DKR-KABUM-13-PA-008: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=དོན་བརྒྱུད་གྲུབ་ཐོབ་རྒྱ་མཚོ་མངོན་དུ་སྒྲུབ་པའི་ཆོ་ག་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ཡེ་ཤེས་རྒྱ་མཚོའི་ཆར་འབེབས། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 13: . Delhi: Shechen Publications, 1994. | |fulltitle=don brgyud grub thob rgya mtsho mngon du sgrub pa'i cho ga phyag rgya chen po'i dbang bskur byin rlabs kyi rim pa ye shes rgya mtsho'i char 'bebs | ||
|citation=[[Khyentse, Dilgo]]. ''Don brgyud grub thob rgya mtsho mngon du sgrub pa'i cho ga phyag rgya chen po'i dbang bskur byin rlabs kyi rim pa ye shes rgya mtsho'i char 'bebs''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 13: 109-118. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Empowerment Ritual - dbang chog - dbang skur | |tibgenre=Empowerment Ritual - dbang chog - dbang skur | ||
|terma=No | |terma=No | ||
|dkroutline=Four | |dkroutline=Four | ||
|language=Tibetan | |language=Tibetan | ||
|volumenumber=013 | |volumenumber=013 | ||
|volnumtib=༡༣ | |volnumtib=༡༣ | ||
|volyigtib=པ་ | |volyigtib=པ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=008 | |||
|pagenumbers=109-118 | |||
|totalpages=20 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=10b6 | ||
|totalfolios=10 | |||
|multivolumework=No | |||
|rectonotes=dbang chog | |||
|versonotes=phyag chen khro lod | |||
|colophontib=།ཞེས་པའང་ཕྱག་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱོན་པའི་བླ་སྒྲུབ་ལ་ཚོགས་ཀྱི་མཆོད་པ་ཞིག་འབྲི་བར་འོས་ཞེས་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ས་དབང་འོད་གསལ་རང་གྲོལ་ནས་གསུང་བསྐུལ་བཞིན་དད་མོས་ཀྱིས་ཡོ་གི་ནི་མངྒ་ལ་ཤྲཱི་བྷཱུ་ཏིས་ཕ་རན་སི་ལ་སོན་ན་རིའི་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་ནས་བྲིས་པའི་ཡི་གེ་པ་ནི་བྱ་བྲལ་སྤྲུལ་སྐུ་ཨཱ་ནནྟ་མངྒ་ལས་མཛད་པ་རང་གཞན་གྱི་རྒྱུད་ལ་ཡེ་ཤེས་ཆེན་པོའི་དགོངས་ཉམས་ཚད་ལ་ཕེབས་པའི་རྒྱུར་གྱུར་ཅིག། | |||
|colophonwylie=/zhes pa'ang phyag rdzogs dbyer med kyi rnal 'byor grub pa'i dbang phyug nam mkha' chos kyi rgya mtsho'i dgongs klong ye shes kyi gsang mdzod las byon pa'i bla sgrub la tshogs kyi mchod pa zhig 'bri bar 'os zhes sku gsung thugs kyi sras mchog sa dbang 'od gsal rang grol nas gsung bskul bzhin dad mos kyis yo gi ni mang+ga la shrI b+hU tis pha ran si la son na ri'i bsam gtan gyi khang bu bkra shis dpal 'bar gling nas bris pa'i yi ge pa ni bya bral sprul sku A nan+ta mang+ga las mdzad pa rang gzhan gyi rgyud la ye shes chen po'i dgongs nyams tshad la phebs pa'i rgyur gyur cig/ | |||
|pdflink=File:DKR-KABUM-13-PA-008.pdf | |pdflink=File:DKR-KABUM-13-PA-008.pdf | ||
}} | }} | ||
Line 34: | Line 35: | ||
<onlyinclude> | <onlyinclude> | ||
{{TibP|༄༅། དོན་བརྒྱུད་གྲུབ་ཐོབ་རྒྱ་མཚོ་མངོན་དུ་སྒྲུབ་པའི་ཆོ་ག་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ཡེ་ཤེས་རྒྱ་མཚོའི་ཆར་འབེབས་ཞེས་བྱ་བ་བཞུགས།། | {{TibP|༄༅། དོན་བརྒྱུད་གྲུབ་ཐོབ་རྒྱ་མཚོ་མངོན་དུ་སྒྲུབ་པའི་ཆོ་ག་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ཡེ་ཤེས་རྒྱ་མཚོའི་ཆར་འབེབས་ཞེས་བྱ་བ་བཞུགས།། | ||
<br> | |||
༄༅། ན་མོ་གུ་རུ་བུདྡྷ་རཏྣ་ཡེ། དོན་བརྒྱུད་ཀྱི་བྱིན་རླབས་མངའ་བའི་བླ་མས་མོས་གུས་དང་དམ་ཚིག་ལྡན་པའི་སློབ་མ་ལ་ཚུལ་འདིའི་ཡེ་ཤེས་འབེབས་པའི་དབང་བསྐུར་བྱ་བར་འདོད་པས། དབེན་པའི་གནས་སུ་གནས་ཁང་གི་ཕུག་ལོགས་སུ་བྱིན་རླབས་ལྡན་པའི་བླ་མའི་སྐུ་འབག་གི་དྲུང་དུ་སྟེགས་བུར་མཎྜལ་པདྨ་འདབ་བརྒྱད་ཀྱི་སྟེང་དབུས་སུ་བུམ་པ་བཅུད་ལྡན། ཐོད་པར་བདུད་རྩི་རིམ་བུས་སྦག་པའི་ཆང༌། རིག་ཙཀ །ཤེལ་རྡོ། བྷནྡྷ་མཚན་ལྡན་ཞུན་ཆེན་གྱི་མར་མེ་རོ་རས་ཀྱི་སྡོང་བུ་ལྔ་བཙུགས་པ་དང༌། གཞུང་མཐུན་གྱི་སྐུ་ཙཀ་ལྔ། ཌཱ་མ་རུ་ཁཊྭཱཾ་ཞིང་ལྤགས་སྒོམ་ཐག་སོགས་རྣལ་འབྱོར་པའི་ཆས། ཤ་ལྔ་བདུད་རྩི་ལྔ་བཅས་བཤམས་པའི་མདུན་དུ། སྨན་གཏོར་རཀྟ་ཉེར་སྤྱོད་ཚོགས་ཀྱི་མཆོད་པ་བཅས་འདུ་བྱས་ལ། བླ་སྒྲུབ་ཀྱི་གཞུང་བསྲངས་ནས་ཧཱུྃ་བཟླས་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་བའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་ཏེ་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་ཀརྨ་ཀ་པཀྴི་སརྦ་སིདྡྷི་ཧཱུྃ། ཞེས་བཟླ་ཞིང༌། ཨོཾ་ཨཱཿཧཱུྃ་གི་མཆོད་ཡོན་ཕུལ་ཏེ་བུམ་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཆུ་ཡེ་ཤེས་བདུད་རྩིར་གྱུར། ལས་བུམ་དུ་ཧཱུྃ་ལ་བདུད་རྩི་འཁྱིལ་བའི་སྔགས་ཕྲེང་གིས་བསྐོར་བ་ཉི་གདན་སྟེང་དུ་གསལ་བ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་ལས་ཐམས་ཅད་སྒྲུབ་པའི་ཆུ་ནུས་ལྡན་དུ་གྱུར་པར་བསམ་ལ། ཨ་མྲྀ་ཏ་བཟླ། བླ་མའི་གནས་གསུམ་ནས་བྱུང་བའི་འོད་ཟེར་ཆུ་རྒྱུན་གཅིག་པས་དབང་ལེན་བྱ། དོན་དུ་གཉེར་བའི་སློབ་མ་ཁྲུས་བྱ། བགེགས་ལ་གཏོར་མ་བྱིན་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ ནམ་མཁའ་ཡངས་པ་སོགས་ལས་བྱང་ལྟར་བཏང་ཞིང་སྲུང་འཁོར་བསྒོམ། དེ་ཡང་འདིར་རྩོད་དུས་མི་ཟད་པའི་ནད་མུག་མཚོན་གྱི་དུས་ངན་བསྐལ་པའི་མེ་བཞིན་དུ་འབར། དེ་ཉིད་ཞི་བྱེད་རྒྱལ་བསྟན་བདུད་རྩིའི་དགའ་སྟོན་ནི་ནམ་ལང་གི་སྐར་མ་བཞིན་དུ་ཡལ། བསྟན་པའི་གཟུགས་བརྙན་ལ་ཅུང་ཟད་སྤྱོད་པ་དག་ཀྱང་སྙིང་པོའི་ལུང་རྟོགས་ནི་གང་ཡིན་མི་ཤེས། ངེས་པ་དོན་གྱི་རྟོགས་པས་བདག་གྲོལ་བའི་སྐྱེས་བུ་ཆེན་པོ་ཕལ་ཆེར་གྱི་གཟུགས་སྐུ་དབྱིངས་སུ་བསྡུས་པའི་དུས་སྐབས་འདི་ལྟ་བུ་ཡང༌། སེམས་ཅན་རང་རང་གི་ཉོན་མོངས་དུག་ལྔ་འཇོལ་ཉོག་ཏུ་སྤྱོད་པའི་རྒྱུ་ལས་བྱུང་བར་ཤེས་པས། ལྷ་དང་བླ་མ་ར་མདར་སྦྲན། ཆོས་བཞིན་སྤྱོད་པའི་སྐྱེས་བུའི་རྗེས་སུ་སློབ། ཀུན་ཕན་བྱང་ཆུབ་སེམས་ཀྱི་བསམ་སྦྱོར་ཁོ་ན་ལ་བསླབ་ནུས་ན་སེམས་ཅན་སངས་རྒྱས་སུ་འགྱུར་བ་ལ་ཚེགས་མེད་དེ། སྲིད་ཞིའི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས། ཟག་མེད་ཡོན་ཏན་རྒྱ་མཚོའི་གསང་མཛོད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བསྟན་དོན་མཐར་ཐུག་འོད་གསལ་བདེ་གཤེགས་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་བརྡལ་དུ་བཞུགས། གནད་གསང་དེ་དངོས་དང་བརྒྱུད་ནས་མངོན་དུ་བྱེད་པའི་འཕྲུལ་འཁོར་ནི་སྣང་སྲིད་བླ་མར་ཤེས་པའི་མོས་གུས་དང་དག་སྣང་ལ་རག་ལས། དེས་ན་རང་ཉིད་ལ་ལམ་མ་ནོར་བ་སྟོན་པའི་བླ་མ་དེ་སངས་རྒྱས་སྐུ་བཞིའི་ཁྱབ་བདག་ཏུ་ངེས་པས་ཟུང་འཇུག་བདེ་བ་ཆེན་པོའི་རྒྱལ་ཐབས་ལ་བཞུགས་པ་རྣམས་དང་ཐ་མི་དད་པར་ཐག་ཆོད་པའི་བློ་གཏད་ལིང་གིས་བཀལ་ན་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་ལག་པའི་མཐིལ་ན་གནས་པ་བཞིན་ཟིན་པ་མདོ་རྒྱུད་མན་ངག་ཐམས་ཅད་ནས་ཡང་ཡང་བསྟན་ཅིང༌།ལམ་དེ་ལས་ཐམས་ཅད་ཟུང་འཇུག་གི་རྒྱལ་ས་ཟིན་པར་ལུང་རིགས་མན་ངག་ཚད་མ་གསུམ་གྱིས་ཡང་དག་པར་གྲུབ་པ་བཞིན། ཕྱག་རྫོགས་གྲུབ་བརྙེས་དུ་མའི་ཐུགས་སྲས། རྡོ་རྗེ་ནང་གི་རྣལ་འབྱོར་ལ་བརྟན་པ་ཐོབ་པའི་སྐྱེས་ཆེན་ཀརྨ་ངག་དབང་འཇིགས་མེད་ཆོས་ཀྱི་རྒྱ་མཚོ་ཀུན་དགའ་བཟང་པོའི་དཔལ་དྲི་མ་མེད་པའི་འོད་ཟེར་ཉིད་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་རྡོ་རྗེའི་གནས་ཆེན་པོར་བསྙེན་སྒྲུབ་ལ་བཞུགས་པའི་སྐབས་སུ་དག་སྣང་ཤར་བའི་དོན་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་བླ་སྒྲུབ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྗེ་དུས་གསུམ་རྒྱལ་བའི་ཡེ་ཤེས་སྐུ། །ཕ་པདྨ་འབྱུང་གནས་ཀརྨ་ཀ །འཁོར་གྲུབ་ཐོབ་རྒྱ་མཚོའི་ཚོགས་བཅས་ལ། །བུས་གསོལ་འདེབས་ང་རོའི་འབོད་འདི་གཟིགས། །ཕྱི་རྫས་ཀྱི་ཀླ་ཀློའི་རྡོལ་ལུགས་ལ། །ནང་ལྟ་བའི་ཀླ་ཀློས་ཁྱབ་ལུགས་ལ། གསང་སེམས་ཀྱི་ཀླ་ཀློས་བསླུ་ལུགས་ལ། །རྗེ་ཁྱེད་ཀྱི་ཐུགས་རྗེས་འདོར་ཕོད་དམ། །བུ་བདག་ལ་དགོས་པའི་དུས་བྱུང་ངོ༌། །ཐུགས་མཁྱེན་བརྩེ་ནུས་པའི་རྩལ་སྤྲུགས་ལ། །དོན་རྡོ་རྗེ་གསུམ་གྱི་དབང་ཆེན་སྩོལ། །ལན་གསུམ། གཞི་སྣོད་བཅུད་རྒྱུད་གསུམ་གྱི་ཆོས་ཐམས་ཅད་འབྲས་བུ་བླ་མའི་རྡོ་རྗེ་གསུམ་དུ་གདོད་ནས་ལྷུན་གྲུབ་ཆེན་པོར་བཞུགས་པ་ལ་ཡིད་ཆེས་དད་པས་རང་ངོ་ཤེས་པའི་ལམ་གྱིས་སྐྱབས་སུ་མཆི་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ། ས་ཆུ་མེ་རླུང་སོགས་ལན་གསུམ། ཕྱི་ཡི་སྣང་བར་བདེན་ཞེན་གྱིས་ནང་གི་སེམས་ཉིད་བསླུས་པའི་ངན་རྟོག་གིས་སྙིགས་མའི་སྡུག་བསྔལ་གྱིས་གདུང་བའི་ཀླ་ཀློའི་གཞན་དབང་ཅན་རྣམས་རང་གྲོལ་ཅོག་བཞག་ཆེན་པོས་གཏད་མེད་ཆོས་སྐུའི་དབྱིངས་སུ་ངལ་གསོའི་ཕྱིར་གཞན་ཕན་གྱི་གོ་ཆ་བགོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཅིར་སྣང་དགྲ་རུ་སོགས་ལན་གསུམ། རྒྱུད་རྣམ་པར་དག་པའི་སླད་དུ་ཚོགས་ཀྱི་ཞིང་ཁྱད་པར་ཅན་གྲུབ་མཆོག་རིག་འཛིན་རྒྱ་མཚོའི་སྤྱན་སྔར་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། རང་སེམས་བླ་མར་རྟོགས་པས་གུས་ཕྱག་འཚལ། །ཚོགས་དྲུག་ཞེན་པ་བྲལ་བའི་མཆོད་པ་འབུལ། །གཉིས་འཛིན་ཨ་འཐས་རང་རིག་ཀློང་དུ་བཤགས། །ཐུགས་རྗེ་རྒྱུན་ཆད་མེད་ལ་ཡི་རང་ངོ༌། །ཁྱབ་བརྡལ་ཡེ་ཤེས་ཆོས་འཁོར་བསྐོར་དུ་གསོལ། །མཆོག་ཏུ་མི་འགྱུར་ཆོས་སྐུར་བཞུགས་གསོལ་འདེབས། །མཁའ་ཁྱབ་འགྲོ་ཀུན་སྐུ་གསུམ་ཐོབ་ཕྱིར་བསྔོ། །འཁོར་བ་དོང་སྤྲུགས་འགྲོ་དོན་འགྲུབ་པར་ཤོག །ཅེས་བརྗོད། དབང་གི་གཞི་འགོད་པའི་སླད་དུ་སློབ་མའི་ཕུང་ཁམས་སྐྱེ་མཆེད་མ་དག་ཐ་མལ་གྱི་སྣང་ཤེས་ཐམས་ཅད་རང་གྲོལ་གདོད་མའི་སྤྱི་གཞི་ཆོས་དབྱིངས་ཀ་དག་ཆེན་པོའི་དབྱིངས་སུ་ཡལ་ཞིང༌། འོད་གསལ་ལྷུན་གྲུབ་དག་པ་རབ་འབྱམས་ཅིར་སྣང་ཡེ་ཤེས་རོལ་པའི་ཁྲག་འཐུང་ཧེ་རུ་ཀའི་ཞིང་མེ་རི་འབར་བའི་དུར་ཁྲོད་ཆེན་པོའི་དབུས་སུ་རྣམ་ཐར་སྒོ་གསུམ་དང་འདུ་འབྲལ་མེད་པ་རྡོ་རྗེ་བཙུན་མོའི་ཨེ་ཀློང་དུ། བདེ་ཆེན་འཕོ་འགྱུར་མེད་པའི་པདྨ་དང་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་ཆེ་མཆོག་པདྨ་ཧེ་རུ་ཀ་སྣང་སྲིད་ཟིལ་གནོན་ཀརྨ་པཀྴི་འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད་སྐུ་མདོག་དམར་སྨུག་ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན་སྤྱན་གསུམ་ཉི་མ་ལྟར་བགྲད་ཅིང་ཁྲོ་གཉེར་ཆུ་རླབས་ལྟར་འཁྲུགས་པའི་ཞལ་ཨམ་གཙིགས་བསྡམས་པ་ཕྱག་གཡས་ཡེ་ཤེས་ཀློང་དགུའི་རྡོ་རྗེ་འཕྱར་སྟབས་སུ་བསྡིགས་པ། གཡོན་པས་ཐལ་འབྱིན་ཕྲིན་ལས་ཀྱི་ཕུར་པ་འདྲིལ་བའི་སྡིག་མཛུབ་ཀྱི་རྩེ་ལས་ལྕགས་སྡིག་གི་ཚྭ་ཚྭ་འཕྲོ་བ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། ཕོད་ཆེན་མཐིང་ག །ཆོས་གོས་རྣམ་གསུམ་དམར་བ། མི་མགོ་སྐམ་རློན་རྙིང་གསུམ་གྱི་ཕྲེང་བའི་སེ་རལ་ཁ་གསོལ་བ། དབུ་སྐྲ་ཁམ་ནག་གཡས་སུ་འཁྱིལ་བའི་སྟེང་སངས་རྒྱས་ཀུན་གྱི་ཕྲིན་ལས་པ་མཚོན་པའི་ཞྭ་ནག་གསེར་མདངས་གསོལ་བ། སྙན་ཆ་དུང་གི་ཝཾ་མིག་འཁྲོལ་ཞིང༌། སྣང་སྲིད་དྲེགས་པ་སྡེ་བརྒྱད་གནམ་ལྕགས་སྡེར་མོས་བཟུང་བའི་སྟག་ཆེན་གྲུས་མའི་སྟེང་ན་སྲིད་ཞི་ལ་མི་གནས་པའི་བརྡར་ཞབས་གཉིས་སྭག་ལྷམ་དང་བཅས་ཏེ་མེ་དུད་ཁྲོ་ཆུང་གི་བུ་ཡུག་འཚུབ་པའི་ཀློང་ན་འགྱིང་བའི་དཔྲལ་བར་རྒྱལ་བ་རྟག་པ་དུས་གསུམ་མཁྱེན་པ། མགྲིན་པར་པདྨ་གར་དབང་མི་བསྐྱོད་རྡོ་རྗེ། ཐུགས་ཀར་མི་བསྐྱོད་རྡོ་རྗེ་རང་བྱུང་རྡོ་རྗེ་བཅས་བཞུགས་པར་གསལ་ཏེ་མོས་གུས་ཤུག་དྲག་ཏུ་བསྐྱེད་པས་དག་པའི་ཞིང་རབ་འབྱམས་བརྡལ་བའི་འོད་ཀྱི་ཕྲེང་བས་ཞིང་ཁམས་སྤྲུལ་པས་ཁྱབ་པའི་བླ་མ་སྐུ་གསུམ་སྐྱབས་ཡུལ་རྒྱ་མཚོ་རྣམས་མཁའ་ལས་ཆར། ས་གཞི་ལས་སྤྲིན་རླངས་བར་སྣང་ལས་རྡུལ་བཞིན་འཚུབས་ཏེ་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་མཛོད། ཧཱུྃ་ཧཱུྃ་ཧཱུྃ། གུ་རུ་རཏྣ་བྱོན་པའི་ཚེ། །ནམ་མཁའ་འཇའ་དང་འོད་ཀྱིས་གང༌། །སྤྲུལ་པའི་ཕོ་ཉ་འགྱེད་མཛད་ཅིང༌། །བྱིན་རླབས་མེ་དཔུང་འུ་རུ་རུ། །ཉམས་དང་རྟོགས་པ་ཤ་ར་ར། །ཀྱེ་བླ་མ་ཆེན་པོ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃདྷརྨ་དྷཱ་ཏུ་བཛྲ་མ་ཧཱ་གུ་རུ་ཀྲོ་དྷ་ལོ་ཀོཏྟཱ་ར་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་དྷཱ་ར་ཀརྨ་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཛཿཛཿཧྲིཾ་ཧྲིཾ་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དངོས་གཞི་དབང་ལ་བཞི་ལས། དང་པོ་བུམ་དབང་གི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དོ། །དེ་ཉིད་དབང་དང་དམ་ཚིག་དང༌། །མགོན་པོ་དཔའ་བོར་སྐྱབས་སོང་ན། །ཐེག་ཆེན་ཁང་པར་གཞུག་པ་དང༌། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས་བླ་མའི་སྨིན་མཚམས་ཡེ་ཤེས་ཀྱི་སྤྱན་ལས་གདན་གསུམ་ཚང་བའི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྲོས། རིག་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པས་དབང་བསྐུར་བར་གྱུར། ཨོཾ། སྣང་སྟོང་སྒྱུ་མ་རྡོ་རྗེ་བུམ་པའི་དབང༌། སངས་རྒྱས་ཀུན་གྱི་ཡེ་ཤེས་བདུད་རྩིས་གཏམས། གདན་གསུམ་སྒྱུ་འཕྲུལ་དྲྭབའི་དཀྱིལ་འཁོར་གྱི། དབང་བསྐུར་དག་མཉམ་དབྱིངས་སུ་རང་གྲོལ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། རྗེས་འབྲེལ་ནང་ནུས་པ་འཇུག་པའི་དབང་གི་སླད་དུ་ངོ་བོ་བྱང་ཆུབ་རྡོ་རྗེའི་རིགས་ཀྱི་བདག་པོ་ལ། རྣམ་པ་རྒྱལ་བའི་དབང་པོ་རིགས་གསུམ་གྱི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པར་མོས་མཛོད། དུས་གསུམ་མཁྱེན་པའི་སྐུ་དཔྲལ་བར་བཞག །སྐུ་མ་འབྱོར་ན་འཁོར་ལོའི་རྒྱ་དཔྲལ་བར་བཞག ཨོཾ། རྒྱལ་ཀུན་སྐུ་ཡི་རྡོ་རྗེ་རྟག་པའི་རིགས། རྡུལ་བྲལ་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུ། །དུས་གསུམ་ཀུན་མཁྱེན་བླ་མས་དབང་བསྐུར་བས། །སྐྱེ་ཤི་འཕོ་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་ཛ་ཡེནྡྲ་ཀརྨ་ཀ་ཀཱ་ལ་ཏྲི་ཛྙཱ་ན་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། མི་བསྐྱོད་རྡོ་རྗེའི་སྐུའམ་པདྨའི་ཕྱག་རྒྱ་མགྲིན་པར་བཞག་སྟེ། ཨཱཿ གར་གྱི་དབང་ཕྱུག་བདེ་ཆེན་བཞད་པའི་དབྱངས། །གྲགས་སྟོང་འགག་མེད་ཐུགས་རྗེ་གསུང་གི་མཆོག །མི་བསྐྱོད་རྡོ་རྗེ་གསུང་གི་དབང་བསྐུར་བས། །ཟབ་རྒྱས་ཆོས་ཀྱི་གསང་མཛོད་དབང་བསྒྱུར་ཤོག །ཨཱཿཀརྨ་ཨཀྵོ་བྷྱ་བཛྲ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ རང་བྱུང་རྡོ་རྗེའི་སྐུའམ་རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱ་སྙིང་གར་གཏད་དེ། ཧཱུྃ། རྡོ་རྗེ་མི་ཕྱེད་སྲིད་ཞི་ཀུན་ལ་ཁྱབ། །སྲིད་ཞི་ལས་འདས་ཡེ་ཤེས་ནམ་མཁའ་ཆེ། །བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ། །རང་བྱུང་རྡོ་རྗེ་སེམས་དཔས་དབང་བསྐུར་རོ། །ཧཱུྃ་ཀརྨ་སྭ་ཡཾ་བྷུ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་རྡོ་རྗེ་གསུམ་གྱི་བྱིན་རླབས་འཕོ་བའི་དབང་བསྐུར་བས་ཕྱི་རྫས་ཀྱི་དུ་རུ་ཀ་ལྔ་ཡི་ཉམས་གྲིབ་སངས། སྐུ་རྡོ་རྗེའི་སྣང་སྲིད་བླ་མར་ཤར་བའི་དངོས་གྲུབ་ཐོབ། ནང་ལྟ་བའི་ཀླ་ཀློའི་རྟག་ཆད་ཀྱི་འཕྲང་ལས་གྲོལ། གསུང་རྡོ་རྗེའི་ཟབ་དོན་རྡོ་རྗེའི་དོ་ཧའི་གསང་མཛོད་བརྡོལ། གསང་བ་ལྷའི་བུ་ཡི་བདུད་ཀྱིས་བསླུ་བྲིད་མི་ནུས། ཐུགས་རྡོ་རྗེའི་བདེ་སྟོང་ཕྱག་རྒྱ་ཆེན་པོ་སྒྲ་ཇི་བཞིན་དུ་རྟོགས་དོན་དམ་དབྱེར་མེད་ཡེ་ཤེས་རྡོ་རྗེའི་ཐུགས་ཡིད་གཅིག་ཏུ་འདྲེས། རྟོགས་པ་ནམ་མཁའ་དང་མཉམ་པར་མོས་ལ་མཉམ་པར་ཞོག་ལ་རྡོ་རྗེའི་ཚིག་རྐང་འདིའི་རྗེས་ཟློས་མཛོད། ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་ཨཱཿ །འོད་ཟེར་འགྱེད་པའི་རྡོ་རྗེ་དགའ་བ་ཧོ། །ཕོ་ཉ་འབར་བའི་དབྱངས་ཅན་ནུས་པ་ཧཱུྃ། །དྲི་མ་སེལ་བའི་ཕྲིན་ལས་དྲག་པོ་ཨོཾ། །དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གཉིས་པ་གསང་དབང་ལ། བླ་མ་ཧེ་རུ་ཀའི་དཀྱིལ་འཁོར་རང་འོད་ཀྱི་ཕྱག་རྒྱ་དང་སྦྱོར་བའི་རྡོ་རྗེ་ཆགས་པ་ཆེན་པོའི་ཟིལ་མངར་ལྷག་པའི་བྱང་ཆུབ་ཀྱི་སེམས་མྱོང་གྲོལ་བདུད་རྩི་ལྗགས་ལ་བྱིན་པར་མོས་ཤིག བྷནྡྷའི་བདུད་རྩི་སྟེར་ལ། ཨཱཿ འཁོར་ལོའི་དབང་ཕྱུག་བླ་མ་ཧེ་རུ་ཀ །གདན་གསུམ་དཀྱིལ་འཁོར་ཀུན་རྫོགས་བྱང་ཆུབ་སེམས། །རྡོ་རྗེའི་ལྕེ་ལ་བཞག་པས་དུག་གསུམ་དག །བདེ་གསལ་མི་རྟོག་ནང་གི་དབང་ཐོབ་ཤོག །ཨོཾ་གུ་ཧྱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ཞེས་བདུད་རྩི་མྱང༌། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བརྗོད། རྡོ་རྗེའི་བཟླས་པ་ཅུང་ཟད་བྱས་ལ་རླུང་རིག་བསྲེ། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གསུམ་པ་ཤེར་དབང་ནི། རིག་ཙཀ་བསྟན་ཏེ། ཧཱུྃ། སྨྲ་བསམ་བརྗོད་བྲལ་དཔེ་ལས་འདས་པའི་དབྱིངས། །ཐབས་ཀྱི་པདྨའི་རེག་བྱས་ཉེར་དྲངས་ཏེ། །ལྷན་སྐྱེས་བདེ་ཆེན་གྲོང་དུ་ཉེར་དྲངས་པའི། །ངོ་མཚར་ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག །ཨོཾ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པར་མོས་ལ། པདྨ་བྷཉྫ་ཧོ། མཐར་ཕྱག་རྒྱ་ལྟེ་བའི་ཨ་ཐུང་ལ་ཐིམ་པར་མོས་ལ་འབར་འཛག་བསྒོམ། བརྟུལ་ཞུགས་སྤྱོད་པའི་ཡོ་བྱད་གཏད་ལ། ཧཱུྃ། འཕོ་བཅས་རྩ་རླུང་ཐིག་ལེའི་འགྲོ་འོང་ཀུན། །འཕོ་མེད་ཨ་ཝ་དྷཱུ་ཏིར་དག་པ་ལས། །གནས་ཡུལ་རྡོ་རྗེའི་བརྟུལ་ཞུགས་སྤྱོད་པའི་ཆས། །གཏད་པས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཡོ་གི་ཨ་ལངྐ་ར་ཧཱུྃ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །བཞི་པ་ཚིག་དབང་ནི། དགོངས་པ་མི་གཡོ་བས། ཧོ། གང་དུ་མི་གནས་ཅིར་ཡང་མི་རྟོག་པའི། །མཁའ་ཁྱབ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །ཡེ་ཤེས་སྙིང་པོ་འོད་གསལ་དེ་ཁོ་ན། །འདུ་འབྲལ་མེད་པའི་དེ་ཉིད་ཨེ་མ་ཧོ། །ཨོཾ་ཛྙཱ་ན་དྷརྨ་དྷཱ་ཏུ་ཨ་ཏི་ཨ་བྷི་ཥིཉྩ་ཧོ། ཐོད་པའི་ཞུན་གྱི་མར་མེ་གཏད་ལ། ཧོ། དབྱིངས་ཀྱི་བྷ་ནྡྷར་རིག་པའི་མར་མེ་སྦར། །འོད་གསལ་སྣང་བ་བརྡལ་ཁྱབ་ཆེན་པོའི་ཟེར། །སྲིད་ཞི་ཀུན་ཁྱབ་དེ་ཉིད་མཚོན་པའི་དབང༌། །ཐོབ་ནས་གཉིས་སྣང་མུན་པ་སངས་གྱུར་ཅིག །ཛྙཱ་ན་ཨཱ་ལོ་ཀ་ཨ་བྷི་ཥིཉྩ་ཧྲཱིཿ དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཕ་ཁྲོ་བོ་འཆོལ་བ་གཤེགས་པའི་ཚེ། །ཕྱི་སྣོད་བཅུད་ཀུན་བདེན་མེད་ཟང་ཐལ་ལེ། །བློས་རིས་སུ་བཟུང་བའི་གཏད་སོ་སྟོང༌། །ཡུལ་དག་པ་དུར་ཁྲོད་མེ་རི་འབར། །རྗེ་ཁྱེད་ཀྱི་བཞུགས་ཡུལ་སླེབ་པ་ཉམས་རེ་དགའ། །ཅིར་སྣང་མི་བདེ་བ་མེད་པ་འདི་དྭངས་རེ་སྤྲོ། །ཨ་ལ་ལ་རྣལ་འབྱོར་གྱི་སྐལ་པ་བཟང༌། །ནང་སེམས་ཀྱི་ཡོ་ལང་ཀུན་བདེ་སྟོང་གི་ཀློང༌། །རིག་པ་རྗེན་ལ་བུད་པས་རེས་འཇོག་མེད། །ཚོགས་དྲུག་རང་གྲོལ་གྱི་དཀྱིལ་འཁོར་མཛེས། །རྗེ་ཁྱེད་ཀྱི་ལྷ་ཞལ་མཇལ་བ་འདི་ཉམས་རེ་དགའ། །བདེ་སྡུག་རྒྱན་དུ་ཤར་བ་འདི་དྭངས་རེ་སྤྲོ། །ཉམས་སྐྱོ་བའི་སྣང་བ་མོས་གུས་སུ་ཤར། །གཏད་མེད་བྱིན་རླབས་ཀྱི་རོ་ཡིས་མྱོས། །འདི་རང་སེམས་བླ་མར་འདྲེས་པའི་རྟགས། །འདི་སྣང་སྲིད་བླ་མར་གྲོལ་བའི་རྟགས། །འདི་འདྲའི་བྱིན་ཆེན་ཕེབས་པའི་ཚེ། །བདག་བུ་ཆུང་གི་སྙིང་རླུང་བདེ་ཆེན་དུ་གྲོལ། །རྗེ་བཀའ་དྲིན་ཆེའོ་ཀརྨ་པ། །ཕ་ཐུགས་རྗེ་ཆེའོ་པདྨ་འབྱུང༌། །སྟོན་འཁོར་ལ་འདུ་འབྲལ་མི་འདུག་ན། །ཕ་བུ་གཉིས་དགོངས་པ་གཅིག་ནས་གདའ། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ལམ་འཁྲུལ་པ་སེལ་བར་བྱིན་གྱིས་རློབས། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། ཧེ་རུ་ཀ་དཔལ་འཆོལ་བའི་ཁྲོ་བོའི་རྒྱལ། །ལུས་དཀྱིལ་བཅས་པ་དཔའ་བོའི་ཆ་བྱད་ཅན། །སྐུ་མདོག་སྔོ་སང་ཟར་མའི་མཐིང་མདོག་ཅན། །ཁྲོ་འཇུམ་སྤྱན་གསུམ་མཆེ་བཞི་ཡིད་ཙམ་མངོན། །རྡོ་རྗེ་དྲིལ་བུ་འཁྱུད་པའི་སྟབས་ཀྱིས་འཛིན། །གླང་ཆེན་བླ་གོས་སྟག་པགས་ཤམ་ཐབས་གྲོལ། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་དྲུག་གིས་བརྒྱན། །ཐོར་ཚུགས་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་མཚན། །གཡས་བརྐྱང་གཡོན་བསྐུམ་པད་ཉིའི་གདན་ལ་འགྱིང༌། །སྐུ་ལས་ཡེ་ཤེས་མེ་འོད་མདོག་ལྔ་འཕྲོས། །དུས་གསུམ་ཀུན་མཁྱེན་རྐྱང་མའི་ཟླ་བར་ཞུ། །སྣོད་བཅུད་གཟུགས་སྣང་བླ་མའི་སྐུ་ཞིང་ཤར། །མི་བསྐྱོད་དགའ་བ་རོ་མའི་ཉི་མར་ཐིམ། །སྒྲ་གྲགས་གཞོམ་མེད་ནཱ་དའི་རྒྱུད་མང་ལེན། །རང་བྱུང་རྡོ་རྗེ་དབུ་མའི་དབྱིངས་སུ་ཐིམ། །འགྱུ་འཕྲོ་འི་རྟོག་ཚོགས་ཕྱག་རྒྱ་ཆེན་པོར་རྟོགས། །ཡེ་ཤེས་རྡོ་རྗེ་པཀྴི་དབྱིངས་སུ་ཡལ། །རིག་སྟོང་ཁྱབ་བརྡལ་རང་གྲོལ་ཨེ་མ་ཧོ། །སྣོད་བཅུད་ཀ་དག་དབྱིངས་ཀྱི་རྒྱན་དུ་ཤར། །དབྱིངས་སྣང་མ་འགགས་རང་གསལ་ལྷུན་གྱིས་གྲུབ། །གང་དུ་མི་གནས་ཀུན་ཁྱབ་ས་ལེ་བ། །གདོད་ནས་འདུ་འབྲལ་མེད་པའི་ངང་དུ་བཞག །རྗེས་དམ་ཚིག་ཁས་བླང༌། མཎྜལ་ལུས་འབུལ་དང༌། ཚོགས་ཀྱི་འཁོར་ལོ་དང་རྡོ་རྗེའི་གླུ་གར་བཅས་ཚིམ་པ་དྲུག་ལྡན་དུ་རོལ། དགེ་བ་བསྔོ་རྡོ་རྗེའི་རིགས་སུ་སྨོན་ལམ་བཅས་མཐར་དབྱུང་ངོ༌། །མཁའ་ཁྱབ་ཡེ་ཤེས་སྐུ་ཅན་གྲུབ་པའི་རྗེ། གདུལ་དཀའི་གཉེན་གཅིག་རྒྱལ་དབང་ཀརྨ་པ། དབྱེར་མེད་རྡོ་རྗེ་བཞི་དབྱིངས་ཁྲོས་ནས་ཀྱང༌། སྲིད་པ་མིང་མེད་ཞི་དབྱིངས་སིམ་གྱུར་ཅིག །ཅེས་དྲུང་ཆེན་ཆོས་ཀྱི་རྒྱ་མཚོའི་དགོངས་ཀློང་ནས་ཕྱུང་པའི་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་བླ་མའི་རྣལ་འབྱོར་འདི་ལ་དབང་ཞིག་མཛད་བཞེད་གནང་ཀྱང་དགོངས་པ་ལམ་ལུས་སུ་གྱུར་པས་ཁྱེད་ནས་བྲི་བར་འོས་ཞེས་རིགས་སྲས། གསང་ཡུམ། རྒྱལ་ཚབ་གཙོས་དད་སློབ་ཀུན་ནས་རྟེན་བཅས་ཡང་ཡང་བསྐུལ་བས་རྗེ་བཙུན་མཆོག་གི་གསང་བ་གསུམ་དབྱིངས་སུ་ཆུ་རླབས་ཆུ་མཚོར་གཅིག་པའི་ངེས་ཤེས་ཀྱིས་གསོལ་བ་བཏབ་པས་རིག་ངོར་གསལ་བ་བཞིན་ཆུ་འབབས་སུ་བཀོད་པ་པོ་ཕྱོགས་བྲལ་གྱི་ཀུ་སཱ་ལི་ལངྒ་ལ་ཤྲཱི་བྷཱུ་ཏིའམ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉིན་བྱེད་དུ་རྒྱལ་བ་བཅུ་དྲུག་པས་མིང་གི་ཅོད་པན་གནང་བ་དེས། ལྷོ་འབྲུག་གྲུབ་པའི་སྨན་ལྗོངས་རྡོ་རྗེའི་གནས་མཆོག་སྟག་ཚང་དང་འདབས་འབྱོར་བ་སྐྱེར་ཆུའི་གཙུག་ལག་ཁང་དུ་གནས་པའི་སྐབས་སུ་བྲིས་པ་འབྲེལ་ཚད་རྡོ་རྗེ་ནང་གི་རྣལ་འབྱོར་གྱིས་སྐུ་བཞིའི་དབྱིངས་སུ་ངལ་འཚོ་བའི་ཆ་རྐྱེན་དུ་གྱུར་ཅིག །དགེ་ལེགས་འཕེལ།། ༈ དོན་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས་མཆོད་བདེ་ཆེན་ཡེ་ཤེས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ། རྣལ་འབྱོར་ཕོ་མོ་བརྟུལ་ཞུགས་ཀྱིས་དགོངས་ཉམས་སྤར་བའམ་དཔལ་ལྡན་བླ་མ་དམ་པ་སྐུ་འཁྲུངས་པ་དང༌། ་མྱ་ངན་ལས་འདས་པའི་དུས་ཆེན་སོགས་སུ་ཚོགས་ཀྱི་མཆོད་པ་བྱ་བར་འདོད་པས། སྡིག་ཟས་དང་ལོག་འཚོས་མ་གོས་པའི་ཐབས་ཤེས་ཀྱི་དམ་རྫས་འདུ་བྱས་ལ། རྃ་ཡྃ་ཁྃ། སྣོད་བཅུད་འོག་མིན་གསང་ཆེན་རོལ་པ་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ཁང་ཆེན་པོའི་མདུན་དུ་མི་མགོ་སྐམ་པོའི་ཐོད་པ་བམ་རོའི་ལྟག་པ་ནང་དུ་བསྟན་པ་མིག་ནས་མེ་འབར་བ། སྣ་ནས་དུ་བ་འཐུལ་བ། ཁ་ནས་བཤུགས་སྒྲ་འབྱིན་པ། རྣ་བ་ནས་གློག་འཁྱུགས་པ་གསུམ་གྱི་སྟེང་དུ་ཡེ་ཤེས་ཀྱི་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་ཡི་རི་བོ་བདུད་རྩི་ཡི་རྒྱ་མཚོ། གཏུམ་མོ་ཡེ་ཤེས་ཀྱི་མེས་ཞུ་ཞིང་བཀོལ། ཧཱུྃ་ཡིག་བདུད་རྩིའི་རྒྱུན་དང་འདྲེས་པའི་རླངས་པའི་ཟེགས་མ་ལས་སྣང་སྲིད་འདོད་ཡོན་ཟད་པ་མེད་པ་འཆར་བས་མཆོག་གི་དངོས་གྲུབ་སྒྲུབ་པའི་དམ་རྫས་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཚོགས་མགྲོན་སྤྱན་འདྲེན་པ་ནི། དབྱིངས་སྐྱེ་བ་མེད་པའི་ཕོ་བྲང་ནས། །གཤེགས་བཞུགས་པའི་མཚན་མ་མི་དམིགས་ཀྱང༌། །གདངས་འགགས་མེད་ཡེ་ཤེས་རོལ་པའི་སྤྲིན། །ཞིང་སྲིད་ཞི་ཀུན་ཏུ་ཁྱབ་པ་ལས། །བུ་དམ་ཚིག་ཅན་གྱི་སྣང་ངོ་རུ། །རྗེ་རྫོགས་པའི་སངས་རྒྱས་པདྨ་འབྱུང༌། །དོན་དབྱེར་མེད་གྲུབ་ཆེན་ཀརྨ་པ། །སྐུ་འཆོལ་པའི་ཁྲོ་རྒྱལ་གྲོ་བོ་ལོད། །སྐུ་གསུང་དང་ཐུགས་ཡོན་ཕྲིན་ལས་ཀྱི། །རྩལ་རྣམ་འཕྲུལ་ཞིང་ཀུན་ཁྱབ་པ་རྣམས། །རྫས་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན། །སྐུ་རྡོ་རྗེའི་གར་གྱིས་ས་གསུམ་གཡོ། །གསུང་རང་བྱུང་སྔགས་སྒྲས་ཞིང་ཀུན་ཁྱབ། །ཐུགས་མཉམ་རྗེས་བྲལ་བའི་དགོངས་པ་ཡིས། །གནས་འདི་རུ་བྱོན་ལ་བྱིན་ཆེན་ཕོབས། །རྫས་ཚོགས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི། །བཅུད་རིགས་ལྔའི་དམ་རྫས་ཆེན་པོར་གྱུར། །གྲོགས་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱང༌། །ལྷ་ཡི་དམ་ཡབ་ཡུམ་ངོ་བོར་གྱུར། །དོན་བདེ་སྟོང་གཉིས་མེད་དགོངས་མཉམ་ངོར། །མཆོག་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་གུ་རུ་མཎྜལ་སརྦ་ས་མ་ཡ་ཛ་ཛཿ ཨོཾ། བདེ་ཆེན་བདུད་རྩིའི་ཚོགས་མཆོད་འདི། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོར་འབུལ། །དགྱེས་པ་ཆེན་པོར་བཞེས་ནས་ཀྱང༌། །ཡེ་ཤེས་དགོངས་པ་མངོན་གྱུར་མཛོད། །གྷ་ན་ཙཀྲ་པཱུ་ཛ་ཧོཿ རྡོ་རྗེའི་དམ་ཚིག་རྨད་པོ་ཆེ། །བདེ་བ་ཆེན་པོའི་ལོངས་སྤྱོད་མཆོག །རྒྱུད་དྲུག་ཡི་དམ་ལྷ་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སརྦ་ས་མ་ཡ་ཤུདྡྷེ་ཨཱཿ ཡིག་བརྒྱ་བརྗོད། ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས། །ཕྱི་ནང་གསང་བའི་ཀླ་ཀློ་བཀུག །ཡེ་ཤེས་མཚོན་ཆས་དབྱིངས་སུ་བསྒྲལ། །དུག་གསུམ་ཤ་ཁྲག་ཞལ་དུ་བསྟབ། །མ་ཧཱ་མཾ་ས་ཀིཾ་ནི་རི་ཏི་ཁཱ་ཧི། །རྡོ་རྗེའི་རྣལ་འབྱོར་ཕོ་མོ་རྣམས། །དམ་ཚིག་ཚོགས་ཀྱི་རྫས་ལ་རོལ། །ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོར། །དག་པ་ཆེན་པོའི་ངོ་བོར་གྱུར། །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཧོཿ །མཚན་བཅས་རྟོག་པའི་ལྷག་མ་ཀུན། །ཆོས་ཟད་དབྱིངས་ཀྱི་ཀློང་དུ་འབུལ། །འཁྲུལ་པ་གཞི་ལ་དག་པ་ཡི། ཕྲིན་ལས་ཆེན་པོ་གྲུབ་པར་མཛོད། །ཧེ་རུ་ཀ་དཔལ་གྲོང་ཁྱེར་སོགས་སྨོན་ལམ་བྱའོ། །ཞེས་པའང་ཕྱག་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱོན་པའི་བླ་སྒྲུབ་ལ་ཚོགས་ཀྱི་མཆོད་པ་ཞིག་འབྲི་བར་འོས་ཞེས་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ས་དབང་འོད་གསལ་རང་གྲོལ་ནས་གསུང་བསྐུལ་བཞིན་དད་མོས་ཀྱིས་ཡོ་གི་ནི་མངྒ་ལ་ཤྲཱི་བྷཱུ་ཏིས་ཕ་རན་སི་ལ་སོན་ན་རིའི་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་ནས་བྲིས་པའི་ཡི་གེ་པ་ནི་བྱ་བྲལ་སྤྲུལ་སྐུ་ཨཱ་ནནྟ་མངྒ་ལས་མཛད་པ་རང་གཞན་གྱི་རྒྱུད་ལ་ཡེ་ཤེས་ཆེན་པོའི་དགོངས་ཉམས་ཚད་ལ་ཕེབས་པའི་རྒྱུར་གྱུར་ཅིག། །།}} | ༄༅། ན་མོ་གུ་རུ་བུདྡྷ་རཏྣ་ཡེ། དོན་བརྒྱུད་ཀྱི་བྱིན་རླབས་མངའ་བའི་བླ་མས་མོས་གུས་དང་དམ་ཚིག་ལྡན་པའི་སློབ་མ་ལ་ཚུལ་འདིའི་ཡེ་ཤེས་འབེབས་པའི་དབང་བསྐུར་བྱ་བར་འདོད་པས། དབེན་པའི་གནས་སུ་གནས་ཁང་གི་ཕུག་ལོགས་སུ་བྱིན་རླབས་ལྡན་པའི་བླ་མའི་སྐུ་འབག་གི་དྲུང་དུ་སྟེགས་བུར་མཎྜལ་པདྨ་འདབ་བརྒྱད་ཀྱི་སྟེང་དབུས་སུ་བུམ་པ་བཅུད་ལྡན། ཐོད་པར་བདུད་རྩི་རིམ་བུས་སྦག་པའི་ཆང༌། རིག་ཙཀ །ཤེལ་རྡོ། བྷནྡྷ་མཚན་ལྡན་ཞུན་ཆེན་གྱི་མར་མེ་རོ་རས་ཀྱི་སྡོང་བུ་ལྔ་བཙུགས་པ་དང༌། གཞུང་མཐུན་གྱི་སྐུ་ཙཀ་ལྔ། ཌཱ་མ་རུ་ཁཊྭཱཾ་ཞིང་ལྤགས་སྒོམ་ཐག་སོགས་རྣལ་འབྱོར་པའི་ཆས། ཤ་ལྔ་བདུད་རྩི་ལྔ་བཅས་བཤམས་པའི་མདུན་དུ། སྨན་གཏོར་རཀྟ་ཉེར་སྤྱོད་ཚོགས་ཀྱི་མཆོད་པ་བཅས་འདུ་བྱས་ལ། བླ་སྒྲུབ་ཀྱི་གཞུང་བསྲངས་ནས་ཧཱུྃ་བཟླས་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་བའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་ཏེ་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་ཀརྨ་ཀ་པཀྴི་སརྦ་སིདྡྷི་ཧཱུྃ། ཞེས་བཟླ་ཞིང༌། ཨོཾ་ཨཱཿཧཱུྃ་གི་མཆོད་ཡོན་ཕུལ་ཏེ་བུམ་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཆུ་ཡེ་ཤེས་བདུད་རྩིར་གྱུར། ལས་བུམ་དུ་ཧཱུྃ་ལ་བདུད་རྩི་འཁྱིལ་བའི་སྔགས་ཕྲེང་གིས་བསྐོར་བ་ཉི་གདན་སྟེང་དུ་གསལ་བ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་ལས་ཐམས་ཅད་སྒྲུབ་པའི་ཆུ་ནུས་ལྡན་དུ་གྱུར་པར་བསམ་ལ། ཨ་མྲྀ་ཏ་བཟླ། བླ་མའི་གནས་གསུམ་ནས་བྱུང་བའི་འོད་ཟེར་ཆུ་རྒྱུན་གཅིག་པས་དབང་ལེན་བྱ། དོན་དུ་གཉེར་བའི་སློབ་མ་ཁྲུས་བྱ། བགེགས་ལ་གཏོར་མ་བྱིན་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ ནམ་མཁའ་ཡངས་པ་སོགས་ལས་བྱང་ལྟར་བཏང་ཞིང་སྲུང་འཁོར་བསྒོམ། དེ་ཡང་འདིར་རྩོད་དུས་མི་ཟད་པའི་ནད་མུག་མཚོན་གྱི་དུས་ངན་བསྐལ་པའི་མེ་བཞིན་དུ་འབར། དེ་ཉིད་ཞི་བྱེད་རྒྱལ་བསྟན་བདུད་རྩིའི་དགའ་སྟོན་ནི་ནམ་ལང་གི་སྐར་མ་བཞིན་དུ་ཡལ། བསྟན་པའི་གཟུགས་བརྙན་ལ་ཅུང་ཟད་སྤྱོད་པ་དག་ཀྱང་སྙིང་པོའི་ལུང་རྟོགས་ནི་གང་ཡིན་མི་ཤེས། ངེས་པ་དོན་གྱི་རྟོགས་པས་བདག་གྲོལ་བའི་སྐྱེས་བུ་ཆེན་པོ་ཕལ་ཆེར་གྱི་གཟུགས་སྐུ་དབྱིངས་སུ་བསྡུས་པའི་དུས་སྐབས་འདི་ལྟ་བུ་ཡང༌། སེམས་ཅན་རང་རང་གི་ཉོན་མོངས་དུག་ལྔ་འཇོལ་ཉོག་ཏུ་སྤྱོད་པའི་རྒྱུ་ལས་བྱུང་བར་ཤེས་པས། ལྷ་དང་བླ་མ་ར་མདར་སྦྲན། ཆོས་བཞིན་སྤྱོད་པའི་སྐྱེས་བུའི་རྗེས་སུ་སློབ། ཀུན་ཕན་བྱང་ཆུབ་སེམས་ཀྱི་བསམ་སྦྱོར་ཁོ་ན་ལ་བསླབ་ནུས་ན་སེམས་ཅན་སངས་རྒྱས་སུ་འགྱུར་བ་ལ་ཚེགས་མེད་དེ། སྲིད་ཞིའི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས། ཟག་མེད་ཡོན་ཏན་རྒྱ་མཚོའི་གསང་མཛོད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བསྟན་དོན་མཐར་ཐུག་འོད་གསལ་བདེ་གཤེགས་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་བརྡལ་དུ་བཞུགས། གནད་གསང་དེ་དངོས་དང་བརྒྱུད་ནས་མངོན་དུ་བྱེད་པའི་འཕྲུལ་འཁོར་ནི་སྣང་སྲིད་བླ་མར་ཤེས་པའི་མོས་གུས་དང་དག་སྣང་ལ་རག་ལས། དེས་ན་རང་ཉིད་ལ་ལམ་མ་ནོར་བ་སྟོན་པའི་བླ་མ་དེ་སངས་རྒྱས་སྐུ་བཞིའི་ཁྱབ་བདག་ཏུ་ངེས་པས་ཟུང་འཇུག་བདེ་བ་ཆེན་པོའི་རྒྱལ་ཐབས་ལ་བཞུགས་པ་རྣམས་དང་ཐ་མི་དད་པར་ཐག་ཆོད་པའི་བློ་གཏད་ལིང་གིས་བཀལ་ན་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་ལག་པའི་མཐིལ་ན་གནས་པ་བཞིན་ཟིན་པ་མདོ་རྒྱུད་མན་ངག་ཐམས་ཅད་ནས་ཡང་ཡང་བསྟན་ཅིང༌།ལམ་དེ་ལས་ཐམས་ཅད་ཟུང་འཇུག་གི་རྒྱལ་ས་ཟིན་པར་ལུང་རིགས་མན་ངག་ཚད་མ་གསུམ་གྱིས་ཡང་དག་པར་གྲུབ་པ་བཞིན། ཕྱག་རྫོགས་གྲུབ་བརྙེས་དུ་མའི་ཐུགས་སྲས། རྡོ་རྗེ་ནང་གི་རྣལ་འབྱོར་ལ་བརྟན་པ་ཐོབ་པའི་སྐྱེས་ཆེན་ཀརྨ་ངག་དབང་འཇིགས་མེད་ཆོས་ཀྱི་རྒྱ་མཚོ་ཀུན་དགའ་བཟང་པོའི་དཔལ་དྲི་མ་མེད་པའི་འོད་ཟེར་ཉིད་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་རྡོ་རྗེའི་གནས་ཆེན་པོར་བསྙེན་སྒྲུབ་ལ་བཞུགས་པའི་སྐབས་སུ་དག་སྣང་ཤར་བའི་དོན་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་བླ་སྒྲུབ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྗེ་དུས་གསུམ་རྒྱལ་བའི་ཡེ་ཤེས་སྐུ། །ཕ་པདྨ་འབྱུང་གནས་ཀརྨ་ཀ །འཁོར་གྲུབ་ཐོབ་རྒྱ་མཚོའི་ཚོགས་བཅས་ལ། །བུས་གསོལ་འདེབས་ང་རོའི་འབོད་འདི་གཟིགས། །ཕྱི་རྫས་ཀྱི་ཀླ་ཀློའི་རྡོལ་ལུགས་ལ། །ནང་ལྟ་བའི་ཀླ་ཀློས་ཁྱབ་ལུགས་ལ། གསང་སེམས་ཀྱི་ཀླ་ཀློས་བསླུ་ལུགས་ལ། །རྗེ་ཁྱེད་ཀྱི་ཐུགས་རྗེས་འདོར་ཕོད་དམ། །བུ་བདག་ལ་དགོས་པའི་དུས་བྱུང་ངོ༌། །ཐུགས་མཁྱེན་བརྩེ་ནུས་པའི་རྩལ་སྤྲུགས་ལ། །དོན་རྡོ་རྗེ་གསུམ་གྱི་དབང་ཆེན་སྩོལ། །ལན་གསུམ། གཞི་སྣོད་བཅུད་རྒྱུད་གསུམ་གྱི་ཆོས་ཐམས་ཅད་འབྲས་བུ་བླ་མའི་རྡོ་རྗེ་གསུམ་དུ་གདོད་ནས་ལྷུན་གྲུབ་ཆེན་པོར་བཞུགས་པ་ལ་ཡིད་ཆེས་དད་པས་རང་ངོ་ཤེས་པའི་ལམ་གྱིས་སྐྱབས་སུ་མཆི་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ། ས་ཆུ་མེ་རླུང་སོགས་ལན་གསུམ། ཕྱི་ཡི་སྣང་བར་བདེན་ཞེན་གྱིས་ནང་གི་སེམས་ཉིད་བསླུས་པའི་ངན་རྟོག་གིས་སྙིགས་མའི་སྡུག་བསྔལ་གྱིས་གདུང་བའི་ཀླ་ཀློའི་གཞན་དབང་ཅན་རྣམས་རང་གྲོལ་ཅོག་བཞག་ཆེན་པོས་གཏད་མེད་ཆོས་སྐུའི་དབྱིངས་སུ་ངལ་གསོའི་ཕྱིར་གཞན་ཕན་གྱི་གོ་ཆ་བགོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཅིར་སྣང་དགྲ་རུ་སོགས་ལན་གསུམ། རྒྱུད་རྣམ་པར་དག་པའི་སླད་དུ་ཚོགས་ཀྱི་ཞིང་ཁྱད་པར་ཅན་གྲུབ་མཆོག་རིག་འཛིན་རྒྱ་མཚོའི་སྤྱན་སྔར་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། རང་སེམས་བླ་མར་རྟོགས་པས་གུས་ཕྱག་འཚལ། །ཚོགས་དྲུག་ཞེན་པ་བྲལ་བའི་མཆོད་པ་འབུལ། །གཉིས་འཛིན་ཨ་འཐས་རང་རིག་ཀློང་དུ་བཤགས། །ཐུགས་རྗེ་རྒྱུན་ཆད་མེད་ལ་ཡི་རང་ངོ༌། །ཁྱབ་བརྡལ་ཡེ་ཤེས་ཆོས་འཁོར་བསྐོར་དུ་གསོལ། །མཆོག་ཏུ་མི་འགྱུར་ཆོས་སྐུར་བཞུགས་གསོལ་འདེབས། །མཁའ་ཁྱབ་འགྲོ་ཀུན་སྐུ་གསུམ་ཐོབ་ཕྱིར་བསྔོ། །འཁོར་བ་དོང་སྤྲུགས་འགྲོ་དོན་འགྲུབ་པར་ཤོག །ཅེས་བརྗོད། དབང་གི་གཞི་འགོད་པའི་སླད་དུ་སློབ་མའི་ཕུང་ཁམས་སྐྱེ་མཆེད་མ་དག་ཐ་མལ་གྱི་སྣང་ཤེས་ཐམས་ཅད་རང་གྲོལ་གདོད་མའི་སྤྱི་གཞི་ཆོས་དབྱིངས་ཀ་དག་ཆེན་པོའི་དབྱིངས་སུ་ཡལ་ཞིང༌། འོད་གསལ་ལྷུན་གྲུབ་དག་པ་རབ་འབྱམས་ཅིར་སྣང་ཡེ་ཤེས་རོལ་པའི་ཁྲག་འཐུང་ཧེ་རུ་ཀའི་ཞིང་མེ་རི་འབར་བའི་དུར་ཁྲོད་ཆེན་པོའི་དབུས་སུ་རྣམ་ཐར་སྒོ་གསུམ་དང་འདུ་འབྲལ་མེད་པ་རྡོ་རྗེ་བཙུན་མོའི་ཨེ་ཀློང་དུ། བདེ་ཆེན་འཕོ་འགྱུར་མེད་པའི་པདྨ་དང་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་ཆེ་མཆོག་པདྨ་ཧེ་རུ་ཀ་སྣང་སྲིད་ཟིལ་གནོན་ཀརྨ་པཀྴི་འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད་སྐུ་མདོག་དམར་སྨུག་ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན་སྤྱན་གསུམ་ཉི་མ་ལྟར་བགྲད་ཅིང་ཁྲོ་གཉེར་ཆུ་རླབས་ལྟར་འཁྲུགས་པའི་ཞལ་ཨམ་གཙིགས་བསྡམས་པ་ཕྱག་གཡས་ཡེ་ཤེས་ཀློང་དགུའི་རྡོ་རྗེ་འཕྱར་སྟབས་སུ་བསྡིགས་པ། གཡོན་པས་ཐལ་འབྱིན་ཕྲིན་ལས་ཀྱི་ཕུར་པ་འདྲིལ་བའི་སྡིག་མཛུབ་ཀྱི་རྩེ་ལས་ལྕགས་སྡིག་གི་ཚྭ་ཚྭ་འཕྲོ་བ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། ཕོད་ཆེན་མཐིང་ག །ཆོས་གོས་རྣམ་གསུམ་དམར་བ། མི་མགོ་སྐམ་རློན་རྙིང་གསུམ་གྱི་ཕྲེང་བའི་སེ་རལ་ཁ་གསོལ་བ། དབུ་སྐྲ་ཁམ་ནག་གཡས་སུ་འཁྱིལ་བའི་སྟེང་སངས་རྒྱས་ཀུན་གྱི་ཕྲིན་ལས་པ་མཚོན་པའི་ཞྭ་ནག་གསེར་མདངས་གསོལ་བ། སྙན་ཆ་དུང་གི་ཝཾ་མིག་འཁྲོལ་ཞིང༌། སྣང་སྲིད་དྲེགས་པ་སྡེ་བརྒྱད་གནམ་ལྕགས་སྡེར་མོས་བཟུང་བའི་སྟག་ཆེན་གྲུས་མའི་སྟེང་ན་སྲིད་ཞི་ལ་མི་གནས་པའི་བརྡར་ཞབས་གཉིས་སྭག་ལྷམ་དང་བཅས་ཏེ་མེ་དུད་ཁྲོ་ཆུང་གི་བུ་ཡུག་འཚུབ་པའི་ཀློང་ན་འགྱིང་བའི་དཔྲལ་བར་རྒྱལ་བ་རྟག་པ་དུས་གསུམ་མཁྱེན་པ། མགྲིན་པར་པདྨ་གར་དབང་མི་བསྐྱོད་རྡོ་རྗེ། ཐུགས་ཀར་མི་བསྐྱོད་རྡོ་རྗེ་རང་བྱུང་རྡོ་རྗེ་བཅས་བཞུགས་པར་གསལ་ཏེ་མོས་གུས་ཤུག་དྲག་ཏུ་བསྐྱེད་པས་དག་པའི་ཞིང་རབ་འབྱམས་བརྡལ་བའི་འོད་ཀྱི་ཕྲེང་བས་ཞིང་ཁམས་སྤྲུལ་པས་ཁྱབ་པའི་བླ་མ་སྐུ་གསུམ་སྐྱབས་ཡུལ་རྒྱ་མཚོ་རྣམས་མཁའ་ལས་ཆར། ས་གཞི་ལས་སྤྲིན་རླངས་བར་སྣང་ལས་རྡུལ་བཞིན་འཚུབས་ཏེ་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་མཛོད། ཧཱུྃ་ཧཱུྃ་ཧཱུྃ། གུ་རུ་རཏྣ་བྱོན་པའི་ཚེ། །ནམ་མཁའ་འཇའ་དང་འོད་ཀྱིས་གང༌། །སྤྲུལ་པའི་ཕོ་ཉ་འགྱེད་མཛད་ཅིང༌། །བྱིན་རླབས་མེ་དཔུང་འུ་རུ་རུ། །ཉམས་དང་རྟོགས་པ་ཤ་ར་ར། །ཀྱེ་བླ་མ་ཆེན་པོ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃདྷརྨ་དྷཱ་ཏུ་བཛྲ་མ་ཧཱ་གུ་རུ་ཀྲོ་དྷ་ལོ་ཀོཏྟཱ་ར་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་དྷཱ་ར་ཀརྨ་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཛཿཛཿཧྲིཾ་ཧྲིཾ་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དངོས་གཞི་དབང་ལ་བཞི་ལས། དང་པོ་བུམ་དབང་གི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དོ། །དེ་ཉིད་དབང་དང་དམ་ཚིག་དང༌། །མགོན་པོ་དཔའ་བོར་སྐྱབས་སོང་ན། །ཐེག་ཆེན་ཁང་པར་གཞུག་པ་དང༌། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས་བླ་མའི་སྨིན་མཚམས་ཡེ་ཤེས་ཀྱི་སྤྱན་ལས་གདན་གསུམ་ཚང་བའི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྲོས། རིག་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པས་དབང་བསྐུར་བར་གྱུར། ཨོཾ། སྣང་སྟོང་སྒྱུ་མ་རྡོ་རྗེ་བུམ་པའི་དབང༌། སངས་རྒྱས་ཀུན་གྱི་ཡེ་ཤེས་བདུད་རྩིས་གཏམས། གདན་གསུམ་སྒྱུ་འཕྲུལ་དྲྭབའི་དཀྱིལ་འཁོར་གྱི། དབང་བསྐུར་དག་མཉམ་དབྱིངས་སུ་རང་གྲོལ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། རྗེས་འབྲེལ་ནང་ནུས་པ་འཇུག་པའི་དབང་གི་སླད་དུ་ངོ་བོ་བྱང་ཆུབ་རྡོ་རྗེའི་རིགས་ཀྱི་བདག་པོ་ལ། རྣམ་པ་རྒྱལ་བའི་དབང་པོ་རིགས་གསུམ་གྱི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པར་མོས་མཛོད། དུས་གསུམ་མཁྱེན་པའི་སྐུ་དཔྲལ་བར་བཞག །སྐུ་མ་འབྱོར་ན་འཁོར་ལོའི་རྒྱ་དཔྲལ་བར་བཞག ཨོཾ། རྒྱལ་ཀུན་སྐུ་ཡི་རྡོ་རྗེ་རྟག་པའི་རིགས། རྡུལ་བྲལ་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུ། །དུས་གསུམ་ཀུན་མཁྱེན་བླ་མས་དབང་བསྐུར་བས། །སྐྱེ་ཤི་འཕོ་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་ཛ་ཡེནྡྲ་ཀརྨ་ཀ་ཀཱ་ལ་ཏྲི་ཛྙཱ་ན་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། མི་བསྐྱོད་རྡོ་རྗེའི་སྐུའམ་པདྨའི་ཕྱག་རྒྱ་མགྲིན་པར་བཞག་སྟེ། ཨཱཿ གར་གྱི་དབང་ཕྱུག་བདེ་ཆེན་བཞད་པའི་དབྱངས། །གྲགས་སྟོང་འགག་མེད་ཐུགས་རྗེ་གསུང་གི་མཆོག །མི་བསྐྱོད་རྡོ་རྗེ་གསུང་གི་དབང་བསྐུར་བས། །ཟབ་རྒྱས་ཆོས་ཀྱི་གསང་མཛོད་དབང་བསྒྱུར་ཤོག །ཨཱཿཀརྨ་ཨཀྵོ་བྷྱ་བཛྲ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ རང་བྱུང་རྡོ་རྗེའི་སྐུའམ་རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱ་སྙིང་གར་གཏད་དེ། ཧཱུྃ། རྡོ་རྗེ་མི་ཕྱེད་སྲིད་ཞི་ཀུན་ལ་ཁྱབ། །སྲིད་ཞི་ལས་འདས་ཡེ་ཤེས་ནམ་མཁའ་ཆེ། །བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ། །རང་བྱུང་རྡོ་རྗེ་སེམས་དཔས་དབང་བསྐུར་རོ། །ཧཱུྃ་ཀརྨ་སྭ་ཡཾ་བྷུ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་རྡོ་རྗེ་གསུམ་གྱི་བྱིན་རླབས་འཕོ་བའི་དབང་བསྐུར་བས་ཕྱི་རྫས་ཀྱི་དུ་རུ་ཀ་ལྔ་ཡི་ཉམས་གྲིབ་སངས། སྐུ་རྡོ་རྗེའི་སྣང་སྲིད་བླ་མར་ཤར་བའི་དངོས་གྲུབ་ཐོབ། ནང་ལྟ་བའི་ཀླ་ཀློའི་རྟག་ཆད་ཀྱི་འཕྲང་ལས་གྲོལ། གསུང་རྡོ་རྗེའི་ཟབ་དོན་རྡོ་རྗེའི་དོ་ཧའི་གསང་མཛོད་བརྡོལ། གསང་བ་ལྷའི་བུ་ཡི་བདུད་ཀྱིས་བསླུ་བྲིད་མི་ནུས། ཐུགས་རྡོ་རྗེའི་བདེ་སྟོང་ཕྱག་རྒྱ་ཆེན་པོ་སྒྲ་ཇི་བཞིན་དུ་རྟོགས་དོན་དམ་དབྱེར་མེད་ཡེ་ཤེས་རྡོ་རྗེའི་ཐུགས་ཡིད་གཅིག་ཏུ་འདྲེས། རྟོགས་པ་ནམ་མཁའ་དང་མཉམ་པར་མོས་ལ་མཉམ་པར་ཞོག་ལ་རྡོ་རྗེའི་ཚིག་རྐང་འདིའི་རྗེས་ཟློས་མཛོད། ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་ཨཱཿ །འོད་ཟེར་འགྱེད་པའི་རྡོ་རྗེ་དགའ་བ་ཧོ། །ཕོ་ཉ་འབར་བའི་དབྱངས་ཅན་ནུས་པ་ཧཱུྃ། །དྲི་མ་སེལ་བའི་ཕྲིན་ལས་དྲག་པོ་ཨོཾ། །དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གཉིས་པ་གསང་དབང་ལ། བླ་མ་ཧེ་རུ་ཀའི་དཀྱིལ་འཁོར་རང་འོད་ཀྱི་ཕྱག་རྒྱ་དང་སྦྱོར་བའི་རྡོ་རྗེ་ཆགས་པ་ཆེན་པོའི་ཟིལ་མངར་ལྷག་པའི་བྱང་ཆུབ་ཀྱི་སེམས་མྱོང་གྲོལ་བདུད་རྩི་ལྗགས་ལ་བྱིན་པར་མོས་ཤིག བྷནྡྷའི་བདུད་རྩི་སྟེར་ལ། ཨཱཿ འཁོར་ལོའི་དབང་ཕྱུག་བླ་མ་ཧེ་རུ་ཀ །གདན་གསུམ་དཀྱིལ་འཁོར་ཀུན་རྫོགས་བྱང་ཆུབ་སེམས། །རྡོ་རྗེའི་ལྕེ་ལ་བཞག་པས་དུག་གསུམ་དག །བདེ་གསལ་མི་རྟོག་ནང་གི་དབང་ཐོབ་ཤོག །ཨོཾ་གུ་ཧྱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ཞེས་བདུད་རྩི་མྱང༌། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བརྗོད། རྡོ་རྗེའི་བཟླས་པ་ཅུང་ཟད་བྱས་ལ་རླུང་རིག་བསྲེ། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གསུམ་པ་ཤེར་དབང་ནི། རིག་ཙཀ་བསྟན་ཏེ། ཧཱུྃ། སྨྲ་བསམ་བརྗོད་བྲལ་དཔེ་ལས་འདས་པའི་དབྱིངས། །ཐབས་ཀྱི་པདྨའི་རེག་བྱས་ཉེར་དྲངས་ཏེ། །ལྷན་སྐྱེས་བདེ་ཆེན་གྲོང་དུ་ཉེར་དྲངས་པའི། །ངོ་མཚར་ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག །ཨོཾ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པར་མོས་ལ། པདྨ་བྷཉྫ་ཧོ། མཐར་ཕྱག་རྒྱ་ལྟེ་བའི་ཨ་ཐུང་ལ་ཐིམ་པར་མོས་ལ་འབར་འཛག་བསྒོམ། བརྟུལ་ཞུགས་སྤྱོད་པའི་ཡོ་བྱད་གཏད་ལ། ཧཱུྃ། འཕོ་བཅས་རྩ་རླུང་ཐིག་ལེའི་འགྲོ་འོང་ཀུན། །འཕོ་མེད་ཨ་ཝ་དྷཱུ་ཏིར་དག་པ་ལས། །གནས་ཡུལ་རྡོ་རྗེའི་བརྟུལ་ཞུགས་སྤྱོད་པའི་ཆས། །གཏད་པས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཡོ་གི་ཨ་ལངྐ་ར་ཧཱུྃ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །བཞི་པ་ཚིག་དབང་ནི། དགོངས་པ་མི་གཡོ་བས། ཧོ། གང་དུ་མི་གནས་ཅིར་ཡང་མི་རྟོག་པའི། །མཁའ་ཁྱབ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །ཡེ་ཤེས་སྙིང་པོ་འོད་གསལ་དེ་ཁོ་ན། །འདུ་འབྲལ་མེད་པའི་དེ་ཉིད་ཨེ་མ་ཧོ། །ཨོཾ་ཛྙཱ་ན་དྷརྨ་དྷཱ་ཏུ་ཨ་ཏི་ཨ་བྷི་ཥིཉྩ་ཧོ། ཐོད་པའི་ཞུན་གྱི་མར་མེ་གཏད་ལ། ཧོ། དབྱིངས་ཀྱི་བྷ་ནྡྷར་རིག་པའི་མར་མེ་སྦར། །འོད་གསལ་སྣང་བ་བརྡལ་ཁྱབ་ཆེན་པོའི་ཟེར། །སྲིད་ཞི་ཀུན་ཁྱབ་དེ་ཉིད་མཚོན་པའི་དབང༌། །ཐོབ་ནས་གཉིས་སྣང་མུན་པ་སངས་གྱུར་ཅིག །ཛྙཱ་ན་ཨཱ་ལོ་ཀ་ཨ་བྷི་ཥིཉྩ་ཧྲཱིཿ དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཕ་ཁྲོ་བོ་འཆོལ་བ་གཤེགས་པའི་ཚེ། །ཕྱི་སྣོད་བཅུད་ཀུན་བདེན་མེད་ཟང་ཐལ་ལེ། །བློས་རིས་སུ་བཟུང་བའི་གཏད་སོ་སྟོང༌། །ཡུལ་དག་པ་དུར་ཁྲོད་མེ་རི་འབར། །རྗེ་ཁྱེད་ཀྱི་བཞུགས་ཡུལ་སླེབ་པ་ཉམས་རེ་དགའ། །ཅིར་སྣང་མི་བདེ་བ་མེད་པ་འདི་དྭངས་རེ་སྤྲོ། །ཨ་ལ་ལ་རྣལ་འབྱོར་གྱི་སྐལ་པ་བཟང༌། །ནང་སེམས་ཀྱི་ཡོ་ལང་ཀུན་བདེ་སྟོང་གི་ཀློང༌། །རིག་པ་རྗེན་ལ་བུད་པས་རེས་འཇོག་མེད། །ཚོགས་དྲུག་རང་གྲོལ་གྱི་དཀྱིལ་འཁོར་མཛེས། །རྗེ་ཁྱེད་ཀྱི་ལྷ་ཞལ་མཇལ་བ་འདི་ཉམས་རེ་དགའ། །བདེ་སྡུག་རྒྱན་དུ་ཤར་བ་འདི་དྭངས་རེ་སྤྲོ། །ཉམས་སྐྱོ་བའི་སྣང་བ་མོས་གུས་སུ་ཤར། །གཏད་མེད་བྱིན་རླབས་ཀྱི་རོ་ཡིས་མྱོས། །འདི་རང་སེམས་བླ་མར་འདྲེས་པའི་རྟགས། །འདི་སྣང་སྲིད་བླ་མར་གྲོལ་བའི་རྟགས། །འདི་འདྲའི་བྱིན་ཆེན་ཕེབས་པའི་ཚེ། །བདག་བུ་ཆུང་གི་སྙིང་རླུང་བདེ་ཆེན་དུ་གྲོལ། །རྗེ་བཀའ་དྲིན་ཆེའོ་ཀརྨ་པ། །ཕ་ཐུགས་རྗེ་ཆེའོ་པདྨ་འབྱུང༌། །སྟོན་འཁོར་ལ་འདུ་འབྲལ་མི་འདུག་ན། །ཕ་བུ་གཉིས་དགོངས་པ་གཅིག་ནས་གདའ། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ལམ་འཁྲུལ་པ་སེལ་བར་བྱིན་གྱིས་རློབས། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། ཧེ་རུ་ཀ་དཔལ་འཆོལ་བའི་ཁྲོ་བོའི་རྒྱལ། །ལུས་དཀྱིལ་བཅས་པ་དཔའ་བོའི་ཆ་བྱད་ཅན། །སྐུ་མདོག་སྔོ་སང་ཟར་མའི་མཐིང་མདོག་ཅན། །ཁྲོ་འཇུམ་སྤྱན་གསུམ་མཆེ་བཞི་ཡིད་ཙམ་མངོན། །རྡོ་རྗེ་དྲིལ་བུ་འཁྱུད་པའི་སྟབས་ཀྱིས་འཛིན། །གླང་ཆེན་བླ་གོས་སྟག་པགས་ཤམ་ཐབས་གྲོལ། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་དྲུག་གིས་བརྒྱན། །ཐོར་ཚུགས་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་མཚན། །གཡས་བརྐྱང་གཡོན་བསྐུམ་པད་ཉིའི་གདན་ལ་འགྱིང༌། །སྐུ་ལས་ཡེ་ཤེས་མེ་འོད་མདོག་ལྔ་འཕྲོས། །དུས་གསུམ་ཀུན་མཁྱེན་རྐྱང་མའི་ཟླ་བར་ཞུ། །སྣོད་བཅུད་གཟུགས་སྣང་བླ་མའི་སྐུ་ཞིང་ཤར། །མི་བསྐྱོད་དགའ་བ་རོ་མའི་ཉི་མར་ཐིམ། །སྒྲ་གྲགས་གཞོམ་མེད་ནཱ་དའི་རྒྱུད་མང་ལེན། །རང་བྱུང་རྡོ་རྗེ་དབུ་མའི་དབྱིངས་སུ་ཐིམ། །འགྱུ་འཕྲོ་འི་རྟོག་ཚོགས་ཕྱག་རྒྱ་ཆེན་པོར་རྟོགས། །ཡེ་ཤེས་རྡོ་རྗེ་པཀྴི་དབྱིངས་སུ་ཡལ། །རིག་སྟོང་ཁྱབ་བརྡལ་རང་གྲོལ་ཨེ་མ་ཧོ། །སྣོད་བཅུད་ཀ་དག་དབྱིངས་ཀྱི་རྒྱན་དུ་ཤར། །དབྱིངས་སྣང་མ་འགགས་རང་གསལ་ལྷུན་གྱིས་གྲུབ། །གང་དུ་མི་གནས་ཀུན་ཁྱབ་ས་ལེ་བ། །གདོད་ནས་འདུ་འབྲལ་མེད་པའི་ངང་དུ་བཞག །རྗེས་དམ་ཚིག་ཁས་བླང༌། མཎྜལ་ལུས་འབུལ་དང༌། ཚོགས་ཀྱི་འཁོར་ལོ་དང་རྡོ་རྗེའི་གླུ་གར་བཅས་ཚིམ་པ་དྲུག་ལྡན་དུ་རོལ། དགེ་བ་བསྔོ་རྡོ་རྗེའི་རིགས་སུ་སྨོན་ལམ་བཅས་མཐར་དབྱུང་ངོ༌། །མཁའ་ཁྱབ་ཡེ་ཤེས་སྐུ་ཅན་གྲུབ་པའི་རྗེ། གདུལ་དཀའི་གཉེན་གཅིག་རྒྱལ་དབང་ཀརྨ་པ། དབྱེར་མེད་རྡོ་རྗེ་བཞི་དབྱིངས་ཁྲོས་ནས་ཀྱང༌། སྲིད་པ་མིང་མེད་ཞི་དབྱིངས་སིམ་གྱུར་ཅིག །ཅེས་དྲུང་ཆེན་ཆོས་ཀྱི་རྒྱ་མཚོའི་དགོངས་ཀློང་ནས་ཕྱུང་པའི་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་བླ་མའི་རྣལ་འབྱོར་འདི་ལ་དབང་ཞིག་མཛད་བཞེད་གནང་ཀྱང་དགོངས་པ་ལམ་ལུས་སུ་གྱུར་པས་ཁྱེད་ནས་བྲི་བར་འོས་ཞེས་རིགས་སྲས། གསང་ཡུམ། རྒྱལ་ཚབ་གཙོས་དད་སློབ་ཀུན་ནས་རྟེན་བཅས་ཡང་ཡང་བསྐུལ་བས་རྗེ་བཙུན་མཆོག་གི་གསང་བ་གསུམ་དབྱིངས་སུ་ཆུ་རླབས་ཆུ་མཚོར་གཅིག་པའི་ངེས་ཤེས་ཀྱིས་གསོལ་བ་བཏབ་པས་རིག་ངོར་གསལ་བ་བཞིན་ཆུ་འབབས་སུ་བཀོད་པ་པོ་ཕྱོགས་བྲལ་གྱི་ཀུ་སཱ་ལི་ལངྒ་ལ་ཤྲཱི་བྷཱུ་ཏིའམ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉིན་བྱེད་དུ་རྒྱལ་བ་བཅུ་དྲུག་པས་མིང་གི་ཅོད་པན་གནང་བ་དེས། ལྷོ་འབྲུག་གྲུབ་པའི་སྨན་ལྗོངས་རྡོ་རྗེའི་གནས་མཆོག་སྟག་ཚང་དང་འདབས་འབྱོར་བ་སྐྱེར་ཆུའི་གཙུག་ལག་ཁང་དུ་གནས་པའི་སྐབས་སུ་བྲིས་པ་འབྲེལ་ཚད་རྡོ་རྗེ་ནང་གི་རྣལ་འབྱོར་གྱིས་སྐུ་བཞིའི་དབྱིངས་སུ་ངལ་འཚོ་བའི་ཆ་རྐྱེན་དུ་གྱུར་ཅིག །དགེ་ལེགས་འཕེལ།། ༈ དོན་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས་མཆོད་བདེ་ཆེན་ཡེ་ཤེས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ། རྣལ་འབྱོར་ཕོ་མོ་བརྟུལ་ཞུགས་ཀྱིས་དགོངས་ཉམས་སྤར་བའམ་དཔལ་ལྡན་བླ་མ་དམ་པ་སྐུ་འཁྲུངས་པ་དང༌། ་མྱ་ངན་ལས་འདས་པའི་དུས་ཆེན་སོགས་སུ་ཚོགས་ཀྱི་མཆོད་པ་བྱ་བར་འདོད་པས། སྡིག་ཟས་དང་ལོག་འཚོས་མ་གོས་པའི་ཐབས་ཤེས་ཀྱི་དམ་རྫས་འདུ་བྱས་ལ། རྃ་ཡྃ་ཁྃ། སྣོད་བཅུད་འོག་མིན་གསང་ཆེན་རོལ་པ་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ཁང་ཆེན་པོའི་མདུན་དུ་མི་མགོ་སྐམ་པོའི་ཐོད་པ་བམ་རོའི་ལྟག་པ་ནང་དུ་བསྟན་པ་མིག་ནས་མེ་འབར་བ། སྣ་ནས་དུ་བ་འཐུལ་བ། ཁ་ནས་བཤུགས་སྒྲ་འབྱིན་པ། རྣ་བ་ནས་གློག་འཁྱུགས་པ་གསུམ་གྱི་སྟེང་དུ་ཡེ་ཤེས་ཀྱི་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་ཡི་རི་བོ་བདུད་རྩི་ཡི་རྒྱ་མཚོ། གཏུམ་མོ་ཡེ་ཤེས་ཀྱི་མེས་ཞུ་ཞིང་བཀོལ། ཧཱུྃ་ཡིག་བདུད་རྩིའི་རྒྱུན་དང་འདྲེས་པའི་རླངས་པའི་ཟེགས་མ་ལས་སྣང་སྲིད་འདོད་ཡོན་ཟད་པ་མེད་པ་འཆར་བས་མཆོག་གི་དངོས་གྲུབ་སྒྲུབ་པའི་དམ་རྫས་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཚོགས་མགྲོན་སྤྱན་འདྲེན་པ་ནི། དབྱིངས་སྐྱེ་བ་མེད་པའི་ཕོ་བྲང་ནས། །གཤེགས་བཞུགས་པའི་མཚན་མ་མི་དམིགས་ཀྱང༌། །གདངས་འགགས་མེད་ཡེ་ཤེས་རོལ་པའི་སྤྲིན། །ཞིང་སྲིད་ཞི་ཀུན་ཏུ་ཁྱབ་པ་ལས། །བུ་དམ་ཚིག་ཅན་གྱི་སྣང་ངོ་རུ། །རྗེ་རྫོགས་པའི་སངས་རྒྱས་པདྨ་འབྱུང༌། །དོན་དབྱེར་མེད་གྲུབ་ཆེན་ཀརྨ་པ། །སྐུ་འཆོལ་པའི་ཁྲོ་རྒྱལ་གྲོ་བོ་ལོད། །སྐུ་གསུང་དང་ཐུགས་ཡོན་ཕྲིན་ལས་ཀྱི། །རྩལ་རྣམ་འཕྲུལ་ཞིང་ཀུན་ཁྱབ་པ་རྣམས། །རྫས་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན། །སྐུ་རྡོ་རྗེའི་གར་གྱིས་ས་གསུམ་གཡོ། །གསུང་རང་བྱུང་སྔགས་སྒྲས་ཞིང་ཀུན་ཁྱབ། །ཐུགས་མཉམ་རྗེས་བྲལ་བའི་དགོངས་པ་ཡིས། །གནས་འདི་རུ་བྱོན་ལ་བྱིན་ཆེན་ཕོབས། །རྫས་ཚོགས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི། །བཅུད་རིགས་ལྔའི་དམ་རྫས་ཆེན་པོར་གྱུར། །གྲོགས་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱང༌། །ལྷ་ཡི་དམ་ཡབ་ཡུམ་ངོ་བོར་གྱུར། །དོན་བདེ་སྟོང་གཉིས་མེད་དགོངས་མཉམ་ངོར། །མཆོག་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་གུ་རུ་མཎྜལ་སརྦ་ས་མ་ཡ་ཛ་ཛཿ ཨོཾ། བདེ་ཆེན་བདུད་རྩིའི་ཚོགས་མཆོད་འདི། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོར་འབུལ། །དགྱེས་པ་ཆེན་པོར་བཞེས་ནས་ཀྱང༌། །ཡེ་ཤེས་དགོངས་པ་མངོན་གྱུར་མཛོད། །གྷ་ན་ཙཀྲ་པཱུ་ཛ་ཧོཿ རྡོ་རྗེའི་དམ་ཚིག་རྨད་པོ་ཆེ། །བདེ་བ་ཆེན་པོའི་ལོངས་སྤྱོད་མཆོག །རྒྱུད་དྲུག་ཡི་དམ་ལྷ་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སརྦ་ས་མ་ཡ་ཤུདྡྷེ་ཨཱཿ ཡིག་བརྒྱ་བརྗོད། ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས། །ཕྱི་ནང་གསང་བའི་ཀླ་ཀློ་བཀུག །ཡེ་ཤེས་མཚོན་ཆས་དབྱིངས་སུ་བསྒྲལ། །དུག་གསུམ་ཤ་ཁྲག་ཞལ་དུ་བསྟབ། །མ་ཧཱ་མཾ་ས་ཀིཾ་ནི་རི་ཏི་ཁཱ་ཧི། །རྡོ་རྗེའི་རྣལ་འབྱོར་ཕོ་མོ་རྣམས། །དམ་ཚིག་ཚོགས་ཀྱི་རྫས་ལ་རོལ། །ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོར། །དག་པ་ཆེན་པོའི་ངོ་བོར་གྱུར། །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཧོཿ །མཚན་བཅས་རྟོག་པའི་ལྷག་མ་ཀུན། །ཆོས་ཟད་དབྱིངས་ཀྱི་ཀློང་དུ་འབུལ། །འཁྲུལ་པ་གཞི་ལ་དག་པ་ཡི། ཕྲིན་ལས་ཆེན་པོ་གྲུབ་པར་མཛོད། །ཧེ་རུ་ཀ་དཔལ་གྲོང་ཁྱེར་སོགས་སྨོན་ལམ་བྱའོ། །ཞེས་པའང་ཕྱག་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱོན་པའི་བླ་སྒྲུབ་ལ་ཚོགས་ཀྱི་མཆོད་པ་ཞིག་འབྲི་བར་འོས་ཞེས་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ས་དབང་འོད་གསལ་རང་གྲོལ་ནས་གསུང་བསྐུལ་བཞིན་དད་མོས་ཀྱིས་ཡོ་གི་ནི་མངྒ་ལ་ཤྲཱི་བྷཱུ་ཏིས་ཕ་རན་སི་ལ་སོན་ན་རིའི་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་ནས་བྲིས་པའི་ཡི་གེ་པ་ནི་བྱ་བྲལ་སྤྲུལ་སྐུ་ཨཱ་ནནྟ་མངྒ་ལས་མཛད་པ་རང་གཞན་གྱི་རྒྱུད་ལ་ཡེ་ཤེས་ཆེན་པོའི་དགོངས་ཉམས་ཚད་ལ་ཕེབས་པའི་རྒྱུར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:09, 1 June 2024
Wylie title | don brgyud grub thob rgya mtsho mngon du sgrub pa'i cho ga phyag rgya chen po'i dbang bskur byin rlabs kyi rim pa ye shes rgya mtsho'i char 'bebs | |
---|---|---|
Location | dil mgo mkhyen brtse bka' 'bum Volume 13, Text 8, Pages 109-118 (Folios 1a to 10b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Don brgyud grub thob rgya mtsho mngon du sgrub pa'i cho ga phyag rgya chen po'i dbang bskur byin rlabs kyi rim pa ye shes rgya mtsho'i char 'bebs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 109-118. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Colophon |
།ཞེས་པའང་ཕྱག་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱོན་པའི་བླ་སྒྲུབ་ལ་ཚོགས་ཀྱི་མཆོད་པ་ཞིག་འབྲི་བར་འོས་ཞེས་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ས་དབང་འོད་གསལ་རང་གྲོལ་ནས་གསུང་བསྐུལ་བཞིན་དད་མོས་ཀྱིས་ཡོ་གི་ནི་མངྒ་ལ་ཤྲཱི་བྷཱུ་ཏིས་ཕ་རན་སི་ལ་སོན་ན་རིའི་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་ནས་བྲིས་པའི་ཡི་གེ་པ་ནི་བྱ་བྲལ་སྤྲུལ་སྐུ་ཨཱ་ནནྟ་མངྒ་ལས་མཛད་པ་རང་གཞན་གྱི་རྒྱུད་ལ་ཡེ་ཤེས་ཆེན་པོའི་དགོངས་ཉམས་ཚད་ལ་ཕེབས་པའི་རྒྱུར་གྱུར་ཅིག། | |
/zhes pa'ang phyag rdzogs dbyer med kyi rnal 'byor grub pa'i dbang phyug nam mkha' chos kyi rgya mtsho'i dgongs klong ye shes kyi gsang mdzod las byon pa'i bla sgrub la tshogs kyi mchod pa zhig 'bri bar 'os zhes sku gsung thugs kyi sras mchog sa dbang 'od gsal rang grol nas gsung bskul bzhin dad mos kyis yo gi ni mang+ga la shrI b+hU tis pha ran si la son na ri'i bsam gtan gyi khang bu bkra shis dpal 'bar gling nas bris pa'i yi ge pa ni bya bral sprul sku A nan+ta mang+ga las mdzad pa rang gzhan gyi rgyud la ye shes chen po'i dgongs nyams tshad la phebs pa'i rgyur gyur cig/ |