DKR-KABUM-13-PA-004: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(5 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཟབ་པ་སྐོར་བདུན་ལས། འཇམ་དཔལ་ཚེ་བདག་ནག་པོ་འཁོར་ལོ་གསུམ་གྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་གནམ་ལྕགས་ཐོག་གཟེར། | |||
|fulltitle=zab pa skor bdun las/ 'jam dpal tshe bdag nag po 'khor lo gsum gyi dbang bskur bklag chog tu bkod pa zab gsang gnam lcags thog gzer | |||
|citation=[[Khyentse, Dilgo]]. ''Zab pa skor bdun las 'jam dpal tshe bdag nag po 'khor lo gsum gyi dbang bskur bklag chog tu bkod pa zab gsang gnam lcags thog gzer''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 13: 57-72. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=mchog gyur gling pa | |||
|sourcerevealertib=མཆོག་གྱུར་གླིང་པ་ | |||
|tibgenre=Empowerment Ritual - dbang chog - dbang skur | |||
|terma=No | |||
|dkroutline=Four | |||
|deity='jam dpal gshin rje | |||
|cycle=thugs dam zab pa skor bdun | |||
|cycletib=ཐུགས་དམ་ཟབ་པ་སྐོར་བདུན་ | |||
|language=Tibetan | |language=Tibetan | ||
| | |volumenumber=013 | ||
| | |volnumtib=༡༣ | ||
|volyigtib=པ་ | |||
|totalvolumes=25 | |||
|textnuminvol=004 | |textnuminvol=004 | ||
|pagenumbers=57-72 | |||
|totalpages=32 | |||
|beginfolioline=1a | |||
|endfolioline=16b2 | |||
|totalfolios=16 | |||
|multivolumework=No | |||
|rectonotes=dbang chog | |||
|versonotes=mchog gling gshin rje tshe bdag | |||
|colophontib=།ཅེས་ཟབ་གསང་རྨད་དུ་བྱུང་བ་འདི་དག་ལ་འཇུག་བདེའི་དབང་ཆོག་ཞིག་གྲུབ་པར་གྱིས་ཞེས་མཆོག་བསྟན་ལ་རྒྱུ་མཚན་ཤེས་པའི་བློ་མིག་ཐོབ་པ་གནས་དགོན་བྱང་འདྲེན་པདྨ་བཀྲ་ཤིས་ནས་རྟེན་བཅས་ཆེད་བསྐུལ་བཞིན། འཇམ་མགོན་བླ་མ་རྣམ་གཉིས་ཀྱི་གསུང་གི་སྣང་བ་ལ་བརྟེན་ནས་ནག་འགྲོས་སུ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་ཀྱིས་ཕྱོགས་ཀུན་མཛེས་པ་བལ་ཡུལ་བསྟན་གཉིས་དར་རྒྱས་གླིང་དུ་རང་ལོ་གྱ་གཉིས་ལོར་བྲིས་པ་ཡི་གེ་གཉིས་པར་འགོད་པའི་མཐུན་འགྱུར་ཀྱང་བསྐུལ་པ་པོས་བགྱིས་པ་འདིས་ཀྱང་དཔལ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་རྟག་ཁྱབ་ལྷུན་གྱིས་གྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། | |||
|colophonwylie=/ces zab gsang rmad du byung ba 'di dag la 'jug bde'i dbang chog zhig grub par gyis zhes mchog bstan la rgyu mtshan shes pa'i blo mig thob pa gnas dgon byang 'dren pad+ma bkra shis nas rten bcas ched bskul bzhin/_'jam mgon bla ma rnam gnyis kyi gsung gi snang ba la brten nas nag 'gros su 'gyur med theg mchog bstan pa'i rgyal mtshan gyis gdod nas grub pa'i rdo rje'i gnas kyis phyogs kun mdzes pa bal yul bstan gnyis dar rgyas gling du rang lo gya gnyis lor bris pa yi ge gnyis par 'god pa'i mthun 'gyur kyang bskul pa pos bgyis pa 'dis kyang dpal o rgyan sangs rgyas gnyis pa'i phrin las phyogs dus kun tu rtag khyab lhun gyis grub par gyur cig_/sarba mang+ga laM/_dge'o// | |||
|pdflink=File:DKR-KABUM-13-PA-004.pdf | |pdflink=File:DKR-KABUM-13-PA-004.pdf | ||
}} | }} | ||
Line 16: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཟབ་པ་སྐོར་བདུན་ལས། འཇམ་དཔལ་ཚེ་བདག་ནག་པོ་འཁོར་ལོ་གསུམ་གྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་གནམ་ལྕགས་ཐོག་གཟེར་བཞུགས།། | {{TibP|༄༅། །ཟབ་པ་སྐོར་བདུན་ལས། འཇམ་དཔལ་ཚེ་བདག་ནག་པོ་འཁོར་ལོ་གསུམ་གྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་གནམ་ལྕགས་ཐོག་གཟེར་བཞུགས།།<br><br> | ||
༄༅། །ཡེ་ཤེས་ཁྲོས་པའི་སྐུ་ཡི་སྤྲིན་རུམ་ནས། །མཐུ་སྟོབས་གནམ་ལྕགས་ཟེར་གྱིས་ཕས་རྒོལ་བྲག །རྨིང་མེད་བཅོམ་མཛད་འཇམ་དཔལ་དུས་ཀྱི་དགྲ། །ཡིད་ཀྱི་དཔལ་ནོར་འབྲལ་མེད་རྟག་ཏུ་མཆོད། །གཤེད་སྐོར་རྒྱུད་ལུང་མན་ངག་བཅུད། །མཚོ་སྐྱེས་ཐུགས་ཀྱི་ཏི་ལ་ཀ །དྲག་སྔགས་ཟབ་རྒུའི་བདུད་རྩིའི་སྙིང༌། །སྐལ་བཟང་བཙས་སུ་སྣང་འདི་རྨད། །དྲག་སྔགས་ཀྱི་ཟབ་པ་གཤིན་རྗེ་ཚེ་བདག་ནག་པོ་ཡང་ཟབ་འཁོར་ལོ་གསུམ་གྱི་དབང་བསྐུར་འཇུག་བདེར་སྤེལ་བ་ལ། སྦྱོར་བ་གཤོམ་དང༌། སྒྲུབ་མཆོད། དངོས་གཞི་དབང་གི་ཆོ་ག །རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ཡོ་བྱད་ཀྱི་གཤོམ་ནི། རུང་བའི་གནས་སུ་གཞུང་མཐུན་གྱི་སྐུ་རྟེན་མདུན་དཀྱིལ་འཁོར་གཞུང་མཐུན་བཀྲམ་པའམ། མ་འབྱོར་ན་འབྲུ་ནག་ཁྲག་གིས་སྤགས་པའི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་རྒྱབ་གཡས་གཡོན་རྒྱབ་གསུམ་དུ་རེ་རེ། དེ་རྒྱབ་གཡས་གཡོན་མདུན་གསུམ་དུ་རེ་རེ། དེ་རྒྱབ་ཤར་དུ་གསུམ། ལྷོར་གསུམ། ནུབ་ཏུ་གསུམ། བྱང་དུ་གསུམ། དེ་རྒྱབ་ཤར་དུ་གཉིས། ལྷོ་རུ་གཉིས། ནུབ་ཏུ་གཉིས། བྱང་དུ་གཉིས། དེའི་མཚམས་བཞིར་བཞི། དེ་རྒྱབ་ཕྱོགས་རེར་བརྒྱད་རེ། དེ་རྒྱབ་བཞི། དེ་རྒྱབ་གཤིན་རྗེ་དྲུག་བཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུའི་མཚོན་དོན་གྲངས་མེད་བཀོད་པའི་ལྷ་གནས་སོ་སོར་སྐུ་ཙཀ་རྣམས་བཀྲམ་སྟེ། དབུས་སུ་ཕྱག་རྒྱ་ཟིལ་གནོན། རིགས་བདག །སྒྲོལ་ཡུམ། དབྱིངས་ཡུམ། ཕྱག་རྡོར། ཡ་མ་རཱ་ཙ། རུས་སྦལ། བྱ་ཁྱུང༌། ལྷ། སྲིན་པོ། ཀླུ། གནོད་སྦྱིན་གྱི་གཤེད་ཆེན་བཞི། ཚེ་བདག །སྲོག་བདག །འཆི་བདག་རྣམས་དང༌། ཡ་མ་རཱ་ཛ། མྱོས་བྱེད་འབར་བ། ཨརྻ་མེ་རུ། རལ་པ་ཚལ་དགུ་རྣམས་དང༌། དུང༌། ལྕགས། བསྭེ། གསེར་གྱི་མོན་པ། ཧེ་ལེ་ཁྱབ་པ། ནག་པོ་འཛུམ་མེད། སོ་འདར་མཁྲེགས་པ། རལ་པ་སྤྱིར་བཅིངས་རྣམས་དང༌། ཟླ་གཤེད་བཅུ་གཉིས། ཞག་གཤེད་སོ་གཉིས། དཀར་པོ་སྙིང་འབྱིན། མ་ཧཱ་ཀ་ལ། ཡབ་རྗེ་ནག་པོ། སྐུ་མཆོག་དམར་པོ་བཞི་བཅས་ཀྱི་སྐུ་ཙཀ །གཤིན་རྗེ་དྲུག་ཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུ་རྣམས་ཀྱི་སྲོག་ཡིག་བཅས་དང༌། སྔགས་བྱང་ངམ་སྔགས་ཕྲེང༌། གཤིན་རྗེའི་གཏོར་ཆེན་རང་ལུགས། ཟབ་དབང་གུད་སྦས་བཾ་ཆེན་གསང་བའི་དབང་བསྐུར་སྦྲེལ་ན་བཾ་ཆེན་མཐོང་རྒྱུན་ལྟར་དང༌། པུ་རི་དཀར་ནག །བཀའ་སྲུང་ལས་གཤིན། གཟའ་བདུད། ཁྲ་ཚ། ཟིན་ཕུང་གི་གཏོར་མ། གཞན་ཡང་དཀར་བགེགས། ཚོགས་ཀྱི་ཡོ་བྱད། ཆད་བརྟན། སྲུང་མའི་གཏོར་འབུལ། ལས་བུམ་བཅས་འདུ་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་ནི། ཚེ་བདག་བརྒྱུད་འདེབས་མཐུ་སྟོབས་དཔུང་བསྐྱེད། བྱིན་རླབས་རྣམ་ལྔ། དཀར་གཏོར་བཅས་བཏང༌། གནམ་ལྕགས་ཞུན་འདྲིལ་གཞུང་གི་སྐྱབས་སེམས་ཡན་ལག་བདུན་པ་བཅས་གྲུབ་མཚམས། སྔོན་ཆིངས་ཀྱི་བགེགས་བསྐྲད་ནས་བཟུང༌། མཆོད་པ་བྱིན་རླབས་བར་བཏང༌། དེ་ནས་གཞུང་གི་ཏིང་འཛིན་རྣམ་གསུམ་ནས་བཟུང་བདག་བསྐྱེད་ཚར་གཅིག །མདུན་བསྐྱེད་ཚར་གཅིག །བཾ་ཙཀ་སོགས་ལ་དམིགས་ཏེ་ཚར་གཅིག་སྟེ་ལན་གསུམ་བཏང༌། བཟླས་པ་ལ་ཨ་ཀྲོ་བཅུ་གཅིག་ཅི་ནུས། སྐུ་གསུང་ཐུགས་བཟླས་ཆ་སྙོམ་ཉུང་ཙམ། ཨྱེ་རིང་ཅི་འགྲུབ་དང༌། ཐུན་མཐར་གཏོར་འབུལ་མཆོད་བསྟོད་ཕྲིན་ལས་བཅོལ། སྤྱི་སྒོས་ཀྱི་སྲུང་མ་རྣམས་ཀྱི་གཏོར་འབུལ། ཚོགས་སྐོང་བཅས་བཏང༌། ལས་བུམ། ཡ་མ་རཱ་ཛས་བསང༌། སྭ་བྷཱ་ཝས་སྦྱང༌། ལས་བུམ་དབུས་སུ་མ་ཧེའི་སྟེང༌། །འཆི་བདག་ནག་པོ་གཤིན་རྗེ་གཤེད། །ཐོད་དབྱུག་བྷཉྫ་ཁྲག་བཀང་འཛིན། །གཏུམ་དྲག་སྲིན་པོ་ཁྲོས་བཞིན་གྱུར། །གནས་གསུམ་འབྲུ་གསུམ་གནས་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས། །རང་བཞིན་གནས་ནས་སྤྱན་དྲངས་གྱུར། །ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །བཟླས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་གཟུངས་ཐག་ལ་འཁྲིལ་ཏེ་བུམ་ནང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཞུགས་པར་གྱུར། ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ། མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པར་བལྟའོ། །གསུམ་པ་དབང་དངོས་ལ། བདག་འཇུག་གམ་རིག་པའི་མེ་ཏོག་དོར། སློབ་མ་འཇུག་པར་གནང་བ་ཞུ། སྣོད་རུང་གི་སློབ་མ་སྒོ་དྲུང་ནས་ཁྲུས་བྱ། ནང་དུ་གྲལ་ལ་འཁོད་པ་དང་བགེགས་བསྐྲད། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་གྲུབ་པ་དང༌། མཚམས་སྦྱོར་གྱི་ཁྱད་པར། དེ་ཡང་ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་ཁྱབ་བདག་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད་ལ་རྩ་བཤད་མན་ངག་གི་རྒྱུད་དང༌། བཀའ་བབ་གྲུབ་བརྙེས་ཀྱི་སློབ་དཔོན་སོ་སོས་བཀྲལ་བའི་ཡན་ལག་གི་བཀའ་སྲོལ་མཐའ་ཀླས་པ་བཞུགས་ཤིང༌། གངས་ཅན་འདིར་སྔ་འགྱུར་རྙིང་མའི་ཕྱོགས་ལ་ངོ་བོའི་དབྱེ་ན་གཤེད་སྐོར་རིགས་ལྔ། རྣམ་པའི་ཚུལ་ལས་ཡེ་ཤེས་ལས་དང་འཇིག་རྟེན་པའི་ཚུལ་གསུམ། ཕྲིན་ལས་ཀྱི་བྱེ་བྲག་རྣ་ཆ་བརྒྱད་ཡོངས་སུ་གྲགས་པ་དང༌། ཕྱི་འགྱུར་གསར་མའི་ཕྱོགས་ལ་དམར་ནག་འཇིགས་གསུམ་ནང་གསེས་དང་བཅས་པ་བྱོན་པ་ལས། འདིར་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་པོ་སྐུ་དེ་བཞིན་གཤེགས་རིགས། འཁོར་འདས་ཀུན་གྱི་ཕྱག་རྒྱ་ཟིལ་གནོན་གྱི་སྐོར་རྣམས། སྐུའི་རིག་འཛིན་འཇམ་དཔལ་བཤེས་གཉེན་གྱིས་རྩ་རྒྱུད་ཟླ་གསང་ནག་པོ་དང༌། སྡིག་པ་སྙིང་འཛིན་སོགས་ལས་བསྡུས་ཤིང་རྒྱུད་དོན་མན་ངག་ཏུ་བསྡེབས་ཏེ་གྲུབ་པའི་རིག་འཛིན་རྣམས་ལ་རིམ་པར་བརྒྱུད་པ་ལས། འདི་ནི་སངས་རྒྱས་གཉིས་པ་པདྨཱ་ཀ་རས་སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་གྲུབ་པའི་རིག་འཛིན་རྣམས་དང༌། ཁྱད་པར་རྩ་དུམ་སྙིང་པོར་བསྡུས་པའི་མན་ངག་གནད་དྲིལ་སྐོར་སློབ་དཔོན་གཙུག་ལག་དཔལ་དགེ་ལས་གསན་ཚུལ་མཛད་པ་ལས། སྔོན་ཚེ་གཤིན་རྗེ་འདུས་པའི་དུར་ཁྲོད་དུ་གདུག་པའི་དུག་ཤིང་སྲིད་རྩེར་སླེབ་པའི་རྩ་བར། སྲིན་མོ་ཁྲག་གི་མིག་ཅན་དང༌། བདུད་པོ་ཡབ་རྗེ་ནག་པོ་གཉིས་ཀྱི་སྲིད་གསུམ་དབང་དུ་བསྡུས་ནས་གནས་པའི་ཚེ། ཆགས་པ་ཆེན་པོས་བཤོས་པའི་ཚེ་འཆི་སྲོག་གི་བདག་པོ་བུ་གསུམ་བྱུང་བ་གང་དུའང་མ་བཏང་བར་བསྲུངས་ཀྱང༌། བདུད་སྲིན་གཉིས་བྲོ་ཡི་རྩེད་མོ་ལ་གཡེང་བའི་ཚེ་བསྭེ་ལྕགས་དུང་གི་སྡིག་པ་གསུམ་དུ་སྤྲུལ་ནས་འཇིག་རྟེན་ཐམས་ཅད་ཉུལ་བའི་ཚེ་ཕ་མའི་ཁ་ལ་མི་ཉན་པའི་ནལ་ཕྲུག་གསུམ་རྡོ་རྗེ་འཆང་གིས་འདུལ་བའི་དམོད་བོར་བས། རྒྱལ་བ་རྡོ་རྗེ་འཆང་གི་ཐུགས་རྗེས་སྤྲུལ་པ་གཡོས་ཏེ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་གྱི་སྐུར་བཞེངས་ཏེ། ལྷོ་ཕྱོགས་གཤིན་རྗེའི་གྲོང་དུ་བྱོན་ནས་འཇིགས་བྱེད་འཇིགས་པར་བྱེད་པའི་རྡོ་རྗེའི་གད་མོ་ཆེན་པོ་དང་ཨྱེ་རིང་སྔགས་ཀྱི་སྒྲས་དྲེགས་པ་ཅན་ཐམས་ཅད་བཏུལ་ནས་བསྟན་པའི་བཀའ་སྲུང་དུ་བྲན་དུ་བཀོལ། ལག་ན་རྡོ་རྗེས་གླེང་བསླངས་ཏེ་ཟླ་གསང་འཁོར་ལོ་རོལ་པ་དང༌། སྙིང་གཟེར་ནག་པོ་ལ་སོགས་པའི་རྒྱུད་འབུམ་ཕྲག་ཙམ་གསུངས། ལྕགས་སྡིག་ནག་པོ་ལས་བྱུང་བའི་གནམ་ལྕགས་ཨུརྨོའི་གདམས་སྐོར་གྱི་སྙིང་པོའི་བཅུད་བསྡུས་འདི་ཉིད། མངའ་བདག་ཆོས་ཀྱི་རྒྱལ་པོ་འཇམ་དཔལ་དབྱངས་ཁྲི་སྲོང་ཡབ་སྲས་ཀྱི་གངས་ཅན་བོད་ཀྱི་མཁན་སློབ་ཉི་ཟླའི་སྒྲོན་མེ་འཆར་བའི་བསོད་ནམས་ཀྱི་སྐལ་པར་བབས་པའི་ཚེ། གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆོས་སྐོར་རྩ་བ་འོག་མིན་ཀརྨ་དང༌། ཡན་ལག་གི་སྐོར་རྣམས་ཡེ་རྒྱལ་ནམ་མཁའ་མཛོད་དུ་སྦས་པ། ལྷ་སྲས་དམ་འཛིན་མུ་རུབ་བཙད་པོའི་རྣམ་འཕྲུལ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་ནང་ཚན་དྲག་སྔགས་ཀྱི་ཟབ་པ་འཇམ་དཔལ་ཚེ་བདག་ནག་པོའི་སྐོར་རྣམས་ལོ་ཆེན་བཻ་རོ་དངོས་བྱོན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་ལ་བཀའ་བབས་པའི་ནང་གསེས་རྩ་བའི་དབང་བསྐུར། འཁོར་ལོ་གསུམ་གྱི་དབང་བསྐུར། གུད་སྦས་བཾ་ཆེན་གསང་བའི་དབང་བསྐུར། པུ་རི་དཀར་ནག །བཀའ་སྲུང་གི་སྐོར་བཅས་བཞུགས་པ་ལས། འདིར་འཁོར་ལོ་གསུམ་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་འགྲེ་བཅས། ཨོཾ་ཙཀྵུ་བྷནྡྷ་བཱ་ར་མ་ཎཱ་ཡ་སྭཱ་ཧཱས་མིག་དར་དང༌། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། བླ་མ་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད་པོ་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་འཇམ་དཔལ་གཤིན་རྗེའི་གཤེད༔ བདག་ལ་ཐུགས་རྗེས་བརྩེ་བར་དགོངས༔ འགྲོ་རྣམས་བསྒྲལ་འདོད་བསམ་པ་ལ༔ འཇམ་དཔལ་དཀྱིལ་འཁོར་བསྟན་དུ་གསོལ༔ ཐོག་མར་ཐེག་པ་ཐུན་མོང་གི་འཇུག་སྒོ་སོ་སོར་ཐར་པའི་རྩ་བ་སྐྱབས་སུ་འགྲོ་བའི་སྡོམ་པ་བླང་དགོས་པས་འདུན་པ་འདི་བཞིན་ཏུ་མཛོད། བླ་མ་དཀྱིལ་འཁོར་གྱི་བདག་པོ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་རང་སྣང་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་ལ་ཕྱོགས་དུས་ཀྱི་སྐྱབས་གནས་མ་ལུས་པས་བསྐོར་ཏེ་བཞུགས་པ་ལ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོཿ བདག་སོགས་སེམས་ཅན་མ་ལུས་པ༔ མཆོག་གསུམ་འདུས་པ་བླ་མ་རྗེ༔ དཔའ་བོ་འཇམ་དཔལ་གཤིན་རྗེའི་གཤེད༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། དེ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། ཕ་མར་གྱུར་པའི་སེམས་ཅན་མཐའ་དག་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེ་གཤེད་པོའི་གོ་འཕང་ལ་འགོད་པར་བྱ་སྙམ་དུ་སྨོན་པ་དང༌། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་ནོས་ལ་གྲོལ་བྱེད་རིམ་གཉིས་ཟབ་མོའི་ལམ་བསྒོམ་པར་བགྱིའོ་སྙམ་དུ་འཇུག་པ་དང༌། སེམས་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཆོས་ཐམས་ཅད་གདོད་མ་ཉིད་ནས་སྤྲོས་བྲལ་འོད་གསལ་ཆེན་པོར་དག་པའི་གནས་ལུགས་དྲན་པ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ འཇམ་དཔལ་གཤིན་རྗེ་འཐོབ་པར་བྱ༔ ཆོས་ཀུན་རང་བཞིན་ཡོངས་དག་པ༔ དམིགས་སུ་མེད་པའི་རང་བཞིན་བསྒོམ༔ གསུམ། ཡུལ་མཆོག་དེ་རྣམས་ཀྱི་སྤྱན་སྔར་ཕྱག་དང་བཤགས་པས་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་སྦྱོང་བ་དང༌། མཆོད་པ་ལ་སོགས་པས་ཚོགས་གཉིས་ཕུང་པོ་བླ་ན་མེད་པ་བསགས་པ་དང༌། ཡོངས་སུ་བསྔོ་བས་དགེ་བའི་རྩ་བ་རྒྱ་ཆེར་སྤེལ་བ་རྣམས་ཀྱི་དམིགས་འདུན་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་འཇམ་དཔལ་ཧེ་རུ་ཀ༔ མཆོག་གསུམ་མཁའ་འགྲོར་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ འགལ་འཁྲུལ་ཉམས་ཆགས་མཐོལ་ཞིང་བཤགས༔ མཆོག་དམན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ གསུམ། སློབ་དཔོན་གྱིས་དམ་བསྒྲག་པ། ཧོཿ འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་འདིར༔ འཇུག་པར་འདོད་པའི་སྐལ་ལྡན་རྣམས༔ དམ་ཚིག་ཚུལ་བཞིན་བསྲུང་དགོས་པས༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་མཐའ་དག་བཀའ་བཞིན་རྗེས་སུ་བསྒྲུབ་སྙམ་པས་འདིའི་རྗེས་ཟློས། ཧོཿ འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་འདིར༔ བདག་ཉིད་ཞུགས་པར་གྱུར་ཕྱིན་ཆད༔ གསང་སྔགས་དམ་ཚིག་ཐམས་ཅད་དང༔ དཀྱིལ་འཁོར་བདག་ཉིད་སློབ་དཔོན་མཆོག༔ སྲོག་གི་ཕྱིར་ཡང་མི་སྤང་བསྒྲུབ༔ སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་བཞག་བདུད་རྩིའི་དམ་ཆུ་སྦྱིན་ལ། ཧོཿ འཇམ་དཔལ་ཧེ་རུའི་དཀྱིལ་འཁོར་འདིར༔ ཞུགས་ཤིང་དམ་ཚིག་སྲུང་བ་ནི༔ བསྐལ་པ་དུ་མར་རྙེད་མི་འགྲུབ༔ དེ་ཕྱིར་སྙིང་ནས་སྤྲོ་བ་སྐྱེད༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ང་ཡི་བཀའ་ལས་འདའ་མི་རུང༔ རྡོ་རྗེ་དམ་ཚིག་ཆུ་འཐུངས་ཤིག༔ ཉམས་ན་འདིས་ནི་སྲེག་པར་བྱེད༔ བསྲུངས་ན་དངོས་གྲུབ་འདིས་ཐོབ་བོ༔ བཛྲ་ས་མ་ཡ་ཋ་ཋ་ཋ༔ དེ་རྣམས་ཀྱིས་སྡོམ་པ་དང་དམ་ཚིག་ཕོག་སྟེ་རྒྱུད་རྣམ་པར་དག་པ་གྲུབ་ནས། དངོས་གཞི་དབང་གི་རྩ་བ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྦྱང༌། ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས་ཁྱེད་རང་གང་དུ་གནས་པའི་གེ་སར་རྡོ་རྗེའི་བྲག་སྟེང་ཆུ་གླང་ཟུང་བཞི་དང་རུ་དྲ་ཕོ་མོ་བསྣོལ་ཅིང་པདྨ་ཉི་མ་བརྩེགས་པའི་གདན་ལ། རིག་པའི་ངོ་བོ་ཨེ་མཐིང་ནག་དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེའི་གཤེད་པོ་ཕྱག་རྒྱ་ཟིལ་གནོན་ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང་ནག་དུས་ཀྱི་མུན་པའི་མདངས་ཅན། ཞལ་གཡས་དཀར་གཡོན་དམར་དབུས་ནག་ཅིང་སྤྱན་དགུ་བགྲད་པ། རབ་ཏུ་ཁྲོས་ཤིང་གར་གྱི་ཉམས་དགུ་དང་ལྡན་པ། ཕྱག་དྲུག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་མཛད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཅན་ཡུམ་བེ་ཏཱ་ལི་སྨུག་ནག་སྙིང་དང་ཐོད་ཁྲག་འཛིན་པས་འཁྱུད་པའི་གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གས་མཚན་པ་དང༌། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གྱི་གནས་དང་འོག་མིན་དུར་ཁྲོད་ཆེན་པོ་ལ་སོགས་པ་ནས་ཡེ་ཤེས་པའི་ལྷ་ཚོགས་དུས་མཐའི་སྤྲིན་གཏིབས་པ་ལྟར་སྤྱན་དྲངས་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་ནས་གཉིས་མེད་དུ་གྱུར་པར་མོས་ཤིག །གུ་གུལ་སོགས་འབེབས་པའི་རྫས་བསྲེག །རོལ་མོ་དབྱངས་དང་བཅས་པས་བྱིན་འབེབས་བརྗོད་ལ། སྔགས་མཐར། ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨ་ཨཿ བཏགས་པ་དྲག་ཏུ་བརྗོད། དེ་ལྟར་ཕབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཉམས་མེད་བརྟན་པར་བྱས་པར་མོས་ཤིག །རྒྱ་གྲམ་སྤྱི་བོར་བཀོད་ལ། ཏིཥྛ་བཛྲ་བརྗོད་ཚོམ་བུའམ་ཕྱག་རྒྱའི་མཎྜལ་བཀོད་ལ། ཁྱེད་རང་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་ལ་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་འཚལ། ཧོཿ རང་རིག་ཡེ་ཤེས་ལས་ནི་གཉིས་མེད་པའི༔ སྔོན་ནས་འབྲེལ་བའི་ལྷ་མཆོག་དེ་དག་ལ༔ རིག་པའི་ཡེ་ཤེས་མེ་ཏོག་འདི་འབུལ་གྱིས༔ རང་རིག་ལྷ་དང་མཇལ་ཞིང་དབྱེར་མེད་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོཿ ཕོ་མོའི་རིགས་ངེས་པས་གསང་མཚན་སྦྱིན་ཅིང་སྤྲད། སྤྱི་ཙམ་དུ། མེ་ཏོག་ལྷག་པའི་ལྷ་གཙོ་བོ་ལ་ཕོག་པས་དེ་ཉིད་ཀྱིས་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིང་པར་མོས་ཤིག ཧོཿ བསྐལ་པ་སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ རང་རིག་ལྷ་དང་གཉིས་སུ་མེད་པ་ཡི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཞེས་མེ་ཏོག་སླར་སྤྱི་བོར་བཞག །མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ མ་རིག་འཐིབ་པོས་བསྒྲིབས་པ་ཡི༔ རབ་རིབ་ལིང་ཏོག་འདི་ཉིད་ནི༔ སློབ་དཔོན་ཐབས་མཁས་ཐུགས་རྗེ་ཡི༔ ཡེ་ཤེས་ཐུར་མས་བསལ་དུ་གསོལ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་མ་རིག་པའི་སྒྲིབ་གཡོགས་སངས་ཀྱིས་བསལ་བར་མོས་ཤིག །གསེར་ཐུར་གྱིས་གདོང་གཡོགས་བསལ་ལ། བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་གྱི༔ དཀྱིལ་འཁོར་མངོན་སུམ་མཐོང་བྱའི་ཕྱིར༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ མིག་འབྱེད་དེ་བཞིན་དབྱེ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཕྱག་ཤིང་གིས་མཚོན་ཏེ་དཀྱིལ་འཁོར་བསྟན་པ་ནི། ལྟོས་ཤིག་ལེགས་འོང་སྐལ་ལྡན་རྣམས༔ ད་ནི་དད་པ་རབ་ཏུ་སྐྱེད༔ བདེ་གཤེགས་རིགས་མཆོག་དཀྱིལ་འཁོར་འདི༔ མཐོང་བས་ལས་སྒྲིབ་ཀུན་བྱང་འགྱུར༔ མདུན་དུ་དཔལ་ཆེན་གཤིན་རྗེ་གཤེད་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོ་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་འཇིགས་པར་བརྒྱན་ཅིང༌། ནང་དུ་འཁོར་ལོ་རྩིབས་བཅུ་གཉིས། དེའི་ལྟེ་བར་གྲུ་གསུམ་མཐིང་ནག་གླིང་དགུར་གྱུར་པ། ཕྱི་ནང་གི་ལྷ་གནས་སོ་སོར་ཐོད་མཁར་གྲུ་གསུམ་མེ་རླུང་འཁྲུགས་པ། ཕོ་བྲང་ཆེན་པོའི་དབུས་སུ་རྡོ་རྗེ་བྲག་ཆེན་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་དང་ལྷ་ཆེན་ཕྱོགས་སྐྱོང་མ་ཧེ་གླང་རྒོད་ཕོ་མོ་པད་ཉི་རྣམས་ཀྱི་གདན་ལ་བཅོམ་ལྡན་འདས་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད་ཕྱག་རྒྱ་ཟིལ་གནོན་བེ་ཏཱ་ལིས་འཁྱུད་པ་གཡས་སུ་སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི། གཡོན་དུ་དབྱིངས་ཡུམ་མུ་ཁ་ལེ། སྐུ་ལས་སྤྲུལ་པ་རྒྱན་གྱི་ལྷ་བརྒྱད་སྤྲོ་བ། ཕོ་བྲང་གླིང་བརྒྱད་ལ་གྱད་ནོན་ཆེན་པོ་ཡབ་ཡུམ་བརྒྱད། ཟླ་གམ་མདུན་མར་སྐུ་སྤྲུལ་ཚེ་བདག་མཐིང་ནག །གཡས་པར་ཐུགས་སྤྲུལ་འཆི་བདག་ནག་པོ། གཡོན་པར་གསུང་སྤྲུལ་སྲོག་བདག་དམར་པོ་རྣམས་སོ་སོའི་ཡུམ་དང་བཅས་པ། འཁོར་ལོའི་རྩིབས་བཅུ་གཉིས་ཀྱི་དབུས་རྩིབས་རྣམས་སུ་གཤེད་ཆེན་ཡབ་ཡུམ་བཞི། གཡས་རྩིབས་རྣམས་སུ་མོན་པ་ཡབ་ཡུམ་བཞི། གཡོན་རྩིབས་རྣམས་སུ་བདུད་པོ་ཡབ་ཡུམ་བཞི། གྲུ་ཆད་བཅུ་གཉིས་ལ་ཟླ་བའི་འཆི་བདག་ཡབ་ཡུམ་བཅུ་གཉིས། དེ་རྒྱབ་འོབས་ཆེན་ཤར་དུ་བདུད་པོ་བརྒྱད། ལྷོ་རུ་གཤིན་རྗེ་བརྒྱད། ནུབ་ཏུ་མ་མོ་བརྒྱད། བྱང་དུ་གནོད་སྦྱིན་བརྒྱད་བཅས་ཞག་གི་འཆི་བདག་སོ་གཉིས། སྒོ་བཞི་དྲེགས་པ་སྡེ་བཞི་ཡུམ་དང་བཅས་པ། ཕྱི་ཁྱམས་དང་མུ་ཁྱུད་ཀྱི་ལྕགས་མཁར་རྣམས་ལ་གཤིན་རྗེ་དྲུག་ཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུ་སྟེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །འདི་ནི་མཚོན་བྱེད་དཔེའི་དཀྱིལ་འཁོར་ཏེ་མཚོན་བྱ་དོན་གྱི་དཀྱིལ་འཁོར་རླུང་སྔགས་སེམས་གསུམ་དབྱེར་མེད་པའི་བདག་ཉིད། ངོ་བོ་རང་རིག་འཇམ་དཔལ་ཡེ་ཤེས་སེམས་དཔའ་རང་བཞིན་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ། སྒྲོལ་ཡུམ་དང་དབྱིངས་ཡུམ་རོ་རྐྱང༌། སྙིང་གི་ཕྱོགས་མཚམས་ཀྱི་ཐད་དུ་གཤེད་ཆེན་བརྒྱད། ཙིཏྟའི་ཟུར་གསུམ་དུ་ཚེ་འཆི་སྲོག་བདག །དབང་པོའི་སྒོ་བཞིར་ཡ་མ་རཱ་ཛ་སོགས་བཞི། མགྲིན་པའི་རྩ་མདུད་དུ་མོན་བདུད་བཅུ་དྲུག །ལུས་ཀྱི་ལྷུ་ཚིག་བཞི་ལ་ཟླ་བའི་འཆི་བདག་བཅུ་གཉིས། སྤྱི་བོའི་རྩ་འཁོར་ལ་ཞག་གཤེད་སོ་གཉིས། རྐང་ལག་མཐིལ་བཞི་ལ་དཀར་པོ་སྙིང་འབྱིན་སོགས་ཆོས་སྐྱོང་བཞི། གཤིན་རྗེ་དྲུག་ཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུ་སོགས་རྣམ་འཕྲུལ་གཙོ་འཁོར་སྟོན་ཀྱང་ངོ་བོ་འཇམ་དཔལ་ཁྲག་འཐུང་ཆེན་པོའི་ཡེ་ཤེས་གཅིག་གི་ངོ་བོར་གདོད་ནས་དག་པས་རྡོ་རྗེ་གསུམ་གྱི་ཡེ་ཤེས་འཕོ་བའི་དབང་གིས་བྱིན་གྱིས་བརླབ་པའི་དོན་ངོ་ཤེས་པར་མཛོད་ཅིག །དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་གཟིགས་འཇམ་མགོན་དཀྱིལ་འཁོར་གཙོ༔ སོགས་ལན་གསུམ། སློབ་དཔོན་གྱིས། བདེ་གཤེགས་རིགས་མཆོག་ཐམས་ཅད་ཀྱི༔ སོགས་ཞེས་སྤྲོ་བ་བསྐྱེད་དེ། དབང་དངོས་ལ་སྐུ་གསུང་ཐུགས་ཀྱི་ཟབ་དབང་རྫོགས་རིམ་དང་འབྲེལ་བ་ནང་ནུས་པ་འཇུག་པའི་ཐུན་མོང་མ་ཡིན་པ་བསྐུར་བ་སྟེ། སྦྱང་གཞི་སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གཟོད་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རང་བཞིན་ལྷུན་གྱིས་གྲུབ་པ་ཉིད། སྦྱོང་བྱེད་འཇམ་དཔལ་ཁྲག་འཐུང་རོལ་པའི་ལྷ་ཚོགས་ཀྱི་ཡེ་ཤེས་སྐུས་དབང་བསྐུར་བྱིན་གྱིས་བརླབས་པས། སྦྱངས་འབྲས་འཇམ་དཔལ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ་སྔགས་སེམས་ཀྱི་རྡོ་རྗེའི་དཀྱིལ་འཁོར་མངོན་དུ་གྱུར་པར་མོས་ལ། འཇམ་དཔལ་ཞི་བ་ཡེ་ཤེས་སེམས་དཔའི་སྐུ་སྙིང་གར་བསྟིམས་ཏེ། ཧཱུྃ༔ རང་རིག་བྱང་ཆུབ་སོགས། གཙོ་བོ་ཕྱག་རྒྱ་ཟིལ་གནོན་གྱི་སྐུ་སྤྱི་བོར་བཞག་པས་སློབ་མ་གཙོ་བོ་ཞལ་གཅིག་ཕྱག་གཉིས་ཡབ་ཡུམ་མཉམ་པར་སྦྱོར་བའི་སྐུ་འོད་དུ་ཞུ་བས་སྐུ་དབུས། དབུ་མའི་ཡར་མར་དུ་ཨ་ཧཾ་གི་རྣམ་པ་ལས་བྱུང་བའི་ཁམས་དཀར་དམར་གྱིས་གང་སྟེ་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག ཧཱུྃ༔ ཀུན་གཞི་མ་བཅོས་རྫོགས་པ་ཆེ༔ སོགས། སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་དབུ་མའི་གཡས་སུ་བཞུགས་པར་མོས་ལ། ཛཿ རང་བཞིན་གསལ་བ་སོགས། དབྱིངས་ཡུམ་མུ་ཁ་ལེ་དབུ་མའི་གཡོན་དུ་བཞུགས་པར་མོས་ལ། ཛཿ རང་བཞིན་སོགས། ཕྱག་ན་རྡོ་རྗེ་དང་ཡུམ་སྙེམས་མ་སྙིང་དབུས་ཤར་གྱི་རྩ་འདབ་ལ་བསྟིམས་པས་ཞེ་སྡང་གནས་སུ་དག་པ་མེ་ལོང་ཡེ་ཤེས་དང༌། ཆུ་ཁམས་མ་མཱ་ཀིའི་ངོ་བོར་དག་པར་མོས་ཤིག ཧཱུྃ༔ ཞེ་སྡང་རྣམ་པར་སོགས། ཡ་མ་རཱ་ཛ་དང་ཡུམ་གསོད་བྱེད་མ་ལྷོའི་རྩ་འདབ་ལ་བསྟིམས་པས་གཏི་མུག་ཆོས་དབྱིངས་ཡེ་ཤེས་དང༌། ས་ཁམས་སྤྱན་མར་དག་པར་མོས་ཤིག ཧཱུྃ༔ གཏི་མུག་རྣམ་པར་སོགས། ཡབ་རུས་སྦལ་དང་ཡུམ་སྲིད་པ་དབང་བྱེད་ནུབ་ཀྱི་རྩ་འདབ་ལ་བསྟིམས་པས་འདོད་ཆགས་སོར་རྟོག་ཡེ་ཤེས་དང༌། མེ་ཁམས་གོས་དཀར་མོར་དག་པར་མོས་ཤིག ཧཱུྃ༔ འདོད་ཆགས་རྣམ་པར་སོགས། ཡབ་བྱ་ཁྱུང་དང་ཡུམ་གདུག་པ་འདུལ་མཛད་བྱང་གི་རྩ་འདབ་ལ་བསྟིམས་པས་ཕྲག་དོག་བྱ་གྲུབ་ཡེ་ཤེས་དང༌། རླུང་ཁམས་དམ་ཚིག་སྒྲོལ་མར་དག་པར་མོས་ཤིག ཧཱུྃ༔ ཆ་མཉམ་རྣམ་པར་སོགས། གྱད་ནོན་ལྷ་གཤེད་སེང་གདོང་ཡབ་ཡུམ་ཤར་ལྷོའི་རྩ་འདབ་ལ་བསྟིམས་པས་ཀུན་གཞིའི་རྣམ་ཤེས་ཀློང་གྱུར་ཡེ་ཤེས་སུ་དག་པར་མོས་ཤིག ཨེ༔ ཀུན་གཞིའི་རྣམ་ཤེས་སོགས། སྲིན་པོའི་གཤེད་ཆེན་སྟག་གདོང་ཡབ་ཡུམ་ལྷོ་ནུབ་ཏུ་བསྟིམ་པས་ཡིད་ཀྱི་རྣམ་ཤེས་འདའ་ཀ་ཡེ་ཤེས་སུ་དག་པར་མོས་ཤིག ཨེ༔ ཡིད་ཀྱི་རྣམ་ཤེས་སོགས། ཀླུ་གཤེད་སྦྲུལ་གདོང་ཡབ་ཡུམ་ནུབ་བྱང་གི་རྩ་འདབ་ལ་བསྟིམས་པས་ཉོན་ཡིད་དབྱིངས་གྲོལ་ཡེ་ཤེས་སུ་དག་པར་མོས་ཤིག ཨེ༔ ཉོན་མོངས་རྣམ་ཤེས་སོགས། གནོད་སྦྱིན་གཤེད་ཆེན་ཁྱུང་གདོང་ཡབ་ཡུམ་བྱང་ཤར་གྱི་རྩ་འདབ་ལ་བསྟིམས་པས་ལུས་ཤེས་དག་པ་མཐའ་གྲོལ་ཡེ་ཤེས་སུ་དག་པར་མོས་ཤིག ཨེ༔ ལུས་ཀྱི་རྣམ་ཤེས་སོགས། ཐུགས་སྤྲུལ་ཚེ་བདག་ནག་པོ་ཡབ་ཡུམ་ཙིཏྟའི་མདུན་ཟུར་ལ་བསྟིམས་པས་ཡིད་ཀྱི་བདག་འཛིན་དག་པ་ཐུགས་རྡོ་རྗེ་རུ་གྱུར་པར་མོས་ཤིག ཨེ༔ ཡིད་ཀྱི་བདག་འཛིན་སོགས། གསུང་སྤྲུལ་སྲོག་བདག་དམར་པོ་ཡབ་ཡུམ་ཙིཏྟའི་གཡོན་ཟུར་ལ་བསྟིམས་པས་ངག་གི་བདག་འཛིན་དག་པ་གསུང་རྡོ་རྗེ་རུ་གྱུར་པར་མོས་ཤིག ཨེ༔ ངག་གི་བདག་འཛིན་སོགས། སྐུ་སྤྲུལ་འཆི་བདག་ནག་པོ་ཡབ་ཡུམ་ཙིཏྟའི་གཡས་ཟུར་ལ་བསྟིམས་པས་ལུས་ཀྱི་བདག་འཛིན་དག་པ་སྐུ་རྡོ་རྗེ་རུ་གྱུར་པར་མོས་ཤིག ཨེ༔ ལུས་ཀྱི་བདག་འཛིན་སོགས། གཤེད་ཆེན་ཡ་མ་རཱ་ཛ་དང་ཡུམ་ཁྲག་མིག་མ་མིག་ཤེས་ལ་བསྟིམས་པས་ཡེ་ཤེས་ཀྱི་སྤྱན་གྱི་རྫུ་འཕྲུལ་ཐོབ་པར་མོས་ཤིག ཨེ༔ མིག་གི་རྣམ་ཤེས་སོགས། གཤེད་ཆེན་མྱོས་བྱེད་འབར་བ་དང་ཡུམ་གསོད་བྱེད་མ་རྣ་བའི་རྣམ་ཤེས་ལ་བསྟིམས་པས་ཡེ་ཤེས་ཀྱི་སྙན་གྱི་རྫུ་འཕྲུལ་ཐོབ་པར་མོས་ཤིག ཨེ༔ རྣ་བའི་རྣམ་ཤེས་སོགས། གཤེད་ཆེན་ཨཱརྻ་མེ་རུ་ཙེ་དང་ཡུམ་སྲོག་ལེན་མ་སྣ་ཡི་རྣམ་ཤེས་ལ་བསྟིམས་པས་ཡེ་ཤེས་ཤངས་ཀྱི་རྫུ་འཕྲུལ་ཐོབ་པར་མོས་ཤིག ཨེ༔ སྣ་ཡི་རྣམ་ཤེས་སོགས། གཤེད་ཆེན་རལ་པ་ཚལ་དགུ་དང༌། ཡུམ་རལ་གཅིག་མ་ལྕེ་ཡི་རྣམ་ཤེས་ལ་བསྟིམས་པས་ཡེ་ཤེས་ལྗགས་ཀྱི་རྫུ་འཕྲུལ་ཐོབ་པར་མོས་ཤིག ཨེ༔ ལྕེ་ཡི་རྣམ་ཤེས་སོགས། དུང་གི་མོན་པ་སེང་གདོང་དང་ཡུམ་མོན་མོ་བླ་རྐུན་མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཤར་སྟོད་ཀྱི་རྩ་འདབ་ལ་བསྟིམས་པས་ཕྱིན་ཅི་ལོག་གི་རྟོག་པ་གནས་སུ་དག་པར་མོས་ཤིག ཨེ༔ ཕྱིན་ཅི་ལོག་རྟོག་སོགས། ལྕགས་ཀྱི་མོན་པ་སྟག་གདོང་དང་མོན་མོ་གཡུ་རལ་ཡབ་ཡུམ་ལོངས་སྤྱོད་འཁོར་ལོའི་ལྷོ་སྟོད་ཀྱི་རྩ་འདབ་ལ་བསྟིམས་པས་མྱོང་བྱེད་ཀྱི་རྟོག་པ་གནས་སུ་དག་པར་མོས་ཤིག ཨེ༔ མྱོང་བྱེད་རྟོག་པ་སོགས། བསྭེ་ཡི་མོན་པ་དྲེད་མགོ་ཡུམ་ཁྲག་རལ་མ་ལོངས་སྤྱོད་འཁོར་ལོའི་ནུབ་སྟོད་ཀྱི་རྩ་འདབ་ལ་བསྟིམས་པས་སྐྱེ་གནས་ཀྱི་རྟོག་པ་གནས་སུ་དག་པར་མོས་ཤིག ཨེ༔ སྐྱེ་གནས་རྟོག་པ་སོགས། གསེར་གྱི་མོན་པ་ཁྱུང་མགོ་ཡུམ་མོན་མོ་སྙིང་འབྱིན་ལོངས་སྤྱོད་འཁོར་ལོའི་བྱང་སྟོད་ཀྱི་རྩ་འདབ་ལ་བསྟིམས་པས་རེག་བྱའི་རྟོག་པ་གནས་སུ་དག་པར་མོས་ཤིག ཨེ༔ རེག་བྱའི་རྟོག་པ་སོགས། ཤར་བདུད་ཧེ་ལེ་ཁྱབ་པ་དང་ཡུམ་བདུད་མོ་མི་ཟན་ལོངས་སྤྱོད་འཁོར་ལོའི་ཤར་སྨད་ཀྱི་རྩ་འདབ་ལ་བསྟིམས་པས་ལུས་ཀྱི་རྣམ་ཤེས་གནས་སུ་དག་པར་མོས་ཤིག ཨེ༔ ལུས་ཀྱི་རྣམ་ཤེས་སོགས། ལྷོ་བདུད་ནག་པོ་འཛུམ་མེད་དང་ཡུམ་སྙིང་ཁྲག་འཐུང་མ་ལྷོ་སྨད་ཀྱི་རྩ་འདབ་ལ་བསྟིམས་པས་ལུས་ཕུང་གནས་སུ་དག་པར་མོས་ཤིག ཨེ༔ ལུས་ཀྱི་ཕུང་པོ་སོགས། སོ་འདར་མཁྲེགས་པ་དང་ཤ་ལ་གཟེར་འདེབས་ཡབ་ཡུམ་ནུབ་སྨད་ཀྱི་རྩ་འདབ་ལ་བསྟིམས་པས་ལུས་ཀྱི་རེག་ཡུལ་གནས་སུ་དག་པར་མོས་ཤིག ཨེ༔ ལུས་ཀྱི་རེག་ཡུལ་སོགས། བྱང་བདུད་རལ་པ་སྤྱིར་བཅིང་དང་བདུད་མོ་ཁྲག་རལ་མ་བྱང་སྨད་ཀྱི་རྩ་འདབ་ལ་བསྟིམས་པས་ལུས་ཀྱི་རེག་ཤེས་གནས་སུ་དག་པར་མོས་ཤིག ཨེ༔ ལུས་ཀྱི་རེག་ཤེས་སོགས། ཟླ་བའི་འཆི་བདག་བཅུ་གཉིས་ལུས་ཀྱི་ལྷུ་ཚིག་བཞི་ལ་བསྟིམས་པས་རྣམ་རྟོག་གི་ལྷ་འདྲེ་དབང་དུ་བྱེད་ནུས་པར་གྱུར་ཅིག ཨེ༔ ཤར་སྟོད་ལ་ནི་སོགས། ཞག་གཤེད་སོ་གཉིས་སྤྱི་བོའི་རྩ་འདབ་སོ་གཉིས་ལ་བསྟིམས་པས་གཉིས་སྣང་གི་འཁྲུལ་རྟོག་བཅོམ་པའི་དབང་ཐོབ་པར་གྱུར་ཅིག ཨེ༔ ཚེས་གཅིག་ལ་ནི་སོགས། ཕོ་བྲང་ཆེན་པོའི་སྒོ་སྲུང་ཡབ་ཡུམ་བཞི་རྐང་ལག་མཐིལ་བཞི་ལ་བསྟིམས་པས་དུས་བཞི་ལྷ་རུ་དག་པའི་དབང་ཐོབ་པར་གྱུར་ཅིག ཨེ་ཡཿ མ་གཤིན་འདུས་པའི་སོགས། གཤིན་རྗེ་དབྱུ་གུ་དྲུག་ཅུ་རྩ་བཞི་དང༌། མ་གཤིན་བདུན་བརྒྱ་ཉི་ཤུ་རྣམས་བྲན་དང་ཕོ་ཉའི་ཚུལ་དུ་གཏད་པས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་ལ་དབང་འབྱོར་བར་མོས་ཤིག ཡཿབྷྱོཿ མ་གཤིན་དྲུག་ཅུ་སོགས། སྐུ་ཕྱག་རྒྱའི་དབང་གི་རྗེས་འབྲེལ་དུ་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་ཐུགས་ཀར་འཁོར་ལོ་རྩིབས་བཞིའི་སྟེང་དུ་པད་ཉི་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་དམར་སེར་རལ་པོད་འཛིན་པ། དེའི་ཐུགས་ཀར་ཉི་མའི་སྟེང་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ནག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། རྡོ་རྗེའི་ཡབ་ཀྱི་སྦུབས་དང་ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཞལ་ནས་བརྒྱུད། རྡོ་རྗེའི་རྭ་རྩེ་ནས་ཞུགས། ལྟེ་བར་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་མོས་ལ་འདིའི་རྗེས་ཟློས། ཨ་ཀྲོ་བཅུ་གཅིག་པ་ལན་གསུམ་དང༌། ཨྱེ་རིང་བརྗོད། སྤྲོ་ན་སྐུ་གསུང་ཐུགས་སྔགས་ཀྱང་གནས་སོ་སོ་ནས་སྤྲོ་བསྟིམ་བྱས་ལ་རྗེས་ཟློས་བྱར་གཞུག །མཐར་སྔགས་བྱང་ཕྲེང་བ་མགྲིན་པར་བཞག་ལ། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་རིག་པ་འཛིན་པ་འདི་ལ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་དང་རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། དེ་ལྟར་ལྷ་སྔགས་ཀྱིས་མཚོན་པའི་ཆོས་ཐམས་ཅད་སྒྱུ་མའམ་གཟུགས་བརྙན་ལྟར་སྣང་ཡང་གདོད་ནས་རང་བཞིན་གྱིས་སྤྲོས་པའི་མཐའ་ལས་འདས་པ་ཀ་དག་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པར་གྱིས་ཤིག །ཅེས་བརྗོད་ལ་མཉམ་པར་བཞག་ཏུ་བཅུག །མཐའ་བརྟེན་བྱིན་རླབས་ཆིག་རྫོགས་གཏོར་མའི་དབང་བསྐུར་ཞུ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བདུད་དགྲ་བདུད་འདུལ་སོགས། གཏོར་སྣོད་གྲུ་གསུམ་མཐིང་ནག་འབར་བ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ཆེན་པོའི་དབུས་སུ། གཏོར་མ་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ། ཐུགས་ཀར་ཡེ་ཤེས་སེམས་དཔའ། སྒྲོལ་ཡུམ་དང་དབྱིངས་ཡུམ། གྱད་ནོན་ཆེན་པོ་ཡབ་ཡུམ་བརྒྱད། ཚེ་འཆི་སྲོག་བདག །གཤེད་ཆེན་ཡབ་ཡུམ་བཞི། མོན་བདུད་ཡབ་ཡུམ་བཅུ་དྲུག །ཟླ་གཤེད་བཅུ་གཉིས། ཞག་གཤེད་སོ་གཉིས། ཆོས་སྐྱོང་བཞི། གཤིན་རྗེ་དྲུག་ཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུ་སོགས་འཇམ་དཔལ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྟེང་ན་རྩ་བརྒྱུད་ཀྱི་བླ་མ། མཐའ་སྐོར་དུ་ཡི་དམ་ཞི་ཁྲོ་རབ་འབྱམས། སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་རྣལ་འབྱོར། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ་མ་འདྲེས་གསལ་རྫོགས་སུ་བཞུགས་པ་གནས་གསུམ་དུ་བཞག་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་ཐམས་ཅད་ཐོབ་པར་མོས་ཤིག ཨེ་ཛ་ཡཿབྷྱོཿ དམ་ཚིག་ཆེན་པོའི་སོགས། ཨྱེ་རིང་བཟླ་བཞིན་བསྐུར་རོ། །རྗེས་གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་རོལ་པས་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་མོས་ཤིག །དངོས་གྲུབ་བྃ་ཆེན་གྱི་དབང་བསྐུར་བ་ལ། གསེར་གྱི་མཎྜལ་ཕུལ་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་འཇམ་དཔལ་གཤིན་རྗེའི་གཤེད༔ བདག་ལ་བརྩེ་བར་དགོངས་སུ་གསོལ༔ དངོས་གྲུབ་ཆེན་པོ་ཐོབ་བྱའི་ཕྱིར༔ བྃ་ཆེན་གསང་བའི་དབང་བསྐུར་སྩོལ༔ བྃ་ཆེན་ཙིཏྟ་གྲུ་གསུམ་གྱི་གདན་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་སེམས་བྱུང་དག་པ་རྩ་བའི་ལྷ་དྲུག །རྒྱན་ལྷ་བརྒྱད། རྩ་བ་ཟླུམ་པོའི་ཚུལ་གྱིས་ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། མདུན་དུ་ཡེ་ཤེས་རྩ་ལ་ཡ་མ་རཱ་ཛ། གཡས་ཆོས་ཉིད་རྩ་ལ་ཡ་བ་ཏི། རྒྱབ་ཡོན་ཏན་གྱི་རྩ་ལ་ཨ་ཝ་གླང་མགོ །གཡོན་རང་རྒྱུད་ཀྱི་རྩ་ལ་རལ་བ་ཚར་དགུ །རྣམ་ཤེས་ཚོགས་བརྒྱད་ཡུལ་དུས་དག་པ་མོན་བདུད་ཡབ་ཡུམ། ལྟེ་བ་འཕོ་བ་བཅུ་གཉིས་ཀྱི་རྩ་ལ་ཁམས་བཅུ་གཉིས་དག་པའི་འཆི་བདག །ལྟོ་བ་ཁྲག་ཁྱམས་འོབས་སྲུང་ཤ་ཟ་ཀིང་ཀང༌། བྃ་གྱི་ཕྱི་རུ་ཕུང་པོ་ལྔ་ལ་ཡ་མཱནྟ་ཀ་དང་གཤེད་བཞི། འབྱུང་བ་ཡུམ་ལྔ་རྣམ་ཤེས་མཐར་བྱེད་བརྒྱད། ཡན་ལག་སྒོ་བ་སྟེ་དཀྱིལ་འཁོར་ཡོངས་རྫོགས་གསལ་བར་བྱིན་གྱིས་བརླབས་པས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་མོས་ཤིག ཧཱུྃ༔ རྣམ་རྟོག་མཚན་མ་ཀུན་སྤངས་ཤིང༔ དངོས་གྲུབ་ཆེན་པོའི་རྫས་སུ་བལྟ༔ དེས་ནི་ཡེ་ཤེས་མཆོག་ཐོབ་ཕྱིར༔ དངོས་གྲུབ་ཆེན་པོ་འདི་ལོངས་ཤིག༔ ཧཱུྃ༔ བདེ་ཆེན་བྃ་གྱི་ཕོ་བྲང་ན༔ མཆོག་དང་ཐུན་མོང་དངོས་གྲུབ་འཁྱིལ༔ ཕྱག་རྒྱ་ཟིལ་གནོན་ངོ་བོ་སྟེ༔ ཐུགས་བཅུད་ཡེ་ཤེས་དབང་བསྐུར་རོ༔ དྷརྨ་དྷཱ་ཏུ་ཙིཏྟ་ཤུདྡྷེ་ཨ༔ ཞེས་གནས་གསུམ་དུ་བཞག །འཁྲུལ་རྟོག་གི་སྤང་བླང་འཛིན་ཞེན་རྣམས་སེམས་ཀྱི་རོལ་པ་ཙམ་ལས་དོན་ལ་སྐྱེ་འགག་གནས་བྲལ་ཆོས་ཉིད་བདེ་ཆེན་ཐིག་ལེ་ཉག་གཅིག་ལས་མ་གཡོས་པ་མཚོན་ཕྱིར་བྃ་ཉིད་དཀྱིལ་འཁོར་གྱི་ལྷའི་རོལ་པར་བྱིན་གྱིས་བརླབས་ཏེ་དངོས་གྲུབ་ཀྱི་རྫས་སུ་རོལ་པས་དུག་ལྔ་རང་གྲོལ་འཇམ་དཔལ་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་རྫས་སུ་བརྡས་ངོ་སྤྲད་པ་ནི། རྣམ་རྟོག་སྤང་བླང་འཛིན་ཞེན་རྣམས༔ སེམས་ཀྱི་རོལ་པར་བལྟ་བྱས་ཏེ༔ ཡེ་ཤེས་རྒྱན་དུ་ཤར་བ་ན༔ སྤང་བླང་བློ་ཡི་གཟེབ་ལས་གྲོལ༔ རིག་པ་གཅེར་མཐོང་ནམ་མཁའ་འདྲ༔ ཉོན་མོངས་ཐམས་ཅད་སྐྱེ་གྲོལ་ཡིན༔ དུག་ལྔ་རང་གྲོལ་ཡེ་ཤེས་ཆེ༔ སེམས་འདི་སྐྱེ་མེད་ཆོས་ཀྱི་སྐུ༔ ཀ་དག་ལྷུན་གྲུབ་རང་གྲོལ་ལོ༔ ཞེས་ངོ་སྤྲད་ལ། ལྷ་རྣམས་དངོས་གྲུབ་ཀྱི་བདུད་རྩིར་ཞུ་བར་བསམ་ལ། བྃ་ཆེན་བསིལ་ཞིང་ཕུད་ལྷ་ལ་འབུལ། གདོང༌། མིག །མགོ་བོ། ལུས་ཀྱི་ཆ་སྟོད། དམེ་བ་ལྔ་གསང་རྫས་ལ་བསྲེས་ནས་སློབ་མ་ལ་སྦྱིན་ཏེ། ཧོཿ བྃ་ཆེན་བདུད་རྩི་འདི་སྦྱིན་པས༔ མཆོག་གི་དངོས་གྲུབ་ཐོབ་པར་ཤོག༔ བྃ་ཆེན་ཤ་འདི་ཚེ་ལ་མཚོན༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ བྃ་ཆེན་ཁྲག་འདི་ཆང་ལ་མཚོན༔ བདེ་ཆེན་ཡེ་ཤེས་དོན་རྟོགས་ཤོག༔ བྃ་ཆེན་རུས་པ་མཚོན་ཆར་མཚོན༔ ནུས་མཐུའི་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་ཏི་ར་སིདྡྷི་ཨ་ལ་ལ་ཧོ༔ ཞེས་དཔོན་སློབ་གཉིས་ཀས་རོལ། སྨོན་ལམ་དང་བཀྲ་ཤིས་བྱའོ། །དེ་ནས་སྐུ་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་སྟོབས་ཆེན་པུ་རིའི་དབང་བསྐུར་བས་སྲུང་བཤིག་བསད་ཟློག་མནན་འགུགས་མངོན་སྤྱོད་ཀྱི་ལས་དྲུག་ལ་སོགས་པ་ཕྲིན་ལས་རབ་འབྱམས་ཀྱི་དབང་ཐོབ་པར་མོས་ཤིག །མཆོད་རྟེན་སྤྱི་བོར་བཞག་ལ། ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ མི་ཤིགས་ཐུགས་ཀྱི་མཆོད་རྟེན་ནི༔ ཕྱག་རྒྱ་ཟིལ་གནོན་སྐུ་ཡི་དབྱིངས༔ སྲུང་བ་པུ་རིའི་དབང་བསྐུར་རོ༔ ཨོཾ་དྷརྨ་དྷཱ་ཏུ་ཀ་ནི་ཀ་རཀྵ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྱི་པུ་རིའི་དབང་དེ་ཡང་ནང་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ལ་གདོད་ནས་ཡོངས་གྲུབ་ཆེན་པོར་རྫོགས་པའི་དོན་ངོ་སྤྲད་པ་ནི། ཧཱུྃ༔ རང་བྱུང་ལུས་ལ་མཆོད་རྟེན་ལྷུན་གྱིས་གྲུབ༔ རྐེད་པ་རུས་སྦལ་ཆུ་གླང་བཏེགས་པ་ཡིས༔ བརླ་དང་དཔྱི་མིག་ཁྲི་དང་མཚན་མ་ཨེ༔ རྒྱུ་མ་སྦྲུལ་ཁྲི་དོན་སྣོད་མཆིན་ཁྲི་རྣམས༔ སྤྲུལ་པའི་གཤེད་ཆེན་སྒལ་ཚིགས་སྲོག་ཤིང་སྟེ༔ བྱང་ཁོག་ཤེལ་གྱི་བུམ་པ་ཟླུམ་པོའི་ནང༔ གློ་བ་གྱད་གནོན་སྤྲུལ་པའི་ལྷ་བརྒྱད་བཞུགས༔ སྲོག་རྩ་མི་ཤིགས་རྡོ་རྗེ་འོད་ལྔ་འབར༔ སྙིང་ནི་ཉི་ཟླའི་གྭའུ་སྙིང་ཁྲག་ནི༔ བཅོམ་ལྡན་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་སྐུ༔ མགོ་བོ་བྲེ་ལ་དུང་ཁང་ཆོས་འཁོར་དང༔ མགོ་ལྤགས་ཆར་ཁེབས་རལ་པ་ཁྱུང་གི་ཏོག༔ རྣ་བ་ལག་པ་དར་དཔྱང་ཅོད་པན་མཛེས༔ བ་སྤུ་སྲུང་བའི་འཁོར་ལོ་བཅུ་གསུམ་འབར༔ རང་བཞིན་ལྷུན་གྲུབ་སྲུང་བའི་འཁོར་ལོར་རྫོགས༔ རྩ་རླུང་ཐིག་ལེ་དེ་དག་དོན་ལ་ཆོས་ཉིད་བདེ་གཤེགས་སྙིང་པོའི་རང་མདངས་སུ་ལྷུན་གྱིས་གྲུབ་པ་གསང་བ་ཆེན་པོའི་མཆོད་རྟེན་དུ་ཤེས་པར་བྱ་བའི་ཕྱིར༔ ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ཉིད་ལས༔ མ་བཅོས་སྟོང་པར་མཆོད་རྟེན་ཤར༔ ཡེ་ནས་གཞོམ་གཞིག་ཡོངས་སུ་བྲལ༔ ཀ་དག་འདི་ནི་སྲུང་བའི་མཆོག༔ བསྒོམ་དང་བསྒྲུབ་བྱ་གང་ཡང་མེད༔ ཆོས་ཉིད་ཀློང་དུ་ལྟ་བའི་རྒྱལ༔ ཕྱག་རྒྱ་ཟིལ་གནོན་ཐུགས་ཀྱི་དབྱིངས༔ རང་བྱུང་ཡེ་ཤེས་ངོ་མཚར་ཆེ༔ ཟང་ཐལ་ནམ་མཁའི་དཀྱིལ་དང་འདྲ༔ སྤང་བླང་བློ་ཡི་གཟེབ་ལས་གྲོལ༔ ཞེས་ངོ་སྤྲད། དེ་ལྟར་ལེགས་པར་རྟོགས་ན་དོན་གཉིས་ཀྱི་ཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ་པར་རྫོགས་པར་འགྱུར་རོ། །གཟའ་བདུད། ཁྲ་ཟིན། ལས་གཤིན་བཅས་ཀྱི་བཀའ་གཏད་མཁན་རཏྣའི་ཡིག་ཆ་ལྟར་ཤེས་པར་བྱའོ། །དེ་ལྟར་ཡང་ཟབ་འཁོར་ལོ་གསུམ་དབང༌། བཾ་ཆེན་གསང་བའི་དབང་བསྐུར། པུ་རི་དཀར་ནག་བཅས་རྫོགས་པར་བྱིན་པས་བསྙེན་སྒྲུབ་ཀྱི་དྲོད་ཚད་རྙེད་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ལས་ལ་བརྩོན་པར་གྱིས་ཤིག །ཡེ་དྷརྨ་དང་ཤིས་པ་བརྗོད་ལ་མེ་ཏོག་འཐོར། དེ་དག་རྣམས་ཀྱིས་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་ལས། དྲག་སྔགས་ཀྱིས་ཟབ་པ་གཤིན་རྗེ་ཚེ་བདག་ནག་པོའི་ཡང་ཟབ་འཁོར་ལོ་གསུམ་དབང་སོགས་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང༌། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། བཞི་པ་རྗེས་ཀྱི་བྱ་བ། སློབ་དཔོན་གྱིས་ཚོགས་ལ་རོལ། མཇུག་གི་སྤྱི་ཆིངས་ལྟར་ལྷག་མ་བཏང༌། བསྐུལ་བ། ཆད་མདོའི་མཉམ་དུ་གཏེར་སྲུང་གཏོར་མ་རྣམས་ཀྱང་ཕུལ། བརྟན་མ་བསྐྱང༌། རྟ་བྲོ་བརྡུང༌། དཀྱིལ་འཁོར་གཏང་རག་མཆོད་བསྟོད། ནོངས་བཤགས་བཟོད་གསོལ། ཡེ་ཤེས་པ་དཀྱིལ་འཁོར་སོགས་རྟེན་ལ་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང༌། བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐའ་རྒྱས་སུ་བྱའོ། །ཟབ་གསང་རྡོ་རྗེའི་ཐ་རམ་འབྱེད་པ་ཡི། །བློ་ནུས་དམན་ཡང་དད་མོས་ཉེར་ལེན་གྱིས། །ངོ་མཚར་ཆོས་ཀྱི་བདུད་རྩི་རང་སྐལ་དུ། །ཁྱབ་བདག་བླ་མས་བསྩལ་བ་དུས་མཐར་ཡང༌། །སྨིན་གྲོལ་རྒྱུན་མི་འཆད་པའི་ཞབས་ཏོག་ཏུ། །སྤེལ་འདིས་རང་གཞན་སྒྲིབ་པར་མི་འགྱུར་ཞིང༌། །ཟབ་དོན་ཉི་འོད་ཆེས་གསལ་བསྟན་འགྲོ་ཡི། །ཕན་བདེའི་དགའ་སྟོན་རྒྱས་བརྟན་འཕེལ་གྱུར་ཅིག །ཅེས་ཟབ་གསང་རྨད་དུ་བྱུང་བ་འདི་དག་ལ་འཇུག་བདེའི་དབང་ཆོག་ཞིག་གྲུབ་པར་གྱིས་ཞེས་མཆོག་བསྟན་ལ་རྒྱུ་མཚན་ཤེས་པའི་བློ་མིག་ཐོབ་པ་གནས་དགོན་བྱང་འདྲེན་པདྨ་བཀྲ་ཤིས་ནས་རྟེན་བཅས་ཆེད་བསྐུལ་བཞིན། འཇམ་མགོན་བླ་མ་རྣམ་གཉིས་ཀྱི་གསུང་གི་སྣང་བ་ལ་བརྟེན་ནས་ནག་འགྲོས་སུ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་ཀྱིས་ཕྱོགས་ཀུན་མཛེས་པ་བལ་ཡུལ་བསྟན་གཉིས་དར་རྒྱས་གླིང་དུ་རང་ལོ་གྱ་གཉིས་ལོར་བྲིས་པ་ཡི་གེ་གཉིས་པར་འགོད་པའི་མཐུན་འགྱུར་ཀྱང་བསྐུལ་པ་པོས་བགྱིས་པ་འདིས་ཀྱང་དཔལ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་རྟག་ཁྱབ་ལྷུན་གྱིས་གྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།}} | ༄༅། །ཡེ་ཤེས་ཁྲོས་པའི་སྐུ་ཡི་སྤྲིན་རུམ་ནས། །མཐུ་སྟོབས་གནམ་ལྕགས་ཟེར་གྱིས་ཕས་རྒོལ་བྲག །རྨིང་མེད་བཅོམ་མཛད་འཇམ་དཔལ་དུས་ཀྱི་དགྲ། །ཡིད་ཀྱི་དཔལ་ནོར་འབྲལ་མེད་རྟག་ཏུ་མཆོད། །གཤེད་སྐོར་རྒྱུད་ལུང་མན་ངག་བཅུད། །མཚོ་སྐྱེས་ཐུགས་ཀྱི་ཏི་ལ་ཀ །དྲག་སྔགས་ཟབ་རྒུའི་བདུད་རྩིའི་སྙིང༌། །སྐལ་བཟང་བཙས་སུ་སྣང་འདི་རྨད། །དྲག་སྔགས་ཀྱི་ཟབ་པ་གཤིན་རྗེ་ཚེ་བདག་ནག་པོ་ཡང་ཟབ་འཁོར་ལོ་གསུམ་གྱི་དབང་བསྐུར་འཇུག་བདེར་སྤེལ་བ་ལ། སྦྱོར་བ་གཤོམ་དང༌། སྒྲུབ་མཆོད། དངོས་གཞི་དབང་གི་ཆོ་ག །རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ཡོ་བྱད་ཀྱི་གཤོམ་ནི། རུང་བའི་གནས་སུ་གཞུང་མཐུན་གྱི་སྐུ་རྟེན་མདུན་དཀྱིལ་འཁོར་གཞུང་མཐུན་བཀྲམ་པའམ། མ་འབྱོར་ན་འབྲུ་ནག་ཁྲག་གིས་སྤགས་པའི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་རྒྱབ་གཡས་གཡོན་རྒྱབ་གསུམ་དུ་རེ་རེ། དེ་རྒྱབ་གཡས་གཡོན་མདུན་གསུམ་དུ་རེ་རེ། དེ་རྒྱབ་ཤར་དུ་གསུམ། ལྷོར་གསུམ། ནུབ་ཏུ་གསུམ། བྱང་དུ་གསུམ། དེ་རྒྱབ་ཤར་དུ་གཉིས། ལྷོ་རུ་གཉིས། ནུབ་ཏུ་གཉིས། བྱང་དུ་གཉིས། དེའི་མཚམས་བཞིར་བཞི། དེ་རྒྱབ་ཕྱོགས་རེར་བརྒྱད་རེ། དེ་རྒྱབ་བཞི། དེ་རྒྱབ་གཤིན་རྗེ་དྲུག་བཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུའི་མཚོན་དོན་གྲངས་མེད་བཀོད་པའི་ལྷ་གནས་སོ་སོར་སྐུ་ཙཀ་རྣམས་བཀྲམ་སྟེ། དབུས་སུ་ཕྱག་རྒྱ་ཟིལ་གནོན། རིགས་བདག །སྒྲོལ་ཡུམ། དབྱིངས་ཡུམ། ཕྱག་རྡོར། ཡ་མ་རཱ་ཙ། རུས་སྦལ། བྱ་ཁྱུང༌། ལྷ། སྲིན་པོ། ཀླུ། གནོད་སྦྱིན་གྱི་གཤེད་ཆེན་བཞི། ཚེ་བདག །སྲོག་བདག །འཆི་བདག་རྣམས་དང༌། ཡ་མ་རཱ་ཛ། མྱོས་བྱེད་འབར་བ། ཨརྻ་མེ་རུ། རལ་པ་ཚལ་དགུ་རྣམས་དང༌། དུང༌། ལྕགས། བསྭེ། གསེར་གྱི་མོན་པ། ཧེ་ལེ་ཁྱབ་པ། ནག་པོ་འཛུམ་མེད། སོ་འདར་མཁྲེགས་པ། རལ་པ་སྤྱིར་བཅིངས་རྣམས་དང༌། ཟླ་གཤེད་བཅུ་གཉིས། ཞག་གཤེད་སོ་གཉིས། དཀར་པོ་སྙིང་འབྱིན། མ་ཧཱ་ཀ་ལ། ཡབ་རྗེ་ནག་པོ། སྐུ་མཆོག་དམར་པོ་བཞི་བཅས་ཀྱི་སྐུ་ཙཀ །གཤིན་རྗེ་དྲུག་ཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུ་རྣམས་ཀྱི་སྲོག་ཡིག་བཅས་དང༌། སྔགས་བྱང་ངམ་སྔགས་ཕྲེང༌། གཤིན་རྗེའི་གཏོར་ཆེན་རང་ལུགས། ཟབ་དབང་གུད་སྦས་བཾ་ཆེན་གསང་བའི་དབང་བསྐུར་སྦྲེལ་ན་བཾ་ཆེན་མཐོང་རྒྱུན་ལྟར་དང༌། པུ་རི་དཀར་ནག །བཀའ་སྲུང་ལས་གཤིན། གཟའ་བདུད། ཁྲ་ཚ། ཟིན་ཕུང་གི་གཏོར་མ། གཞན་ཡང་དཀར་བགེགས། ཚོགས་ཀྱི་ཡོ་བྱད། ཆད་བརྟན། སྲུང་མའི་གཏོར་འབུལ། ལས་བུམ་བཅས་འདུ་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་ནི། ཚེ་བདག་བརྒྱུད་འདེབས་མཐུ་སྟོབས་དཔུང་བསྐྱེད། བྱིན་རླབས་རྣམ་ལྔ། དཀར་གཏོར་བཅས་བཏང༌། གནམ་ལྕགས་ཞུན་འདྲིལ་གཞུང་གི་སྐྱབས་སེམས་ཡན་ལག་བདུན་པ་བཅས་གྲུབ་མཚམས། སྔོན་ཆིངས་ཀྱི་བགེགས་བསྐྲད་ནས་བཟུང༌། མཆོད་པ་བྱིན་རླབས་བར་བཏང༌། དེ་ནས་གཞུང་གི་ཏིང་འཛིན་རྣམ་གསུམ་ནས་བཟུང་བདག་བསྐྱེད་ཚར་གཅིག །མདུན་བསྐྱེད་ཚར་གཅིག །བཾ་ཙཀ་སོགས་ལ་དམིགས་ཏེ་ཚར་གཅིག་སྟེ་ལན་གསུམ་བཏང༌། བཟླས་པ་ལ་ཨ་ཀྲོ་བཅུ་གཅིག་ཅི་ནུས། སྐུ་གསུང་ཐུགས་བཟླས་ཆ་སྙོམ་ཉུང་ཙམ། ཨྱེ་རིང་ཅི་འགྲུབ་དང༌། ཐུན་མཐར་གཏོར་འབུལ་མཆོད་བསྟོད་ཕྲིན་ལས་བཅོལ། སྤྱི་སྒོས་ཀྱི་སྲུང་མ་རྣམས་ཀྱི་གཏོར་འབུལ། ཚོགས་སྐོང་བཅས་བཏང༌། ལས་བུམ། ཡ་མ་རཱ་ཛས་བསང༌། སྭ་བྷཱ་ཝས་སྦྱང༌། ལས་བུམ་དབུས་སུ་མ་ཧེའི་སྟེང༌། །འཆི་བདག་ནག་པོ་གཤིན་རྗེ་གཤེད། །ཐོད་དབྱུག་བྷཉྫ་ཁྲག་བཀང་འཛིན། །གཏུམ་དྲག་སྲིན་པོ་ཁྲོས་བཞིན་གྱུར། །གནས་གསུམ་འབྲུ་གསུམ་གནས་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས། །རང་བཞིན་གནས་ནས་སྤྱན་དྲངས་གྱུར། །ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །བཟླས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་གཟུངས་ཐག་ལ་འཁྲིལ་ཏེ་བུམ་ནང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཞུགས་པར་གྱུར། ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ། མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པར་བལྟའོ། །གསུམ་པ་དབང་དངོས་ལ། བདག་འཇུག་གམ་རིག་པའི་མེ་ཏོག་དོར། སློབ་མ་འཇུག་པར་གནང་བ་ཞུ། སྣོད་རུང་གི་སློབ་མ་སྒོ་དྲུང་ནས་ཁྲུས་བྱ། ནང་དུ་གྲལ་ལ་འཁོད་པ་དང་བགེགས་བསྐྲད། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་གྲུབ་པ་དང༌། མཚམས་སྦྱོར་གྱི་ཁྱད་པར། དེ་ཡང་ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་ཁྱབ་བདག་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད་ལ་རྩ་བཤད་མན་ངག་གི་རྒྱུད་དང༌། བཀའ་བབ་གྲུབ་བརྙེས་ཀྱི་སློབ་དཔོན་སོ་སོས་བཀྲལ་བའི་ཡན་ལག་གི་བཀའ་སྲོལ་མཐའ་ཀླས་པ་བཞུགས་ཤིང༌། གངས་ཅན་འདིར་སྔ་འགྱུར་རྙིང་མའི་ཕྱོགས་ལ་ངོ་བོའི་དབྱེ་ན་གཤེད་སྐོར་རིགས་ལྔ། རྣམ་པའི་ཚུལ་ལས་ཡེ་ཤེས་ལས་དང་འཇིག་རྟེན་པའི་ཚུལ་གསུམ། ཕྲིན་ལས་ཀྱི་བྱེ་བྲག་རྣ་ཆ་བརྒྱད་ཡོངས་སུ་གྲགས་པ་དང༌། ཕྱི་འགྱུར་གསར་མའི་ཕྱོགས་ལ་དམར་ནག་འཇིགས་གསུམ་ནང་གསེས་དང་བཅས་པ་བྱོན་པ་ལས། འདིར་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་པོ་སྐུ་དེ་བཞིན་གཤེགས་རིགས། འཁོར་འདས་ཀུན་གྱི་ཕྱག་རྒྱ་ཟིལ་གནོན་གྱི་སྐོར་རྣམས། སྐུའི་རིག་འཛིན་འཇམ་དཔལ་བཤེས་གཉེན་གྱིས་རྩ་རྒྱུད་ཟླ་གསང་ནག་པོ་དང༌། སྡིག་པ་སྙིང་འཛིན་སོགས་ལས་བསྡུས་ཤིང་རྒྱུད་དོན་མན་ངག་ཏུ་བསྡེབས་ཏེ་གྲུབ་པའི་རིག་འཛིན་རྣམས་ལ་རིམ་པར་བརྒྱུད་པ་ལས། འདི་ནི་སངས་རྒྱས་གཉིས་པ་པདྨཱ་ཀ་རས་སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་གྲུབ་པའི་རིག་འཛིན་རྣམས་དང༌། ཁྱད་པར་རྩ་དུམ་སྙིང་པོར་བསྡུས་པའི་མན་ངག་གནད་དྲིལ་སྐོར་སློབ་དཔོན་གཙུག་ལག་དཔལ་དགེ་ལས་གསན་ཚུལ་མཛད་པ་ལས། སྔོན་ཚེ་གཤིན་རྗེ་འདུས་པའི་དུར་ཁྲོད་དུ་གདུག་པའི་དུག་ཤིང་སྲིད་རྩེར་སླེབ་པའི་རྩ་བར། སྲིན་མོ་ཁྲག་གི་མིག་ཅན་དང༌། བདུད་པོ་ཡབ་རྗེ་ནག་པོ་གཉིས་ཀྱི་སྲིད་གསུམ་དབང་དུ་བསྡུས་ནས་གནས་པའི་ཚེ། ཆགས་པ་ཆེན་པོས་བཤོས་པའི་ཚེ་འཆི་སྲོག་གི་བདག་པོ་བུ་གསུམ་བྱུང་བ་གང་དུའང་མ་བཏང་བར་བསྲུངས་ཀྱང༌། བདུད་སྲིན་གཉིས་བྲོ་ཡི་རྩེད་མོ་ལ་གཡེང་བའི་ཚེ་བསྭེ་ལྕགས་དུང་གི་སྡིག་པ་གསུམ་དུ་སྤྲུལ་ནས་འཇིག་རྟེན་ཐམས་ཅད་ཉུལ་བའི་ཚེ་ཕ་མའི་ཁ་ལ་མི་ཉན་པའི་ནལ་ཕྲུག་གསུམ་རྡོ་རྗེ་འཆང་གིས་འདུལ་བའི་དམོད་བོར་བས། རྒྱལ་བ་རྡོ་རྗེ་འཆང་གི་ཐུགས་རྗེས་སྤྲུལ་པ་གཡོས་ཏེ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་གྱི་སྐུར་བཞེངས་ཏེ། ལྷོ་ཕྱོགས་གཤིན་རྗེའི་གྲོང་དུ་བྱོན་ནས་འཇིགས་བྱེད་འཇིགས་པར་བྱེད་པའི་རྡོ་རྗེའི་གད་མོ་ཆེན་པོ་དང་ཨྱེ་རིང་སྔགས་ཀྱི་སྒྲས་དྲེགས་པ་ཅན་ཐམས་ཅད་བཏུལ་ནས་བསྟན་པའི་བཀའ་སྲུང་དུ་བྲན་དུ་བཀོལ། ལག་ན་རྡོ་རྗེས་གླེང་བསླངས་ཏེ་ཟླ་གསང་འཁོར་ལོ་རོལ་པ་དང༌། སྙིང་གཟེར་ནག་པོ་ལ་སོགས་པའི་རྒྱུད་འབུམ་ཕྲག་ཙམ་གསུངས། ལྕགས་སྡིག་ནག་པོ་ལས་བྱུང་བའི་གནམ་ལྕགས་ཨུརྨོའི་གདམས་སྐོར་གྱི་སྙིང་པོའི་བཅུད་བསྡུས་འདི་ཉིད། མངའ་བདག་ཆོས་ཀྱི་རྒྱལ་པོ་འཇམ་དཔལ་དབྱངས་ཁྲི་སྲོང་ཡབ་སྲས་ཀྱི་གངས་ཅན་བོད་ཀྱི་མཁན་སློབ་ཉི་ཟླའི་སྒྲོན་མེ་འཆར་བའི་བསོད་ནམས་ཀྱི་སྐལ་པར་བབས་པའི་ཚེ། གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆོས་སྐོར་རྩ་བ་འོག་མིན་ཀརྨ་དང༌། ཡན་ལག་གི་སྐོར་རྣམས་ཡེ་རྒྱལ་ནམ་མཁའ་མཛོད་དུ་སྦས་པ། ལྷ་སྲས་དམ་འཛིན་མུ་རུབ་བཙད་པོའི་རྣམ་འཕྲུལ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་ནང་ཚན་དྲག་སྔགས་ཀྱི་ཟབ་པ་འཇམ་དཔལ་ཚེ་བདག་ནག་པོའི་སྐོར་རྣམས་ལོ་ཆེན་བཻ་རོ་དངོས་བྱོན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་ལ་བཀའ་བབས་པའི་ནང་གསེས་རྩ་བའི་དབང་བསྐུར། འཁོར་ལོ་གསུམ་གྱི་དབང་བསྐུར། གུད་སྦས་བཾ་ཆེན་གསང་བའི་དབང་བསྐུར། པུ་རི་དཀར་ནག །བཀའ་སྲུང་གི་སྐོར་བཅས་བཞུགས་པ་ལས། འདིར་འཁོར་ལོ་གསུམ་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་འགྲེ་བཅས། ཨོཾ་ཙཀྵུ་བྷནྡྷ་བཱ་ར་མ་ཎཱ་ཡ་སྭཱ་ཧཱས་མིག་དར་དང༌། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། བླ་མ་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད་པོ་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་འཇམ་དཔལ་གཤིན་རྗེའི་གཤེད༔ བདག་ལ་ཐུགས་རྗེས་བརྩེ་བར་དགོངས༔ འགྲོ་རྣམས་བསྒྲལ་འདོད་བསམ་པ་ལ༔ འཇམ་དཔལ་དཀྱིལ་འཁོར་བསྟན་དུ་གསོལ༔ ཐོག་མར་ཐེག་པ་ཐུན་མོང་གི་འཇུག་སྒོ་སོ་སོར་ཐར་པའི་རྩ་བ་སྐྱབས་སུ་འགྲོ་བའི་སྡོམ་པ་བླང་དགོས་པས་འདུན་པ་འདི་བཞིན་ཏུ་མཛོད། བླ་མ་དཀྱིལ་འཁོར་གྱི་བདག་པོ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་རང་སྣང་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་ལ་ཕྱོགས་དུས་ཀྱི་སྐྱབས་གནས་མ་ལུས་པས་བསྐོར་ཏེ་བཞུགས་པ་ལ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོཿ བདག་སོགས་སེམས་ཅན་མ་ལུས་པ༔ མཆོག་གསུམ་འདུས་པ་བླ་མ་རྗེ༔ དཔའ་བོ་འཇམ་དཔལ་གཤིན་རྗེའི་གཤེད༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། དེ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། ཕ་མར་གྱུར་པའི་སེམས་ཅན་མཐའ་དག་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེ་གཤེད་པོའི་གོ་འཕང་ལ་འགོད་པར་བྱ་སྙམ་དུ་སྨོན་པ་དང༌། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་ནོས་ལ་གྲོལ་བྱེད་རིམ་གཉིས་ཟབ་མོའི་ལམ་བསྒོམ་པར་བགྱིའོ་སྙམ་དུ་འཇུག་པ་དང༌། སེམས་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཆོས་ཐམས་ཅད་གདོད་མ་ཉིད་ནས་སྤྲོས་བྲལ་འོད་གསལ་ཆེན་པོར་དག་པའི་གནས་ལུགས་དྲན་པ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ འཇམ་དཔལ་གཤིན་རྗེ་འཐོབ་པར་བྱ༔ ཆོས་ཀུན་རང་བཞིན་ཡོངས་དག་པ༔ དམིགས་སུ་མེད་པའི་རང་བཞིན་བསྒོམ༔ གསུམ། ཡུལ་མཆོག་དེ་རྣམས་ཀྱི་སྤྱན་སྔར་ཕྱག་དང་བཤགས་པས་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་སྦྱོང་བ་དང༌། མཆོད་པ་ལ་སོགས་པས་ཚོགས་གཉིས་ཕུང་པོ་བླ་ན་མེད་པ་བསགས་པ་དང༌། ཡོངས་སུ་བསྔོ་བས་དགེ་བའི་རྩ་བ་རྒྱ་ཆེར་སྤེལ་བ་རྣམས་ཀྱི་དམིགས་འདུན་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་འཇམ་དཔལ་ཧེ་རུ་ཀ༔ མཆོག་གསུམ་མཁའ་འགྲོར་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ འགལ་འཁྲུལ་ཉམས་ཆགས་མཐོལ་ཞིང་བཤགས༔ མཆོག་དམན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ གསུམ། སློབ་དཔོན་གྱིས་དམ་བསྒྲག་པ། ཧོཿ འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་འདིར༔ འཇུག་པར་འདོད་པའི་སྐལ་ལྡན་རྣམས༔ དམ་ཚིག་ཚུལ་བཞིན་བསྲུང་དགོས་པས༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་མཐའ་དག་བཀའ་བཞིན་རྗེས་སུ་བསྒྲུབ་སྙམ་པས་འདིའི་རྗེས་ཟློས། ཧོཿ འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་འདིར༔ བདག་ཉིད་ཞུགས་པར་གྱུར་ཕྱིན་ཆད༔ གསང་སྔགས་དམ་ཚིག་ཐམས་ཅད་དང༔ དཀྱིལ་འཁོར་བདག་ཉིད་སློབ་དཔོན་མཆོག༔ སྲོག་གི་ཕྱིར་ཡང་མི་སྤང་བསྒྲུབ༔ སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་བཞག་བདུད་རྩིའི་དམ་ཆུ་སྦྱིན་ལ། ཧོཿ འཇམ་དཔལ་ཧེ་རུའི་དཀྱིལ་འཁོར་འདིར༔ ཞུགས་ཤིང་དམ་ཚིག་སྲུང་བ་ནི༔ བསྐལ་པ་དུ་མར་རྙེད་མི་འགྲུབ༔ དེ་ཕྱིར་སྙིང་ནས་སྤྲོ་བ་སྐྱེད༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ང་ཡི་བཀའ་ལས་འདའ་མི་རུང༔ རྡོ་རྗེ་དམ་ཚིག་ཆུ་འཐུངས་ཤིག༔ ཉམས་ན་འདིས་ནི་སྲེག་པར་བྱེད༔ བསྲུངས་ན་དངོས་གྲུབ་འདིས་ཐོབ་བོ༔ བཛྲ་ས་མ་ཡ་ཋ་ཋ་ཋ༔ དེ་རྣམས་ཀྱིས་སྡོམ་པ་དང་དམ་ཚིག་ཕོག་སྟེ་རྒྱུད་རྣམ་པར་དག་པ་གྲུབ་ནས། དངོས་གཞི་དབང་གི་རྩ་བ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྦྱང༌། ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས་ཁྱེད་རང་གང་དུ་གནས་པའི་གེ་སར་རྡོ་རྗེའི་བྲག་སྟེང་ཆུ་གླང་ཟུང་བཞི་དང་རུ་དྲ་ཕོ་མོ་བསྣོལ་ཅིང་པདྨ་ཉི་མ་བརྩེགས་པའི་གདན་ལ། རིག་པའི་ངོ་བོ་ཨེ་མཐིང་ནག་དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེའི་གཤེད་པོ་ཕྱག་རྒྱ་ཟིལ་གནོན་ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང་ནག་དུས་ཀྱི་མུན་པའི་མདངས་ཅན། ཞལ་གཡས་དཀར་གཡོན་དམར་དབུས་ནག་ཅིང་སྤྱན་དགུ་བགྲད་པ། རབ་ཏུ་ཁྲོས་ཤིང་གར་གྱི་ཉམས་དགུ་དང་ལྡན་པ། ཕྱག་དྲུག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་མཛད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཅན་ཡུམ་བེ་ཏཱ་ལི་སྨུག་ནག་སྙིང་དང་ཐོད་ཁྲག་འཛིན་པས་འཁྱུད་པའི་གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གས་མཚན་པ་དང༌། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གྱི་གནས་དང་འོག་མིན་དུར་ཁྲོད་ཆེན་པོ་ལ་སོགས་པ་ནས་ཡེ་ཤེས་པའི་ལྷ་ཚོགས་དུས་མཐའི་སྤྲིན་གཏིབས་པ་ལྟར་སྤྱན་དྲངས་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་ནས་གཉིས་མེད་དུ་གྱུར་པར་མོས་ཤིག །གུ་གུལ་སོགས་འབེབས་པའི་རྫས་བསྲེག །རོལ་མོ་དབྱངས་དང་བཅས་པས་བྱིན་འབེབས་བརྗོད་ལ། སྔགས་མཐར། ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨ་ཨཿ བཏགས་པ་དྲག་ཏུ་བརྗོད། དེ་ལྟར་ཕབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཉམས་མེད་བརྟན་པར་བྱས་པར་མོས་ཤིག །རྒྱ་གྲམ་སྤྱི་བོར་བཀོད་ལ། ཏིཥྛ་བཛྲ་བརྗོད་ཚོམ་བུའམ་ཕྱག་རྒྱའི་མཎྜལ་བཀོད་ལ། ཁྱེད་རང་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་ལ་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་འཚལ། ཧོཿ རང་རིག་ཡེ་ཤེས་ལས་ནི་གཉིས་མེད་པའི༔ སྔོན་ནས་འབྲེལ་བའི་ལྷ་མཆོག་དེ་དག་ལ༔ རིག་པའི་ཡེ་ཤེས་མེ་ཏོག་འདི་འབུལ་གྱིས༔ རང་རིག་ལྷ་དང་མཇལ་ཞིང་དབྱེར་མེད་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོཿ ཕོ་མོའི་རིགས་ངེས་པས་གསང་མཚན་སྦྱིན་ཅིང་སྤྲད། སྤྱི་ཙམ་དུ། མེ་ཏོག་ལྷག་པའི་ལྷ་གཙོ་བོ་ལ་ཕོག་པས་དེ་ཉིད་ཀྱིས་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིང་པར་མོས་ཤིག ཧོཿ བསྐལ་པ་སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ རང་རིག་ལྷ་དང་གཉིས་སུ་མེད་པ་ཡི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཞེས་མེ་ཏོག་སླར་སྤྱི་བོར་བཞག །མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ མ་རིག་འཐིབ་པོས་བསྒྲིབས་པ་ཡི༔ རབ་རིབ་ལིང་ཏོག་འདི་ཉིད་ནི༔ སློབ་དཔོན་ཐབས་མཁས་ཐུགས་རྗེ་ཡི༔ ཡེ་ཤེས་ཐུར་མས་བསལ་དུ་གསོལ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་མ་རིག་པའི་སྒྲིབ་གཡོགས་སངས་ཀྱིས་བསལ་བར་མོས་ཤིག །གསེར་ཐུར་གྱིས་གདོང་གཡོགས་བསལ་ལ། བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་གྱི༔ དཀྱིལ་འཁོར་མངོན་སུམ་མཐོང་བྱའི་ཕྱིར༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ མིག་འབྱེད་དེ་བཞིན་དབྱེ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཕྱག་ཤིང་གིས་མཚོན་ཏེ་དཀྱིལ་འཁོར་བསྟན་པ་ནི། ལྟོས་ཤིག་ལེགས་འོང་སྐལ་ལྡན་རྣམས༔ ད་ནི་དད་པ་རབ་ཏུ་སྐྱེད༔ བདེ་གཤེགས་རིགས་མཆོག་དཀྱིལ་འཁོར་འདི༔ མཐོང་བས་ལས་སྒྲིབ་ཀུན་བྱང་འགྱུར༔ མདུན་དུ་དཔལ་ཆེན་གཤིན་རྗེ་གཤེད་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོ་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་འཇིགས་པར་བརྒྱན་ཅིང༌། ནང་དུ་འཁོར་ལོ་རྩིབས་བཅུ་གཉིས། དེའི་ལྟེ་བར་གྲུ་གསུམ་མཐིང་ནག་གླིང་དགུར་གྱུར་པ། ཕྱི་ནང་གི་ལྷ་གནས་སོ་སོར་ཐོད་མཁར་གྲུ་གསུམ་མེ་རླུང་འཁྲུགས་པ། ཕོ་བྲང་ཆེན་པོའི་དབུས་སུ་རྡོ་རྗེ་བྲག་ཆེན་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་དང་ལྷ་ཆེན་ཕྱོགས་སྐྱོང་མ་ཧེ་གླང་རྒོད་ཕོ་མོ་པད་ཉི་རྣམས་ཀྱི་གདན་ལ་བཅོམ་ལྡན་འདས་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད་ཕྱག་རྒྱ་ཟིལ་གནོན་བེ་ཏཱ་ལིས་འཁྱུད་པ་གཡས་སུ་སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི། གཡོན་དུ་དབྱིངས་ཡུམ་མུ་ཁ་ལེ། སྐུ་ལས་སྤྲུལ་པ་རྒྱན་གྱི་ལྷ་བརྒྱད་སྤྲོ་བ། ཕོ་བྲང་གླིང་བརྒྱད་ལ་གྱད་ནོན་ཆེན་པོ་ཡབ་ཡུམ་བརྒྱད། ཟླ་གམ་མདུན་མར་སྐུ་སྤྲུལ་ཚེ་བདག་མཐིང་ནག །གཡས་པར་ཐུགས་སྤྲུལ་འཆི་བདག་ནག་པོ། གཡོན་པར་གསུང་སྤྲུལ་སྲོག་བདག་དམར་པོ་རྣམས་སོ་སོའི་ཡུམ་དང་བཅས་པ། འཁོར་ལོའི་རྩིབས་བཅུ་གཉིས་ཀྱི་དབུས་རྩིབས་རྣམས་སུ་གཤེད་ཆེན་ཡབ་ཡུམ་བཞི། གཡས་རྩིབས་རྣམས་སུ་མོན་པ་ཡབ་ཡུམ་བཞི། གཡོན་རྩིབས་རྣམས་སུ་བདུད་པོ་ཡབ་ཡུམ་བཞི། གྲུ་ཆད་བཅུ་གཉིས་ལ་ཟླ་བའི་འཆི་བདག་ཡབ་ཡུམ་བཅུ་གཉིས། དེ་རྒྱབ་འོབས་ཆེན་ཤར་དུ་བདུད་པོ་བརྒྱད། ལྷོ་རུ་གཤིན་རྗེ་བརྒྱད། ནུབ་ཏུ་མ་མོ་བརྒྱད། བྱང་དུ་གནོད་སྦྱིན་བརྒྱད་བཅས་ཞག་གི་འཆི་བདག་སོ་གཉིས། སྒོ་བཞི་དྲེགས་པ་སྡེ་བཞི་ཡུམ་དང་བཅས་པ། ཕྱི་ཁྱམས་དང་མུ་ཁྱུད་ཀྱི་ལྕགས་མཁར་རྣམས་ལ་གཤིན་རྗེ་དྲུག་ཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུ་སྟེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །འདི་ནི་མཚོན་བྱེད་དཔེའི་དཀྱིལ་འཁོར་ཏེ་མཚོན་བྱ་དོན་གྱི་དཀྱིལ་འཁོར་རླུང་སྔགས་སེམས་གསུམ་དབྱེར་མེད་པའི་བདག་ཉིད། ངོ་བོ་རང་རིག་འཇམ་དཔལ་ཡེ་ཤེས་སེམས་དཔའ་རང་བཞིན་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ། སྒྲོལ་ཡུམ་དང་དབྱིངས་ཡུམ་རོ་རྐྱང༌། སྙིང་གི་ཕྱོགས་མཚམས་ཀྱི་ཐད་དུ་གཤེད་ཆེན་བརྒྱད། ཙིཏྟའི་ཟུར་གསུམ་དུ་ཚེ་འཆི་སྲོག་བདག །དབང་པོའི་སྒོ་བཞིར་ཡ་མ་རཱ་ཛ་སོགས་བཞི། མགྲིན་པའི་རྩ་མདུད་དུ་མོན་བདུད་བཅུ་དྲུག །ལུས་ཀྱི་ལྷུ་ཚིག་བཞི་ལ་ཟླ་བའི་འཆི་བདག་བཅུ་གཉིས། སྤྱི་བོའི་རྩ་འཁོར་ལ་ཞག་གཤེད་སོ་གཉིས། རྐང་ལག་མཐིལ་བཞི་ལ་དཀར་པོ་སྙིང་འབྱིན་སོགས་ཆོས་སྐྱོང་བཞི། གཤིན་རྗེ་དྲུག་ཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུ་སོགས་རྣམ་འཕྲུལ་གཙོ་འཁོར་སྟོན་ཀྱང་ངོ་བོ་འཇམ་དཔལ་ཁྲག་འཐུང་ཆེན་པོའི་ཡེ་ཤེས་གཅིག་གི་ངོ་བོར་གདོད་ནས་དག་པས་རྡོ་རྗེ་གསུམ་གྱི་ཡེ་ཤེས་འཕོ་བའི་དབང་གིས་བྱིན་གྱིས་བརླབ་པའི་དོན་ངོ་ཤེས་པར་མཛོད་ཅིག །དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་གཟིགས་འཇམ་མགོན་དཀྱིལ་འཁོར་གཙོ༔ སོགས་ལན་གསུམ། སློབ་དཔོན་གྱིས། བདེ་གཤེགས་རིགས་མཆོག་ཐམས་ཅད་ཀྱི༔ སོགས་ཞེས་སྤྲོ་བ་བསྐྱེད་དེ། དབང་དངོས་ལ་སྐུ་གསུང་ཐུགས་ཀྱི་ཟབ་དབང་རྫོགས་རིམ་དང་འབྲེལ་བ་ནང་ནུས་པ་འཇུག་པའི་ཐུན་མོང་མ་ཡིན་པ་བསྐུར་བ་སྟེ། སྦྱང་གཞི་སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གཟོད་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རང་བཞིན་ལྷུན་གྱིས་གྲུབ་པ་ཉིད། སྦྱོང་བྱེད་འཇམ་དཔལ་ཁྲག་འཐུང་རོལ་པའི་ལྷ་ཚོགས་ཀྱི་ཡེ་ཤེས་སྐུས་དབང་བསྐུར་བྱིན་གྱིས་བརླབས་པས། སྦྱངས་འབྲས་འཇམ་དཔལ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ་སྔགས་སེམས་ཀྱི་རྡོ་རྗེའི་དཀྱིལ་འཁོར་མངོན་དུ་གྱུར་པར་མོས་ལ། འཇམ་དཔལ་ཞི་བ་ཡེ་ཤེས་སེམས་དཔའི་སྐུ་སྙིང་གར་བསྟིམས་ཏེ། ཧཱུྃ༔ རང་རིག་བྱང་ཆུབ་སོགས། གཙོ་བོ་ཕྱག་རྒྱ་ཟིལ་གནོན་གྱི་སྐུ་སྤྱི་བོར་བཞག་པས་སློབ་མ་གཙོ་བོ་ཞལ་གཅིག་ཕྱག་གཉིས་ཡབ་ཡུམ་མཉམ་པར་སྦྱོར་བའི་སྐུ་འོད་དུ་ཞུ་བས་སྐུ་དབུས། དབུ་མའི་ཡར་མར་དུ་ཨ་ཧཾ་གི་རྣམ་པ་ལས་བྱུང་བའི་ཁམས་དཀར་དམར་གྱིས་གང་སྟེ་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག ཧཱུྃ༔ ཀུན་གཞི་མ་བཅོས་རྫོགས་པ་ཆེ༔ སོགས། སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་དབུ་མའི་གཡས་སུ་བཞུགས་པར་མོས་ལ། ཛཿ རང་བཞིན་གསལ་བ་སོགས། དབྱིངས་ཡུམ་མུ་ཁ་ལེ་དབུ་མའི་གཡོན་དུ་བཞུགས་པར་མོས་ལ། ཛཿ རང་བཞིན་སོགས། ཕྱག་ན་རྡོ་རྗེ་དང་ཡུམ་སྙེམས་མ་སྙིང་དབུས་ཤར་གྱི་རྩ་འདབ་ལ་བསྟིམས་པས་ཞེ་སྡང་གནས་སུ་དག་པ་མེ་ལོང་ཡེ་ཤེས་དང༌། ཆུ་ཁམས་མ་མཱ་ཀིའི་ངོ་བོར་དག་པར་མོས་ཤིག ཧཱུྃ༔ ཞེ་སྡང་རྣམ་པར་སོགས། ཡ་མ་རཱ་ཛ་དང་ཡུམ་གསོད་བྱེད་མ་ལྷོའི་རྩ་འདབ་ལ་བསྟིམས་པས་གཏི་མུག་ཆོས་དབྱིངས་ཡེ་ཤེས་དང༌། ས་ཁམས་སྤྱན་མར་དག་པར་མོས་ཤིག ཧཱུྃ༔ གཏི་མུག་རྣམ་པར་སོགས། ཡབ་རུས་སྦལ་དང་ཡུམ་སྲིད་པ་དབང་བྱེད་ནུབ་ཀྱི་རྩ་འདབ་ལ་བསྟིམས་པས་འདོད་ཆགས་སོར་རྟོག་ཡེ་ཤེས་དང༌། མེ་ཁམས་གོས་དཀར་མོར་དག་པར་མོས་ཤིག ཧཱུྃ༔ འདོད་ཆགས་རྣམ་པར་སོགས། ཡབ་བྱ་ཁྱུང་དང་ཡུམ་གདུག་པ་འདུལ་མཛད་བྱང་གི་རྩ་འདབ་ལ་བསྟིམས་པས་ཕྲག་དོག་བྱ་གྲུབ་ཡེ་ཤེས་དང༌། རླུང་ཁམས་དམ་ཚིག་སྒྲོལ་མར་དག་པར་མོས་ཤིག ཧཱུྃ༔ ཆ་མཉམ་རྣམ་པར་སོགས། གྱད་ནོན་ལྷ་གཤེད་སེང་གདོང་ཡབ་ཡུམ་ཤར་ལྷོའི་རྩ་འདབ་ལ་བསྟིམས་པས་ཀུན་གཞིའི་རྣམ་ཤེས་ཀློང་གྱུར་ཡེ་ཤེས་སུ་དག་པར་མོས་ཤིག ཨེ༔ ཀུན་གཞིའི་རྣམ་ཤེས་སོགས། སྲིན་པོའི་གཤེད་ཆེན་སྟག་གདོང་ཡབ་ཡུམ་ལྷོ་ནུབ་ཏུ་བསྟིམ་པས་ཡིད་ཀྱི་རྣམ་ཤེས་འདའ་ཀ་ཡེ་ཤེས་སུ་དག་པར་མོས་ཤིག ཨེ༔ ཡིད་ཀྱི་རྣམ་ཤེས་སོགས། ཀླུ་གཤེད་སྦྲུལ་གདོང་ཡབ་ཡུམ་ནུབ་བྱང་གི་རྩ་འདབ་ལ་བསྟིམས་པས་ཉོན་ཡིད་དབྱིངས་གྲོལ་ཡེ་ཤེས་སུ་དག་པར་མོས་ཤིག ཨེ༔ ཉོན་མོངས་རྣམ་ཤེས་སོགས། གནོད་སྦྱིན་གཤེད་ཆེན་ཁྱུང་གདོང་ཡབ་ཡུམ་བྱང་ཤར་གྱི་རྩ་འདབ་ལ་བསྟིམས་པས་ལུས་ཤེས་དག་པ་མཐའ་གྲོལ་ཡེ་ཤེས་སུ་དག་པར་མོས་ཤིག ཨེ༔ ལུས་ཀྱི་རྣམ་ཤེས་སོགས། ཐུགས་སྤྲུལ་ཚེ་བདག་ནག་པོ་ཡབ་ཡུམ་ཙིཏྟའི་མདུན་ཟུར་ལ་བསྟིམས་པས་ཡིད་ཀྱི་བདག་འཛིན་དག་པ་ཐུགས་རྡོ་རྗེ་རུ་གྱུར་པར་མོས་ཤིག ཨེ༔ ཡིད་ཀྱི་བདག་འཛིན་སོགས། གསུང་སྤྲུལ་སྲོག་བདག་དམར་པོ་ཡབ་ཡུམ་ཙིཏྟའི་གཡོན་ཟུར་ལ་བསྟིམས་པས་ངག་གི་བདག་འཛིན་དག་པ་གསུང་རྡོ་རྗེ་རུ་གྱུར་པར་མོས་ཤིག ཨེ༔ ངག་གི་བདག་འཛིན་སོགས། སྐུ་སྤྲུལ་འཆི་བདག་ནག་པོ་ཡབ་ཡུམ་ཙིཏྟའི་གཡས་ཟུར་ལ་བསྟིམས་པས་ལུས་ཀྱི་བདག་འཛིན་དག་པ་སྐུ་རྡོ་རྗེ་རུ་གྱུར་པར་མོས་ཤིག ཨེ༔ ལུས་ཀྱི་བདག་འཛིན་སོགས། གཤེད་ཆེན་ཡ་མ་རཱ་ཛ་དང་ཡུམ་ཁྲག་མིག་མ་མིག་ཤེས་ལ་བསྟིམས་པས་ཡེ་ཤེས་ཀྱི་སྤྱན་གྱི་རྫུ་འཕྲུལ་ཐོབ་པར་མོས་ཤིག ཨེ༔ མིག་གི་རྣམ་ཤེས་སོགས། གཤེད་ཆེན་མྱོས་བྱེད་འབར་བ་དང་ཡུམ་གསོད་བྱེད་མ་རྣ་བའི་རྣམ་ཤེས་ལ་བསྟིམས་པས་ཡེ་ཤེས་ཀྱི་སྙན་གྱི་རྫུ་འཕྲུལ་ཐོབ་པར་མོས་ཤིག ཨེ༔ རྣ་བའི་རྣམ་ཤེས་སོགས། གཤེད་ཆེན་ཨཱརྻ་མེ་རུ་ཙེ་དང་ཡུམ་སྲོག་ལེན་མ་སྣ་ཡི་རྣམ་ཤེས་ལ་བསྟིམས་པས་ཡེ་ཤེས་ཤངས་ཀྱི་རྫུ་འཕྲུལ་ཐོབ་པར་མོས་ཤིག ཨེ༔ སྣ་ཡི་རྣམ་ཤེས་སོགས། གཤེད་ཆེན་རལ་པ་ཚལ་དགུ་དང༌། ཡུམ་རལ་གཅིག་མ་ལྕེ་ཡི་རྣམ་ཤེས་ལ་བསྟིམས་པས་ཡེ་ཤེས་ལྗགས་ཀྱི་རྫུ་འཕྲུལ་ཐོབ་པར་མོས་ཤིག ཨེ༔ ལྕེ་ཡི་རྣམ་ཤེས་སོགས། དུང་གི་མོན་པ་སེང་གདོང་དང་ཡུམ་མོན་མོ་བླ་རྐུན་མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཤར་སྟོད་ཀྱི་རྩ་འདབ་ལ་བསྟིམས་པས་ཕྱིན་ཅི་ལོག་གི་རྟོག་པ་གནས་སུ་དག་པར་མོས་ཤིག ཨེ༔ ཕྱིན་ཅི་ལོག་རྟོག་སོགས། ལྕགས་ཀྱི་མོན་པ་སྟག་གདོང་དང་མོན་མོ་གཡུ་རལ་ཡབ་ཡུམ་ལོངས་སྤྱོད་འཁོར་ལོའི་ལྷོ་སྟོད་ཀྱི་རྩ་འདབ་ལ་བསྟིམས་པས་མྱོང་བྱེད་ཀྱི་རྟོག་པ་གནས་སུ་དག་པར་མོས་ཤིག ཨེ༔ མྱོང་བྱེད་རྟོག་པ་སོགས། བསྭེ་ཡི་མོན་པ་དྲེད་མགོ་ཡུམ་ཁྲག་རལ་མ་ལོངས་སྤྱོད་འཁོར་ལོའི་ནུབ་སྟོད་ཀྱི་རྩ་འདབ་ལ་བསྟིམས་པས་སྐྱེ་གནས་ཀྱི་རྟོག་པ་གནས་སུ་དག་པར་མོས་ཤིག ཨེ༔ སྐྱེ་གནས་རྟོག་པ་སོགས། གསེར་གྱི་མོན་པ་ཁྱུང་མགོ་ཡུམ་མོན་མོ་སྙིང་འབྱིན་ལོངས་སྤྱོད་འཁོར་ལོའི་བྱང་སྟོད་ཀྱི་རྩ་འདབ་ལ་བསྟིམས་པས་རེག་བྱའི་རྟོག་པ་གནས་སུ་དག་པར་མོས་ཤིག ཨེ༔ རེག་བྱའི་རྟོག་པ་སོགས། ཤར་བདུད་ཧེ་ལེ་ཁྱབ་པ་དང་ཡུམ་བདུད་མོ་མི་ཟན་ལོངས་སྤྱོད་འཁོར་ལོའི་ཤར་སྨད་ཀྱི་རྩ་འདབ་ལ་བསྟིམས་པས་ལུས་ཀྱི་རྣམ་ཤེས་གནས་སུ་དག་པར་མོས་ཤིག ཨེ༔ ལུས་ཀྱི་རྣམ་ཤེས་སོགས། ལྷོ་བདུད་ནག་པོ་འཛུམ་མེད་དང་ཡུམ་སྙིང་ཁྲག་འཐུང་མ་ལྷོ་སྨད་ཀྱི་རྩ་འདབ་ལ་བསྟིམས་པས་ལུས་ཕུང་གནས་སུ་དག་པར་མོས་ཤིག ཨེ༔ ལུས་ཀྱི་ཕུང་པོ་སོགས། སོ་འདར་མཁྲེགས་པ་དང་ཤ་ལ་གཟེར་འདེབས་ཡབ་ཡུམ་ནུབ་སྨད་ཀྱི་རྩ་འདབ་ལ་བསྟིམས་པས་ལུས་ཀྱི་རེག་ཡུལ་གནས་སུ་དག་པར་མོས་ཤིག ཨེ༔ ལུས་ཀྱི་རེག་ཡུལ་སོགས། བྱང་བདུད་རལ་པ་སྤྱིར་བཅིང་དང་བདུད་མོ་ཁྲག་རལ་མ་བྱང་སྨད་ཀྱི་རྩ་འདབ་ལ་བསྟིམས་པས་ལུས་ཀྱི་རེག་ཤེས་གནས་སུ་དག་པར་མོས་ཤིག ཨེ༔ ལུས་ཀྱི་རེག་ཤེས་སོགས། ཟླ་བའི་འཆི་བདག་བཅུ་གཉིས་ལུས་ཀྱི་ལྷུ་ཚིག་བཞི་ལ་བསྟིམས་པས་རྣམ་རྟོག་གི་ལྷ་འདྲེ་དབང་དུ་བྱེད་ནུས་པར་གྱུར་ཅིག ཨེ༔ ཤར་སྟོད་ལ་ནི་སོགས། ཞག་གཤེད་སོ་གཉིས་སྤྱི་བོའི་རྩ་འདབ་སོ་གཉིས་ལ་བསྟིམས་པས་གཉིས་སྣང་གི་འཁྲུལ་རྟོག་བཅོམ་པའི་དབང་ཐོབ་པར་གྱུར་ཅིག ཨེ༔ ཚེས་གཅིག་ལ་ནི་སོགས། ཕོ་བྲང་ཆེན་པོའི་སྒོ་སྲུང་ཡབ་ཡུམ་བཞི་རྐང་ལག་མཐིལ་བཞི་ལ་བསྟིམས་པས་དུས་བཞི་ལྷ་རུ་དག་པའི་དབང་ཐོབ་པར་གྱུར་ཅིག ཨེ་ཡཿ མ་གཤིན་འདུས་པའི་སོགས། གཤིན་རྗེ་དབྱུ་གུ་དྲུག་ཅུ་རྩ་བཞི་དང༌། མ་གཤིན་བདུན་བརྒྱ་ཉི་ཤུ་རྣམས་བྲན་དང་ཕོ་ཉའི་ཚུལ་དུ་གཏད་པས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་ལ་དབང་འབྱོར་བར་མོས་ཤིག ཡཿབྷྱོཿ མ་གཤིན་དྲུག་ཅུ་སོགས། སྐུ་ཕྱག་རྒྱའི་དབང་གི་རྗེས་འབྲེལ་དུ་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་ཐུགས་ཀར་འཁོར་ལོ་རྩིབས་བཞིའི་སྟེང་དུ་པད་ཉི་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་དམར་སེར་རལ་པོད་འཛིན་པ། དེའི་ཐུགས་ཀར་ཉི་མའི་སྟེང་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ནག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། རྡོ་རྗེའི་ཡབ་ཀྱི་སྦུབས་དང་ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཞལ་ནས་བརྒྱུད། རྡོ་རྗེའི་རྭ་རྩེ་ནས་ཞུགས། ལྟེ་བར་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་མོས་ལ་འདིའི་རྗེས་ཟློས། ཨ་ཀྲོ་བཅུ་གཅིག་པ་ལན་གསུམ་དང༌། ཨྱེ་རིང་བརྗོད། སྤྲོ་ན་སྐུ་གསུང་ཐུགས་སྔགས་ཀྱང་གནས་སོ་སོ་ནས་སྤྲོ་བསྟིམ་བྱས་ལ་རྗེས་ཟློས་བྱར་གཞུག །མཐར་སྔགས་བྱང་ཕྲེང་བ་མགྲིན་པར་བཞག་ལ། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་རིག་པ་འཛིན་པ་འདི་ལ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་དང་རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། དེ་ལྟར་ལྷ་སྔགས་ཀྱིས་མཚོན་པའི་ཆོས་ཐམས་ཅད་སྒྱུ་མའམ་གཟུགས་བརྙན་ལྟར་སྣང་ཡང་གདོད་ནས་རང་བཞིན་གྱིས་སྤྲོས་པའི་མཐའ་ལས་འདས་པ་ཀ་དག་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པར་གྱིས་ཤིག །ཅེས་བརྗོད་ལ་མཉམ་པར་བཞག་ཏུ་བཅུག །མཐའ་བརྟེན་བྱིན་རླབས་ཆིག་རྫོགས་གཏོར་མའི་དབང་བསྐུར་ཞུ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བདུད་དགྲ་བདུད་འདུལ་སོགས། གཏོར་སྣོད་གྲུ་གསུམ་མཐིང་ནག་འབར་བ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ཆེན་པོའི་དབུས་སུ། གཏོར་མ་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ། ཐུགས་ཀར་ཡེ་ཤེས་སེམས་དཔའ། སྒྲོལ་ཡུམ་དང་དབྱིངས་ཡུམ། གྱད་ནོན་ཆེན་པོ་ཡབ་ཡུམ་བརྒྱད། ཚེ་འཆི་སྲོག་བདག །གཤེད་ཆེན་ཡབ་ཡུམ་བཞི། མོན་བདུད་ཡབ་ཡུམ་བཅུ་དྲུག །ཟླ་གཤེད་བཅུ་གཉིས། ཞག་གཤེད་སོ་གཉིས། ཆོས་སྐྱོང་བཞི། གཤིན་རྗེ་དྲུག་ཅུ་རྩ་བཞི། མ་གཤིན་བདུན་བརྒྱ་ཉི་ཤུ་སོགས་འཇམ་དཔལ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྟེང་ན་རྩ་བརྒྱུད་ཀྱི་བླ་མ། མཐའ་སྐོར་དུ་ཡི་དམ་ཞི་ཁྲོ་རབ་འབྱམས། སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་རྣལ་འབྱོར། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ་མ་འདྲེས་གསལ་རྫོགས་སུ་བཞུགས་པ་གནས་གསུམ་དུ་བཞག་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་ཐམས་ཅད་ཐོབ་པར་མོས་ཤིག ཨེ་ཛ་ཡཿབྷྱོཿ དམ་ཚིག་ཆེན་པོའི་སོགས། ཨྱེ་རིང་བཟླ་བཞིན་བསྐུར་རོ། །རྗེས་གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་རོལ་པས་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་མོས་ཤིག །དངོས་གྲུབ་བྃ་ཆེན་གྱི་དབང་བསྐུར་བ་ལ། གསེར་གྱི་མཎྜལ་ཕུལ་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་འཇམ་དཔལ་གཤིན་རྗེའི་གཤེད༔ བདག་ལ་བརྩེ་བར་དགོངས་སུ་གསོལ༔ དངོས་གྲུབ་ཆེན་པོ་ཐོབ་བྱའི་ཕྱིར༔ བྃ་ཆེན་གསང་བའི་དབང་བསྐུར་སྩོལ༔ བྃ་ཆེན་ཙིཏྟ་གྲུ་གསུམ་གྱི་གདན་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་སེམས་བྱུང་དག་པ་རྩ་བའི་ལྷ་དྲུག །རྒྱན་ལྷ་བརྒྱད། རྩ་བ་ཟླུམ་པོའི་ཚུལ་གྱིས་ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། མདུན་དུ་ཡེ་ཤེས་རྩ་ལ་ཡ་མ་རཱ་ཛ། གཡས་ཆོས་ཉིད་རྩ་ལ་ཡ་བ་ཏི། རྒྱབ་ཡོན་ཏན་གྱི་རྩ་ལ་ཨ་ཝ་གླང་མགོ །གཡོན་རང་རྒྱུད་ཀྱི་རྩ་ལ་རལ་བ་ཚར་དགུ །རྣམ་ཤེས་ཚོགས་བརྒྱད་ཡུལ་དུས་དག་པ་མོན་བདུད་ཡབ་ཡུམ། ལྟེ་བ་འཕོ་བ་བཅུ་གཉིས་ཀྱི་རྩ་ལ་ཁམས་བཅུ་གཉིས་དག་པའི་འཆི་བདག །ལྟོ་བ་ཁྲག་ཁྱམས་འོབས་སྲུང་ཤ་ཟ་ཀིང་ཀང༌། བྃ་གྱི་ཕྱི་རུ་ཕུང་པོ་ལྔ་ལ་ཡ་མཱནྟ་ཀ་དང་གཤེད་བཞི། འབྱུང་བ་ཡུམ་ལྔ་རྣམ་ཤེས་མཐར་བྱེད་བརྒྱད། ཡན་ལག་སྒོ་བ་སྟེ་དཀྱིལ་འཁོར་ཡོངས་རྫོགས་གསལ་བར་བྱིན་གྱིས་བརླབས་པས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་མོས་ཤིག ཧཱུྃ༔ རྣམ་རྟོག་མཚན་མ་ཀུན་སྤངས་ཤིང༔ དངོས་གྲུབ་ཆེན་པོའི་རྫས་སུ་བལྟ༔ དེས་ནི་ཡེ་ཤེས་མཆོག་ཐོབ་ཕྱིར༔ དངོས་གྲུབ་ཆེན་པོ་འདི་ལོངས་ཤིག༔ ཧཱུྃ༔ བདེ་ཆེན་བྃ་གྱི་ཕོ་བྲང་ན༔ མཆོག་དང་ཐུན་མོང་དངོས་གྲུབ་འཁྱིལ༔ ཕྱག་རྒྱ་ཟིལ་གནོན་ངོ་བོ་སྟེ༔ ཐུགས་བཅུད་ཡེ་ཤེས་དབང་བསྐུར་རོ༔ དྷརྨ་དྷཱ་ཏུ་ཙིཏྟ་ཤུདྡྷེ་ཨ༔ ཞེས་གནས་གསུམ་དུ་བཞག །འཁྲུལ་རྟོག་གི་སྤང་བླང་འཛིན་ཞེན་རྣམས་སེམས་ཀྱི་རོལ་པ་ཙམ་ལས་དོན་ལ་སྐྱེ་འགག་གནས་བྲལ་ཆོས་ཉིད་བདེ་ཆེན་ཐིག་ལེ་ཉག་གཅིག་ལས་མ་གཡོས་པ་མཚོན་ཕྱིར་བྃ་ཉིད་དཀྱིལ་འཁོར་གྱི་ལྷའི་རོལ་པར་བྱིན་གྱིས་བརླབས་ཏེ་དངོས་གྲུབ་ཀྱི་རྫས་སུ་རོལ་པས་དུག་ལྔ་རང་གྲོལ་འཇམ་དཔལ་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་རྫས་སུ་བརྡས་ངོ་སྤྲད་པ་ནི། རྣམ་རྟོག་སྤང་བླང་འཛིན་ཞེན་རྣམས༔ སེམས་ཀྱི་རོལ་པར་བལྟ་བྱས་ཏེ༔ ཡེ་ཤེས་རྒྱན་དུ་ཤར་བ་ན༔ སྤང་བླང་བློ་ཡི་གཟེབ་ལས་གྲོལ༔ རིག་པ་གཅེར་མཐོང་ནམ་མཁའ་འདྲ༔ ཉོན་མོངས་ཐམས་ཅད་སྐྱེ་གྲོལ་ཡིན༔ དུག་ལྔ་རང་གྲོལ་ཡེ་ཤེས་ཆེ༔ སེམས་འདི་སྐྱེ་མེད་ཆོས་ཀྱི་སྐུ༔ ཀ་དག་ལྷུན་གྲུབ་རང་གྲོལ་ལོ༔ ཞེས་ངོ་སྤྲད་ལ། ལྷ་རྣམས་དངོས་གྲུབ་ཀྱི་བདུད་རྩིར་ཞུ་བར་བསམ་ལ། བྃ་ཆེན་བསིལ་ཞིང་ཕུད་ལྷ་ལ་འབུལ། གདོང༌། མིག །མགོ་བོ། ལུས་ཀྱི་ཆ་སྟོད། དམེ་བ་ལྔ་གསང་རྫས་ལ་བསྲེས་ནས་སློབ་མ་ལ་སྦྱིན་ཏེ། ཧོཿ བྃ་ཆེན་བདུད་རྩི་འདི་སྦྱིན་པས༔ མཆོག་གི་དངོས་གྲུབ་ཐོབ་པར་ཤོག༔ བྃ་ཆེན་ཤ་འདི་ཚེ་ལ་མཚོན༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ བྃ་ཆེན་ཁྲག་འདི་ཆང་ལ་མཚོན༔ བདེ་ཆེན་ཡེ་ཤེས་དོན་རྟོགས་ཤོག༔ བྃ་ཆེན་རུས་པ་མཚོན་ཆར་མཚོན༔ ནུས་མཐུའི་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་ཏི་ར་སིདྡྷི་ཨ་ལ་ལ་ཧོ༔ ཞེས་དཔོན་སློབ་གཉིས་ཀས་རོལ། སྨོན་ལམ་དང་བཀྲ་ཤིས་བྱའོ། །དེ་ནས་སྐུ་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་སྟོབས་ཆེན་པུ་རིའི་དབང་བསྐུར་བས་སྲུང་བཤིག་བསད་ཟློག་མནན་འགུགས་མངོན་སྤྱོད་ཀྱི་ལས་དྲུག་ལ་སོགས་པ་ཕྲིན་ལས་རབ་འབྱམས་ཀྱི་དབང་ཐོབ་པར་མོས་ཤིག །མཆོད་རྟེན་སྤྱི་བོར་བཞག་ལ། ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ མི་ཤིགས་ཐུགས་ཀྱི་མཆོད་རྟེན་ནི༔ ཕྱག་རྒྱ་ཟིལ་གནོན་སྐུ་ཡི་དབྱིངས༔ སྲུང་བ་པུ་རིའི་དབང་བསྐུར་རོ༔ ཨོཾ་དྷརྨ་དྷཱ་ཏུ་ཀ་ནི་ཀ་རཀྵ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྱི་པུ་རིའི་དབང་དེ་ཡང་ནང་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ལ་གདོད་ནས་ཡོངས་གྲུབ་ཆེན་པོར་རྫོགས་པའི་དོན་ངོ་སྤྲད་པ་ནི། ཧཱུྃ༔ རང་བྱུང་ལུས་ལ་མཆོད་རྟེན་ལྷུན་གྱིས་གྲུབ༔ རྐེད་པ་རུས་སྦལ་ཆུ་གླང་བཏེགས་པ་ཡིས༔ བརླ་དང་དཔྱི་མིག་ཁྲི་དང་མཚན་མ་ཨེ༔ རྒྱུ་མ་སྦྲུལ་ཁྲི་དོན་སྣོད་མཆིན་ཁྲི་རྣམས༔ སྤྲུལ་པའི་གཤེད་ཆེན་སྒལ་ཚིགས་སྲོག་ཤིང་སྟེ༔ བྱང་ཁོག་ཤེལ་གྱི་བུམ་པ་ཟླུམ་པོའི་ནང༔ གློ་བ་གྱད་གནོན་སྤྲུལ་པའི་ལྷ་བརྒྱད་བཞུགས༔ སྲོག་རྩ་མི་ཤིགས་རྡོ་རྗེ་འོད་ལྔ་འབར༔ སྙིང་ནི་ཉི་ཟླའི་གྭའུ་སྙིང་ཁྲག་ནི༔ བཅོམ་ལྡན་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་སྐུ༔ མགོ་བོ་བྲེ་ལ་དུང་ཁང་ཆོས་འཁོར་དང༔ མགོ་ལྤགས་ཆར་ཁེབས་རལ་པ་ཁྱུང་གི་ཏོག༔ རྣ་བ་ལག་པ་དར་དཔྱང་ཅོད་པན་མཛེས༔ བ་སྤུ་སྲུང་བའི་འཁོར་ལོ་བཅུ་གསུམ་འབར༔ རང་བཞིན་ལྷུན་གྲུབ་སྲུང་བའི་འཁོར་ལོར་རྫོགས༔ རྩ་རླུང་ཐིག་ལེ་དེ་དག་དོན་ལ་ཆོས་ཉིད་བདེ་གཤེགས་སྙིང་པོའི་རང་མདངས་སུ་ལྷུན་གྱིས་གྲུབ་པ་གསང་བ་ཆེན་པོའི་མཆོད་རྟེན་དུ་ཤེས་པར་བྱ་བའི་ཕྱིར༔ ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ཉིད་ལས༔ མ་བཅོས་སྟོང་པར་མཆོད་རྟེན་ཤར༔ ཡེ་ནས་གཞོམ་གཞིག་ཡོངས་སུ་བྲལ༔ ཀ་དག་འདི་ནི་སྲུང་བའི་མཆོག༔ བསྒོམ་དང་བསྒྲུབ་བྱ་གང་ཡང་མེད༔ ཆོས་ཉིད་ཀློང་དུ་ལྟ་བའི་རྒྱལ༔ ཕྱག་རྒྱ་ཟིལ་གནོན་ཐུགས་ཀྱི་དབྱིངས༔ རང་བྱུང་ཡེ་ཤེས་ངོ་མཚར་ཆེ༔ ཟང་ཐལ་ནམ་མཁའི་དཀྱིལ་དང་འདྲ༔ སྤང་བླང་བློ་ཡི་གཟེབ་ལས་གྲོལ༔ ཞེས་ངོ་སྤྲད། དེ་ལྟར་ལེགས་པར་རྟོགས་ན་དོན་གཉིས་ཀྱི་ཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ་པར་རྫོགས་པར་འགྱུར་རོ། །གཟའ་བདུད། ཁྲ་ཟིན། ལས་གཤིན་བཅས་ཀྱི་བཀའ་གཏད་མཁན་རཏྣའི་ཡིག་ཆ་ལྟར་ཤེས་པར་བྱའོ། །དེ་ལྟར་ཡང་ཟབ་འཁོར་ལོ་གསུམ་དབང༌། བཾ་ཆེན་གསང་བའི་དབང་བསྐུར། པུ་རི་དཀར་ནག་བཅས་རྫོགས་པར་བྱིན་པས་བསྙེན་སྒྲུབ་ཀྱི་དྲོད་ཚད་རྙེད་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ལས་ལ་བརྩོན་པར་གྱིས་ཤིག །ཡེ་དྷརྨ་དང་ཤིས་པ་བརྗོད་ལ་མེ་ཏོག་འཐོར། དེ་དག་རྣམས་ཀྱིས་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་ལས། དྲག་སྔགས་ཀྱིས་ཟབ་པ་གཤིན་རྗེ་ཚེ་བདག་ནག་པོའི་ཡང་ཟབ་འཁོར་ལོ་གསུམ་དབང་སོགས་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང༌། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། བཞི་པ་རྗེས་ཀྱི་བྱ་བ། སློབ་དཔོན་གྱིས་ཚོགས་ལ་རོལ། མཇུག་གི་སྤྱི་ཆིངས་ལྟར་ལྷག་མ་བཏང༌། བསྐུལ་བ། ཆད་མདོའི་མཉམ་དུ་གཏེར་སྲུང་གཏོར་མ་རྣམས་ཀྱང་ཕུལ། བརྟན་མ་བསྐྱང༌། རྟ་བྲོ་བརྡུང༌། དཀྱིལ་འཁོར་གཏང་རག་མཆོད་བསྟོད། ནོངས་བཤགས་བཟོད་གསོལ། ཡེ་ཤེས་པ་དཀྱིལ་འཁོར་སོགས་རྟེན་ལ་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང༌། བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐའ་རྒྱས་སུ་བྱའོ། །ཟབ་གསང་རྡོ་རྗེའི་ཐ་རམ་འབྱེད་པ་ཡི། །བློ་ནུས་དམན་ཡང་དད་མོས་ཉེར་ལེན་གྱིས། །ངོ་མཚར་ཆོས་ཀྱི་བདུད་རྩི་རང་སྐལ་དུ། །ཁྱབ་བདག་བླ་མས་བསྩལ་བ་དུས་མཐར་ཡང༌། །སྨིན་གྲོལ་རྒྱུན་མི་འཆད་པའི་ཞབས་ཏོག་ཏུ། །སྤེལ་འདིས་རང་གཞན་སྒྲིབ་པར་མི་འགྱུར་ཞིང༌། །ཟབ་དོན་ཉི་འོད་ཆེས་གསལ་བསྟན་འགྲོ་ཡི། །ཕན་བདེའི་དགའ་སྟོན་རྒྱས་བརྟན་འཕེལ་གྱུར་ཅིག །ཅེས་ཟབ་གསང་རྨད་དུ་བྱུང་བ་འདི་དག་ལ་འཇུག་བདེའི་དབང་ཆོག་ཞིག་གྲུབ་པར་གྱིས་ཞེས་མཆོག་བསྟན་ལ་རྒྱུ་མཚན་ཤེས་པའི་བློ་མིག་ཐོབ་པ་གནས་དགོན་བྱང་འདྲེན་པདྨ་བཀྲ་ཤིས་ནས་རྟེན་བཅས་ཆེད་བསྐུལ་བཞིན། འཇམ་མགོན་བླ་མ་རྣམ་གཉིས་ཀྱི་གསུང་གི་སྣང་བ་ལ་བརྟེན་ནས་ནག་འགྲོས་སུ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་ཀྱིས་ཕྱོགས་ཀུན་མཛེས་པ་བལ་ཡུལ་བསྟན་གཉིས་དར་རྒྱས་གླིང་དུ་རང་ལོ་གྱ་གཉིས་ལོར་བྲིས་པ་ཡི་གེ་གཉིས་པར་འགོད་པའི་མཐུན་འགྱུར་ཀྱང་བསྐུལ་པ་པོས་བགྱིས་པ་འདིས་ཀྱང་དཔལ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་རྟག་ཁྱབ་ལྷུན་གྱིས་གྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:09, 1 June 2024
Wylie title | zab pa skor bdun las/ 'jam dpal tshe bdag nag po 'khor lo gsum gyi dbang bskur bklag chog tu bkod pa zab gsang gnam lcags thog gzer | |
---|---|---|
Location | dil mgo mkhyen brtse bka' 'bum Volume 13, Text 4, Pages 57-72 (Folios 1a to 16b2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Zab pa skor bdun las 'jam dpal tshe bdag nag po 'khor lo gsum gyi dbang bskur bklag chog tu bkod pa zab gsang gnam lcags thog gzer. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 57-72. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | ཐུགས་དམ་ཟབ་པ་སྐོར་བདུན་ (thugs dam zab pa skor bdun) | |
Deity | 'jam dpal gshin rje | |
Colophon |
།ཅེས་ཟབ་གསང་རྨད་དུ་བྱུང་བ་འདི་དག་ལ་འཇུག་བདེའི་དབང་ཆོག་ཞིག་གྲུབ་པར་གྱིས་ཞེས་མཆོག་བསྟན་ལ་རྒྱུ་མཚན་ཤེས་པའི་བློ་མིག་ཐོབ་པ་གནས་དགོན་བྱང་འདྲེན་པདྨ་བཀྲ་ཤིས་ནས་རྟེན་བཅས་ཆེད་བསྐུལ་བཞིན། འཇམ་མགོན་བླ་མ་རྣམ་གཉིས་ཀྱི་གསུང་གི་སྣང་བ་ལ་བརྟེན་ནས་ནག་འགྲོས་སུ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་ཀྱིས་ཕྱོགས་ཀུན་མཛེས་པ་བལ་ཡུལ་བསྟན་གཉིས་དར་རྒྱས་གླིང་དུ་རང་ལོ་གྱ་གཉིས་ལོར་བྲིས་པ་ཡི་གེ་གཉིས་པར་འགོད་པའི་མཐུན་འགྱུར་ཀྱང་བསྐུལ་པ་པོས་བགྱིས་པ་འདིས་ཀྱང་དཔལ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་རྟག་ཁྱབ་ལྷུན་གྱིས་གྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། | |
/ces zab gsang rmad du byung ba 'di dag la 'jug bde'i dbang chog zhig grub par gyis zhes mchog bstan la rgyu mtshan shes pa'i blo mig thob pa gnas dgon byang 'dren pad+ma bkra shis nas rten bcas ched bskul bzhin/_'jam mgon bla ma rnam gnyis kyi gsung gi snang ba la brten nas nag 'gros su 'gyur med theg mchog bstan pa'i rgyal mtshan gyis gdod nas grub pa'i rdo rje'i gnas kyis phyogs kun mdzes pa bal yul bstan gnyis dar rgyas gling du rang lo gya gnyis lor bris pa yi ge gnyis par 'god pa'i mthun 'gyur kyang bskul pa pos bgyis pa 'dis kyang dpal o rgyan sangs rgyas gnyis pa'i phrin las phyogs dus kun tu rtag khyab lhun gyis grub par gyur cig_/sarba mang+ga laM/_dge'o// |