DKR-KABUM-23-'A-008: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྡོ་རྗེའི་ལམ་རིམ་དང་འབྲེལ་བའི་རྒྱལ་བསྟན་སྤེལ་བའི་སྨོན་ལམ་ཡེ་ཤེས་གྲུབ་པའི་བདེན་ཚིག། | |||
|fulltitle='jam dpal gshin rje gshed kyi rdo rje'i lam rim dang 'brel ba'i rgyal bstan spel ba'i smon lam ye shes grub pa'i bden tshig | |||
|citation=[[Khyentse, Dilgo]]. '''jam dpal gshin rje gshed kyi rdo rje'i lam rim dang 'brel ba'i rgyal bstan spel ba'i smon lam ye shes grub pa'i bden tshig''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 23: 263-268. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Prayers - smon lam | |||
|terma=No | |||
|dkroutline=Eight | |||
|volumenumber=023 | |||
|volnumtib=༢༣ | |||
|volyigtib=འ་ | |||
|totalvolumes=25 | |||
|textnuminvol=008 | |||
|pagenumbers=263-268 | |||
|totalpages=6 | |||
|beginfolioline=1a | |||
|endfolioline=3b6 | |||
|totalfolios=3 | |||
|multivolumework=No | |||
|rectonotes=gshin rje gshed | |||
|versonotes=smon lam | |||
|colophontib=།ཅེས་པའང་རྒྱལ་ཀུན་ཡབ་གཅིག་རིགས་གསུམ་ཀུན་འདུས་འཇམ་དཔལ་ཡེ་ཤེས་ཁྲོ་བོ་གྲུབ་པའི་རྟགས་མཚན་མངོན་སུམ་དུ་གྱུར་པའི་སྐྱབས་རྗེ་མདོ་ཁམས་བརྒྱད་པའི་གསོལ་དཔོན་འབྲོང་སྤྲུལ་མཆོག་གིས་ཡི་གེའི་ཕྲིན་གྱིས་རྗེས་སུ་བསྐུལ་བ་བཞིན་ཐམས་ཅད་མཁྱེན་གཟིགས་མི་ཕམ་འཇམ་པའི་དབྱངས་ཀྱི་ཞབས་རྡུལ་ཚངས་གནས་སུ་རེག་པའི་རྙིང་རྒན་འཇམ་དཔལ་དགའ་བའི་བཤེས་གཉེན་བཀྲ་ཤིས་དཔལ་འབྱོར་གྱིས་ཁ་བཞི་སྨན་གྱི་ནགས་ཚལ་འཁྲིགས་པའི་ལྷོ་འབྲུག་གི་རྒྱལ་ཁབ་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་ནས་ཆུ་སྟོད་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུར་ཉང་གཏེར་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་ཚོགས་ཀྱི་དགའ་སྟོན་ལ་སྤྱོད་བཞིན་པར་བྲིས་ཏེ་ཕུལ་བ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། | |||
|colophonwylie=/ces pa'ang rgyal kun yab gcig rigs gsum kun 'dus 'jam dpal ye shes khro bo grub pa'i rtags mtshan mngon sum du gyur pa'i skyabs rje mdo khams brgyad pa'i gsol dpon 'brong sprul mchog gis yi ge'i phrin gyis rjes su bskul ba bzhin thams cad mkhyen gzigs mi pham 'jam pa'i dbyangs kyi zhabs rdul tshangs gnas su reg pa'i rnying rgan 'jam dpal dga' ba'i bshes gnyen bkra shis dpal 'byor gyis kha bzhi sman gyi nags tshal 'khrigs pa'i lho 'brug gi rgyal khab spa gro skyer chu'i gtsug lag khang nas chu stod zla ba'i dmar phyogs mkha' 'gro 'du ba'i tshes bcur nyang gter khros ma nag mo'i dkyil 'khor du tshogs kyi dga' ston la spyod bzhin par bris te phul ba rgyal ba'i bstan pa rin po che kho na 'phel zhing rgyas pa'i rgyur gyur cig/ | |||
|pdflink=File:DKR-KABUM-23-A-008.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྡོ་རྗེའི་ལམ་རིམ་དང་འབྲེལ་བའི་རྒྱལ་བསྟན་སྤེལ་བའི་སྨོན་ལམ་ཡེ་ཤེས་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས། འོད་གསལ་ཡེ་ཤེས་འཁོར་ལོའི་མཚོན་འཆང་བས། །གཟུང་འཛིན་གདུག་པའི་རུ་ཏྲའི་སྲོག་བཅད་ནས། །གདུལ་དཀའ་ཐུགས་རྗེས་འཛིན་ལ་རྒྱལ་ཀུན་ལས། །རྨད་བྱུང་འཇམ་དཔལ་ཁྲག་འཐུང་རྒྱལ་གྱུར་ཅིག །དེང་ནས་བླ་མེད་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་ཀུན་གྱི་བཤེས་གཉེན་འཇམ་དཔལ་དབྱངས། །བདག་གི་བླ་མར་གྱུར་ནས་བྱང་ཆུབ་ཀྱི། །སྤྱོད་པ་རྒྱ་མཚོ་ཡོངས་སུ་རྫོགས་གྱུར་ཅིག །ཆོས་རབ་རྣམ་འབྱེད་བློ་གྲོས་མིག་ཐོབ་ཅིང༌། །དད་དང་སྙིང་རྗེ་ངེས་འབྱུང་ཕུན་སུམ་ཚོགས། །རྨད་བྱུང་བརྩོན་པས་མཐའ་གཉིས་ལས་གྲོལ་ནས། །སྲས་བཅས་རྒྱལ་བའི་རྣམ་ཐར་འཛིན་གྱུར་ཅིག །ཁྱད་པར་རང་བཞིན་བརྒྱད་ལྡན་སློབ་དཔོན་ལས། །དཀྱིལ་འཁོར་རྣམ་བཞིར་རྡོ་རྗེའི་སྐུ་གསུང་ཐུགས། །ཡེ་ཤེས་དབྱིངས་སུ་སྨོན་པར་བྱེད་པའི་ལམ། །བདེ་ཆེན་གསང་བའི་དབང་གིས་སྨིན་གྱུར་ཅིག །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །ཐུན་མོང་ཁྱད་པར་དམ་ཚིག་རྣམ་པར་དག །རྩེ་གཅིག་སྒྲུབ་ལ་སྙིང་པོར་བྱེད་པ་ཡིས། །རྡོ་རྗེའི་ལམ་ཀུན་ཡོངས་སུ་རྫོགས་གྱུར་ཅིག །ངེས་འབྱུང་བློ་ཡིས་སྲིད་པའི་དྲྭ་བ་གཅོད། །གཞན་ཕན་གྲུ་ཡིས་ཞི་བའི་མཚོ་མཐར་བརྒལ། །ཐུན་མོང་ལམ་གྱི་ཤིང་རྟ་ལ་ཞོན་ནས། །ཀུན་མཁྱེན་ནོར་བུའི་གླིང་དུ་སོན་གྱུར་ཅིག །འཁོར་འདས་ཀུན་ཁྱབ་ཀ་དག་གདོད་མའི་གཤིས། །ལྷུན་གྲུབ་འོད་གསལ་སྐུ་དང་ཡེ་ཤེས་མཛོད། །མཉམ་ཉིད་འཇམ་དཔལ་རང་བྱུང་ཡེ་ཤེས་གཏེར། །དག་མཉམ་གཞི་དབྱིངས་གནས་ལུགས་རྟོགས་གྱུར་ཅིག །རྡོ་རྗེའི་ཕུང་ཁམས་སྒྱུ་འཕྲུལ་དྲྭ་བའི་དབྱིངས། །ཡེ་ཤེས་ལས་དང་འཇིག་རྟེན་གཤིན་རྗེའི་དལ། །གདོད་ནས་ལྷུན་གྲུབ་སྣང་སྟོང་ཟུང་འཇུག་དབྱིངས། །དག་པ་རབ་འབྱམས་གནས་ལུགས་མངོན་གྱུར་ཅིག །འཁོར་འདས་དབང་བསྒྱུར་ཕྱག་རྒྱ་ཟིལ་གནོན་ལྷ། །རིགས་ལྔ་ཞི་ཁྲོ་བསམ་ཡས་བཀོད་པའི་ཚུལ། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་ཡེ་ཤེས་རྩལ། །རོལ་པ་ཆེན་པོའི་ཏིང་འཛིན་མངོན་གྱུར་ཤོག །བཟླས་པའི་མོད་ལ་སྲིད་གསུམ་གདུག་པའི་དཔུང༌། །དོན་སྙིང་ལྐོག་མར་འབྱིན་པ་དྲག་པོའི་སྔགས། །བསྐལ་པའི་མེ་རླུང་འཁྲུག་པའི་སྒྲ་བཞིན་དུ། །རྟག་ཏུ་ཞལ་གྱི་དབྱིངས་ནས་སྒྲོགས་གྱུར་ཅིག །འོད་གསལ་དབྱིངས་ལས་སྙིང་རྗེས་ཁྲོས་པའི་ཐུགས། སྲིད་གསུམ་ཡུད་ལ་བརླག་པའི་སྟོབས་ཤུགས་ཅན། །སྡིག་ཅན་སྙིང་ལ་བརྣག་པའི་དམ་བཅའ་འདིས། །འདུལ་བའི་གདུལ་བྱ་འདོར་བར་མ་གྱུར་ཅིག །ལྟ་བའི་རྫོང་ཟིན་སྒོམས་པའི་འཕྲང་ལས་བརྒལ། །འཁོར་འདས་སྲོག་འཕྲོག་དྲག་པོའི་སྒྲོལ་སྤྱོད་ཀྱིས། །ཞིང་བཅུ་ཉམས་པ་བདུན་ལྡན་བསྟན་འགྲོའི་དགྲ། །མནན་བསྲེགས་ཁ་སྦྱོར་དབྱེ་བས་སྒྲོལ་གྱུར་ཅིག །གཟུང་འཛིན་ལས་ཀྱི་རྩ་རླུང་ཐིག་ལེ་དང༌། །ཀུན་གཞིར་འཁྲུལ་པའི་སྲིད་པ་རྒྱུད་ལྔའི་འགྲོ། །ཡང་དག་ཡེ་ཤེས་སྣང་བ་ཆེན་པོའི་གཏེར། །འདུལ་ཐབས་སྤྲུལ་པའི་འཁོར་ལོས་སྒྲོལ་གྱུར་ཅིག །སྟོང་ཆེན་ཨ་བ་དྷུ་ཏིའི་ཡེ་ཤེས་སྲོག །འབར་འཛག་བྱེད་བཅིང་ནུས་པས་ཞུ་བདེའི་ཁམས། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འགྲོ་འོང་གིས། །ལྷན་སྐྱེས་གཤིན་རྗེའི་དཀྱིལ་འཁོར་དགྱེས་གྱུར་ཅིག །རྣམ་ཀུན་མཆོག་ལྡན་དོན་དམ་ཨེ་ཡི་དབྱིངས། །འཕོ་མེད་ཝཾ་ཡིག་འདྲེན་པའི་སྒྱུ་རྩལ་ལ། །དབང་ཐོབ་ཞིང་སྔགས་ལྷན་སྐྱེས་ཕོ་ཉ་ཡིས། །ས་བཅུ་དབུ་མར་རྫོགས་པར་བྱེད་གྱུར་ཅིག །བསམ་གྱིས་མི་ཁྱབ་ཡེ་ཤེས་གསང་བའི་དབྱིངས། །སངས་རྒྱས་ཀུན་གྱི་ཐུགས་དབུས་དཔལ་བེ་འུར། །དགྱེས་རོལ་དབྱིངས་རིག་འཇམ་དཔལ་ཟིལ་གནོན་ཞལ། །རྩོལ་མེད་ལམ་གྱིས་མངོན་དུ་བྱེད་གྱུར་ཅིག །བསྟན་འགྲོའི་དཔལ་འཕྲོག་རྒྱལ་ཀུན་དགྱེས་པའི་ལམ། །རྒྱབ་ཀྱི་ཕྱོགས་པ་ཐབས་གཞན་གང་གིས་ཀྱང༌། །གདུལ་དཀའི་ཡིད་ཅན་དེ་དག་བདག་ཁོ་ནས། །ཤུགས་སྒྲོལ་དམོད་པས་རྗེས་སུ་འཛིན་གྱུར་ཅིག །བསྐྱེད་བཟླས་ནུས་པའི་གློག་ཕྲེང་དང་བཅས་ཏེ། །སྲུང་བཟློག་བསད་པའི་མི་ཟད་སྐྱིན་ཐང་ཆར། །བསྟན་དགྲའི་གཡུལ་ངོར་འབེབས་ལ་དཔའ་བ་ཡིས། །འཇམ་དཔལ་ཁྲོས་པའི་བསྟན་པ་རྒྱས་གྱུར་ཅིག །ཁྲག་འཐུང་ནག་པོ་ཤནྟིཾ་གྷརྦྷ་དང༌། །བ་སུ་དྷཱ་ར་བཻ་རོ་ཙ་ན་སོགས། །དྲག་སྔགས་ནུས་པའི་བཀའ་བབ་ཤིང་རྟ་ཆེའི། །ཟིལ་གནོན་གྲུབ་པའི་བསྟན་པ་རྒྱས་གྱུར་ཅིག །འཇམ་དཔལ་གཞོན་ནུ་བཤེས་གཉེན་ཚུལ་འཛིན་དང༌། །བློ་ལྡན་མཆོག་སྲེད་དཔལ་ལྡན་པདྨ་སྐྱེས། །མཁས་པ་མི་བཞི་ཐུགས་སྲས་གནུབས་ཆེན་པོའི། །རིང་ལུགས་གཤིན་རྗེའི་བསྟན་པ་རྒྱས་གྱུར་ཅིག །གཤིན་རྗེའི་བཀའ་བབ་ཞང་ཁྲོམ་རྡོ་རྗེ་འོད། །ཆོས་དབང་རཏྣ་གླིང་དང་གཏེར་བདག་གླིང༌། །འཇམ་མགོན་རྣམ་གསུམ་བཀའ་བབ་བདེན་མཐུ་ཡིས། །བཀའ་གཏེར་གཤིན་རྗེའི་བསྟན་པ་རྒྱས་གྱུར་ཅིག །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང༌། །ཟླ་གསང་ནག་པོ་སྡིག་པ་སྙིང་འཛིང་གི། །ཕྱི་ནང་གསང་བ་ལྕགས་སྡིག་ལྕགས་འདྲ་སོགས། །རབ་འབྱམས་རྒྱུད་སྡེའི་བསྟན་པ་རྒྱས་གྱུར་ཅིག །པད་གནུབས་བརྒྱུད་པའི་བཀའ་སྲོལ་ལས་འོངས་པའི། །གཤེད་སྐོར་རིགས་ལྔ་དམར་ནག་འཇིགས་གསུམ་དང༌། །ཕྲིན་ལས་ངོ་མཚར་རྣ་ཆ་བརྒྱད་ལ་སོགས། །དྲག་སྔགས་ལས་ཀྱི་བསྟན་པ་རྒྱས་གྱུར་ཅིག །བརྒྱུད་གསུམ་བླ་མའི་དགོངས་པའི་བྱིན་རླབས་དང༌། །འཇམ་དཔལ་ཞི་ཁྲོའི་ཡེ་ཤེས་བདེན་མཐུའི་སྟོབས། །མཁའ་འགྲོ་ཆོས་སྲུང་ཕྲིན་ལས་ནུས་རྩལ་གྱིས། །འཇམ་དཔལ་གཤིན་རྗེའི་བསྟན་པ་རྒྱས་གྱུར་ཅིག །ཡངས་པའི་ནོར་འཛིན་རིག་འཛིན་དཔའ་བོས་ཁྱབ། །འཇམ་དཔལ་གྲུབ་པའི་སྐྱེས་བུ་རྨད་བྱུང་བས། །བཤད་སྒྲུབ་ལས་ཀྱི་བསྟན་པ་ཕྱོགས་བཅུར་སྤེལ། །འགྲོ་ཀུན་ཐམས་ཅད་མཁྱེན་པའི་དབྱིངས་འཇུག་ཤོག །ཐུབ་པའི་བསྟན་མཆོག་མདོ་སྔགས་ཆོས་ཀྱི་ཁབ། །འཁུ་སེམས་ཡིད་སྲུབ་ལྷ་མིན་ནག་པོའི་ཕྱོགས། །དྲག་སྔགས་ནུས་པའི་དཔུང་གིས་ལེགས་སྲུང་བས། །དཀོན་མཆོག་གསུམ་གྱི་དབུ་རྨོག་བཙན་གྱུར་ཅིག །ཁམས་གསུམ་ཟ་བྱེད་དུས་ཀྱི་དགྲ་ཆེན་པོ། །འབར་བའི་གཤེད་པོ་ཟིལ་གནོན་ཡེ་ཤེས་ལྷས། །གདུག་པ་ཀུན་འདུལ་མཁྱེན་བརྩེའི་གཟི་འོད་ཀྱིས། །ལུང་རྟོགས་ཆོས་ཀྱི་རྒྱལ་རྔ་སྒྲོག་གྱུར་ཅིག །མཁྱེན་གཉིས་སྣང་བ་བརྒྱ་པའི་གཟི་བྱིན་གྱིས། །ཀུན་རྨོངས་མུན་པའི་གོ་སྐབས་གཏན་བཅོམ་སྟེ། །ཕྱོགས་ལས་རྣམ་རྒྱལ་ཡེ་ཤེས་ལུས་ཅན་གྱི། །སྲིད་ཞི་ཀུན་གྱི་མགོན་པོར་བདག་གྱུར་ཅིག །ཅེས་པའང་རྒྱལ་ཀུན་ཡབ་གཅིག་རིགས་གསུམ་ཀུན་འདུས་འཇམ་དཔལ་ཡེ་ཤེས་ཁྲོ་བོ་གྲུབ་པའི་རྟགས་མཚན་མངོན་སུམ་དུ་གྱུར་པའི་སྐྱབས་རྗེ་མདོ་ཁམས་བརྒྱད་པའི་གསོལ་དཔོན་འབྲོང་སྤྲུལ་མཆོག་གིས་ཡི་གེའི་ཕྲིན་གྱིས་རྗེས་སུ་བསྐུལ་བ་བཞིན་ཐམས་ཅད་མཁྱེན་གཟིགས་མི་ཕམ་འཇམ་པའི་དབྱངས་ཀྱི་ཞབས་རྡུལ་ཚངས་གནས་སུ་རེག་པའི་རྙིང་རྒན་འཇམ་དཔལ་དགའ་བའི་བཤེས་གཉེན་བཀྲ་ཤིས་དཔལ་འབྱོར་གྱིས་ཁ་བཞི་སྨན་གྱི་ནགས་ཚལ་འཁྲིགས་པའི་ལྷོ་འབྲུག་གི་རྒྱལ་ཁབ་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་ནས་ཆུ་སྟོད་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུར་ཉང་གཏེར་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་ཚོགས་ཀྱི་དགའ་སྟོན་ལ་སྤྱོད་བཞིན་པར་བྲིས་ཏེ་ཕུལ་བ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-23-'A]] | [[Category:DKR-KABUM-Volume-23-'A]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 08:12, 1 June 2024
Wylie title | 'jam dpal gshin rje gshed kyi rdo rje'i lam rim dang 'brel ba'i rgyal bstan spel ba'i smon lam ye shes grub pa'i bden tshig | |
---|---|---|
Location | dil mgo mkhyen brtse bka' 'bum Volume 23, Text 8, Pages 263-268 (Folios 1a to 3b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. 'jam dpal gshin rje gshed kyi rdo rje'i lam rim dang 'brel ba'i rgyal bstan spel ba'i smon lam ye shes grub pa'i bden tshig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 263-268. Delhi: Shechen Publications, 1994. | |
Genre | Prayers - smon lam | |
Colophon |
།ཅེས་པའང་རྒྱལ་ཀུན་ཡབ་གཅིག་རིགས་གསུམ་ཀུན་འདུས་འཇམ་དཔལ་ཡེ་ཤེས་ཁྲོ་བོ་གྲུབ་པའི་རྟགས་མཚན་མངོན་སུམ་དུ་གྱུར་པའི་སྐྱབས་རྗེ་མདོ་ཁམས་བརྒྱད་པའི་གསོལ་དཔོན་འབྲོང་སྤྲུལ་མཆོག་གིས་ཡི་གེའི་ཕྲིན་གྱིས་རྗེས་སུ་བསྐུལ་བ་བཞིན་ཐམས་ཅད་མཁྱེན་གཟིགས་མི་ཕམ་འཇམ་པའི་དབྱངས་ཀྱི་ཞབས་རྡུལ་ཚངས་གནས་སུ་རེག་པའི་རྙིང་རྒན་འཇམ་དཔལ་དགའ་བའི་བཤེས་གཉེན་བཀྲ་ཤིས་དཔལ་འབྱོར་གྱིས་ཁ་བཞི་སྨན་གྱི་ནགས་ཚལ་འཁྲིགས་པའི་ལྷོ་འབྲུག་གི་རྒྱལ་ཁབ་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་ནས་ཆུ་སྟོད་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུར་ཉང་གཏེར་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་ཚོགས་ཀྱི་དགའ་སྟོན་ལ་སྤྱོད་བཞིན་པར་བྲིས་ཏེ་ཕུལ་བ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། | |
/ces pa'ang rgyal kun yab gcig rigs gsum kun 'dus 'jam dpal ye shes khro bo grub pa'i rtags mtshan mngon sum du gyur pa'i skyabs rje mdo khams brgyad pa'i gsol dpon 'brong sprul mchog gis yi ge'i phrin gyis rjes su bskul ba bzhin thams cad mkhyen gzigs mi pham 'jam pa'i dbyangs kyi zhabs rdul tshangs gnas su reg pa'i rnying rgan 'jam dpal dga' ba'i bshes gnyen bkra shis dpal 'byor gyis kha bzhi sman gyi nags tshal 'khrigs pa'i lho 'brug gi rgyal khab spa gro skyer chu'i gtsug lag khang nas chu stod zla ba'i dmar phyogs mkha' 'gro 'du ba'i tshes bcur nyang gter khros ma nag mo'i dkyil 'khor du tshogs kyi dga' ston la spyod bzhin par bris te phul ba rgyal ba'i bstan pa rin po che kho na 'phel zhing rgyas pa'i rgyur gyur cig/ |