DKR-KABUM-13-PA-005: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 11: | Line 11: | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Empowerment Ritual - dbang chog - dbang skur | |tibgenre=Empowerment Ritual - dbang chog - dbang skur | ||
|terma= | |terma=Yes | ||
|dkroutline=Four | |dkroutline=Four | ||
|deity=man+dA ra ba | |deity=man+dA ra ba | ||
Line 40: | Line 40: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ལས། བྱིན་རླབས་དབང་གི་རིམ་པ་ཆུ་འབབ་ཏུ་བཀོད་པ་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ལས། བྱིན་རླབས་དབང་གི་རིམ་པ་ཆུ་འབབ་ཏུ་བཀོད་པ་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། | ||
<br> | |||
༄༅། །ན་མོ་ཛྙཱ་ན་དྷཱ་ཀི་ནི་ཡེ། ཕུན་ཚོགས་སྲིད་ཞིའི་དྭངས་མར་སྨིན་པའི་དཔྱིད། །འཆི་མེད་མནྡཱ་ར་ཡི་འཇོ་སྒེག་ནི། །མཚོ་སྐྱེས་གྲུབ་པའི་དགྱེས་སྡེ་ཌཱ་ཀིའི་གཙོ། །མི་ཤིགས་གཉུག་མའི་དྭངས་མཚོར་འབྲལ་མེད་སྟིམས། །ཡུམ་ཆེན་དགྱེས་པའི་ཟིལ་མངར་འཇོ་བའི་ཐབས། །ཟབ་གསང་ལེགས་བྲིས་ཟས་ཀྱི་ཉིང་ཁུའི་བཅུད། །སྔོན་སྨོན་ཆུ་སྐྱེས་གེ་སར་འཕོས་པའི་ལས། །རང་ངོ་ཤེས་པས་སྨིན་ལམ་སྒོ་བརྒྱ་འབྱེད། །དེ་ལ་འདིར་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་ཡུམ་བཀའ་མནྡཱ་ར་བའི་གསང་སྒྲུབ་ཀྱི་བྱིན་རླབས་དབང་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་བཤམ་བཀོད་ཀྱི་རིམ་པ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་དམར་ཕྱོགས་ཀྱི་ཚེས་བཅུ་ལ་སོགས་པ་དུས་དགེ་བར། གནས་ཁང་བྱི་དོར་དང་རྒྱན་གྱིས་སྤྲས་པའི་གུང་དུ་མཁའ་འགྲོའི་སྐུ་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུར་ཆོས་འབྱུང་དམར་པོ་བསྣོལ་བའི་ལྟེ་བར་པད་ཉིའི་སྟེང་དུ་ཧྲཱིཿདམར་པོས་མཚན་པ་དང༌། ཕྱི་རོལ་པདྨའི་ཕྲེང་བ་རྡོ་རྭ་མེ་རིས་བསྐོར་བའི་དབུས་མཉྫིའི་སྟེང་བུམ་པ་མགུལ་ཆིངས་དམར་པོ་སོ་ལྔའི་བཅུད་ཀྱིས་གཏམས་པ། གཟུངས་རྡོར་ཁ་རྒྱན་དང་བཅས་པ་བཀོད། གཡས་གཡོན་དུ་ཚེ་རིལ། ཚེ་ཆང༌། མདར་དར། བྷནྡྷ་མཚན་ལྡན་བདུད་རྩིས་བཀང་བ། མེ་ལོང་སིནྡྷཱུ་རའི་རྡུལ་གྱིས་བཀབ་པ་ཆོས་འབྱུང་དགའ་འཁྱིལ་དང་བཅས་པའི་དབུས་སུ་ཧྲཱིཿས་མཚན་པ། དེའི་སྟེང་དུ་རང་བྱུང་གི་ཤེལ་རྡོ་དང་མེ་ལོང་གཡའ་བྲལ་བརྩེགས། མདུན་དུ་མཁའ་འགྲོའི་དཔལ་གཏོར། སྨན་རཀ །བཀའ་སྲུང་མ་ནིང་གི་མཆོད་གཏོར་བཅས་བཀོད་མཛེས་སུ་བཤམ། ཆུ་གཉིས་ཉེར་སྤྱོད་མཆོད་པས་བསྐོར་ཞིང༌། གཞན་ཡང་ཆད་བརྟན། དཀར་བགེགས་ཚོགས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པའི་རིགས་གཙང་ཞིང་དག་པར་འདུ་བྱ། སྒྲུབ་པ་པོའི་མདུན་དུ་ཌཱ་དྲིལ། ལས་བུམ། འཐོར་ནས་སོགས་བཀོད་དོ། །གཉིས་པ་དབང་དོན་སྒྲུབ་མཆོད་ལ་བརྒྱུད་འདེབས་ནས་བརྩམས་ལས་བྱང་བསྟོད་པའི་བར་བཏང༌། རྣམ་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟར་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་མོས༔ རྩ་སྔགས་དང་ལས་སྦྱོར་བཅས་བཟླ། ལས་བུམ་དུ་དཔལ་རྟ་མཆོག་རོལ་པ་ཐོད་དབྱུག་དང་བསྡིགས་མཛུབ་མཛད་པ་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་དཔག་ཏུ་མེད་པ་བབ་པས་བུམ་པ་གང་བར་གྱུར། པར་མོས་པས་ལས་སྔགས་བརྒྱ་རྩ་སོགས་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང༌། མཆོད་བསྟོད་དང་ཡིག་བརྒྱ་བཟླས། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས། བུམ་ལྷ་འོད་དུ་ཞུ་ནས་བུམ་བཅུད་དང་རོ་གཅིག་ཏུ་གྱུར། སློབ་དཔོན་བདག་འཇུག་ལེན་པའམ་རིག་པའི་མེ་ཏོག་འཐོར་ཏེ་སློབ་མ་འཇུག་པའི་གནང་བ་ཞུ། ཚོགས་མཆོད་ལྷག་མའི་བར་བྱ། དབང་དངོས་ལ་སློབ་མ་རྣམས་བསྡུས་ཏེ་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་སོན་པ་དང་བགེགས་བསྐྲད། མཚམས་བཅད་ནས། སེམས་བསྐྱེད་གསལ་གདབ། ཆོས་བཤད་རྒྱས་བསྡུས་གང་འོས་སྔོན་དུ་འགྲོ་བས། རྒྱལ་བ་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཚུལ་མཐའ་ཡས་ཤིང་བསམ་གྱི་མི་ཁྱབ་པ་ཞིག་གསུངས་པའི་ནང་ནས་ངོ་མཚར་རྨད་དུ་བྱུང་བ་ནི། སྙིགས་དུས་ཀྱི་ཚེ་ཐུང་ངུ་གཅིག་གི་གདུལ་བྱ་དབང་པོ་རབ་ཏུ་སོན་པ་རྣམས་སློབ་པ་མིན་པའི་ཟུང་འཇུག་གི་གོ་འཕང་རིན་པོ་ཆེར་མཚམས་སྦྱོར་བར་བྱེད་པ་བླ་ན་མེད་པའི་རྡོ་རྗེ་ཐེག་པ་རྣལ་འབྱོར་ཆེན་པོའི་ལམ་གྱི་གསང་བ་འབའ་ཞིག་ཡིན་ཅིང༌། གསང་སྔགས་ཀྱི་ཆོ་ག་གཞན་ལས་བསྒྲུབ་ཏུ་མི་ནུས་པའི་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཆེན་པོ་རྣམས་ཀྱང་ལམ་འདིའི་དཀའ་བ་མེད་པ་འགུགས་ནུས་པ་དེ་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ལས་བྱུང་བའི་ཐབས་དང་ཤེས་རབ་ཟུང་འཇུག་གི་ཏིང་ངེ་འཛིན་ལ་རག་ལས་པར་གཟིགས་ནས་བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་སྐུ་གང་འདུལ་དེར་སྣང་རྣམ་པ་ཐམས་ཅད་པར་འཆར་བ་དེ་ཉིད་མཁའ་སྤྱོད་དང་ས་སྤྱོད་ཀྱི་འཇིག་རྟེན་སོགས་ཧེ་རུ་ཀའི་གྲོང་ཁྱེར་ཆོས་ཀྱི་དབྱིངས་འབྱམས་ཀླས་པ་རྣམས་སུ་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་དང་མཉམ་པའི་རྣལ་འབྱོར་མ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་མཐའ་ཡས་པའི་གཟུགས་ཀྱི་ལྷན་ཅིག་སྐྱེས་པ་དེ་ཉིད་མཚོན་པ་བརྟེན་ནས་གསང་སྔགས་ཀྱི་སྤྱོད་པའི་དཔའ་བོ་རྒྱ་མཚོ་རྡུལ་སྙེད་ཁ་སྦྱོར་ཡན་ལག་བདུན་གྱི་ས་ལ་དབུགས་དབྱུང་བར་མཛད་པ་ལས། སྐབས་འདིར་ངེས་པའི་དོན་དུ་ཆོས་ཐམས་ཅད་ཀྱི་འབྱུང་གནས་རྣམ་པར་ཐར་པ་སྒོ་གསུམ་གྱི་དབྱིངས་ཟག་མེད་བདེ་བ་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་འཕགས་བཞིའི་འབྱུང་གནས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ། དབྱིངས་ཡུམ་ཀུན་ཏུ་བཟང་མོ་ཉིད། དེ་བཞིན་གཤེགས་པ་རིགས་ལྔའི་དགྱེས་སྡེ་རྡོ་རྗེ་བཙུན་མོ་དབྱིངས་ཡུམ་ཆེན་མོ་ལྔའི་རིགས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་མོ་ལྔ། མཁའ་སྤྱོད་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ཁྲོས་མ་རིགས་ལྔ། མཁའ་ཁྱབ་ཀྱི་གདུལ་བྱ་འདུལ་ཕྱིར་སྲིང་མོ་གངྒཱའི་ལྷ་མོ་དང༌། སྒེག་སོགས་མཆོད་པའི་ལྷ་མོ་བཅུ་དྲུག་གི་རྣམ་པས་དཀྱིལ་འཁོར་རབ་འབྱམས་དགྱེས་པ་བསྐྱེད་པ་ལས། གསང་བ་སྔགས་ཀྱི་སྟོན་པ་དཔལ་ཧེ་རུ་ཀ་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝར་བསྟན་ཅིང་ཚུར་མཐོང་གི་མཛད་པའི་རིག་འཛིན་བཞིས་ས་ལམ་སྐུ་ཚེ་གཅིག་གིས་མཐར་སོན་ཏེ་ཟུང་འཇུག་ཆེན་པོའི་རྒྱལ་ཐབས་ལ་དབང་བསྒྱུར་བའི་གུ་རུའི་ཐུགས་ལས་བྱོན་པས་གསང་བའི་དགྱེས་སྡེ་ལྔ་རུ་གྲགས་པའི་ཡ་གྱལ་ཞིག་འཕགས་པའི་ཡུལ་གྱི་བྱེ་བྲག་ས་ཧོ་རའི་རྒྱལ་པོའི་སྲས་མོ། ཡེ་ཤེས་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཚོགས་རྗེ་མི་མོའི་སྲིད་པ་བཟུང་སྟེ། གསུང་རྡོ་རྗེ་གྲུབ་པའི་སློབ་དཔོན་ཆེན་པོའི་རྣམ་པ་པདྨ་སཾ་བྷ་ཝ་ལ་རྡོ་རྗེའི་བརྟུལ་ཞུགས་ཉེ་རྒྱུའི་སྤྱོད་པའི་གྲོགས་སུ་མཛད་ནས་གསང་ཆེན་བླ་མེད་རྒྱུད་སྡེའི་ཡང་སྙིང་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་གསང་མཛོད་བརྟོལ་ཏེ་ཚོམ་བུ་ཚོགས་སུ་སྒྲུབ་པའི་གསང་བ་རྨད་དུ་བྱུང་བའི་སྨིན་གྲོལ་གྱི་ཆོས་ཆར་ཕབ་པས་ཟ་ཧོར་དང་ཨུ་རྒྱན་བོད་ཡུལ་སྐལ་ལྡན་རྡོ་རྗེའི་འདུས་པ་མཐའ་ཀླས་པ་ཐམས་ཅད་རྡོ་རྗེའི་རིགས་སུ་སྒྲུབ་པའི་ངོ་མཚར་གྱི་མཛད་པ་བསྟན་ཅིང༌། རིགས་གསུམ་མགོན་པོའི་ཕོ་བྲང༌། བཀྲ་ཤིས་བྲག་ཕུག་འཆི་བ་མཐར་བྱེད་དུ། རྡོ་རྗེའི་ཚེ་སྒྲུབ་པའི་ཚུལ་གྱིས་ཡབ་ཡུམ་གཉིས་ཀ་སྐྱེ་འཆི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཤིང་ཚེ་བདག་མགོན་པོ་ཡབ་ཡུམ་གྱི་ཚེ་རྒྱུད་བྱེ་བ་ཕྲག་བརྒྱའི་དཀྱིལ་འཁོར་གྱི་བདག་པོ་དང་གཉིས་སུ་མེད་པའི་གོ་འཕང་མངོན་དུ་གྱུར་ཅིང༌། སླར་ཡང་མ་གཅིག་གྲུབ་པའི་རྒྱལ་མོ། རྣལ་འབྱོར་མ་རུས་པའི་རྒྱན་ཅན། ཡེ་ཤེས་མཁའ་འགྲོ་ནཱི་གུ་མ་ལ་སོགས་པ་མཚན་དང་སྐུའི་བཀོད་པ་བསམ་མི་ཁྱབ་པའི་གསང་བ་ཟབ་མོའི་སྒོ་འབྱེད་པ་དང༌། སྐལ་ལྡན་རྣམས་ལ་མཆོག་གི་ཡེ་ཤེས་སྦྱིན་པ་དང༌། གདུལ་བྱ་ཐ་མལ་པ་རྣམས་ཀྱང་གྲོལ་བ་བཞི་ལྡན་གྱི་རྗེས་སུ་བཟུང་བ་དང༌། སྐྱེ་འཆི་མེད་པ་རྡོ་རྗེ་ཚེའི་མཆོག་དངོས་སྟེར་བ་སོགས་ངོ་མཚར་གྱི་རྣམ་ཐར་བསམ་ལས་འདས་པའི་ལྷ་ལྕམ་མནྡཱ་ར་བའི་ཟབ་སྒྲུབ་རྨད་དུ་བྱུང་བ་འདི་ཉིད་མངའ་བདག་ཚངས་པ་ལྷའི་མེ་ཏོག་དང༌། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོའི་རྣམ་འཕྲུལ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པ། ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ། གངས་ཅན་མཁས་གྲུབ་རྒྱ་མཚོའི་དེད་དཔོན་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང༌། བཀའ་བབ་རིན་ཆེན་བདུན་གྱིས་དབུགས་དབྱུང་བར་མཛད་པ་ལས། བཞི་པ་ཟབ་མོ་དགོངས་པའི་གཏེར་གྱི་བྱེ་བྲག་རིག་འཛིན་ཆེ་མཆོག་གསུམ་ལ་བཀའ་བབ་པའི། ཐུགས་སྒྲུབ་རྣམ་པ་བཞིའི་གསང་སྒྲུབ་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་ཡུམ་བཀའ། འཇའ་ལུས་འཆི་མེད་སྲོག་སྒྲུབ་ཀྱི་དབང་བསྐུར་བའི་སྐབས་སུ་བབ་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཤེས་རབ་དགྱེས་པར་རོལ་པ་ཡི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འཆི་མེད་ཚེ་ལྷའི་དཀྱིལ་འཁོར་དུ༔ འཆི་མེད་གྲུབ་པའི་དབང་བསྐུར་སྩོལ༔ ཞེས་ལན་གསུམ། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་དབྱིངས་ཕྱུག་མནྡཱ་ར་བ་རབ་འབྱམས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བདག་སོགས་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ཆེན་པོར་མཆིས་ཀྱིས་བར་དུ་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ གདོད་ནས་དག་པ་སོགས་ལས་བྱང་ལྟར་སྐྱབས་འགྲོ་ལན་གསུམ། མཁའ་ཁྱབ་ཀྱི་ཕ་མར་གྱུར་པའི་སྐྱེ་དགུ་མཐའ་དག་རྒྱལ་ཀུན་བསྐྱེད་པའི་ཡུམ་མཆོག་རྡོ་རྗེ་བཙུན་མོའི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གཉན་པོ་འདིར་བཞུགས་ཏེ་རྡོ་རྗེའི་ལམ་གྱི་རྣལ་འབྱོར་ཟབ་མོ་ལ་བརྩོན་ཏེ་འབྲས་བུ་མཐར་ཐུག་ཐོབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧོཿ བདག་གཞན་མཁའ་ཁྱབ་སོགས་སེམས་བསྐྱེད་ལན་གསུམ། བསགས་སྦྱངས་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་རྒྱུན་བཤག་ཡན་ལག་བདུན་པ་ཚིག་གི་རྗེས་སུ་དོན་དྲན་པའི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ ཕྱོགས་བཅུ་དུས་བཞི་སོགས་ལན་གསུམ། སླར་ཡང་ཁྱེད་རང་རྣམས་ཀྱི་རྒྱུད་རིག་པ་འཛིན་པའི་སྡོམ་ལྡན་དུ་བྱ་བའི་སླད་དུ་སྔར་གསལ་བཏབ་པའི་ཚོགས་ཞིང་དང་སློབ་དཔོན་གཉིས་དཔང་པོར་བྱས་ཏེ། དམིགས་པར་བྱ་བའི་ཡུལ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སྒྲུབ་པར་བྱེད་པའི་ཐབས་རིགས་ལྔའི་དམ་ཚིག་ཚུལ་བཞིན་དུ་བཟུང་ནས། གྲུབ་པའི་འབྲས་བུ་མཐའ་གཉིས་ལ་མི་གནས་པའི་ཟུང་འཇུག་གི་གོ་འཕང་ཐོབ་པར་བགྱིའོ་སྙམ་དུ་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་བ་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཤོག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །ལན་གསུམ། དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས། དངོས་གཞི་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སྣོད་བཅུད་རྒྱུད་གསུམ་གྱི་ཆོས་རྣམས་ཀ་དག་འོད་གསལ་རྣམ་ཐར་སྒོ་གསུམ་གྱི་དབྱིངས་སུ་གཟོད་ནས་རྣམ་པར་དག་པའི་སྣང་ཆ་རྡོ་རྗེ་བཙུན་མོའི་ཡེ་ཤེས་ཀྱི་རང་སྣང་འོག་མིན་གསང་བ་མཆོག་གི་ཞིང་བདེ་བ་ཆེན་པོའི་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་སྐུ་གསུམ་ཕོ་ཉའི་དབང་ཕྱུག་འཆི་མེད་མནྡཱ་ར་བ་སྐུ་མདོག་དམར་གསལ་བྱེ་རུའི་ལྷུན་པོ་ཉིན་བྱེད་བྱེ་བས་འཁྱུད་པ་ལྟ་བུའི་ཁྲོ་ཆགས་སྒེག་པའི་ལང་ཚོ་རྣམ་པར་རྒྱས་པའི་གཞོན་ནུ་མྱོས་མའི་ངང་ཚུལ་ཅན། ཕྱག་གཡས་རྡོ་རྗེའི་གྲི་གུག་མཁའ་ལ་གདེངས་ཤིང༌། གཡོན་པས་བྷནྡྷ་ཚེ་བུམ་བདུད་རྩིས་གང་བས་མཚན་པ་ཐུགས་ཀར་བཟུང་བ། མཆན་ཁུང་གཡོན་དུ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་ག་འཆང་བས་དགའ་བཞིའི་ཉམས་འགྱུར་ཐུགས་རྒྱུད་དུ་འདྲེན་པ། སྐུ་གཅེར་བུ་དར་དང་རིན་པོ་ཆེས་བརྒྱན་པ། སྤྱན་གསུམ་རྡོ་རྗེའི་ལྟ་སྟངས་དབྱིངས་སུ་གཟིགས་པ་རིག་རྩལ་དབྱིངས་སུ་དག་པའི་དཔའ་བོ་རྣལ་འབྱོར་མ་འབུམ་སྡེའི་དབུས་ན་དགྱེས་དགུར་རོལ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་བའི་བདག་ཉིད་ཅན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་བདེ་བ་ཆེན་པོའི་ཕོ་བྲང༌། དག་པ་མཁའ་སྤྱོད་དཔའ་བོ་ཌཱ་ཀིའི་ཞིང་ཁམས། ཨོ་རྒྱན་དྷཱུ་མ་ཐ་ལའི་གྲོང་ཁྱེར་ལ་སོགས་པ་རྡོ་རྗེའི་གནས་ཡུལ་དུར་ཁྲོད་བརྒྱད་ལ་སོགས་པ་ནས་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་དང༌། ཕྱོགས་བཅུའི་ཞིང་རབ་འབྱམས་ནས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་དྲག་ཏུ་བབ་པ་བཞིན་བྱོན་ཏེ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། སྤོས་རོལ། ཐོད་རྔ། གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ལས་གཞུང་གི་སྤྱན་འདྲེན། ཧྲཱིཿ ཀ་དག་དབྱིངས་སྣང་སོགས་ཚང་བར་བརྗོད་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དངོས་གཞི་དབང་བསྐུར་བ་ལ་ལྔ་ལས། ཐོག་མར་བུམ་དབང་མཐའ་བརྟེན་དང་བཅས་པ་ནི་མདུན་བསྐྱེད་རྡོ་རྗེ་རྣལ་འབྱོར་མའི་སྨིན་མཚམས་མཛོད་སྤུ་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྲོས་ཏེ་འཆི་མེད་ཚེ་ཡི་བདུད་རྩིས་གང་བ་རིན་པོ་ཆེའི་བུམ་པ་སྤྱི་བོར་བཞག་ཅིང༌། རྡོ་རྗེའི་གཏོར་བླུགས་ཀྱི་ཆོ་གས་རྗེས་སུ་བཟུང་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་སྟེ་བུམ་ཆུ་བླུད། ཧྲཱིཿ ཀ་དག་ནང་གསལ་གཞོན་ནུ་བུམ་སྐུའི་ཀློང༌། ལྷུན་གྲུབ་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ཤར༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཕུང་ཁམས་བདེ་ཆེན་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གསུངས་ཤིང་དབང་བསྐུར། སྐུ་གང༌། དྲི་མ་དག །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་གྲུབ་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སྨིན་པར་བྱས། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་རིགས་ཀྱི་བདག་པོ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་སློབ་མ་ལ་ཐིམ་པར་གྱུར། དེའི་རྗེས་འབྲེལ་དུ་ཤེས་རབ་སྟོང་པ་ཉིད་ཀྱི་ལྷན་སྐྱེས་ཡེ་ཤེས་རྒྱུད་ལ་འདྲེན་པའི་ཆེད་དུ་འཆི་མེད་བདུད་རྩིའི་བཏུང་བ་སྦྱིན་པའི་མོས་པ་མཛོད། ཚེ་ཆང་སྦྱིན་ལ། ཧྲཱིཿ ཕྱི་སྣོད་ཀློང་ལྔ་དབྱིངས་ཀྱི་ཀ་པཱ་ལ༔ ནང་བཅུད་རིག་པ་ཡེ་ཤེས་བདུད་རྩིར་འཁྱིལ༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སྔགས་དབྱེར་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པ་རྡོ་རྗེ་བཟའ་བའི་རིལ་བུ་མྱངས་བས་དྭངས་མ་སྙིང་དབུས་མི་ཤིགས་ཐིག་ལེ་དང་གཅིག་ཏུ་འདྲེས་པའི་མོས་པ་མཛོད། ཚེ་རིལ་སྙིང་གར་གཏུགས་ཤིང་སྦྱིན་ཏེ། ཧྲཱིཿ འཁོར་འདས་བརྟན་དང་གཡོ་བའི་དྭངས་མའི་བཅུད༔ འཆི་མེད་རིག་འཛིན་སྒྲུབ་པའི་དམ་ཚིག་རྫས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྣམ་ཀུན་མཆོག་ལྡན་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡེ་ཤེས་ཌཱ་ཀིའི་རྡོ་རྗེ་གསུམ་གྱི་བྱིན་རླབས་ཐུན་མོང་མ་ཡིན་པ་ཐོབ་པས་སྐུ་རྡོ་རྗེ་བུམ་པའི་དབང་ཐོབ། ལུས་སྐྱེ་འཆིའི་སྒྲིབ་པ་དག །འཆི་མེད་འཇའ་ལུས་རྡོ་རྗེའི་བྱིན་རླབས་ཞུགས། སྣོད་བཅུད་ཡེ་ཤེས་མཁའ་འགྲོའི་སྐུའི་དཀྱིལ་འཁོར་བསྒོམ་པ་ལ་དབང༌། ས་འོག་སྤྱོད་པ་མཁའ་འགྲོ་རྒྱ་མཚོའི་སྤྲུལ་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །གཉིས་པ་གསང་བའི་དབང་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་ཐབས་ཀྱི་དཔའ་བོ་དང་སྙོམས་པར་ཞུགས་པའི་བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན་མུ་ཏིག་གི་མདངས་སུ་ཆགས་པ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོན་པ་ཉིད་ལྕེ་ཐོག་ཏུ་བཞག་པ་ལ་བརྟེན་ནས་ཆན་ལ་ཕབ་ཀྱིས་ཐེབ་པ་བཞིན་དུ་རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་བདེ་བ་ཆེན་པོའི་ཏིང་འཛིན་མུ་མཐའ་མེད་པས་ཁྱབ་སྟེ་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱིཿ རྩ་གསུམ་འཁོར་ལོ་ལྔ་ལྡན་གྲོང་ཁྱེར་ནས༔ སྙོམས་འཇུག་ཞུ་བདེས་དྲངས་བའི་བྱང་ཆུབ་སེམས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སེམས་དབུ་མའི་དབྱིངས་སུ་ཐིམ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་སྦྱིན་པ་ལ་མདུན་བསྐྱེད་གཙོ་མོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་གྱི་ཐུགས་སྲོག་ཧྲཱིཿཡིག་ནས་སྔགས་ཀྱི་ཕྲེང་བ་དམར་པོ་ལུ་གུ་རྒྱུད་དུ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་གཡས་སུ་འཁོར་བ་ཚེ་དཔག་མེད་ཡབ་ཡུམ་གྱི་འཁོར་ལོ་བཞིར་ཞུགས་པས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་པར་མོས་ལ་རྩ་བའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ སླར་ཡང་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་འཆི་མེད་ཡེ་ཤེས་ཌཱ་ཀིའི་གནས་ལྔར་དབང་ཆེན་རིགས་ལྔ་ཡབ་ཡུམ་གྱི་སྐུའི་དབྱིབས་བརྒྱུད་ཞལ་དང་མཁའ་གསང་བརྒྱུད་ནས་འཁོར་བའི་འོད་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་ཏེ་གནས་ལྔར་ཐིམ་པས་བདེ་སྟོང་དགའ་བཞིའི་ཉམས་འགྱུར་བསྐྱེད་པས་འཆི་མེད་རྡོ་རྗེའི་ཚེ་སྲོག་གྲུབ་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་མ་ཧཱ་པུཎྱེ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཚེ་བྷྲཱུྃ་ནྲྀ་ཛཿ རླུང་འབྱུང་འཇུག་གནས་གསུམ་ཡེ་ཤེས་རྡོ་རྗེའི་ཐུགས་སྲོག་འབྲུ་གསུམ་དག་པའི་ངེས་ཤེས་ཀྱིས་ཧྲཱིཿཡིག་རྡོ་རྗེའི་བཟླས་པ་མཛོད་ཅིག །བུམ་ཅན་དང་སྦྲགས་པའམ་འཇུག་གནས་ལྡང་གསུམ་ཧྲཱིཿཡིག་ཏུ་མོས་པའི་རྡོར་བཟླས་བྱར་གཞུག །དེས་གསུང་རྡོ་རྗེ་གསང་བའི་དབང་ཐོབ། ངག་འཕོ་འཇིག་གི་སྒྲིབ་པ་དག །གཞོམ་མེད་རྡོ་རྗེ་ནཱ་དའི་བྱིན་རླབས་ཞུགས། རླུང་སྔགས་ཡེ་ཤེས་མཁའ་འགྲོའི་གསུང་གི་དཀྱིལ་འཁོར་སྒོམ་པ་ལ་དབང༌། ས་སྟེང་སྤྱོད་པ་མཁའ་འགྲོ་རྒྱ་མཚོའི་ལོངས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་གོ །དབང་གསུམ་པའི་སླད་དུ་བདེ་སྟོང་གཉིས་མེད་མཚོན་པའི་མེ་ལོང་སིནྡྷཱུ་རའི་རྡུལ་གྱིས་བགོས་པ་ལས་རྡོ་རྗེའི་རིག་མ་གཟུགས་དང་ལང་ཚོར་ལྡན་ཞིང་འདོད་པའི་སྒྱུ་རྩལ་གྱི་གནས་ལ་མཁས་པ་ཞིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐར་པ་བརྟེན་པ་ལ་བསྐུལ་བར་གྱུར། མེ་ལོང་བསྟན་ལ། ཧྲཱིཿ བདེ་ཆེན་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་གཟུགས༔ རྣམ་ཐར་གསུམ་ལྡན་དགའ་བཞིའི་དཀྱིལ་འཁོར་འདིས༔ ཐབས་ཤེས་གཉིས་སུ་མེད་པར་དབང་བསྐུར་བས༔ འོད་གསལ་ཕྱག་རྒྱ་ཆེན་པོར་རོ་གཅིག་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སིནྡྷཱུ་རའི་ཐིག་ལེ་གནས་བཞིར་བཞག དེས་ཐུགས་རྡོ་རྗེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་རྟེན་ཐིག་ལེ་འཕོ་འཛག་གི་སྒྲིབ་པ་དག །འཕོ་མེད་བདེ་ཆེན་རྡོ་རྗེ་ཐུགས་ཀྱི་བྱིན་རླབས་ཞུགས། དྲན་རྟོག་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་དཀྱིལ་འཁོར་བསྒོམས་པ་ལ་དབང༌། མཁའ་སྤྱོད་མཁའ་འགྲོ་རྒྱ་མཚོའི་ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ །བཞི་པ་དོན་གྱི་དབང་ལ། དབྱིངས་རིག་དབྱེར་མེད་མཚོན་པའི་ཤེལ་དང་མེ་ལོང་གི་བརྡས་དོན་དམ་ཡེ་ཤེས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་མངོན་སུམ་དུ་ངོ་སྤྲད་པར་མོས་ཤིག །ཤེལ་དང་མེ་ལོང་བསྟན་ཏེ། ཨཿ འདི་ནི་དབྱིངས་དང་རིག་པ་དབྱེར་མེད་པ༔ དོན་དམ་འཆི་མེད་ཌཱ་ཀིའི་དཀྱིལ་འཁོར་ཏེ༔ བརྗོད་བྲལ་གནས་ལུགས་རྟོགས་པའི་དབང་བསྐུར་བས༔ འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨཿ དེས་ཡེ་ཤེས་རྡོ་རྗེ་བཞི་པ་དོན་གྱི་དབང་ཐོབ། སྣང་གསུམ་འཕོ་བའི་སྒྲིབ་པ་དག །དོན་དམ་ཡེ་ཤེས་ཀྱི་མཁའ་འགྲོའི་བྱིན་རླབས་ཞུགས། སྣང་གྲགས་རིག་པ་གནས་གསུམ་མཁའ་འགྲོའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་བསྒོམ་པ་ལ་དབང༌། ལྷན་སྐྱེས་ཡེ་ཤེས་ཀྱི་ཌཱ་ཀིའི་ངོ་བོ་ཉིད་སྐུ་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །ལྔ་པ་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ནང་ལྟར་སྐུ་གསུམ་དབྱེར་མེད་རྒྱལ་ཡུམ་ཡེ་ཤེས་ཌཱ་ཀི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་རིགས་བདག་དང་བཅས་པ་བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པ་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། གཙོ་འཁོར་ཐམས་ཅད་ཀྱི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་རིགས་ལྔའི་སྙིང་པོས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པ་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང༌། གནས་སྐབས་སུ་དབང་བཞིའི་ལམ་སྒོམ་པ་ལ་དབང༌། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ། ཧཱུྃ་ཧྲཱིཿ སྐུ་གསུམ་ཡེ་ཤེས་ཌཱ་ཀི་ནི༔ འཆི་མེད་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་གིས༔ གསང་གསུམ་བྱིན་རླབས་ཁྱོད་ལ་སྦྱིན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། གཏོར་མ་གནས་གསུམ་དུ་བཞག་སྟེ། ལྷ་ཚོགས་རྣམས་ཀྱི་གནས་ལྔའི་ཕྱག་མཚན་དང་ཡིག་འབྲུ་ལས་འཕྲོས་པའི་འོད་ཀྱིས་དབང་བཞི་ཡོངས་རྫོགས་གཅིག་ཆར་དུ་ཐོབ་པའི་མོས་པ་མཛོད། དེ་ལྟར་ཡེ་ཤེས་མཁའ་འགྲོའི་རྡོ་རྗེའི་གསང་བ་གསུམ་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་དབང་བསྐུར་བྱིན་གྱིས་བརླབས་པ་ལས། སྐྱེ་འཆི་མེད་པ་རྡོ་རྗེ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འཆི་མེད་བདུད་རྩིའི་ཟིལ་མངར་གྱི་རྣམ་པར་བསྡུས་ཏེ་བསྟིམ་པའི་མོས་པ་མཛོད། མདའ་དར་གཡབ་ལ། ཧྲཱིཿ ངོ་བོ་འོད་གསལ་ཆོས་སྐུའི་ཕོ་བྲང་སོགས་ཚེ་འགུགས་བྱ། སློབ་མའི་གནས་ལྔར་དབང་ཆེན་རིགས་ལྔའི་ཕྱག་རྒྱས་རྒྱས་བཏབ་པས་མི་ཤིགས་རྡོ་རྗེའི་ཕྱག་རྒྱས་བྱིན་གྱིས་བརླབ་པར་མོས་ཤིག །ཚེ་མདའ་གནས་ལྔར་བཞག་ལ། ཨཿ སྤྲོས་པས་འཁོར་འདས་སོགས་རྒྱས་གདབ་མཐར། སྨིན་མཚམས་སུ་སིནྡྷཱུ་རའི་ཐིག་ལེས་རྒྱས་གཏབ་བྱ། མཐའ་རྟེན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱིས་མངའ་གསོལ་ཤིས་བརྗོད་དང་བཅས་པ་སྤྱི་ལྟར་བྱ། དམ་ཚིག་ཁས་བླང༌། མཎྜལ། ལུས་འབུལ་དང༌། སླར་ཡང་ཟབ་མོ་ཁྲིད་ཀྱི་རིམ་པ་ལ། བརྒྱད་པ་རྫོགས་པའི་རིམ་པ་ནི༔ ལུས་གནད་རྡོ་རྗེའི་ཆོས་བདུན་བཅས༔ འབྱུང་བའི་རླུང་དུག་བསལ་ནས་ཀྱང༔ ཕྱི་ནང་གསང་བའི་སྟོང་ར་བསྒོམ༔ ཁ་སྦྱོར་བཞི་ལྡན་གསལ་སྟོང་ངང༔ ལྟེ་འོག་སྦས་པའི་ཙཎྜ་ལཱིས༔ སྤྱི་བོའི་ཐིག་ལེ་བཞུ་བ་ཡིས༔ འཁོར་ལོ་ལྔ་ཡི་དཀྱིལ་འཁོར་མཆོད༔ བདེ་སྟོང་ཟུང་འཇུག་དོན་ལ་བལྟ༔ བོགས་འདོན་ལས་ཀྱི་ཕྱག་རྒྱ་མ༔ སྙོམས་འཇུག་ཟག་མེད་ངང་ལ་བཞག༔ རྗེས་ཐོབ་དག་དང་མ་དག་གི༔ སྣང་བ་ཐམས་ཅད་སྒྱུ་མར་སྦྱང༔ ཉལ་ཁར་སྣོད་བཅུད་འོད་གསལ་ངང༔ རིག་པ་ཡེ་ཤེས་སྦུབས་སུ་འཇུག༔ རྨི་ལམ་གང་ཤར་ངོས་བཟུང་ལ༔ སྦྱང་སྤེལ་སྤྲུལ་བསྒྱུར་རང་ངོར་བཞག༔ ཐམས་ཅད་རིག་སྟོང་ཟུང་འཇུག་དབྱིངས༔ བརྗོད་བྲལ་ཕྱག་རྒྱ་ཆེན་པོའི་གཤིས༔ བཅས་བཅོས་སྤང་བླང་བྲལ་བ་ཡིས༔ ཡེ་ཤེས་ལྷ་ཚོགས་རང་ལ་ཤར༔ དོན་དམ་འཆི་མེད་ཌཱ་ཀི་འགྲུབ༔ ཅེས་རྡོ་རྗེའི་ཚིག་གིས་ཇི་ལྟར་བསྟན་པ་བཞིན་སྐུ་རྡོ་རྗེ་བསྐྱེད་བཟླས། གསུང་རྡོ་རྗེ་གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་བཅས་རྡོ་རྗེའི་ཆོས་དྲུག་དང༌། ཐུགས་རྡོ་རྗེ་གཞན་ལུས། ཡེ་ཤེས་རྡོ་རྗེ་ཕྱག་ཆེན་གྱི་རྣལ་འབྱོར་བཅས་དབང་བཞིའི་ལམ་དང་རྗེས་སུ་འབྲེལ་བའི་རྣལ་འབྱོར་ཟབ་མོ་ལ་རྩེ་གཅིག་ཏུ་བརྩོན་པས་སྐུ་གསུམ་ཡེ་ཤེས་ཌཱ་ཀིའི་གོ་འཕང་རྟེན་འདིར་མངོན་དུ་བྱེད་པས་འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་བདེ་མྱུར་དུ་སྒྲུབ་པའི་ཐབས་ལ་འབད་པར་མཛོད་ཅིག །དེས་སྨིན་གྲོལ་ཆིག་རྫོགས་སུ་ཕུལ་བས་དགེ་རྩ་གཞན་དོན་དུ་བསྔོ་བའི་རྒྱས་འདེབས་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་སློབ་མ་རང་གནས་སུ་གཏོང༌། སློབ་དཔོན་གྱིས་ལྷག་མ་ནས་བཟུང་ཕྲིན་ལས་རྗེས་ཀྱི་རིམ་པ་མཐར་དབྱུང་ངོ༌། །ཐུགས་བསྐྱེད་དུས་སྨིན་ཆོས་རྒྱུན་ཏིང་འཛིན་གྱི། །རིན་ཆེན་ལྡེའུ་མིག་གིས་ཕྱེ་ཟབ་གསང་སྒོ། །སྐལ་བཟང་དཔྱིད་དུ་ཐོབ་པ་ཕྱོགས་དུས་ཁྱོན། །སྤེལ་འདིས་ཆོས་ཀྱི་རྒྱལ་སྲིད་དབང་བྱེད་ཤོག །ཅེས་ཡུལ་མདོ་ཁམས་སུ་སྐྱེས་ཀྱང་རྒན་པོའི་ལང་ཚོའི་མེ་ཏོག་ཕྱོགས་མེད་ཀྱི་རྒྱལ་ཁམས་སུ་ངོམ་པའི་མུ་ཏོ་བ་བཀྲ་ཤིས་དཔལ་འབྱོར་པདྨ་དབང་ཆེན་དགྱེས་པའི་ཡིད་ཀྱི་ཟ་མ་ཏོག་ཆོས་ཀྱི་བདུད་རྩི་རྨད་དུ་བྱུང་བ་དག་གིས་ཡང་ཡང་ཁེངས་པའི་སྐལ་པ་མི་དམན་པའི་དགེ་མཚན་གྱི་ཆོས་ཀྱི་མཆེད་གྲོགས་ཨཱ་ཡུའི་མིང་ཅན་གྱིས་བསྩལ་བའི་སྐྱེས་འདི་ཡང་འཕགས་ཡུལ་དུ་རིན་ཆེན་གཏེར་མཛོད་ཆེན་པོའི་ཞལ་སྐོང་དུ་བསྡུས་པའི་ཚེ། མ་ཧཱ་གུ་རུ་རྡོ་རྗེའི་སྐུའི་ཕྱག་རྒྱའི་རེ་ཁཱ་མངོན་པར་གསལ་བའི་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་དུ་བྲིས་ཤིང་སྤེལ་བའི་ཡི་གེའི་མཐུན་གྱུར་བློ་གྲོས་རྣམ་གསལ་སྤྲུལ་ཨཱ་ནནྟ་མངྒ་ལས་ཞུས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་འཆི་མེད་པདྨ་དགྱེས་པ་ཡབ་ཡུམ་གྱིས་དགྱེས་དགུར་སྐྱོང་བའི་ཟབ་གསང་ཆོས་སྒོ་རབ་འབྱམས་ཟད་མེད་དུ་སྤྲོ་ནུས་པའི་རྟེན་འབྱུང་རྨད་དུ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།}} | ༄༅། །ན་མོ་ཛྙཱ་ན་དྷཱ་ཀི་ནི་ཡེ། ཕུན་ཚོགས་སྲིད་ཞིའི་དྭངས་མར་སྨིན་པའི་དཔྱིད། །འཆི་མེད་མནྡཱ་ར་ཡི་འཇོ་སྒེག་ནི། །མཚོ་སྐྱེས་གྲུབ་པའི་དགྱེས་སྡེ་ཌཱ་ཀིའི་གཙོ། །མི་ཤིགས་གཉུག་མའི་དྭངས་མཚོར་འབྲལ་མེད་སྟིམས། །ཡུམ་ཆེན་དགྱེས་པའི་ཟིལ་མངར་འཇོ་བའི་ཐབས། །ཟབ་གསང་ལེགས་བྲིས་ཟས་ཀྱི་ཉིང་ཁུའི་བཅུད། །སྔོན་སྨོན་ཆུ་སྐྱེས་གེ་སར་འཕོས་པའི་ལས། །རང་ངོ་ཤེས་པས་སྨིན་ལམ་སྒོ་བརྒྱ་འབྱེད། །དེ་ལ་འདིར་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་ཡུམ་བཀའ་མནྡཱ་ར་བའི་གསང་སྒྲུབ་ཀྱི་བྱིན་རླབས་དབང་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་བཤམ་བཀོད་ཀྱི་རིམ་པ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་དམར་ཕྱོགས་ཀྱི་ཚེས་བཅུ་ལ་སོགས་པ་དུས་དགེ་བར། གནས་ཁང་བྱི་དོར་དང་རྒྱན་གྱིས་སྤྲས་པའི་གུང་དུ་མཁའ་འགྲོའི་སྐུ་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུར་ཆོས་འབྱུང་དམར་པོ་བསྣོལ་བའི་ལྟེ་བར་པད་ཉིའི་སྟེང་དུ་ཧྲཱིཿདམར་པོས་མཚན་པ་དང༌། ཕྱི་རོལ་པདྨའི་ཕྲེང་བ་རྡོ་རྭ་མེ་རིས་བསྐོར་བའི་དབུས་མཉྫིའི་སྟེང་བུམ་པ་མགུལ་ཆིངས་དམར་པོ་སོ་ལྔའི་བཅུད་ཀྱིས་གཏམས་པ། གཟུངས་རྡོར་ཁ་རྒྱན་དང་བཅས་པ་བཀོད། གཡས་གཡོན་དུ་ཚེ་རིལ། ཚེ་ཆང༌། མདར་དར། བྷནྡྷ་མཚན་ལྡན་བདུད་རྩིས་བཀང་བ། མེ་ལོང་སིནྡྷཱུ་རའི་རྡུལ་གྱིས་བཀབ་པ་ཆོས་འབྱུང་དགའ་འཁྱིལ་དང་བཅས་པའི་དབུས་སུ་ཧྲཱིཿས་མཚན་པ། དེའི་སྟེང་དུ་རང་བྱུང་གི་ཤེལ་རྡོ་དང་མེ་ལོང་གཡའ་བྲལ་བརྩེགས། མདུན་དུ་མཁའ་འགྲོའི་དཔལ་གཏོར། སྨན་རཀ །བཀའ་སྲུང་མ་ནིང་གི་མཆོད་གཏོར་བཅས་བཀོད་མཛེས་སུ་བཤམ། ཆུ་གཉིས་ཉེར་སྤྱོད་མཆོད་པས་བསྐོར་ཞིང༌། གཞན་ཡང་ཆད་བརྟན། དཀར་བགེགས་ཚོགས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པའི་རིགས་གཙང་ཞིང་དག་པར་འདུ་བྱ། སྒྲུབ་པ་པོའི་མདུན་དུ་ཌཱ་དྲིལ། ལས་བུམ། འཐོར་ནས་སོགས་བཀོད་དོ། །གཉིས་པ་དབང་དོན་སྒྲུབ་མཆོད་ལ་བརྒྱུད་འདེབས་ནས་བརྩམས་ལས་བྱང་བསྟོད་པའི་བར་བཏང༌། རྣམ་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟར་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་མོས༔ རྩ་སྔགས་དང་ལས་སྦྱོར་བཅས་བཟླ། ལས་བུམ་དུ་དཔལ་རྟ་མཆོག་རོལ་པ་ཐོད་དབྱུག་དང་བསྡིགས་མཛུབ་མཛད་པ་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་དཔག་ཏུ་མེད་པ་བབ་པས་བུམ་པ་གང་བར་གྱུར། པར་མོས་པས་ལས་སྔགས་བརྒྱ་རྩ་སོགས་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང༌། མཆོད་བསྟོད་དང་ཡིག་བརྒྱ་བཟླས། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས། བུམ་ལྷ་འོད་དུ་ཞུ་ནས་བུམ་བཅུད་དང་རོ་གཅིག་ཏུ་གྱུར། སློབ་དཔོན་བདག་འཇུག་ལེན་པའམ་རིག་པའི་མེ་ཏོག་འཐོར་ཏེ་སློབ་མ་འཇུག་པའི་གནང་བ་ཞུ། ཚོགས་མཆོད་ལྷག་མའི་བར་བྱ། དབང་དངོས་ལ་སློབ་མ་རྣམས་བསྡུས་ཏེ་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་སོན་པ་དང་བགེགས་བསྐྲད། མཚམས་བཅད་ནས། སེམས་བསྐྱེད་གསལ་གདབ། ཆོས་བཤད་རྒྱས་བསྡུས་གང་འོས་སྔོན་དུ་འགྲོ་བས། རྒྱལ་བ་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཚུལ་མཐའ་ཡས་ཤིང་བསམ་གྱི་མི་ཁྱབ་པ་ཞིག་གསུངས་པའི་ནང་ནས་ངོ་མཚར་རྨད་དུ་བྱུང་བ་ནི། སྙིགས་དུས་ཀྱི་ཚེ་ཐུང་ངུ་གཅིག་གི་གདུལ་བྱ་དབང་པོ་རབ་ཏུ་སོན་པ་རྣམས་སློབ་པ་མིན་པའི་ཟུང་འཇུག་གི་གོ་འཕང་རིན་པོ་ཆེར་མཚམས་སྦྱོར་བར་བྱེད་པ་བླ་ན་མེད་པའི་རྡོ་རྗེ་ཐེག་པ་རྣལ་འབྱོར་ཆེན་པོའི་ལམ་གྱི་གསང་བ་འབའ་ཞིག་ཡིན་ཅིང༌། གསང་སྔགས་ཀྱི་ཆོ་ག་གཞན་ལས་བསྒྲུབ་ཏུ་མི་ནུས་པའི་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཆེན་པོ་རྣམས་ཀྱང་ལམ་འདིའི་དཀའ་བ་མེད་པ་འགུགས་ནུས་པ་དེ་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ལས་བྱུང་བའི་ཐབས་དང་ཤེས་རབ་ཟུང་འཇུག་གི་ཏིང་ངེ་འཛིན་ལ་རག་ལས་པར་གཟིགས་ནས་བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་སྐུ་གང་འདུལ་དེར་སྣང་རྣམ་པ་ཐམས་ཅད་པར་འཆར་བ་དེ་ཉིད་མཁའ་སྤྱོད་དང་ས་སྤྱོད་ཀྱི་འཇིག་རྟེན་སོགས་ཧེ་རུ་ཀའི་གྲོང་ཁྱེར་ཆོས་ཀྱི་དབྱིངས་འབྱམས་ཀླས་པ་རྣམས་སུ་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་དང་མཉམ་པའི་རྣལ་འབྱོར་མ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་མཐའ་ཡས་པའི་གཟུགས་ཀྱི་ལྷན་ཅིག་སྐྱེས་པ་དེ་ཉིད་མཚོན་པ་བརྟེན་ནས་གསང་སྔགས་ཀྱི་སྤྱོད་པའི་དཔའ་བོ་རྒྱ་མཚོ་རྡུལ་སྙེད་ཁ་སྦྱོར་ཡན་ལག་བདུན་གྱི་ས་ལ་དབུགས་དབྱུང་བར་མཛད་པ་ལས། སྐབས་འདིར་ངེས་པའི་དོན་དུ་ཆོས་ཐམས་ཅད་ཀྱི་འབྱུང་གནས་རྣམ་པར་ཐར་པ་སྒོ་གསུམ་གྱི་དབྱིངས་ཟག་མེད་བདེ་བ་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་འཕགས་བཞིའི་འབྱུང་གནས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ། དབྱིངས་ཡུམ་ཀུན་ཏུ་བཟང་མོ་ཉིད། དེ་བཞིན་གཤེགས་པ་རིགས་ལྔའི་དགྱེས་སྡེ་རྡོ་རྗེ་བཙུན་མོ་དབྱིངས་ཡུམ་ཆེན་མོ་ལྔའི་རིགས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་མོ་ལྔ། མཁའ་སྤྱོད་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ཁྲོས་མ་རིགས་ལྔ། མཁའ་ཁྱབ་ཀྱི་གདུལ་བྱ་འདུལ་ཕྱིར་སྲིང་མོ་གངྒཱའི་ལྷ་མོ་དང༌། སྒེག་སོགས་མཆོད་པའི་ལྷ་མོ་བཅུ་དྲུག་གི་རྣམ་པས་དཀྱིལ་འཁོར་རབ་འབྱམས་དགྱེས་པ་བསྐྱེད་པ་ལས། གསང་བ་སྔགས་ཀྱི་སྟོན་པ་དཔལ་ཧེ་རུ་ཀ་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝར་བསྟན་ཅིང་ཚུར་མཐོང་གི་མཛད་པའི་རིག་འཛིན་བཞིས་ས་ལམ་སྐུ་ཚེ་གཅིག་གིས་མཐར་སོན་ཏེ་ཟུང་འཇུག་ཆེན་པོའི་རྒྱལ་ཐབས་ལ་དབང་བསྒྱུར་བའི་གུ་རུའི་ཐུགས་ལས་བྱོན་པས་གསང་བའི་དགྱེས་སྡེ་ལྔ་རུ་གྲགས་པའི་ཡ་གྱལ་ཞིག་འཕགས་པའི་ཡུལ་གྱི་བྱེ་བྲག་ས་ཧོ་རའི་རྒྱལ་པོའི་སྲས་མོ། ཡེ་ཤེས་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཚོགས་རྗེ་མི་མོའི་སྲིད་པ་བཟུང་སྟེ། གསུང་རྡོ་རྗེ་གྲུབ་པའི་སློབ་དཔོན་ཆེན་པོའི་རྣམ་པ་པདྨ་སཾ་བྷ་ཝ་ལ་རྡོ་རྗེའི་བརྟུལ་ཞུགས་ཉེ་རྒྱུའི་སྤྱོད་པའི་གྲོགས་སུ་མཛད་ནས་གསང་ཆེན་བླ་མེད་རྒྱུད་སྡེའི་ཡང་སྙིང་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་གསང་མཛོད་བརྟོལ་ཏེ་ཚོམ་བུ་ཚོགས་སུ་སྒྲུབ་པའི་གསང་བ་རྨད་དུ་བྱུང་བའི་སྨིན་གྲོལ་གྱི་ཆོས་ཆར་ཕབ་པས་ཟ་ཧོར་དང་ཨུ་རྒྱན་བོད་ཡུལ་སྐལ་ལྡན་རྡོ་རྗེའི་འདུས་པ་མཐའ་ཀླས་པ་ཐམས་ཅད་རྡོ་རྗེའི་རིགས་སུ་སྒྲུབ་པའི་ངོ་མཚར་གྱི་མཛད་པ་བསྟན་ཅིང༌། རིགས་གསུམ་མགོན་པོའི་ཕོ་བྲང༌། བཀྲ་ཤིས་བྲག་ཕུག་འཆི་བ་མཐར་བྱེད་དུ། རྡོ་རྗེའི་ཚེ་སྒྲུབ་པའི་ཚུལ་གྱིས་ཡབ་ཡུམ་གཉིས་ཀ་སྐྱེ་འཆི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཤིང་ཚེ་བདག་མགོན་པོ་ཡབ་ཡུམ་གྱི་ཚེ་རྒྱུད་བྱེ་བ་ཕྲག་བརྒྱའི་དཀྱིལ་འཁོར་གྱི་བདག་པོ་དང་གཉིས་སུ་མེད་པའི་གོ་འཕང་མངོན་དུ་གྱུར་ཅིང༌། སླར་ཡང་མ་གཅིག་གྲུབ་པའི་རྒྱལ་མོ། རྣལ་འབྱོར་མ་རུས་པའི་རྒྱན་ཅན། ཡེ་ཤེས་མཁའ་འགྲོ་ནཱི་གུ་མ་ལ་སོགས་པ་མཚན་དང་སྐུའི་བཀོད་པ་བསམ་མི་ཁྱབ་པའི་གསང་བ་ཟབ་མོའི་སྒོ་འབྱེད་པ་དང༌། སྐལ་ལྡན་རྣམས་ལ་མཆོག་གི་ཡེ་ཤེས་སྦྱིན་པ་དང༌། གདུལ་བྱ་ཐ་མལ་པ་རྣམས་ཀྱང་གྲོལ་བ་བཞི་ལྡན་གྱི་རྗེས་སུ་བཟུང་བ་དང༌། སྐྱེ་འཆི་མེད་པ་རྡོ་རྗེ་ཚེའི་མཆོག་དངོས་སྟེར་བ་སོགས་ངོ་མཚར་གྱི་རྣམ་ཐར་བསམ་ལས་འདས་པའི་ལྷ་ལྕམ་མནྡཱ་ར་བའི་ཟབ་སྒྲུབ་རྨད་དུ་བྱུང་བ་འདི་ཉིད་མངའ་བདག་ཚངས་པ་ལྷའི་མེ་ཏོག་དང༌། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོའི་རྣམ་འཕྲུལ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པ། ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ། གངས་ཅན་མཁས་གྲུབ་རྒྱ་མཚོའི་དེད་དཔོན་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང༌། བཀའ་བབ་རིན་ཆེན་བདུན་གྱིས་དབུགས་དབྱུང་བར་མཛད་པ་ལས། བཞི་པ་ཟབ་མོ་དགོངས་པའི་གཏེར་གྱི་བྱེ་བྲག་རིག་འཛིན་ཆེ་མཆོག་གསུམ་ལ་བཀའ་བབ་པའི། ཐུགས་སྒྲུབ་རྣམ་པ་བཞིའི་གསང་སྒྲུབ་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་ཡུམ་བཀའ། འཇའ་ལུས་འཆི་མེད་སྲོག་སྒྲུབ་ཀྱི་དབང་བསྐུར་བའི་སྐབས་སུ་བབ་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཤེས་རབ་དགྱེས་པར་རོལ་པ་ཡི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འཆི་མེད་ཚེ་ལྷའི་དཀྱིལ་འཁོར་དུ༔ འཆི་མེད་གྲུབ་པའི་དབང་བསྐུར་སྩོལ༔ ཞེས་ལན་གསུམ། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་དབྱིངས་ཕྱུག་མནྡཱ་ར་བ་རབ་འབྱམས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བདག་སོགས་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ཆེན་པོར་མཆིས་ཀྱིས་བར་དུ་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ གདོད་ནས་དག་པ་སོགས་ལས་བྱང་ལྟར་སྐྱབས་འགྲོ་ལན་གསུམ། མཁའ་ཁྱབ་ཀྱི་ཕ་མར་གྱུར་པའི་སྐྱེ་དགུ་མཐའ་དག་རྒྱལ་ཀུན་བསྐྱེད་པའི་ཡུམ་མཆོག་རྡོ་རྗེ་བཙུན་མོའི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གཉན་པོ་འདིར་བཞུགས་ཏེ་རྡོ་རྗེའི་ལམ་གྱི་རྣལ་འབྱོར་ཟབ་མོ་ལ་བརྩོན་ཏེ་འབྲས་བུ་མཐར་ཐུག་ཐོབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧོཿ བདག་གཞན་མཁའ་ཁྱབ་སོགས་སེམས་བསྐྱེད་ལན་གསུམ། བསགས་སྦྱངས་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་རྒྱུན་བཤག་ཡན་ལག་བདུན་པ་ཚིག་གི་རྗེས་སུ་དོན་དྲན་པའི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ ཕྱོགས་བཅུ་དུས་བཞི་སོགས་ལན་གསུམ། སླར་ཡང་ཁྱེད་རང་རྣམས་ཀྱི་རྒྱུད་རིག་པ་འཛིན་པའི་སྡོམ་ལྡན་དུ་བྱ་བའི་སླད་དུ་སྔར་གསལ་བཏབ་པའི་ཚོགས་ཞིང་དང་སློབ་དཔོན་གཉིས་དཔང་པོར་བྱས་ཏེ། དམིགས་པར་བྱ་བའི་ཡུལ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སྒྲུབ་པར་བྱེད་པའི་ཐབས་རིགས་ལྔའི་དམ་ཚིག་ཚུལ་བཞིན་དུ་བཟུང་ནས། གྲུབ་པའི་འབྲས་བུ་མཐའ་གཉིས་ལ་མི་གནས་པའི་ཟུང་འཇུག་གི་གོ་འཕང་ཐོབ་པར་བགྱིའོ་སྙམ་དུ་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་བ་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཤོག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །ལན་གསུམ། དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས། དངོས་གཞི་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སྣོད་བཅུད་རྒྱུད་གསུམ་གྱི་ཆོས་རྣམས་ཀ་དག་འོད་གསལ་རྣམ་ཐར་སྒོ་གསུམ་གྱི་དབྱིངས་སུ་གཟོད་ནས་རྣམ་པར་དག་པའི་སྣང་ཆ་རྡོ་རྗེ་བཙུན་མོའི་ཡེ་ཤེས་ཀྱི་རང་སྣང་འོག་མིན་གསང་བ་མཆོག་གི་ཞིང་བདེ་བ་ཆེན་པོའི་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་སྐུ་གསུམ་ཕོ་ཉའི་དབང་ཕྱུག་འཆི་མེད་མནྡཱ་ར་བ་སྐུ་མདོག་དམར་གསལ་བྱེ་རུའི་ལྷུན་པོ་ཉིན་བྱེད་བྱེ་བས་འཁྱུད་པ་ལྟ་བུའི་ཁྲོ་ཆགས་སྒེག་པའི་ལང་ཚོ་རྣམ་པར་རྒྱས་པའི་གཞོན་ནུ་མྱོས་མའི་ངང་ཚུལ་ཅན། ཕྱག་གཡས་རྡོ་རྗེའི་གྲི་གུག་མཁའ་ལ་གདེངས་ཤིང༌། གཡོན་པས་བྷནྡྷ་ཚེ་བུམ་བདུད་རྩིས་གང་བས་མཚན་པ་ཐུགས་ཀར་བཟུང་བ། མཆན་ཁུང་གཡོན་དུ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་ག་འཆང་བས་དགའ་བཞིའི་ཉམས་འགྱུར་ཐུགས་རྒྱུད་དུ་འདྲེན་པ། སྐུ་གཅེར་བུ་དར་དང་རིན་པོ་ཆེས་བརྒྱན་པ། སྤྱན་གསུམ་རྡོ་རྗེའི་ལྟ་སྟངས་དབྱིངས་སུ་གཟིགས་པ་རིག་རྩལ་དབྱིངས་སུ་དག་པའི་དཔའ་བོ་རྣལ་འབྱོར་མ་འབུམ་སྡེའི་དབུས་ན་དགྱེས་དགུར་རོལ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་བའི་བདག་ཉིད་ཅན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་བདེ་བ་ཆེན་པོའི་ཕོ་བྲང༌། དག་པ་མཁའ་སྤྱོད་དཔའ་བོ་ཌཱ་ཀིའི་ཞིང་ཁམས། ཨོ་རྒྱན་དྷཱུ་མ་ཐ་ལའི་གྲོང་ཁྱེར་ལ་སོགས་པ་རྡོ་རྗེའི་གནས་ཡུལ་དུར་ཁྲོད་བརྒྱད་ལ་སོགས་པ་ནས་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་དང༌། ཕྱོགས་བཅུའི་ཞིང་རབ་འབྱམས་ནས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་དྲག་ཏུ་བབ་པ་བཞིན་བྱོན་ཏེ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། སྤོས་རོལ། ཐོད་རྔ། གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ལས་གཞུང་གི་སྤྱན་འདྲེན། ཧྲཱིཿ ཀ་དག་དབྱིངས་སྣང་སོགས་ཚང་བར་བརྗོད་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དངོས་གཞི་དབང་བསྐུར་བ་ལ་ལྔ་ལས། ཐོག་མར་བུམ་དབང་མཐའ་བརྟེན་དང་བཅས་པ་ནི་མདུན་བསྐྱེད་རྡོ་རྗེ་རྣལ་འབྱོར་མའི་སྨིན་མཚམས་མཛོད་སྤུ་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྲོས་ཏེ་འཆི་མེད་ཚེ་ཡི་བདུད་རྩིས་གང་བ་རིན་པོ་ཆེའི་བུམ་པ་སྤྱི་བོར་བཞག་ཅིང༌། རྡོ་རྗེའི་གཏོར་བླུགས་ཀྱི་ཆོ་གས་རྗེས་སུ་བཟུང་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་སྟེ་བུམ་ཆུ་བླུད། ཧྲཱིཿ ཀ་དག་ནང་གསལ་གཞོན་ནུ་བུམ་སྐུའི་ཀློང༌། ལྷུན་གྲུབ་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ཤར༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཕུང་ཁམས་བདེ་ཆེན་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གསུངས་ཤིང་དབང་བསྐུར། སྐུ་གང༌། དྲི་མ་དག །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་གྲུབ་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སྨིན་པར་བྱས། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་རིགས་ཀྱི་བདག་པོ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་སློབ་མ་ལ་ཐིམ་པར་གྱུར། དེའི་རྗེས་འབྲེལ་དུ་ཤེས་རབ་སྟོང་པ་ཉིད་ཀྱི་ལྷན་སྐྱེས་ཡེ་ཤེས་རྒྱུད་ལ་འདྲེན་པའི་ཆེད་དུ་འཆི་མེད་བདུད་རྩིའི་བཏུང་བ་སྦྱིན་པའི་མོས་པ་མཛོད། ཚེ་ཆང་སྦྱིན་ལ། ཧྲཱིཿ ཕྱི་སྣོད་ཀློང་ལྔ་དབྱིངས་ཀྱི་ཀ་པཱ་ལ༔ ནང་བཅུད་རིག་པ་ཡེ་ཤེས་བདུད་རྩིར་འཁྱིལ༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སྔགས་དབྱེར་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པ་རྡོ་རྗེ་བཟའ་བའི་རིལ་བུ་མྱངས་བས་དྭངས་མ་སྙིང་དབུས་མི་ཤིགས་ཐིག་ལེ་དང་གཅིག་ཏུ་འདྲེས་པའི་མོས་པ་མཛོད། ཚེ་རིལ་སྙིང་གར་གཏུགས་ཤིང་སྦྱིན་ཏེ། ཧྲཱིཿ འཁོར་འདས་བརྟན་དང་གཡོ་བའི་དྭངས་མའི་བཅུད༔ འཆི་མེད་རིག་འཛིན་སྒྲུབ་པའི་དམ་ཚིག་རྫས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྣམ་ཀུན་མཆོག་ལྡན་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡེ་ཤེས་ཌཱ་ཀིའི་རྡོ་རྗེ་གསུམ་གྱི་བྱིན་རླབས་ཐུན་མོང་མ་ཡིན་པ་ཐོབ་པས་སྐུ་རྡོ་རྗེ་བུམ་པའི་དབང་ཐོབ། ལུས་སྐྱེ་འཆིའི་སྒྲིབ་པ་དག །འཆི་མེད་འཇའ་ལུས་རྡོ་རྗེའི་བྱིན་རླབས་ཞུགས། སྣོད་བཅུད་ཡེ་ཤེས་མཁའ་འགྲོའི་སྐུའི་དཀྱིལ་འཁོར་བསྒོམ་པ་ལ་དབང༌། ས་འོག་སྤྱོད་པ་མཁའ་འགྲོ་རྒྱ་མཚོའི་སྤྲུལ་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །གཉིས་པ་གསང་བའི་དབང་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་ཐབས་ཀྱི་དཔའ་བོ་དང་སྙོམས་པར་ཞུགས་པའི་བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན་མུ་ཏིག་གི་མདངས་སུ་ཆགས་པ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོན་པ་ཉིད་ལྕེ་ཐོག་ཏུ་བཞག་པ་ལ་བརྟེན་ནས་ཆན་ལ་ཕབ་ཀྱིས་ཐེབ་པ་བཞིན་དུ་རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་བདེ་བ་ཆེན་པོའི་ཏིང་འཛིན་མུ་མཐའ་མེད་པས་ཁྱབ་སྟེ་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱིཿ རྩ་གསུམ་འཁོར་ལོ་ལྔ་ལྡན་གྲོང་ཁྱེར་ནས༔ སྙོམས་འཇུག་ཞུ་བདེས་དྲངས་བའི་བྱང་ཆུབ་སེམས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སེམས་དབུ་མའི་དབྱིངས་སུ་ཐིམ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་སྦྱིན་པ་ལ་མདུན་བསྐྱེད་གཙོ་མོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་གྱི་ཐུགས་སྲོག་ཧྲཱིཿཡིག་ནས་སྔགས་ཀྱི་ཕྲེང་བ་དམར་པོ་ལུ་གུ་རྒྱུད་དུ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་གཡས་སུ་འཁོར་བ་ཚེ་དཔག་མེད་ཡབ་ཡུམ་གྱི་འཁོར་ལོ་བཞིར་ཞུགས་པས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་པར་མོས་ལ་རྩ་བའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ སླར་ཡང་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་འཆི་མེད་ཡེ་ཤེས་ཌཱ་ཀིའི་གནས་ལྔར་དབང་ཆེན་རིགས་ལྔ་ཡབ་ཡུམ་གྱི་སྐུའི་དབྱིབས་བརྒྱུད་ཞལ་དང་མཁའ་གསང་བརྒྱུད་ནས་འཁོར་བའི་འོད་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་ཏེ་གནས་ལྔར་ཐིམ་པས་བདེ་སྟོང་དགའ་བཞིའི་ཉམས་འགྱུར་བསྐྱེད་པས་འཆི་མེད་རྡོ་རྗེའི་ཚེ་སྲོག་གྲུབ་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་མ་ཧཱ་པུཎྱེ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཚེ་བྷྲཱུྃ་ནྲྀ་ཛཿ རླུང་འབྱུང་འཇུག་གནས་གསུམ་ཡེ་ཤེས་རྡོ་རྗེའི་ཐུགས་སྲོག་འབྲུ་གསུམ་དག་པའི་ངེས་ཤེས་ཀྱིས་ཧྲཱིཿཡིག་རྡོ་རྗེའི་བཟླས་པ་མཛོད་ཅིག །བུམ་ཅན་དང་སྦྲགས་པའམ་འཇུག་གནས་ལྡང་གསུམ་ཧྲཱིཿཡིག་ཏུ་མོས་པའི་རྡོར་བཟླས་བྱར་གཞུག །དེས་གསུང་རྡོ་རྗེ་གསང་བའི་དབང་ཐོབ། ངག་འཕོ་འཇིག་གི་སྒྲིབ་པ་དག །གཞོམ་མེད་རྡོ་རྗེ་ནཱ་དའི་བྱིན་རླབས་ཞུགས། རླུང་སྔགས་ཡེ་ཤེས་མཁའ་འགྲོའི་གསུང་གི་དཀྱིལ་འཁོར་སྒོམ་པ་ལ་དབང༌། ས་སྟེང་སྤྱོད་པ་མཁའ་འགྲོ་རྒྱ་མཚོའི་ལོངས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་གོ །དབང་གསུམ་པའི་སླད་དུ་བདེ་སྟོང་གཉིས་མེད་མཚོན་པའི་མེ་ལོང་སིནྡྷཱུ་རའི་རྡུལ་གྱིས་བགོས་པ་ལས་རྡོ་རྗེའི་རིག་མ་གཟུགས་དང་ལང་ཚོར་ལྡན་ཞིང་འདོད་པའི་སྒྱུ་རྩལ་གྱི་གནས་ལ་མཁས་པ་ཞིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐར་པ་བརྟེན་པ་ལ་བསྐུལ་བར་གྱུར། མེ་ལོང་བསྟན་ལ། ཧྲཱིཿ བདེ་ཆེན་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་གཟུགས༔ རྣམ་ཐར་གསུམ་ལྡན་དགའ་བཞིའི་དཀྱིལ་འཁོར་འདིས༔ ཐབས་ཤེས་གཉིས་སུ་མེད་པར་དབང་བསྐུར་བས༔ འོད་གསལ་ཕྱག་རྒྱ་ཆེན་པོར་རོ་གཅིག་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སིནྡྷཱུ་རའི་ཐིག་ལེ་གནས་བཞིར་བཞག དེས་ཐུགས་རྡོ་རྗེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་རྟེན་ཐིག་ལེ་འཕོ་འཛག་གི་སྒྲིབ་པ་དག །འཕོ་མེད་བདེ་ཆེན་རྡོ་རྗེ་ཐུགས་ཀྱི་བྱིན་རླབས་ཞུགས། དྲན་རྟོག་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་དཀྱིལ་འཁོར་བསྒོམས་པ་ལ་དབང༌། མཁའ་སྤྱོད་མཁའ་འགྲོ་རྒྱ་མཚོའི་ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ །བཞི་པ་དོན་གྱི་དབང་ལ། དབྱིངས་རིག་དབྱེར་མེད་མཚོན་པའི་ཤེལ་དང་མེ་ལོང་གི་བརྡས་དོན་དམ་ཡེ་ཤེས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་མངོན་སུམ་དུ་ངོ་སྤྲད་པར་མོས་ཤིག །ཤེལ་དང་མེ་ལོང་བསྟན་ཏེ། ཨཿ འདི་ནི་དབྱིངས་དང་རིག་པ་དབྱེར་མེད་པ༔ དོན་དམ་འཆི་མེད་ཌཱ་ཀིའི་དཀྱིལ་འཁོར་ཏེ༔ བརྗོད་བྲལ་གནས་ལུགས་རྟོགས་པའི་དབང་བསྐུར་བས༔ འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨཿ དེས་ཡེ་ཤེས་རྡོ་རྗེ་བཞི་པ་དོན་གྱི་དབང་ཐོབ། སྣང་གསུམ་འཕོ་བའི་སྒྲིབ་པ་དག །དོན་དམ་ཡེ་ཤེས་ཀྱི་མཁའ་འགྲོའི་བྱིན་རླབས་ཞུགས། སྣང་གྲགས་རིག་པ་གནས་གསུམ་མཁའ་འགྲོའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་བསྒོམ་པ་ལ་དབང༌། ལྷན་སྐྱེས་ཡེ་ཤེས་ཀྱི་ཌཱ་ཀིའི་ངོ་བོ་ཉིད་སྐུ་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །ལྔ་པ་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ནང་ལྟར་སྐུ་གསུམ་དབྱེར་མེད་རྒྱལ་ཡུམ་ཡེ་ཤེས་ཌཱ་ཀི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་རིགས་བདག་དང་བཅས་པ་བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པ་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། གཙོ་འཁོར་ཐམས་ཅད་ཀྱི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་རིགས་ལྔའི་སྙིང་པོས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པ་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང༌། གནས་སྐབས་སུ་དབང་བཞིའི་ལམ་སྒོམ་པ་ལ་དབང༌། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ། ཧཱུྃ་ཧྲཱིཿ སྐུ་གསུམ་ཡེ་ཤེས་ཌཱ་ཀི་ནི༔ འཆི་མེད་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་གིས༔ གསང་གསུམ་བྱིན་རླབས་ཁྱོད་ལ་སྦྱིན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། གཏོར་མ་གནས་གསུམ་དུ་བཞག་སྟེ། ལྷ་ཚོགས་རྣམས་ཀྱི་གནས་ལྔའི་ཕྱག་མཚན་དང་ཡིག་འབྲུ་ལས་འཕྲོས་པའི་འོད་ཀྱིས་དབང་བཞི་ཡོངས་རྫོགས་གཅིག་ཆར་དུ་ཐོབ་པའི་མོས་པ་མཛོད། དེ་ལྟར་ཡེ་ཤེས་མཁའ་འགྲོའི་རྡོ་རྗེའི་གསང་བ་གསུམ་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་དབང་བསྐུར་བྱིན་གྱིས་བརླབས་པ་ལས། སྐྱེ་འཆི་མེད་པ་རྡོ་རྗེ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འཆི་མེད་བདུད་རྩིའི་ཟིལ་མངར་གྱི་རྣམ་པར་བསྡུས་ཏེ་བསྟིམ་པའི་མོས་པ་མཛོད། མདའ་དར་གཡབ་ལ། ཧྲཱིཿ ངོ་བོ་འོད་གསལ་ཆོས་སྐུའི་ཕོ་བྲང་སོགས་ཚེ་འགུགས་བྱ། སློབ་མའི་གནས་ལྔར་དབང་ཆེན་རིགས་ལྔའི་ཕྱག་རྒྱས་རྒྱས་བཏབ་པས་མི་ཤིགས་རྡོ་རྗེའི་ཕྱག་རྒྱས་བྱིན་གྱིས་བརླབ་པར་མོས་ཤིག །ཚེ་མདའ་གནས་ལྔར་བཞག་ལ། ཨཿ སྤྲོས་པས་འཁོར་འདས་སོགས་རྒྱས་གདབ་མཐར། སྨིན་མཚམས་སུ་སིནྡྷཱུ་རའི་ཐིག་ལེས་རྒྱས་གཏབ་བྱ། མཐའ་རྟེན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱིས་མངའ་གསོལ་ཤིས་བརྗོད་དང་བཅས་པ་སྤྱི་ལྟར་བྱ། དམ་ཚིག་ཁས་བླང༌། མཎྜལ། ལུས་འབུལ་དང༌། སླར་ཡང་ཟབ་མོ་ཁྲིད་ཀྱི་རིམ་པ་ལ། བརྒྱད་པ་རྫོགས་པའི་རིམ་པ་ནི༔ ལུས་གནད་རྡོ་རྗེའི་ཆོས་བདུན་བཅས༔ འབྱུང་བའི་རླུང་དུག་བསལ་ནས་ཀྱང༔ ཕྱི་ནང་གསང་བའི་སྟོང་ར་བསྒོམ༔ ཁ་སྦྱོར་བཞི་ལྡན་གསལ་སྟོང་ངང༔ ལྟེ་འོག་སྦས་པའི་ཙཎྜ་ལཱིས༔ སྤྱི་བོའི་ཐིག་ལེ་བཞུ་བ་ཡིས༔ འཁོར་ལོ་ལྔ་ཡི་དཀྱིལ་འཁོར་མཆོད༔ བདེ་སྟོང་ཟུང་འཇུག་དོན་ལ་བལྟ༔ བོགས་འདོན་ལས་ཀྱི་ཕྱག་རྒྱ་མ༔ སྙོམས་འཇུག་ཟག་མེད་ངང་ལ་བཞག༔ རྗེས་ཐོབ་དག་དང་མ་དག་གི༔ སྣང་བ་ཐམས་ཅད་སྒྱུ་མར་སྦྱང༔ ཉལ་ཁར་སྣོད་བཅུད་འོད་གསལ་ངང༔ རིག་པ་ཡེ་ཤེས་སྦུབས་སུ་འཇུག༔ རྨི་ལམ་གང་ཤར་ངོས་བཟུང་ལ༔ སྦྱང་སྤེལ་སྤྲུལ་བསྒྱུར་རང་ངོར་བཞག༔ ཐམས་ཅད་རིག་སྟོང་ཟུང་འཇུག་དབྱིངས༔ བརྗོད་བྲལ་ཕྱག་རྒྱ་ཆེན་པོའི་གཤིས༔ བཅས་བཅོས་སྤང་བླང་བྲལ་བ་ཡིས༔ ཡེ་ཤེས་ལྷ་ཚོགས་རང་ལ་ཤར༔ དོན་དམ་འཆི་མེད་ཌཱ་ཀི་འགྲུབ༔ ཅེས་རྡོ་རྗེའི་ཚིག་གིས་ཇི་ལྟར་བསྟན་པ་བཞིན་སྐུ་རྡོ་རྗེ་བསྐྱེད་བཟླས། གསུང་རྡོ་རྗེ་གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་བཅས་རྡོ་རྗེའི་ཆོས་དྲུག་དང༌། ཐུགས་རྡོ་རྗེ་གཞན་ལུས། ཡེ་ཤེས་རྡོ་རྗེ་ཕྱག་ཆེན་གྱི་རྣལ་འབྱོར་བཅས་དབང་བཞིའི་ལམ་དང་རྗེས་སུ་འབྲེལ་བའི་རྣལ་འབྱོར་ཟབ་མོ་ལ་རྩེ་གཅིག་ཏུ་བརྩོན་པས་སྐུ་གསུམ་ཡེ་ཤེས་ཌཱ་ཀིའི་གོ་འཕང་རྟེན་འདིར་མངོན་དུ་བྱེད་པས་འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་བདེ་མྱུར་དུ་སྒྲུབ་པའི་ཐབས་ལ་འབད་པར་མཛོད་ཅིག །དེས་སྨིན་གྲོལ་ཆིག་རྫོགས་སུ་ཕུལ་བས་དགེ་རྩ་གཞན་དོན་དུ་བསྔོ་བའི་རྒྱས་འདེབས་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་སློབ་མ་རང་གནས་སུ་གཏོང༌། སློབ་དཔོན་གྱིས་ལྷག་མ་ནས་བཟུང་ཕྲིན་ལས་རྗེས་ཀྱི་རིམ་པ་མཐར་དབྱུང་ངོ༌། །ཐུགས་བསྐྱེད་དུས་སྨིན་ཆོས་རྒྱུན་ཏིང་འཛིན་གྱི། །རིན་ཆེན་ལྡེའུ་མིག་གིས་ཕྱེ་ཟབ་གསང་སྒོ། །སྐལ་བཟང་དཔྱིད་དུ་ཐོབ་པ་ཕྱོགས་དུས་ཁྱོན། །སྤེལ་འདིས་ཆོས་ཀྱི་རྒྱལ་སྲིད་དབང་བྱེད་ཤོག །ཅེས་ཡུལ་མདོ་ཁམས་སུ་སྐྱེས་ཀྱང་རྒན་པོའི་ལང་ཚོའི་མེ་ཏོག་ཕྱོགས་མེད་ཀྱི་རྒྱལ་ཁམས་སུ་ངོམ་པའི་མུ་ཏོ་བ་བཀྲ་ཤིས་དཔལ་འབྱོར་པདྨ་དབང་ཆེན་དགྱེས་པའི་ཡིད་ཀྱི་ཟ་མ་ཏོག་ཆོས་ཀྱི་བདུད་རྩི་རྨད་དུ་བྱུང་བ་དག་གིས་ཡང་ཡང་ཁེངས་པའི་སྐལ་པ་མི་དམན་པའི་དགེ་མཚན་གྱི་ཆོས་ཀྱི་མཆེད་གྲོགས་ཨཱ་ཡུའི་མིང་ཅན་གྱིས་བསྩལ་བའི་སྐྱེས་འདི་ཡང་འཕགས་ཡུལ་དུ་རིན་ཆེན་གཏེར་མཛོད་ཆེན་པོའི་ཞལ་སྐོང་དུ་བསྡུས་པའི་ཚེ། མ་ཧཱ་གུ་རུ་རྡོ་རྗེའི་སྐུའི་ཕྱག་རྒྱའི་རེ་ཁཱ་མངོན་པར་གསལ་བའི་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་དུ་བྲིས་ཤིང་སྤེལ་བའི་ཡི་གེའི་མཐུན་གྱུར་བློ་གྲོས་རྣམ་གསལ་སྤྲུལ་ཨཱ་ནནྟ་མངྒ་ལས་ཞུས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་འཆི་མེད་པདྨ་དགྱེས་པ་ཡབ་ཡུམ་གྱིས་དགྱེས་དགུར་སྐྱོང་བའི་ཟབ་གསང་ཆོས་སྒོ་རབ་འབྱམས་ཟད་མེད་དུ་སྤྲོ་ནུས་པའི་རྟེན་འབྱུང་རྨད་དུ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:09, 1 June 2024
Wylie title | 'chi med 'ja' lus rdo rje'i srog sgrub las/ byin rlabs dbang gi rim pa chu 'bab tu bkod pa 'chi med bdud rtsi'i bum bzang | |
---|---|---|
Location | dil mgo mkhyen brtse bka' 'bum Volume 13, Text 5, Pages 73-83 (Folios 1a to 11b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. 'chi med 'ja' lus rdo rje'i srog sgrub las byin rlabs dbang gi rim pa chu 'bab tu bkod pa 'chi med bdud rtsi'i bum bzang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 73-83. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ ('chi med 'ja' lus rdo rje'i srog sgrub) | |
Parent Cycle | འཆི་མེད་མཚོ་སྐྱེས་སྙིང་ཏིག་ ('chi med mtsho skyes snying tig) | |
Deity | man+dA ra ba | |
Colophon |
།ཅེས་ཡུལ་མདོ་ཁམས་སུ་སྐྱེས་ཀྱང་རྒན་པོའི་ལང་ཚོའི་མེ་ཏོག་ཕྱོགས་མེད་ཀྱི་རྒྱལ་ཁམས་སུ་ངོམ་པའི་མུ་ཏོ་བ་བཀྲ་ཤིས་དཔལ་འབྱོར་པདྨ་དབང་ཆེན་དགྱེས་པའི་ཡིད་ཀྱི་ཟ་མ་ཏོག་ཆོས་ཀྱི་བདུད་རྩི་རྨད་དུ་བྱུང་བ་དག་གིས་ཡང་ཡང་ཁེངས་པའི་སྐལ་པ་མི་དམན་པའི་དགེ་མཚན་གྱི་ཆོས་ཀྱི་མཆེད་གྲོགས་ཨཱ་ཡུའི་མིང་ཅན་གྱིས་བསྩལ་བའི་སྐྱེས་འདི་ཡང་འཕགས་ཡུལ་དུ་རིན་ཆེན་གཏེར་མཛོད་ཆེན་པོའི་ཞལ་སྐོང་དུ་བསྡུས་པའི་ཚེ། མ་ཧཱ་གུ་རུ་རྡོ་རྗེའི་སྐུའི་ཕྱག་རྒྱའི་རེ་ཁཱ་མངོན་པར་གསལ་བའི་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་དུ་བྲིས་ཤིང་སྤེལ་བའི་ཡི་གེའི་མཐུན་གྱུར་བློ་གྲོས་རྣམ་གསལ་སྤྲུལ་ཨཱ་ནནྟ་མངྒ་ལས་ཞུས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་འཆི་མེད་པདྨ་དགྱེས་པ་ཡབ་ཡུམ་གྱིས་དགྱེས་དགུར་སྐྱོང་བའི་ཟབ་གསང་ཆོས་སྒོ་རབ་འབྱམས་ཟད་མེད་དུ་སྤྲོ་ནུས་པའི་རྟེན་འབྱུང་རྨད་དུ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། | |
/ces yul mdo khams su skyes kyang rgan po'i lang tsho'i me tog phyogs med kyi rgyal khams su ngom pa'i mu to ba bkra shis dpal 'byor pad+ma dbang chen dgyes pa'i yid kyi za ma tog chos kyi bdud rtsi rmad du byung ba dag gis yang yang khengs pa'i skal pa mi dman pa'i dge mtshan gyi chos kyi mched grogs A yu'i ming can gyis bstsal ba'i skyes 'di yang 'phags yul du rin chen gter mdzod chen po'i zhal skong du bsdus pa'i tshe/_ma hA gu ru rdo rje'i sku'i phyag rgya'i re khA mngon par gsal ba'i rdo rje brtsegs pa'i ke'u tshang du bris shing spel ba'i yi ge'i mthun gyur blo gros rnam gsal sprul A nan+ta mang+ga las zhus pa 'dis kyang tshe rabs kun tu 'chi med pad+ma dgyes pa yab yum gyis dgyes dgur skyong ba'i zab gsang chos sgo rab 'byams zad med du spro nus pa'i rten 'byung rmad du 'byung bar gyur cig_/sarba mang+ga laM/_dge'o// |