམས་ཅད་དགྱེས་པའི་ལོངས་སྤྱོད་རྒྱུན་མི་ཆད་པར་བསམ་མོ། །རྟ་སྐད་ཐ་མ་བོས་པས། མ་མོ་དང་མཁའ་འགྲོ་ཐམས་ཅད་བཀའ་འོག་ཏུ་འདུས་ནས་ཅི་བཅོལ་བ་བྱེད་ཅིང་ཕྲིན་ལས་རྣམ་བཞི་རྫོགས་པར་བྱེད་པ་ནི་བཀའ་ཉན་གསུང་སྡོད་ཞེས་དེ་ལ་བྱའོ། །ཞེས་གསུངས་སོ། །རྟ་སྐད་གསུམ་པོ་དེས་ལྟ་སྒོམ་སྤྱོད་པ་གསུམ་བསྟན་ཏེ། རྟ་མཆོག་རོལ་པའི་ཐུགས་ཏིག་ལས། གནས་ལུགས་རྟ་ཡི་མགྲིན་པ་ཅན༔ ཐབས་གྲོལ་གྱིས་ནི་མཆོག་ཏུ་སྣང་༔ འབྲས་བུ་མཐར་ཕྱིན་རོལ་པ་ཡིས༔ འགྲོ་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ ཅེས་གསུངས་པ་ལྟར། རྟ་སྐད་དང་པོས་སྣང་སྲིད་ཐམས་ཅད་གདོད་ནས་མ་བཅོས་མ་བསླད་དག་མཉམ་ཆེན་པོ་ཡེ་ཇི་བཞིན་པ་བྱ་རྩོལ་དང་བྲལ་བའི་ལྟ་བ་དང་། གཉིས་པས་གསང་ཆེན་ཐབས་ལ་མཁས་པས་དུག་གསུམ་མ་སྤང་གནས་སུ་དག་ཅིང་རང་སྣང་གི་མ་ཚོགས་ཌཱ་ཀི་དབང་དུ་བསྡུས་ནས་སྦྱོར་སྒྲོལ་མཆོག་གི་བརྟུལ་ཞུགས་ལམ་དུ་བྱེད་པ་དང་། རྟ་སྐད་གསུམ་པས་བླ་མེད་ཐེག་པའི་རྣལ་འབྱོར་པས་དྷཱ་ཀི་ཐམས་ཅད་དབང་དུ་གྱུར་པས་ལས་རྣམ་བཞི་གང་མོས་པ་ཐམས་ཅད་བསམ་མ་ཐག་ཏུ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་བསྟན་པ། ངེས་དོན་དུ། རྟ་སྐད་དང་པོས་ལྟ་བ་གཏན་ལ་དབབ་པ་སྟེ། སྣང་གྲགས་རིག་གསུམ་གྱི་ཆོས་ཐམས་ཅད་རང་གི་སེམས་སྣང་ཡིན་ལ། དེའང་གཅིག་དང་ཐ་དད་བྲལ་བ་གཉིས་སུ་མེད་པར་སྣང་བ་དེ་ཀུན་ཀྱང་འགགས་མེད་དུ་འཆར་བ་སྒྱུ་མ་ལྟ་བུ་དང་། རང་བཞིན་སྟོང་པ་ཆུ་ཟླ་ལྟ་བུར་འཆར་ཞིང་སྣང་ལ། ནང་ཡུལ་ཅན་གྱི་ཤེས་པ་ལ་བརྟགས་པས། ཡེ་ཤེས་ནང་གསལ་འདུས་མ་བྱས་པ་འཁོར་འདས་དབྱེར་མེད་ཆེན་པོར་གནས་པ་སྟེ། ནཱ་གཱ་རྫུ་ནའི་ཐུགས་ཏིག་ལས། ཕྱི་རོལ་སྣང་བ་ཇི་སྙེད་པ༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ སྣང་བ་མ་འགགས་སྒྱུ་མ་འདྲ༔ རང་བཞིན་བདེན་མེད་ཆུ་ཟླ་འདྲ༔ སྣང་མཁན་སེམས་ལ་ཚུར་དཔྱད་པས༔ ཆེས་ཕྲའི་ཡེ་ཤེས་ནང་དུ་གསལ༔ སྟོང་ཉིད་རྡོ་རྗེ་ནམ་མཁའི་དཀྱིལ༔ རྡུལ་བྲལ་འདུས་མ་བྱས་པ་སྟེ༔ རང་གི་རང་བཞིན་དེ་ཁོ་ན༔ འདི་ནི་གསལ་བ་འཁོར་བ་སྟེ༔ འདི་ནི་རང་བཞིན་མྱ་ངན་འདས༔ འཁོར་འདས་དབྱེར་མེད་དོན་རྟོགས་ན༔ གང་བལྟས་པདྨ་དབང་གི་ལྷ༔ ཅི་སྤྱོད་གཟི་ལྡན་རོལ་པའི་ཡུམ༔ དེ་ཁོ་ན་ཉིད་མངོན་དུ་འགྱུར༔ ཞེས་གསུངས་སོ། །རྟ་སྐད་གཉིས་པས་ཐ་མལ་གྱི་སྣང་ཞེན་སྦྱངས་པའི་ཕྱིར་བསྐྱེད་རིམ་གསལ་དག་བརྟན་པ་གསུམ་སྒྲུབ་པས་སྦྱོངས་པ་དང་། རླུང་སྲོག་རྩོལ་བཟླས་པ་སྔགས་ཀྱིས་སྦྱངས་པ། སེམས་འཁྲུལ་རྟོག་དག་བྱེད་སྟོང་བཞིའི་སྡུད་རིམ་དང་དབྱེར་མེད་པའི་འོད་གསལ་ཆེན་པོའི་ངང་དུ་འཇོག་པ་དང་། དེ་ལྟར་གོམས་པས་ལས་རླུང་སྲོག་རྩོལ་གྱི་རྒྱུ་བ་དྷུ་ཏིའི་དབྱིངས་སུ་འགོགས་པར་བྱེད་པའི་སྒོ་གསུམ་བཅིངས་ཏེ། རྡོར་བཟླས་ཀྱི་རྩ་ལམ་སྦྱངས། བུམ་ཅན་གྱི་སྦྱོར་བས་ཞུ་བདེའི་རྣལ་འབྱོར་སྒྲུབ། དེ་ལས་འགྱུར་མེད་བདེ་བ་ཆེན་པོ་སྒྲུབ། དེ་ལས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཡེ་ཤེས་རིས་མེད་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་ཐམས་ཅད་པའི་མཆོག་དམ་པ་མངོན་སུམ་དུ་འགྲུབ་པའི་ཚུལ་རྣམས་ཀྱང་བསྟན་ཏོ། །རྟ་སྐད་གསུམ་པས་དབང་གི་རྒྱུད་སྨིན་ཅིང་སྡོམ་པ་དང་དམ་ཚིག་མ་ཉམས་པས་ལྟ་བ་གཏན་ལ་དབབ། བསྐྱེད་རིམ་སྒོམ་པས་སྔགས་ཀྱི་ཚོགས་ལམ་དང་། རླུང་སེམས་ལས་སུ་རུང་བས་དྲོད་རྩེ་དང་། ཐིག་ལེ་བདེ་ཆེན་དུ་རྫོགས་པས་བཟོད་ཆོས། ཟུང་འཇུག་དོན་གྱི་ཡེ་ཤེས་མཐོང་ལམ། དེ་གོམ་པས་སྒོམ་ལམ་སླེབ་པ་དང་། དེ་ཉིད་མཐར་ཐུག་པ་མི་སློབ་པའི་སྐུ་དང་ཡེ་ཤེས་མངོན་དུ་བྱས་ཏེ། ཇི་སྐད་དུ། འཁོར་འདས་གཉིས་མེད་ཀུན་གྱི་སྲོག༔ མཉམ་པ་ཉིད་ལས་མ་གཡོས་བཞིན༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ རྟ་མཆོག་རོལ་པ་ཚེ་འདིར་འགྲུབ༔ ཅེས་གསུངས་བ་བཞིན་འབྲས་བུ་བཅུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་མཆོག་ཉིད་ཚེ་འདིའམ་བར་དོར་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་ཡི་དམ་ལྷ་ཡི་དཔལ་གྱི་རྟ་སྐད་དེས་བསྐུལ་ནས། མ་ཚོགས་མཁའ་འགྲོའི་འགྱིང་གླུ་སྔོན་དཔལ་ཆེན་པོའི་ཐ་ཚིག་ཇི་ལྟར་བསྒོ་བ་རྗེས་སུ་དྲན་ཅིང་དེ་ལས་མི་འདའ་བ་འགྱིང་གླུ་བླངས་པ་ནི། བདག་ཅག་ནམ་མཁའ་དབྱིངས་ནས་མཆི། །ནམ་མཁའི་དབྱིངས་ནས་མི་མཆི་རུ། །བདག་ཅག་གནས་ནི་ནམ་མཁའ་ལགས། །བདག་ཅག་འཐེང་ཞིང་གྲུམ་ཞིང་མཆི། །འཐེང་ཞིང་གྲུམ་ཞིང་མི་མཆི་རུ། །ཞེས་སོགས་ཀྱི་གླུ་བླངས་པ་སྟེ། རྫོང་འཕྲང་ལས། མ་མོའི་འགྱིང་སྐད་ནི་དཔལ་གྱི་རྟ་སྐད་བོས་ཙམ་ན་མ་མོ་རྣམས་འགྱིང་ཞིང་སྔོན་གྱི་ཐ་ཚིག་དང་དམ་ཚིག་ལས་མི་འདའ་བའི་གླུ་ལེན་ཏེ། ཞེས་འབྱུང་ངོ་། །རྣལ་འབྱོར་པའི་བརྡ་སྐད་ཐེངས་གསུམ་ནི། ཐལ་མོ་ལན་གསུམ་བརྡབ་པའི་དང་པོས་ཁྲག་འཐུང་ཆེན་པོ་རྣམས་ཐུགས་དམ་བསྐུལ། གཉིས་པས་ཕྲ་མེན་རྣམས་དབྱིངས་ནས་བསྐུལ། གསུམ་པས་མཁའ་འགྲོའི་ཚོགས་རྣམས་ལས་ལ་བསྐུལ་ནས་གཙིགས་ལ་དབབ་པ་སྟེ། བཀའ་བརྒྱད་རྫོང་འཕྲང་ལས། རྣལ་འབྱོར་པའི་བརྡ་སྐད་ཐེངས་གསུམ་ནི། །ཆོས་ལ་དགྲ་བྱུང་སངས་རྒྱས་ར་མདའ་ལོག །ཅེས་བྱ་སྟེ་ཐལ་མོ་བརྡབ་པས་ཁྲག་འཐུང་རྣམས་དབྱིངས་ནས་བསྐུལ། ཞེས་དང་། མཆོག་གཏེར་རྟ་ཡི་དགོངས་འདུས་ལས། དེ་ཚེ་མ་མོའི་འགེངས་སྐད་ཀྱིས༔ དམ་ཚིག་དགོངས་ནས་མྱུར་འོངས་ཏེ༔ བདག་གི་བསྒོ་བཞིན་བཀའ་ལུང་ཉན༔ ཐལ་མོ་དྲག་ཏུ་བརྡབ་པ་ཡི༔ བདག་ཅག་ནམ་མཁའི་དཀྱིལ་ན་མཆི༔ ཞེས་སོགས་འབྱུང་ངོ་། །དེ་ལྟར་དཔལ་གྱི་རྟ་སྐད་ཀྱིས་སྔོན་བྱུང་སྟོན་པའི་རྣམ་ཐར། རྗེས་འཇུག་ཉམས་ལེན་དང་སྦྱར་བས་བརྡ་སྤྲད། མ་མོའི་འགྱིང་སྐད་ཀྱི་ཐུགས་དགོངས་པ་རང་བྱུང་གི་ཀློང་རྡོལ་ཏེ་དེ་ཐམས་ཅད་རང་སྣང་གི་རོལ་རྩལ་དུ་ཤེས། རྣལ་འབྱོར་པའི་བརྡ་སྐད་ཀྱི་སྲིད་ཞི་ཐམས་ཅད་དབང་དུ་བསྡུས་པས་ཕྲིན་ལས་བྱེད་པས་ན་གདུལ་བྱ་ཐབས་ཀྱི་རྟ་སྐད་དང་། དེ་ཐམས་ཅད་རྟོགས་པའི་ལྟ་བར་དགོངས། གྲོགས་སྤྱོད་པར་དགོངས་པ་གཉིས་སུ་བསྡུ། དང་པོ་ལ། རང་བཞིན་དོན་གྱི་རྟ་སྐད་ཆོས་ཐམས་ཅད་མ་བཅོས་མཉམ་པ་ཉིད་ཀྱི་རྟ་མགྲིན། དེའང་རང་གི་རིག་པ་ཡེ་ནས་མ་བཅོས་དེར་ཤར་བ་དང་། དེ་ལྟར་སྣང་སྟོང་བདེན་གཉིས་དབྱེར་མེད་དམ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་གཉིས་མེད་བདེ་བ་ཆེན་པོ་རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་བསྟན་པས་ནི་རང་བཞིན་ངོ་བོ་དོན་གྱི་རྟ་སྐད་དེ་ཇི་བཞིན་གཏན་ལ་ཕེབས་པའོ། །རྟ་སྐད་སྤྱོད་པར་དགོངས་པ་ལ་གདུལ་བྱ་ཐབས་ཀྱི་རྟ་སྐད་དཔལ་ཆེན་ཆེ་བའི་རྟ་སྐད་དེ་ལ་དམ་ཚིག་རྗེས་བསྐུལ་གྱི་དཔལ་གྱི་རྟ་སྐད་དང་པོ། གཉིས་པས་བཀའ་ལ་དྲང་། གསུམ་པས་དོན་བྱེད། མ་མོའི་འགྱིང་གླུ་གསུམ་གྱི་དང་པོ་རང་རྒྱུད་ཆེ་བའི་རྔམ་སྐད། བར་པ་བྱིན་རླབས་རྫས་ལྡན་གྱི་གདངས་སྐད། ཐ་མ་དྲག་པོ་ལས་ལ་ཆས་པའི་རྔམ་སྐད་དོ། །རྣལ་འབྱོར་པའི་བརྡ་སྐད་ཐེང་གསུམ་གྱི་དང་པོ་ལུས་བརྡ། གཉིས་པས་ངག་བརྡ། གསུམ་པས་ཡིད་བརྡའོ། །དཔལ་གྱི་ཆེ་བའི་རྟ་སྐད་ནི། ཇི་སྐད་དུ། པདྨ་དབང་གི་སྤྱི་བོ་ནས༔ མྱུར་མགྱོགས་ཤུགས་ལྡན་གདོང་པ་ཡི༔ ཨི་ཧིའི་རྟ་དབྱངས་འཚེར་བ་ལས༔ ཞེས་དང་། པདྨ་ཁྲག་འཐུང་ཁྲོས་པའི་སྐུ༔ ཐམས་ཅད་དབང་དུ་སྡུད་པར་བྱེད༔ ཅེས་སོགས་རྒྱ་ཆེར་འབྱུང་ཞིང་། ལྷ་སྲིན་སྡེ་བརྒྱད་དབང་དུ་མི་འདུ་བ་དང་། རྟགས་མི་ཐོན། བགོ་བ་མི་ཉན་ན་པདྨ་དབང་གི་ཏིང་ངེ་འཛིན་གྱིས་སྒྲུབ་ན་འགྲུབ་སྟེ་རྟ་སྐད་ཐེངས་གསུམ་གྱི་དྲེགས་པ་ཐམས་ཅད་ཧད་ཀྱི་སྔངས་པ་དང་། ཤ་རུལ་ལ་སྒྲང་མ་བཞིན་དུ་འདུ་ཞིང་། རྒྱལ་པོའི་བཀའ་ཐེམ་ལས་འདའ་མི་ནུས་པ་བཞིན་ལས་བྱེད་པར་འགྱུར་བས་ཞི་རྒྱས་དྲག་གསུམ་གྱིས་འདུལ་བར་མི་ནུས་པ་རྣམས་དབང་གི་ལས་ཀྱི་གདུལ་བས་ན། ལས་ཀྱི་རྩ་བ་མཆོག་གི་དངོས་གྲུབ་དབང་དུ་བྱེད་པའང་འདི་ཁོ་ན་ཡིན་ནོ། །དེ་ལྟར་གྱི་རྣལ་འབྱོར་ཉམས་སུ་བླངས་འདོད་པས་དང་པོ་དབང་གིས་སྨིན་པ་གལ་ཆེ་སྟེ། རྟ་མཆོག་རོལ་པའི་རྒྱུད་ལས། རིགས་ཀྱི་བུ་མ་འོངས་པའི་འགྲོ་བ་གསང་སྔགས་ཀྱི་ལམ་ལ་འཇུག་པར་འདོད་པ་དག་ནི་རྡོ་རྗེ་སློབ་དཔོན་ལ་བརྟེན་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཞེས་གསུངས་པས་སོ། །དེ་ནས་ལྟ་བ་གཏན་ལ་དབབ་དགོས་ཏེ། རྒྱུད་དེ་ཉིད་ལས། ཐམས་ཅད་སྒྱུ་མ་ལྟ་བུའི་ཚུལ། །ཐམས་ཅད་རང་བཞིན་སྟོང་པ་ཉིད། །ཟུང་དུ་འཇུག་པའི་ཡེ་ཤེས་ནི། །དེ་ནི་བླ་མེད་མཆོག་དམ་པ། །ཞེས་དང་། ལྟ་བ་དེ་གོམས་པ་དང་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོར་བརྩོན་པ་ལས་པདྨ་དབང་མངོན་དུ་འགྱུར་ཏེ། དགོངས་པ་ལུང་སྟོན་ལས། ཡུལ་སེམས་རབ་ཏུ་རྟོགས་གྱུར་ན། །གང་བལྟས་པདྨ་དབང་གི་ལྷ། །ཇི་ལྟར་བྱས་ཀྱང་སྐྱོན་མེད་པ། །དབང་ཆེན་ཞེས་ནི་དེ་ལ་བྱ། །ཞེས་གསུངས་སོ། །རྟ་སྐད་ཐེངས་གསུམ་དུ་བསྒྲགས་པ་དེ་རྣམས་ཀྱང་རང་རིག་པ་སྐྱེ་མེད་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་གི་ཆོས་ཉིད་ཀྱི་དཔལ་གྱི་རྟ་སྐད་ཐེངས་གཅིག་ཏུ་ལ་བཟླ་བ་ཡིན་ཏེ། རྟ་མགྲིན་ཐུགས་ཏིག་ལས། ཧཱི་ཧཱི་ཧཱི། རྡོ་རྗེའི་རྟ་སྐད་འཚེར་བའི་དབྱངས༔ གསལ་ཞིང་བརྗིད་པའི་གདངས་ཆེན་པོ༔ རང་བྱུང་ནམ་མཁའི་དཀྱིལ་ནས་བསྒྲགས༔ བདེ་སྟོང་ཉམས་ཀྱི་ངོ་བོར་ལྟོས༔ དེ་ལ་རྩེ་གཅིག་མཉམ་བཞག་པས༔ དང་པོ་སྐྱེ་མེད་སྟོང་སང་ངེ་༔ བར་དུ་གནས་མེད་ཟང་ཐལ་ལེ༔ ཐ་མ་འགགས་མེད་ལྗེན་ཅེ་རེ༔ རང་བཞིན་ཡོངས་ཤེས་དྲན་པའི་ངང་༔ ཡིད་མིག་རླུང་གསུམ་དབྱེར་མེད་འཇོག༔ འདི་དོན་རྟོགས་ན་དོན་གྱི་དབང་༔ པདྨ་དབང་ཆེན་ཚེ་འདིར་འགྲུབ༔ ཅེས་ངོ་སྤྲོད་དོན་གྱི་སྙིང་པོ་རྩ་བ་ཉིད་སྙིང་གི་བཅུད་ཕུར་དུ་བཟུང་ནས་གཞི་ལམ་འབྲས་གསུམ་དབྱེར་མེད་ཀྱི་ཉམས་ལེན་ལ་ཆུ་བོའི་རྒྱུན་བཞིན་བརྩོན་པར་བྱའོ། །སླར་སྨྲས་པ། མཆོག་སྒྲུབ་ཀུན་གྱི་རྒྱལ་པོ་པདྨ་དབང་། །པདྨ་གསུང་གི་རིག་འཛིན་ཨོ་རྒྱན་རྗེ། །བརྒྱུད་པར་བཅས་པས་གསང་བའི་ཐུགས་དམ་ཡིན། །དེ་ཕྱིར་པདྨའི་རྗེས་འཇུག་འདིར་བརྩོན་རིགས། །འདི་ལ་ནོངས་པའི་དྲི་མ་མཆིས་གྱུར་ན། །བླ་མ་རྟ་མཆོག་རོལ་པའི་སྤྱན་སྔར་བཤགས། །དགེ་བ་དྲི་མེད་པདྨ་ལྟར་རྒྱལ་པ། །བསྟན་དང་འགྲོ་ལ་ཕན་པའི་ཕྱིར་དུ་བསྔོ། །ཁམས་གསུམ་རླུང་སེམས་སྣང་བ་དབང་དུ་འདུས། །ཆོས་ཉིད་ཤུགས་དྲག་རྟ་མཆོག་རྩལ་རྫོགས་ཏེ། །རྣམ་མཁྱེན་སྐུ་བཞིའི་གྲོང་དུ་འཁྲིད་པ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །{{TibChung|ཅེས་དབང་ཆེན་པདྨ་ཧེ་རུ་ཀའི་རྟ་སྐད་ཀྱི་དགོངས་པ་ཅུང་ཟད་བྲིས་པ་འདིའང་རིག་འཛིན་མཁས་གྲུབ་ཆེན་པོ་རྣམས་ཀྱི་གསུང་གི་རྗེས་སུ་འབྲང་ནས་པདྨའི་སྔགས་རིག་འཛིན་པ་༧པདྨ་ཡེ་ཤེས་རྡོ་རྗེ་ལ་རང་སློབ་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་ལྷ་རྫས་བཟང་གོས་ཀྱི་རྟེན་དང་བྲི་གཞི་ཤོག་བུ་བཅས་ནན་ཏན་ཆེན་པོའི་གསུང་གི་བསྐུལ་བ་མི་ལྡོག་ཙམ་དུ་བྲིས་པ་འདིས་ཀྱང་སྒྲུབ་སྡེ་ཆེན་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།}} }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 09:38, 1 June 2024
Wylie title | dpal sgrub sde brgyad kyi gsung dbang chen rta mgrin gyi rta skad thengs gsum bshad pa snang srid dbang sdud | |
---|---|---|
Location | chos kyi blo gros bka' 'bum Volume 9, Text 11, Pages 99-121 (Folios 1a to 12a4) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. dpal sgrub sde brgyad kyi gsung dbang chen rta mgrin gyi rta skad thengs gsum bshad pa snang srid dbang sdud. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 99-121. Bir, H.P.: Khyentse Labrang, 2012. | |
Genre | Detailed Explanation - rnam bshad | |
Deity | rta mgrin | |
Colophon |
།ཅེས་དབང་ཆེན་པདྨ་ཧེ་རུ་ཀའི་རྟ་སྐད་ཀྱི་དགོངས་པ་ཅུང་ཟད་བྲིས་པ་འདིའང་རིག་འཛིན་མཁས་གྲུབ་ཆེན་པོ་རྣམས་ཀྱི་གསུང་གི་རྗེས་སུ་འབྲང་ནས་པདྨའི་སྔགས་རིག་འཛིན་པ་༧པདྨ་ཡེ་ཤེས་རྡོ་རྗེ་ལ་རང་སློབ་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་ལྷ་རྫས་བཟང་གོས་ཀྱི་རྟེན་དང་བྲི་གཞི་ཤོག་བུ་བཅས་ནན་ཏན་ཆེན་པོའི་གསུང་གི་བསྐུལ་བ་མི་ལྡོག་ཙམ་དུ་བྲིས་པ་འདིས་ཀྱང་སྒྲུབ་སྡེ་ཆེན་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |
/ces dbang chen pad+ma he ru ka'i rta skad kyi dgongs pa cung zad bris pa 'di'ang rig 'dzin mkhas grub chen po rnams kyi gsung gi rjes su 'brang nas pad+ma'i sngags rig 'dzin pa 7pad+ma ye shes rdo rje la rang slob gdong sna mchog sprul rin po che'i lha rdzas bzang gos kyi rten dang bri gzhi shog bu bcas nan tan chen po'i gsung gi bskul ba mi ldog tsam du bris pa 'dis kyang sgrub sde chen po'i bstan pa rin po che phyogs bcur rgyas pa'i rgyur gyur cig__/sarba dA mang+ga laM// |
1 Texts in this Section (sde tshan or chos tshan)