DKR-KABUM-17-TSA-003: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(6 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ་ལས། སྔོན་འགྲོའི་ངག་འདོན་ཟབ་ལམ་སྣང་བྱེད། | |||
|fulltitle=gu ru'i thugs sgrub dngos grub snying po las/ sngon 'gro'i ngag 'don zab lam snang byed | |||
|citation=[[Khyentse, Dilgo]]. ''Gu ru'i thugs sgrub dngos grub snying po las sngon 'gro'i ngag 'don zab lam snang byed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: 6-12. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Preliminary Practices - sngon 'gro | |||
|terma=Yes | |||
|dkroutline=Six | |||
|cycle=rang byung pad+ma snying thig | |||
|cycletib=རང་བྱུང་པདྨ་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=017 | ||
| | |volnumtib=༡༧ | ||
|volyigtib=ཙ་ | |||
|totalvolumes=25 | |||
|textnuminvol=003 | |textnuminvol=003 | ||
|pagenumbers=6-12 | |||
|totalpages=14 | |||
|beginfolioline=1a | |||
|endfolioline=7b6 | |||
|totalfolios=7 | |||
|multivolumework=No | |||
|rectonotes=sngon 'gro | |||
|versonotes=rang byung pad+ma snying thig | |||
|colophontib=།ཅེས་པའང་རྒྱལ་ཁབ་ཕ་རན་སེའི་ཐེག་མཆོག་རིན་ཆེན་གླིང་དུ་སྒྲུབ་སྡེ་གསར་འཇུགས་སྐབས་རྙིང་སྔགས་རྒན་པོ་མངྒ་ལ་ཤྲཱི་བྷཱུ་ཏིས་རང་ཉིད་ཀྱི་བསམ་གཏན་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་བྲིས་པ་ཐེག་མཆོག་སྙིང་པོའི་བསྟན་པ་ལ་བྱ་བ་བྱེད་ནུས་པར་གྱུར་ཅིག། | |||
|colophonwylie=/ces pa'ang rgyal khab pha ran se'i theg mchog rin chen gling du sgrub sde gsar 'jugs skabs rnying sngags rgan po mang+ga la shrI b+hU tis rang nyid kyi bsam gtan khang bu bkra shis dpal 'bar gling du bris pa theg mchog snying po'i bstan pa la bya ba byed nus par gyur cig/ | |||
|pdflink=File:DKR-KABUM-17-TSA-003.pdf | |pdflink=File:DKR-KABUM-17-TSA-003.pdf | ||
}} | }} | ||
Line 17: | Line 39: | ||
<onlyinclude> | <onlyinclude> | ||
{{TibP|༄༅། གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ་ལས། སྔོན་འགྲོའི་ངག་འདོན་ཟབ་ལམ་སྣང་བྱེད་བཞུགས་སོ།། | {{TibP|༄༅། གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ་ལས། སྔོན་འགྲོའི་ངག་འདོན་ཟབ་ལམ་སྣང་བྱེད་བཞུགས་སོ།། | ||
<br> | |||
༄༅། །ན་མོ་གུ་རུ་བྷྱཿ འདིར་རྩ་གསུམ་གཅིག་དྲིལ་ཐུགས་སྒྲུབ་དངོས་གྲུབ་སྙིང་པོའི་དབང་བཞིའི་ལམ་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པ་ལ་མེད་དུ་མི་རུང་བ་སྔོན་འགྲོའི་ངག་འདོན་འཇུག་བདེར་བསྡེབ་པ་ལ་གསུམ། ཐུན་གྱི་སྔོན་འགྲོ། ཐུན་མོང་གི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། ཐོག་མར་བདེ་བའི་སྟན་ལ་སྒོ་གསུམ་བག་ཕབ་སྟེ་ངལ་གསོ། རླུང་རོ་བསལ། ལུས་སེམས་ཁོང་ལྷོད་ནས་ཀུན་སློང་ལེགས་པར་བཅོས་ཏེ། ཨེ་མ་ཧོཿ སྐྱབས་གནས་ཀུན་འདུས་ཁྱབ་བདག་འཁོར་ལོའི་མགོན༔ སྙིང་དབུས་འོད་གསལ་དབུ་མའི་ཕོ་བྲང་ནས༔ མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས༔ མངོན་སུམ་གཤེགས་ནས་བདག་རྒྱུད་བྱིན་གྱིས་རློབས༔ མོས་གུས་གཞལ་མེད་ཕོ་བྲང་ཉམས་དགའ་བར། །རིང་ནས་འཁྱུད་པའི་དྲིན་ཆེན་བླ་མའི་ཞལ། །ཡང་ཡང་དྲན་པས་རྟག་ཏུ་ཕྱག་བགྱིད་ན། །དངོས་གྲུབ་རྒྱ་མཚོའི་གནས་ལ་གེགས་མེད་མཛོད། ཅེས་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན་བླ་མ་རིན་པོ་ཆེ་མཁྱེན་ནོ། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་གདབ། གཉིས་པ་ཐུན་མོང་གི་སྔོན་འགྲོ་ནི། དལ་བརྒྱད་འབྱོར་བཅུས་བརྒྱན་པའི་མི་ལུས་འདི༔ དཔེ་གྲངས་རྒྱུ་དང་ངོ་བོས་རྙེད་དཀའ་ཞིང༔ དོན་ཆེན་སྒྲུབ་པའི་མཆོག་ཏུ་ངེས་མཐོང་ནས༔ རྩེ་གཅིག་སྙིང་པོ་ལོན་པར་བྱིན་གྱིས་རློབས༔ དམ་པའི་ཆོས་སྒྲུབ་བྱེད་རྟེན་དལ་འབྱོར་རྙེད་དཀའ་བའི་དམིགས་རྐང་དང་པོ་དང༌། ཕྱི་ནང་སྣོད་བཅུད་དགྲ་གཉེན་བར་མ་སོགས༔ གང་ལ་བསམས་ཀྱང་མི་རྟག་འཇིག་པའི་ཕྱིར༔ ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས༔ ཚེ་འདིའི་མངོན་ཞེན་ལྡོག་པར་བྱིན་གྱིས་རློབས༔ ཆོས་ལ་བསྐུལ་བའི་རྐྱེན་འདུས་བྱས་མི་རྟག་པར་བསམ་པའི་དམིགས་རྐང་གཉིས་པ་དང༌། འཆི་ཚེ་དཀར་ནག་ལས་ཀྱི་གཞན་དབང་གིས༔ ཁམས་གསུམ་རིགས་དྲུག་མཐོ་དམན་སྣ་ཚོགས་སུ༔ བདེ་སྡུག་འབྲས་བུ་མི་བསླུ་སྨིན་པའི་ཕྱིར༔ བླང་དོར་ཚུལ་བཞིན་ནུས་པར་བྱིན་གྱིས་རློབས༔ ཆོས་ཀྱི་གནད་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་པའི་དམིགས་རྐང་གསུམ་པ་དང༌། དམྱལ་བ་ཚ་གྲང་ཡི་དྭགས་བཀྲེས་སྐོམ་དང༔ དུད་འགྲོ་བཀོལ་སྤྱོད་སྡུག་བསྔལ་མཐའ་ཡས་ཤིང༔ མཐོ་རིས་ན་ཡང་བདེ་བའི་སྐབས་མེད་པས༔ ངེས་འབྱུང་དྲག་པོ་སྐྱེ་བར་བྱིན་གྱིས་རློབས༔ ཆོས་ཀྱི་སྲོག་འཁོར་བའི་ཉེས་དམིགས་ཀྱིས་ངེས་འབྱུང་བསྐྱེད་པའི་དམིགས་རྐང་བཞི་པ་དང༌། དེ་ལས་སྐྱོབ་པའི་དེད་དཔོན་གཅིག་གྱུར་པ༔ མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་མཆོག༔ མཉེས་པ་གསུམ་གྱི་བྱ་བས་ལེགས་བསྟེན་ནས༔ ཐོས་བསམ་སྒོམ་ལ་བརྩོན་པར་བྱིན་གྱིས་རློབས༔ ཆོས་ཀྱི་སྒོ་འབྱེད་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་ཐར་པའི་ཕན་ཡོན་བསྟན་པའི་དམིགས་རྐང་ལྔ་པའོ། །བྱིན་གྱིས་རློབས་ཤིག་དྲིན་ཅན་བླ་མ་རྗེ༔ དངོས་གྲུབ་སྩོལ་ཅིག་འཆི་མེད་ཐོད་ཕྲེང་རྩལ༔ བར་ཆད་སོལ་ཅིག་མཁའ་འགྲོ་ཆོས་སྐྱོང་ཚོགས༔ སྙིང་ནས་དྲན་ནོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཞེས་འདོད་པའི་དོན་ལ་གསོལ་བ་གདབ་པས་མཚམས་སྦྱར་རོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། བླ་མའི་རྣལ་འབྱོར་ལ་བརྟེན་ནས་བསགས་སྦྱང་གསོལ་བ་གདབ་པའོ། །དང་པོ་ནི། དེ་ལྟ་བུའི་འཇིགས་རུང་འཁོར་བའི་སྡུག་བསྔལ་དེ་ལས་རང་གཞན་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་སྐྱེས་བུ་ཆེན་པོའི་བློས། རང་ཉིད་གང་དུ་གནས་པའི་ས་ཕྱོགས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་གཞིར་དཔག་བསམ་ལྗོན་ཤིང་ཡལ་ག་ལྔ་པ། ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ལ་རིན་པོ་ཆེའི་འཕྱང་འཕྲུལ་དྲིལ་གཡེར་ལ་སོགས་པས་རྣམ་པར་བརྒྱན་པ་ནམ་མཁའི་དབྱིངས་ཀུན་ཁྱབ་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་གདན་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་མཚོ་རྒྱལ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དར་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང༌། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་དབུ་གཙུག་ཏུ་བརྒྱུད་གསུམ་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་ཤིང༌། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང༌། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་མཐའ་ནས་བསྐོར་བ། མདུན་གྱི་ཡལ་ག་ལ་ཁྱད་པར་གྱི་སངས་རྒྱས་དཔལ་རྡོ་རྗེ་སེམས་དཔའ་ལ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་གར་ཐུན་མོང་གི་སངས་རྒྱས་ཤཱཀྱ་ཐུབ་པ་སོགས་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང༌། གཡོན་གྱི་ཡལ་ག་ལ་ཉེ་བའི་སྲས་བརྒྱད་སོགས་ཐེག་ཆེན་བྱང་སེམས་དང་ཉན་རང་གི་དགེ་འདུན་འཕགས་པའི་ཚོགས། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་ཁ་དོག་དམར་པོ་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོགས་པ་དང༌། དེ་དག་གི་བར་མཚམས་ཐམས་ཅད་དུ་ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བར་མེད་དུ་གང་བ། ཐམས་ཅད་ཀྱང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ། རྩ་བའི་བླ་མའི་ཐུགས་ཡེ་ཤེས་གཅིག་གི་རོལ་པ་ལས་མ་འདས་པ། བདག་ཉིད་ལ་རྗེས་སུ་བརྩེ་ཞིང་འདྲེན་པའི་དེད་དཔོན་ཆེན་པོར་མངོན་སུམ་དུ་བཞུགས་པར་བསམ་ལ། དེའི་མདུན་དུ་རང་གཞན་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་འདི་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་འདྲེན་པ། ཡི་དམ་དང་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། མཁའ་འགྲོ་ཆོས་སྐྱོང་དགེ་འདུན་ལ་ལམ་སྒྲུབ་པའི་ཟླ་གྲོགས་ཞུ་བའི་ཚུལ་གྱིས་བདག་ཅག་རྣམས་ཁྱེད་ལ་བསྟེན། ཁྱེད་ལ་འབུལ། ཁྱེད་ལས་གཞན་པའི་སྐྱབས་དང་རེ་ས་མེད་པས་ཅི་མཛད་ཁྱེད་མཁྱེན་སྙམ་པའི་གདུང་བ་དྲག་པོས་སྐྱབས་སུ་འགྲོ་བར་མོས་ཏེ། ན་མོཿ བླ་མ་སངས་རྒྱས་རིན་པོ་ཆེ༔ སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་སྐུ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ལ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་ཅི་ནུས་བྱ། མཐར་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བསམ་ལ་སེམས་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །གཉིས་པ་ནི། འདི་ལྟར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཚེ་རབས་ཐོག་མ་མེད་པ་ནས་དགྲས་ཀྱང་གཉེན་བྱས། གཉེན་གྱིས་ཀྱང་དགྲ་བྱས་པ་སོགས་དགྲ་གཉེན་ངེས་པ་མེད་ཅིང༌། ཚེ་འདི་དང་མ་འོངས་པ་ནའང་དགྲ་གཉེན་ངེས་མེད་འགྱུར་བར་བསམ་ནས་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་བཏང་སྙོམས་ཐོག་མར་བསྐྱེད་ཅིང༌། དེ་ནས་དེ་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཤ་སྟག་ཡིན་པའི་ཕྱིར། དྲིན་གཟོ་བའི་སླད་དུ་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། དེ་ལྟ་བུ་དང་མི་འབྲལ་བ་བྱུང་ན་རེ་དགའ་སྙམ་པའི་དགའ་བ་སྟེ་ཚད་མེད་བཞིས་བློ་སྦྱངས་པའི་མཐར། སྐྱབས་ཡུལ་རྣམས་དཔང་པོར་བཞུགས་པའི་ཚུལ་གྱིས། ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མེད་སྣང་འཁོར་བའི་ཆོས་ལ་ཞེན༔ སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར༔ བྱང་ཆུབ་བསྒྲུབ་པར་སེམས་བསྐྱེད་དོ༔ ཞེས་གྲངས་བསོག །སྤྲོ་ན་བར་འདིར་བདག་གཞན་མཉམ་བརྗེའི་བློ་སྦྱོང་དང༌། ཁྱད་པར་དབུགས་འགྲོ་འོང་དང་བསྟུན་ཏེ་བདེ་སྡུག་གཏོང་ལེན་གྱི་དམིགས་པའང་ཉམས་སུ་བླང་ཞིང་བདག་མེད་རྣམ་གཉིས་ཀྱི་ངེས་པས་དྲངས་པའི་ཞི་ལྷག་ཟུང་འཇུག་དོན་དམ་པའི་བྱང་ཆུབ་སེམས་ཀྱང་ཅི་རིགས་སུ་སྒོམ། མཐར་བདག་གཞན་སེམས་ཅན་ཐམས་ཅད་སྐྱབས་ཡུལ་ལ་ཐིམ། དེ་རྣམས་ཀྱང་དབུས་ཀྱི་བླ་མ་ལ་ཐིམ། དེ་ཡང་ཆོས་སྐུ་སྤྲོས་བྲལ་གདོད་མའི་དབྱིངས་སུ་བསྟིམས་ནས་མཉམ་པར་བཞག་གོ །གསུམ་པ་ནི། ཨ། བདག་ཉིད་སྤྱི་བོར་པད་ཟླའི་སྟེང༔ བླ་མ་རྡོར་སེམས་ཡབ་ཡུམ་གྱི༔ ཐུགས་ཀའི་ཧཱུྃ་ལས་བདུད་རྩིའི་རྒྱུན༔ བབས་པས་ནད་གདོན་སྡིག་སྒྲིབ་སྦྱངས༔ །ཞེས་བརྗོད་དེ་བདག་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་དཀར་གསལ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས་པར་གསལ་བཏབ་ནས། མོས་གུས་གདུང་ཤུགས་དྲག་པོས་བདག་གི་ཤེས་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཞིག་ཁྱེད་མཁྱེན་ནོ་སྙམ་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་ཤུགས་དྲག་ཏུ་བྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་ཉེས་བྱས་སྡོམ་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོར་སེམས་ཀྱི་ཐུགས་ཀར་ཧཱུྃ་ཡིག་གི་མཐར་ཡིག་བརྒྱའི་སྔགས་ཕྲེང་དཀར་པོ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་གཡས་བསྐོར་དུ་གསལ་བ་ལ་ཀློག་པའི་ཚུལ་གྱིས་ཅུང་ཟད་བཟླས་པས། དེ་ལས་བདུད་རྩི་དཀར་པོ་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བབ་ནས་ཡབ་ཡུམ་གྱི་སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བྱུང༌། པད་མའི་སྡོང་བུ་ལ་འཁྲིལ་བའི་ཚུལ་གྱིས་རང་གི་ཚངས་བུག་ནས་ཞུགས་ཏེ། ཤྭ་འུད་ཆེན་པོའི་སྣ་ལ་སྦུར་མི་ཆགས་པ་ལྟར་ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྲོག་ཆག །སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་རླངས་ཀྱི་རྣམ་པས་བ་སྤུའི་བུ་ག་དང་འོག་སྒོ་གཉིས་ནས་ཐོན། ས་རིམ་པ་དགུའི་འོག་ཏུ་འཆི་བདག་གླང་དམར་པོའི་རྣམ་པར་གནས་པའི་ཁ་གདངས་པའི་ནང་དུ་ཞུགས། ལྟོ་བར་ཚུད་པས་དུས་མ་ཡིན་པའི་འཆི་བ་བསླུས་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཞིའི་གནད་དང་ལྡན་པས་ཉམས་སུ་བླངས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་སྐྱབས་གསོལ་གྱི་ཚིག་བརྗོད་པ་དང༌། རང་རྒྱུད་ཀྱི་སྡིག་ལྟུང་དག་པ་ལ་བླ་མ་རྡོ་རྗེ་སེམས་དཔའ་ཐུགས་དགྱེས་པས་ཞལ་འཛུམ་མདངས་སུ་བཞད་ཅིང༌། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུང་གིས་དངོས་སུ་གནང་བ་བྱིན་པ་དང་ཆབས་ཅིག་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར་པས་རང་གནས་ཡེ་ཤེས་གཉུག་མའི་གནས་ལུགས་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བལྟས་ལ་མཉམ་པར་བཞག །བཞི་པ་ནི། རང་ལུས་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། དམར་གསལ་གྲི་ཐོད་ཕྱག་རྒྱ་ལྔས་སྤྲས་པ། །བརྐྱང་བསྐུམ་སྟབས་ཀྱིས་པད་ཉི་བམ་རོ་བརྫིས། །བདེ་སྟོང་ཡེ་ཤེས་མེ་དཔུང་དབུས་རོལ་པའི། སྤྱི་བོ་ཛ་ལནྡྷ་རའི་དཀྱིལ་འཁོར་དུ། པད་དཀར་ཟླ་སྟེང་ཁྱབ་བདག་ཧེ་རུ་ཀཿ །སྐུ་མདོག་དཀར་དམར་བདེ་སྟོང་སྙོམས་འཇུག་མདངས། །ཕྱག་གཉིས་ཐབས་ཤེས་རྡོ་རྗེ་དྲིལ་བུས་མཚན། གཅེར་བུ་རུས་པའི་ཕྱག་རྒྱ་དྲུག་གིས་སྤྲས། དབྱིངས་ཕྱུག་སྔོན་མོ་ཡུམ་དང་འཁྲིལ་བར་བསྒོམ། །འཁོར་དུ་བརྒྱུད་གསུམ་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་དྷཱ་ཀི་མ། །ཕྱོགས་དུས་སྐྱབས་གནས་རྒྱ་མཚོའི་ཚོགས་ཐམས་ཅད། ཏིལ་གྱི་གོང་བུ་ཁ་ཕྱེ་ལྟ་བུར་བསམ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རླབས ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ གིས་སྤྱན་དྲངས་དམ་ཡེ་དབྱེར་མེད་དུ་བསྟིམ་ལ། དེ་ཡང་ཐམས་ཅད་མཁྱེན་པ་ཐོབ་པའི་ལམ་ཤེས་པ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་ཤིང༌། ལམ་སྟོན་བཤེས་གཉེན་མཚན་ལྡན་ནི་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཤེས་པའི་བློས། ཚོགས་ཀྱི་ཞིང་ཁྱད་པར་ཅན་ལ་བསགས་སྦྱང་སྙིང་པོ་ཡན་ལག་བདུན་པ་འབུལ་བ་ནི། སོ་སོའི་དམིགས་པ་རྣམས་དྲན་བཞིན་པས། བླ་མ་རྩ་གསུམ་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བས་མཆོད༔ སྡིག་ལྟུང་ཉེས་པར་བྱས་ཀུན་བཤགས༔ རྣམ་གྲོལ་དགེ་ལ་རྗེས་ཡི་རང༔ ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ ཀུན་ཀྱང་བླ་མའི་གནས་ཐོབ་ཤོག སྔར་སྐྱབས་འགྲོའི་སྐབས་ཕྱག་འབུམ་མ་སོང་ན་ཡན་ལག་བདུན་པ་དང་སྦྲགས་ནས་ཕྱག་འཚལ། རིན་པོ་ཆེ་སོགས་ཇི་ལྟར་འབྱོར་བའི་མཎྜལ་ལ། སྨན་འབྲུ་རིན་ཆེན་སྣ་ཚོགས་པའི་ཚོམ་བུ་བཀོད་དེ། ཨོཾ་ཨཱཿཧཱུྃ། སྐུ་གསུམ་ཞིང་ཁམས་ལོངས་སྤྱོད་དང༌། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །དཀོན་མཆོག་རྩ་བ་གསུམ་ལ་འབུལ། བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ་གུ་རུ་དྷཱེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། གྲངས་ཇི་ལྟར་འོས་པ་འབུལ། འདི་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ནི། རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ལ་རག་ལས་ཤིང༌། རྟོགས་པ་སྐྱེ་བ་བླ་མའི་བྱིན་རླབས་དང༌། བྱིན་རླབས་འཇུག་པ་མོས་གུས་ཀྱི་རྟེན་འབྲེལ་ཁོ་ན་ལ་རག་ལས་པས་ན། རང་གི་རྩ་བའི་བླ་མ་ཉིད་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བདག་ཉིད། འགྲོ་བ་སྒྲོལ་བའི་སླད་དུ་རང་རང་དང་རིགས་མཐུན་པའི་བླ་མའི་སྐུར་སྣང་བས། གསུང་གིས་ལམ་བདེན་གྱི་ཆོས་འདོམས་ཤིང༌། དེ་ནས་འགོག་བདེན་གྱི་འབྲས་བུ་ལ་སྦྱོར་བས་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཐག་བཅད། ངེས་ཤེས་བསྐྱེད། བློ་སྙིང་བྲང་གསུམ་ལིང་གིས་གཏད། འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་མཁྱེན་ནོ་སྙམ་པའི་བློ་གཏད་ལིང་བསྐྱུར་གྱི་ཚུལ་གྱིས་ལུས་ཀྱི་བ་སྤུ་གཡོ། མིག་མཆི་མ་འཁྲུགས། བློ་སྣ་བླ་མས་འཕྲོག་པ། བསམ་རྒྱུ་བླ་མ་ལས་མེད་པ། ལུས་སེམས་ཚུགས་མི་ཐུབ་པའི་མོས་གུས་དང་གདུང་ཤུགས་དྲག་པོས། འོད་གསལ་སྙིང་ཐིག་གི་གསོལ་འདེབས་བྱིན་རླབས་མྱུར་ལམ། བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་བཅས་སྔོན་དུ་འགྲོ་བས། སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང༔ དཔལ་ལྡན་བླ་མ་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་འདེབས་བསྡུས་པ་ཉིད་ཅི་ནུས་དང༌། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་ཆིག་དྲིལ་བྱ། ཐུན་མཐར། གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། དབང་བཞི་ཐོབ་ཅིང་ལམ་བཞི་སྒོམ། །སྒྲིབ་བཞི་དག་ཅིང་སྐུ་བཞི་ཡི། འབྲས་བུ་མངོན་གྱུར་སྐལ་ལྡན་བྱས། བླ་མ་འོད་ཞུ་རང་ལ་ཐིམ། །དབྱེར་མེད་མ་བཅོས་ལྷུག་པར་བཞག །བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་བསྲེས་ཏེ་རང་སེམས་རིག་སྟོང་རྗེན་པ་སྐད་ཅིག་མའི་རང་མདངས་བསྐྱང༌། ཐུན་མཚམས་རྣམས་སུ་ཐུན་མོང་ཁྱེར་སོ་གསུམ་གྱི་རྣལ་འབྱོར་ལ་བསླབ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །བསྔོ་སྨོན་བྱས་ཏེ་ཉམས་སུ་བླང་བའི་ཕན་ཡོན་ཀྱང་རྡོ་རྗེའི་ཚིག་རྐང་ལས། འདིས་ནི་མཆོག་གི་དངོས་གྲུབ་ཀྱང༔ མྱུར་བ་ཉིད་དུ་མངོན་གྱུར་ན༔ ཐུན་མོང་དངོས་གྲུབ་སྨོས་ཅི་དགོས༔ ཡིད་བཞིན་ནོར་བུའི་མན་ངག་གོ༔ ཞེས་གསུངས་པའི་མཚོན་ཕན་ཡོན་མཐའ་ཡས་པ་མདོ་རྒྱུད་མན་ངག་དུ་མ་ནས་གསུངས་པ་ལྟར་ཉམས་སུ་ལེན་པ་ཅིས་ཀྱང་གལ་ཆེའོ། །ཅེས་པའང་རྒྱལ་ཁབ་ཕ་རན་སེའི་ཐེག་མཆོག་རིན་ཆེན་གླིང་དུ་སྒྲུབ་སྡེ་གསར་འཇུགས་སྐབས་རྙིང་སྔགས་རྒན་པོ་མངྒ་ལ་ཤྲཱི་བྷཱུ་ཏིས་རང་ཉིད་ཀྱི་བསམ་གཏན་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་བྲིས་པ་ཐེག་མཆོག་སྙིང་པོའི་བསྟན་པ་ལ་བྱ་བ་བྱེད་ནུས་པར་གྱུར་ཅིག། །།}} | ༄༅། །ན་མོ་གུ་རུ་བྷྱཿ འདིར་རྩ་གསུམ་གཅིག་དྲིལ་ཐུགས་སྒྲུབ་དངོས་གྲུབ་སྙིང་པོའི་དབང་བཞིའི་ལམ་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པ་ལ་མེད་དུ་མི་རུང་བ་སྔོན་འགྲོའི་ངག་འདོན་འཇུག་བདེར་བསྡེབ་པ་ལ་གསུམ། ཐུན་གྱི་སྔོན་འགྲོ། ཐུན་མོང་གི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། ཐོག་མར་བདེ་བའི་སྟན་ལ་སྒོ་གསུམ་བག་ཕབ་སྟེ་ངལ་གསོ། རླུང་རོ་བསལ། ལུས་སེམས་ཁོང་ལྷོད་ནས་ཀུན་སློང་ལེགས་པར་བཅོས་ཏེ། ཨེ་མ་ཧོཿ སྐྱབས་གནས་ཀུན་འདུས་ཁྱབ་བདག་འཁོར་ལོའི་མགོན༔ སྙིང་དབུས་འོད་གསལ་དབུ་མའི་ཕོ་བྲང་ནས༔ མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས༔ མངོན་སུམ་གཤེགས་ནས་བདག་རྒྱུད་བྱིན་གྱིས་རློབས༔ མོས་གུས་གཞལ་མེད་ཕོ་བྲང་ཉམས་དགའ་བར། །རིང་ནས་འཁྱུད་པའི་དྲིན་ཆེན་བླ་མའི་ཞལ། །ཡང་ཡང་དྲན་པས་རྟག་ཏུ་ཕྱག་བགྱིད་ན། །དངོས་གྲུབ་རྒྱ་མཚོའི་གནས་ལ་གེགས་མེད་མཛོད། ཅེས་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན་བླ་མ་རིན་པོ་ཆེ་མཁྱེན་ནོ། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་གདབ། གཉིས་པ་ཐུན་མོང་གི་སྔོན་འགྲོ་ནི། དལ་བརྒྱད་འབྱོར་བཅུས་བརྒྱན་པའི་མི་ལུས་འདི༔ དཔེ་གྲངས་རྒྱུ་དང་ངོ་བོས་རྙེད་དཀའ་ཞིང༔ དོན་ཆེན་སྒྲུབ་པའི་མཆོག་ཏུ་ངེས་མཐོང་ནས༔ རྩེ་གཅིག་སྙིང་པོ་ལོན་པར་བྱིན་གྱིས་རློབས༔ དམ་པའི་ཆོས་སྒྲུབ་བྱེད་རྟེན་དལ་འབྱོར་རྙེད་དཀའ་བའི་དམིགས་རྐང་དང་པོ་དང༌། ཕྱི་ནང་སྣོད་བཅུད་དགྲ་གཉེན་བར་མ་སོགས༔ གང་ལ་བསམས་ཀྱང་མི་རྟག་འཇིག་པའི་ཕྱིར༔ ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས༔ ཚེ་འདིའི་མངོན་ཞེན་ལྡོག་པར་བྱིན་གྱིས་རློབས༔ ཆོས་ལ་བསྐུལ་བའི་རྐྱེན་འདུས་བྱས་མི་རྟག་པར་བསམ་པའི་དམིགས་རྐང་གཉིས་པ་དང༌། འཆི་ཚེ་དཀར་ནག་ལས་ཀྱི་གཞན་དབང་གིས༔ ཁམས་གསུམ་རིགས་དྲུག་མཐོ་དམན་སྣ་ཚོགས་སུ༔ བདེ་སྡུག་འབྲས་བུ་མི་བསླུ་སྨིན་པའི་ཕྱིར༔ བླང་དོར་ཚུལ་བཞིན་ནུས་པར་བྱིན་གྱིས་རློབས༔ ཆོས་ཀྱི་གནད་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་པའི་དམིགས་རྐང་གསུམ་པ་དང༌། དམྱལ་བ་ཚ་གྲང་ཡི་དྭགས་བཀྲེས་སྐོམ་དང༔ དུད་འགྲོ་བཀོལ་སྤྱོད་སྡུག་བསྔལ་མཐའ་ཡས་ཤིང༔ མཐོ་རིས་ན་ཡང་བདེ་བའི་སྐབས་མེད་པས༔ ངེས་འབྱུང་དྲག་པོ་སྐྱེ་བར་བྱིན་གྱིས་རློབས༔ ཆོས་ཀྱི་སྲོག་འཁོར་བའི་ཉེས་དམིགས་ཀྱིས་ངེས་འབྱུང་བསྐྱེད་པའི་དམིགས་རྐང་བཞི་པ་དང༌། དེ་ལས་སྐྱོབ་པའི་དེད་དཔོན་གཅིག་གྱུར་པ༔ མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་མཆོག༔ མཉེས་པ་གསུམ་གྱི་བྱ་བས་ལེགས་བསྟེན་ནས༔ ཐོས་བསམ་སྒོམ་ལ་བརྩོན་པར་བྱིན་གྱིས་རློབས༔ ཆོས་ཀྱི་སྒོ་འབྱེད་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་ཐར་པའི་ཕན་ཡོན་བསྟན་པའི་དམིགས་རྐང་ལྔ་པའོ། །བྱིན་གྱིས་རློབས་ཤིག་དྲིན་ཅན་བླ་མ་རྗེ༔ དངོས་གྲུབ་སྩོལ་ཅིག་འཆི་མེད་ཐོད་ཕྲེང་རྩལ༔ བར་ཆད་སོལ་ཅིག་མཁའ་འགྲོ་ཆོས་སྐྱོང་ཚོགས༔ སྙིང་ནས་དྲན་ནོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཞེས་འདོད་པའི་དོན་ལ་གསོལ་བ་གདབ་པས་མཚམས་སྦྱར་རོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། བླ་མའི་རྣལ་འབྱོར་ལ་བརྟེན་ནས་བསགས་སྦྱང་གསོལ་བ་གདབ་པའོ། །དང་པོ་ནི། དེ་ལྟ་བུའི་འཇིགས་རུང་འཁོར་བའི་སྡུག་བསྔལ་དེ་ལས་རང་གཞན་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་སྐྱེས་བུ་ཆེན་པོའི་བློས། རང་ཉིད་གང་དུ་གནས་པའི་ས་ཕྱོགས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་གཞིར་དཔག་བསམ་ལྗོན་ཤིང་ཡལ་ག་ལྔ་པ། ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ལ་རིན་པོ་ཆེའི་འཕྱང་འཕྲུལ་དྲིལ་གཡེར་ལ་སོགས་པས་རྣམ་པར་བརྒྱན་པ་ནམ་མཁའི་དབྱིངས་ཀུན་ཁྱབ་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་གདན་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་མཚོ་རྒྱལ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དར་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང༌། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་དབུ་གཙུག་ཏུ་བརྒྱུད་གསུམ་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་ཤིང༌། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང༌། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་མཐའ་ནས་བསྐོར་བ། མདུན་གྱི་ཡལ་ག་ལ་ཁྱད་པར་གྱི་སངས་རྒྱས་དཔལ་རྡོ་རྗེ་སེམས་དཔའ་ལ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་གར་ཐུན་མོང་གི་སངས་རྒྱས་ཤཱཀྱ་ཐུབ་པ་སོགས་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང༌། གཡོན་གྱི་ཡལ་ག་ལ་ཉེ་བའི་སྲས་བརྒྱད་སོགས་ཐེག་ཆེན་བྱང་སེམས་དང་ཉན་རང་གི་དགེ་འདུན་འཕགས་པའི་ཚོགས། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་ཁ་དོག་དམར་པོ་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོགས་པ་དང༌། དེ་དག་གི་བར་མཚམས་ཐམས་ཅད་དུ་ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བར་མེད་དུ་གང་བ། ཐམས་ཅད་ཀྱང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ། རྩ་བའི་བླ་མའི་ཐུགས་ཡེ་ཤེས་གཅིག་གི་རོལ་པ་ལས་མ་འདས་པ། བདག་ཉིད་ལ་རྗེས་སུ་བརྩེ་ཞིང་འདྲེན་པའི་དེད་དཔོན་ཆེན་པོར་མངོན་སུམ་དུ་བཞུགས་པར་བསམ་ལ། དེའི་མདུན་དུ་རང་གཞན་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་འདི་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་འདྲེན་པ། ཡི་དམ་དང་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། མཁའ་འགྲོ་ཆོས་སྐྱོང་དགེ་འདུན་ལ་ལམ་སྒྲུབ་པའི་ཟླ་གྲོགས་ཞུ་བའི་ཚུལ་གྱིས་བདག་ཅག་རྣམས་ཁྱེད་ལ་བསྟེན། ཁྱེད་ལ་འབུལ། ཁྱེད་ལས་གཞན་པའི་སྐྱབས་དང་རེ་ས་མེད་པས་ཅི་མཛད་ཁྱེད་མཁྱེན་སྙམ་པའི་གདུང་བ་དྲག་པོས་སྐྱབས་སུ་འགྲོ་བར་མོས་ཏེ། ན་མོཿ བླ་མ་སངས་རྒྱས་རིན་པོ་ཆེ༔ སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་སྐུ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ལ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་ཅི་ནུས་བྱ། མཐར་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བསམ་ལ་སེམས་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །གཉིས་པ་ནི། འདི་ལྟར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཚེ་རབས་ཐོག་མ་མེད་པ་ནས་དགྲས་ཀྱང་གཉེན་བྱས། གཉེན་གྱིས་ཀྱང་དགྲ་བྱས་པ་སོགས་དགྲ་གཉེན་ངེས་པ་མེད་ཅིང༌། ཚེ་འདི་དང་མ་འོངས་པ་ནའང་དགྲ་གཉེན་ངེས་མེད་འགྱུར་བར་བསམ་ནས་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་བཏང་སྙོམས་ཐོག་མར་བསྐྱེད་ཅིང༌། དེ་ནས་དེ་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཤ་སྟག་ཡིན་པའི་ཕྱིར། དྲིན་གཟོ་བའི་སླད་དུ་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། དེ་ལྟ་བུ་དང་མི་འབྲལ་བ་བྱུང་ན་རེ་དགའ་སྙམ་པའི་དགའ་བ་སྟེ་ཚད་མེད་བཞིས་བློ་སྦྱངས་པའི་མཐར། སྐྱབས་ཡུལ་རྣམས་དཔང་པོར་བཞུགས་པའི་ཚུལ་གྱིས། ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མེད་སྣང་འཁོར་བའི་ཆོས་ལ་ཞེན༔ སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར༔ བྱང་ཆུབ་བསྒྲུབ་པར་སེམས་བསྐྱེད་དོ༔ ཞེས་གྲངས་བསོག །སྤྲོ་ན་བར་འདིར་བདག་གཞན་མཉམ་བརྗེའི་བློ་སྦྱོང་དང༌། ཁྱད་པར་དབུགས་འགྲོ་འོང་དང་བསྟུན་ཏེ་བདེ་སྡུག་གཏོང་ལེན་གྱི་དམིགས་པའང་ཉམས་སུ་བླང་ཞིང་བདག་མེད་རྣམ་གཉིས་ཀྱི་ངེས་པས་དྲངས་པའི་ཞི་ལྷག་ཟུང་འཇུག་དོན་དམ་པའི་བྱང་ཆུབ་སེམས་ཀྱང་ཅི་རིགས་སུ་སྒོམ། མཐར་བདག་གཞན་སེམས་ཅན་ཐམས་ཅད་སྐྱབས་ཡུལ་ལ་ཐིམ། དེ་རྣམས་ཀྱང་དབུས་ཀྱི་བླ་མ་ལ་ཐིམ། དེ་ཡང་ཆོས་སྐུ་སྤྲོས་བྲལ་གདོད་མའི་དབྱིངས་སུ་བསྟིམས་ནས་མཉམ་པར་བཞག་གོ །གསུམ་པ་ནི། ཨ། བདག་ཉིད་སྤྱི་བོར་པད་ཟླའི་སྟེང༔ བླ་མ་རྡོར་སེམས་ཡབ་ཡུམ་གྱི༔ ཐུགས་ཀའི་ཧཱུྃ་ལས་བདུད་རྩིའི་རྒྱུན༔ བབས་པས་ནད་གདོན་སྡིག་སྒྲིབ་སྦྱངས༔ །ཞེས་བརྗོད་དེ་བདག་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་དཀར་གསལ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས་པར་གསལ་བཏབ་ནས། མོས་གུས་གདུང་ཤུགས་དྲག་པོས་བདག་གི་ཤེས་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཞིག་ཁྱེད་མཁྱེན་ནོ་སྙམ་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་ཤུགས་དྲག་ཏུ་བྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་ཉེས་བྱས་སྡོམ་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོར་སེམས་ཀྱི་ཐུགས་ཀར་ཧཱུྃ་ཡིག་གི་མཐར་ཡིག་བརྒྱའི་སྔགས་ཕྲེང་དཀར་པོ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་གཡས་བསྐོར་དུ་གསལ་བ་ལ་ཀློག་པའི་ཚུལ་གྱིས་ཅུང་ཟད་བཟླས་པས། དེ་ལས་བདུད་རྩི་དཀར་པོ་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བབ་ནས་ཡབ་ཡུམ་གྱི་སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བྱུང༌། པད་མའི་སྡོང་བུ་ལ་འཁྲིལ་བའི་ཚུལ་གྱིས་རང་གི་ཚངས་བུག་ནས་ཞུགས་ཏེ། ཤྭ་འུད་ཆེན་པོའི་སྣ་ལ་སྦུར་མི་ཆགས་པ་ལྟར་ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྲོག་ཆག །སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་རླངས་ཀྱི་རྣམ་པས་བ་སྤུའི་བུ་ག་དང་འོག་སྒོ་གཉིས་ནས་ཐོན། ས་རིམ་པ་དགུའི་འོག་ཏུ་འཆི་བདག་གླང་དམར་པོའི་རྣམ་པར་གནས་པའི་ཁ་གདངས་པའི་ནང་དུ་ཞུགས། ལྟོ་བར་ཚུད་པས་དུས་མ་ཡིན་པའི་འཆི་བ་བསླུས་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཞིའི་གནད་དང་ལྡན་པས་ཉམས་སུ་བླངས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་སྐྱབས་གསོལ་གྱི་ཚིག་བརྗོད་པ་དང༌། རང་རྒྱུད་ཀྱི་སྡིག་ལྟུང་དག་པ་ལ་བླ་མ་རྡོ་རྗེ་སེམས་དཔའ་ཐུགས་དགྱེས་པས་ཞལ་འཛུམ་མདངས་སུ་བཞད་ཅིང༌། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུང་གིས་དངོས་སུ་གནང་བ་བྱིན་པ་དང་ཆབས་ཅིག་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར་པས་རང་གནས་ཡེ་ཤེས་གཉུག་མའི་གནས་ལུགས་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བལྟས་ལ་མཉམ་པར་བཞག །བཞི་པ་ནི། རང་ལུས་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། དམར་གསལ་གྲི་ཐོད་ཕྱག་རྒྱ་ལྔས་སྤྲས་པ། །བརྐྱང་བསྐུམ་སྟབས་ཀྱིས་པད་ཉི་བམ་རོ་བརྫིས། །བདེ་སྟོང་ཡེ་ཤེས་མེ་དཔུང་དབུས་རོལ་པའི། སྤྱི་བོ་ཛ་ལནྡྷ་རའི་དཀྱིལ་འཁོར་དུ། པད་དཀར་ཟླ་སྟེང་ཁྱབ་བདག་ཧེ་རུ་ཀཿ །སྐུ་མདོག་དཀར་དམར་བདེ་སྟོང་སྙོམས་འཇུག་མདངས། །ཕྱག་གཉིས་ཐབས་ཤེས་རྡོ་རྗེ་དྲིལ་བུས་མཚན། གཅེར་བུ་རུས་པའི་ཕྱག་རྒྱ་དྲུག་གིས་སྤྲས། དབྱིངས་ཕྱུག་སྔོན་མོ་ཡུམ་དང་འཁྲིལ་བར་བསྒོམ། །འཁོར་དུ་བརྒྱུད་གསུམ་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་དྷཱ་ཀི་མ། །ཕྱོགས་དུས་སྐྱབས་གནས་རྒྱ་མཚོའི་ཚོགས་ཐམས་ཅད། ཏིལ་གྱི་གོང་བུ་ཁ་ཕྱེ་ལྟ་བུར་བསམ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རླབས ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ གིས་སྤྱན་དྲངས་དམ་ཡེ་དབྱེར་མེད་དུ་བསྟིམ་ལ། དེ་ཡང་ཐམས་ཅད་མཁྱེན་པ་ཐོབ་པའི་ལམ་ཤེས་པ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་ཤིང༌། ལམ་སྟོན་བཤེས་གཉེན་མཚན་ལྡན་ནི་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཤེས་པའི་བློས། ཚོགས་ཀྱི་ཞིང་ཁྱད་པར་ཅན་ལ་བསགས་སྦྱང་སྙིང་པོ་ཡན་ལག་བདུན་པ་འབུལ་བ་ནི། སོ་སོའི་དམིགས་པ་རྣམས་དྲན་བཞིན་པས། བླ་མ་རྩ་གསུམ་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བས་མཆོད༔ སྡིག་ལྟུང་ཉེས་པར་བྱས་ཀུན་བཤགས༔ རྣམ་གྲོལ་དགེ་ལ་རྗེས་ཡི་རང༔ ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ ཀུན་ཀྱང་བླ་མའི་གནས་ཐོབ་ཤོག སྔར་སྐྱབས་འགྲོའི་སྐབས་ཕྱག་འབུམ་མ་སོང་ན་ཡན་ལག་བདུན་པ་དང་སྦྲགས་ནས་ཕྱག་འཚལ། རིན་པོ་ཆེ་སོགས་ཇི་ལྟར་འབྱོར་བའི་མཎྜལ་ལ། སྨན་འབྲུ་རིན་ཆེན་སྣ་ཚོགས་པའི་ཚོམ་བུ་བཀོད་དེ། ཨོཾ་ཨཱཿཧཱུྃ། སྐུ་གསུམ་ཞིང་ཁམས་ལོངས་སྤྱོད་དང༌། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །དཀོན་མཆོག་རྩ་བ་གསུམ་ལ་འབུལ། བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ་གུ་རུ་དྷཱེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། གྲངས་ཇི་ལྟར་འོས་པ་འབུལ། འདི་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ནི། རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ལ་རག་ལས་ཤིང༌། རྟོགས་པ་སྐྱེ་བ་བླ་མའི་བྱིན་རླབས་དང༌། བྱིན་རླབས་འཇུག་པ་མོས་གུས་ཀྱི་རྟེན་འབྲེལ་ཁོ་ན་ལ་རག་ལས་པས་ན། རང་གི་རྩ་བའི་བླ་མ་ཉིད་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བདག་ཉིད། འགྲོ་བ་སྒྲོལ་བའི་སླད་དུ་རང་རང་དང་རིགས་མཐུན་པའི་བླ་མའི་སྐུར་སྣང་བས། གསུང་གིས་ལམ་བདེན་གྱི་ཆོས་འདོམས་ཤིང༌། དེ་ནས་འགོག་བདེན་གྱི་འབྲས་བུ་ལ་སྦྱོར་བས་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཐག་བཅད། ངེས་ཤེས་བསྐྱེད། བློ་སྙིང་བྲང་གསུམ་ལིང་གིས་གཏད། འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་མཁྱེན་ནོ་སྙམ་པའི་བློ་གཏད་ལིང་བསྐྱུར་གྱི་ཚུལ་གྱིས་ལུས་ཀྱི་བ་སྤུ་གཡོ། མིག་མཆི་མ་འཁྲུགས། བློ་སྣ་བླ་མས་འཕྲོག་པ། བསམ་རྒྱུ་བླ་མ་ལས་མེད་པ། ལུས་སེམས་ཚུགས་མི་ཐུབ་པའི་མོས་གུས་དང་གདུང་ཤུགས་དྲག་པོས། འོད་གསལ་སྙིང་ཐིག་གི་གསོལ་འདེབས་བྱིན་རླབས་མྱུར་ལམ། བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་བཅས་སྔོན་དུ་འགྲོ་བས། སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང༔ དཔལ་ལྡན་བླ་མ་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་འདེབས་བསྡུས་པ་ཉིད་ཅི་ནུས་དང༌། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་ཆིག་དྲིལ་བྱ། ཐུན་མཐར། གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། དབང་བཞི་ཐོབ་ཅིང་ལམ་བཞི་སྒོམ། །སྒྲིབ་བཞི་དག་ཅིང་སྐུ་བཞི་ཡི། འབྲས་བུ་མངོན་གྱུར་སྐལ་ལྡན་བྱས། བླ་མ་འོད་ཞུ་རང་ལ་ཐིམ། །དབྱེར་མེད་མ་བཅོས་ལྷུག་པར་བཞག །བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་བསྲེས་ཏེ་རང་སེམས་རིག་སྟོང་རྗེན་པ་སྐད་ཅིག་མའི་རང་མདངས་བསྐྱང༌། ཐུན་མཚམས་རྣམས་སུ་ཐུན་མོང་ཁྱེར་སོ་གསུམ་གྱི་རྣལ་འབྱོར་ལ་བསླབ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །བསྔོ་སྨོན་བྱས་ཏེ་ཉམས་སུ་བླང་བའི་ཕན་ཡོན་ཀྱང་རྡོ་རྗེའི་ཚིག་རྐང་ལས། འདིས་ནི་མཆོག་གི་དངོས་གྲུབ་ཀྱང༔ མྱུར་བ་ཉིད་དུ་མངོན་གྱུར་ན༔ ཐུན་མོང་དངོས་གྲུབ་སྨོས་ཅི་དགོས༔ ཡིད་བཞིན་ནོར་བུའི་མན་ངག་གོ༔ ཞེས་གསུངས་པའི་མཚོན་ཕན་ཡོན་མཐའ་ཡས་པ་མདོ་རྒྱུད་མན་ངག་དུ་མ་ནས་གསུངས་པ་ལྟར་ཉམས་སུ་ལེན་པ་ཅིས་ཀྱང་གལ་ཆེའོ། །ཅེས་པའང་རྒྱལ་ཁབ་ཕ་རན་སེའི་ཐེག་མཆོག་རིན་ཆེན་གླིང་དུ་སྒྲུབ་སྡེ་གསར་འཇུགས་སྐབས་རྙིང་སྔགས་རྒན་པོ་མངྒ་ལ་ཤྲཱི་བྷཱུ་ཏིས་རང་ཉིད་ཀྱི་བསམ་གཏན་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་བྲིས་པ་ཐེག་མཆོག་སྙིང་པོའི་བསྟན་པ་ལ་བྱ་བ་བྱེད་ནུས་པར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:10, 1 June 2024
Wylie title | gu ru'i thugs sgrub dngos grub snying po las/ sngon 'gro'i ngag 'don zab lam snang byed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 17, Text 3, Pages 6-12 (Folios 1a to 7b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Gu ru'i thugs sgrub dngos grub snying po las sngon 'gro'i ngag 'don zab lam snang byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 6-12. Delhi: Shechen Publications, 1994. | |
Genre | Preliminary Practices - sngon 'gro | |
Cycle | རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig) | |
Colophon |
།ཅེས་པའང་རྒྱལ་ཁབ་ཕ་རན་སེའི་ཐེག་མཆོག་རིན་ཆེན་གླིང་དུ་སྒྲུབ་སྡེ་གསར་འཇུགས་སྐབས་རྙིང་སྔགས་རྒན་པོ་མངྒ་ལ་ཤྲཱི་བྷཱུ་ཏིས་རང་ཉིད་ཀྱི་བསམ་གཏན་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་བྲིས་པ་ཐེག་མཆོག་སྙིང་པོའི་བསྟན་པ་ལ་བྱ་བ་བྱེད་ནུས་པར་གྱུར་ཅིག། | |
/ces pa'ang rgyal khab pha ran se'i theg mchog rin chen gling du sgrub sde gsar 'jugs skabs rnying sngags rgan po mang+ga la shrI b+hU tis rang nyid kyi bsam gtan khang bu bkra shis dpal 'bar gling du bris pa theg mchog snying po'i bstan pa la bya ba byed nus par gyur cig/ |