DKR-KABUM-11-DA-023: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=མདོ་ཁམས་ཡུལ་ལྷ་སྤྱིའི་བསང་མཆོད་བཀྲ་ཤིས་ལྷ་ཡི་རྔ་ཆེན་སོགས། | |||
|fulltitle=mdo khams yul lha spyi'i bsang mchod bkra shis lha yi rnga chen sogs | |||
|citation=[[Khyentse, Dilgo]]. ''Mdo khams yul lha spyi'i bsang mchod bkra shis lha yi rnga chen sogs''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 11: 118-142. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Smoke Offerings - bsangs mchod - lha bsang | |||
|terma=No | |||
|dkroutline=Three | |||
|deity=yul lha | |||
|language=Tibetan | |language=Tibetan | ||
| | |volumenumber=011 | ||
| | |volnumtib=༡༡ | ||
|volyigtib=ད་ | |||
|totalvolumes=25 | |||
|textnuminvol=023 | |textnuminvol=023 | ||
|pagenumbers=118-142 | |||
|totalpages=49 | |||
|beginfolioline=1a | |||
|endfolioline=25a3 | |||
|totalfolios=25 | |||
|multivolumework=No | |||
|rectonotes=bsang mchod | |||
|versonotes=mdo khams yul lha | |||
|pdflink=File:DKR-KABUM-11-DA-023.pdf | |pdflink=File:DKR-KABUM-11-DA-023.pdf | ||
}} | }} | ||
Line 16: | Line 33: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། མདོ་ཁམས་ཡུལ་ལྷ་སྤྱིའི་བསང་མཆོད་བཀྲ་ཤིས་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས་སོ། | {{TibP|༄༅། མདོ་ཁམས་ཡུལ་ལྷ་སྤྱིའི་བསང་མཆོད་བཀྲ་ཤིས་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས་སོ།<br><br> | ||
༄༅། ཨོཾ་སྭ་སྟི། དུས་ཚེས་དགེ་བར་ཡུལ་ལྷའི་བསང་མཆོད་བྱ་བར་འདོད་པས། གཙང་མའི་གནས་སུ་དཀར་དམར་གྱི་གཏོར་མ། འབྲུ་སྨན་རིན་ཆེན་སྣ་ཚོགས་ཀྱི་སྦག་པའི་ཕྱེ་མར་ཤིང་ཏོག །དར་ཟབ་སྟག་གཟིག་རས་མ་དཀར་མངར་ཟས་སྣ། ཇ་ཆང་ཕུད་སྐྱེམས་དང༌། ཤིང་སྣ་གཙང་མའི་དུད་སྤྲིན་བཅས་འདུ་བྱས་ལ། ཆབ་ཀྱིས་བྲན་ཏེ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་རླབས་ལ། རང་ཉིད་སྣང་སྲིད་ཟིལ་གནོན་གྱི། །ཐུགས་ཀའི་འོད་ཀྱིས་རབ་བསྐུལ་བས། །མདོ་ཁམས་བོད་ཆེན་ལྗོངས་གནས་པའི། །ཡུལ་ལྷ་འཁོར་བཅས་སྤྱན་དྲངས་གྱུར། །ཀྱཻ། བདེ་ཆེན་འོད་གསལ་ཆོས་དབྱིངས་རྩལ། །རྟེན་འབྱུང་སྒྱུ་འཕྲུལ་དྲྭ་བའི་གར། །མི་མཇེད་འཇིག་རྟེན་བཀོད་པའི་ཞིང༌། །སྟོང་གསུམ་འཛམ་གླིང་བྱང་གི་ཕྱོགས། །རི་མཐོ་ས་གཙང་ཆུ་ཀླུང་བྲག །ནགས་ཚལ་གངས་མཚོའི་བཀོད་པ་མཛེས། །བོད་ཆེན་མདོ་ཁམས་ལྗོངས་ཆེན་པོ། །ཆོས་སྲིད་དཔལ་གྱིས་ཕྱུག་པའི་གཞིར། །རང་བྱུང་སངས་རྒྱས་པད་འབྱུང་རྗེའི། །བྱིན་རླབས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་གནས་ཆེན་ཉེར་ལྔ་དང༌། །འགྲོ་འདུལ་གནས་ཆེན་བརྒྱད་ལ་སོགས། །དབང་བྱེད་གཉན་ཆེན་སྡེ་བཞི་ཞེས། །རྨ་རྒྱལ་སྤོམ་ར་དམག་དཔོན་དབྱི། །སྒྱོགས་ཆེན་གདོང་ར་གཉན་ཐང་ལྷ། །ཟིལ་ཁྲོམ་གཉན་ལྡང་ལ་སོགས་པ། །སྒང་དྲུག་གཞི་བདག་བཅུ་གཉིས་དང༌། །འབྲི་ཟླ་ནས་དངུལ་ཆུ་བཞིའི་ཀླུ། །ཤོད་ཆེན་བཞི་ཡི་ཟོ་དོར་གཙོ། །དྲེགས་པ་སྡེ་ལྔ་བཙན་རྒོད་བདུན། །རི་དབང་སྤུན་དགུ་ལ་སོགས་པའི། །དཀར་ཕྱོགས་སྐྱོངས་བའི་ཡུལ་གྱི་ལྷ། །ཆ་ལུགས་མ་ངེས་ཅིར་ཡང་སྣང༌། །འཁོར་གཡོག་བཙུན་མོ་སྲས་བློན་སོགས། །མ་ལུས་འཁོར་དང་བཅས་རྣམས་དང༌། །གཞན་ཡང་རྒྱ་གར་ཤར་ནུབ་ཕྱོགས། །གནས ཡུལ་ཉེར་བཞི་སྤྱི་བྱེ་བྲག །ཁྱད་པར་ཡུལ་རིས་འདི་ཉིད་ཀྱི། །གནས་གཞིའི་བདག་པོ་ལྷ་ཀླུ་གཉན། །དམུ་སྨན་གཟའ་རྒྱལ་བཙན་གྱི་རིགས། །བརྟན་མ་དགེ་བསྙེན་མགུལ་ལྷ་སོགས། །མཆོད་པའི་མགྲོན་ལ་སྤྱན་འདྲེན་ན། །ཐུགས་རྗེའི་རྩལ་གྱིས་གནས་འདིར་གཤེགས། །དགྱེས་བཞུགས་དག་ཅིང་གཙང་བ་ཡི། །བསང་མཆོད་འདོད་པའི་ཡོན་ཏན་གཏེར། །འབྲུ་སྨན་བཟའ་བཏུང་དར་རས་གོས། གནས་མལ་ཁང་བཟང་སྐྱིད་མོས་ཚལ། །ཇ་ཆང་ཕུད་སྐྱེམས་བདུད་རྩིའི་མཚོ། །གཡག་ལུག་ར་འབྲུག་སྟག་སེང་ཁྱུང༌། །རི་དྭགས་གནག་ཕྱུགས་གཅན་གཟན་ནོར། །ཐུགས་ལ་བཞེད་དགུ་ལྷུན་གྲུབ་པའི། །མཆོད་རྫས་ཁ་དོག་རོ་ནུས་ལྡན། །དགོས་འདོད་ཀུན་འབྱུང་མཆོད་སྤྲིན་ཆེ། །དུད་པས་ཉམས་གྲིབ་མི་གཙང་སེལ། །ངད་ཀྱིས་དག་བྱེད་སྤོས་སྤྲིན་གཏིབས། །ཟེགས་མ་འདོད་པའི་ཡོན་ཏན་འཕྲོ། །རབ་འབྱམས་ཞིང་ཀུན་འགེངས་བ་འདིས། །བསང་ངོ་མཆོད་དོ་དགྱེས་དགུར་བཞེས། །སྐུ་གསུང་ཐུགས་ཀྱི་ཉམས་གྲིབ་བསང༌། །ཕོག་ཐུག་འཁོན་འགྲས་འཁྲུགས་པ་ཞི། །དགྱེས་དགུའི་དཔལ་དུ་གྱུར་ནས་ཀྱང༌། །གནས་མགྲོན་དམ་ཚིག་མ་བསྙེལ་བར། །འདིར་གཤེགས་བདག་གི་སྡོང་གྲོགས་མཛོད། །ཀྱཻ། བདེ་ཆེན་སྒྱུ་འཕྲུལ་དྲྭ་བ་ཡི། །རྣམ་རོལ་སྲིད་ཞི་ཅིར་ཡང་སྣང༌། །འགག་མེད་རོལ་པ་ཆེན་པོའི་ཚུལ། །དཀར་ཕྱོགས་དགེ་བསྙེན་མཐུ་བོ་ཆེ། །སྲིད་པ་ཆགས་པའི་ལྷ་རབས་ཏེ། །ཕ་མེས་བརྒྱུད་ཀྱི་སྲུང་མ་གཉན། །འགོ་བའི་ལྷ་མགོན་གཉན་པོ་རྣམས། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །སྔོན་གྱི་ཐ་ཚིག་རྗེས་དགོངས་ལ། །མཁའ་ཁྱབ་རྩ་གསུམ་རྒྱལ་བ་ཡི། །ཕྱོགས་དུས་ཞིང་གི་བཀོད་པའི་འཕྲུལ། །རང་བྱུང་གྲུབ་པའི་གནས་ཆེན་དང༌། །གཉིས་སུ་མེད་པར་བྱིན་བརླབས་པས། །རྩ་གསུམ་ལྷ་ཚོགས་བཞུགས་པའི་གནས། །དཀྱིལ་འཁོར་སྐྱོང་བའི་བཀའ་སྡོད་ཚུལ། །གཏོ་སྐུ་གསས་མཁར་འདི་ལ་བཞུགས། །རིན་ཆེན་ཁང་བཟང་བཀོད་མཛེས་ནང༌། །སྣ་ཚོགས་དཀོར་ནོར་དབྱིག་གིས་གཏམས། །ཟད་མི་ཤེས་པའི་དཀོར་མཛོད་བསགས། །ངོ་མཚར་དཔལ་གྱི་རྟེན་འདིར་བཞུགས། །དག་བྱེད་བདུད་རྩིའི་སྨན་ཆར་གྱིས། །མནོལ་བཙོག་མི་གཙང་དྲི་མ་བཀྲུ། །རྡོ་རྗེའི་ཐ་ཚིག་བསྒྲགས་པ་ཡིས། །དབང་བསྡུས་ལས་ཀྱི་གཉེར་ཁ་གཏད། །མཐུན་པའི་དམ་རྫས་དཔག་ཡས་ཀྱིས། །ཐུགས་དམ་བསྐང་ཞིང་དགྱེས་པ་བསྐྱེད། །བཀྲ་ཤིས་རྫས་ཀྱིས་མངའ་གསོལ་བས། །གཟི་བྱིན་ཉི་ཟླ་ལྟ་བུར་བསྐྱེད། །གོ་མཚོན་རལ་གྲི་མདའ་མདུང་གིས། །དགྲ་ལྷའི་དབུ་འཕང་དགུང་དུ་བསྟོད། །སྣ་ཚོགས་དར་གྱི་རླུང་རྟ་ཡི། །དར་ཚོན་བལ་ཚོན་ཕྲེང་བ་བསྟར། །རྨད་བྱུང་དགྱེས་པའི་རྟེན་མཁར་ལ། །བཞུགས་ནས་ཁ་འཛིན་སྡོང་གྲོགས་མཛོད། །སངས་རྒྱས་བསྟན་དར་བསྟན་འཛིན་འཁོར། །བཤད་སྒྲུབ་ལས་ཀྱིས་འཇིག་རྟེན་བདེ། །སྐྱེ་དགུའི་མོས་སྣང་ཆོས་ལ་བསྒྱུར། །རྒྱལ་འགོང་དམ་སྲིའི་རྒྱུ་འགྲུལ་སྲུངས། །སྦྱིན་བདག་ཚེ་དཔལ་རླུང་རྟ་བསྐྱེད། །ཡིད་མཐུན་གྲོས་ཐུབ་མི་ཆོས་ཀྱི། །རིགས་རྒྱུད་དར་རྒྱས་བཙན་པར་མཛོད། །གཞི་མགྲོན་བཀྲ་ཤིས་བདེ་ལེགས་འཕེལ། །དགྲ་ཇག་ཆོམ་རྐུན་ནད་མུག་སྲུངས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་འཕེལ། །མཉམ་ཉིད་བྱང་ཆུབ་སེམས་ཀྱི་མཐུས། །ས་གསུམ་དགེ་ལེགས་སྣང་བ་དང༌། །མི་འབྲལ་རྫོགས་ལྡན་དཔལ་སྩོལ་ཅིག །ཅེས་དང་མཆོད་གཏོར་སོགས་བསང་དུ་འབུལ་ཞིང་རྗེས་རིམ་སྤྱི་ལྟར་བྱའོ། ཅེས་པའང་ཡངས་པའི་ས་གཞི་ཆོས་བཞིན་སྐྱོངས་བའི་མདོ་སྨད་སྡེ་ནང་གི་མི་རིགས་དད་འདུས་ལྷན་རྒྱས་ནས་གངས་ཅན་བསྟན་འགྲོ་སྤྱིའི་ཞབས་བརྟན་དུ་གནས་ཆེན་བྱིན་འབེབས་དང༌། གཞི་བདག་རྟེན་མཁར་གསར་འཛུགས་སྐབས་སྦྱིན་བདག་ལྷན་ནས་བསྐུལ་ངོར་ཤར་མདོ་ཁམས་སུ་སྐྱེས་པའི་སྔགས་བཙུན་བཀྲ་ཤིས་དཔལ་འབྱོར་གྱིས་ལྷག་བསམ་དག་པས་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག ༈ འབར་ནང་ཡུལ་ལྷ་སྤྱི་ཡི་བསང་མཆོད་དགེ་མཚན་དཔལ་གྱི་ཆར་འབེབས་བཞུགས། ཨོཾ་སྭ་སྟི། དུས་ཡར་ངོ་གཟའ་སྐར་དགེ་བར་གཙང་མའི་གནས་སུ་བཀྲ་ཤིས་བསང་གི་མཆོད་པ་བྱ་བར་འདོད་པས། གཏོར་མ་དཀར་དམར། ཇ་ཆང་འོ་ཞོ། འབྲུ་སྨན་དར་རས་སོགས་བསྲེས་པའི་ཕྱེ་མ་གཙང་བར་བཤམས། བཟང་ཤིང་སྣ་ཚོགས་པའི་དུད་པ་བཅས་འདུ་བྱས་ལ། རང་ཉིད་ལྷ་ཡི་ང་རྒྱལ་ལ་གནས་པས། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཞི་བྱེད་ཀྱི་ཐབ་མཆོག་མཚན་ཉིད་རྫོགས་པའི་དབུས་སུ་བཟང་ཤིང་སྤོས་ཀྱི་དུད་སྤྲིན་མི་གཙང་རྒུད་པ་སེལ་ཞིང༌། བཀྲ་ཤིས་འདོད་ཡོན་གྱི་མཆོད་སྤྲིན་ཟག་མེད་ཀུན་ཏུ་བཟང་པོའི་རྣམ་རོལ་གྱིས་ཞིང་ཁམས་རབ་འབྱམས་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སྤེལ་ལ། ཀྱཻ། ཕྱི་སྣོད་རྣམ་དག་བདེ་ཆེན་དག་པའི་ཞིང༌། ནང་བཅུད་གདན་གསུམ་ཡེ་ཤེས་འཁོར་ལོ་རུ། །གདོད་ནས་དག་ཀྱང་རྟེན་འབྱུང་འགག་མེད་པའི། །སྣང་ཆ་མདོ་སྨད་འབྲི་ཟླའི་སྒང་གི་ཆར། །རྡོ་རྗེའི་བྲག་དང་ནགས་ཚལ་ཆུ་ཀླུང་གི །བཀོད་པ་རྨད་བྱུང་འབར་ནང་ཞེས་གྲགས་པར། །དབང་བྱེད་ཡུལ་ལྷ་དགེ་རྒྱས་དུང་བྲག་དཀར། །ཆབ་བྲག་རྡོ་རྗེ་རྩེ་དགུ་འབར་རྒྱལ་ནི། །ཤིང་རི་གཡུལ་རྒྱལ་གཡུ་འབྲུག་ནོར་བུ་གསུམ། །རྒྱལ་བདེ་ངང་མ་ལྷ་བཙན་དགེ་བསྙེན་ཆེ། །ནོར་བུ་དབང་རྒྱལ་སྟོབས་ཆེན་སྒོ་དྲུང་ནི། །ཨ་མྱེ་གཡའ་ཡི་བྲག་ནག་ལྷ་མོ་དང༌། །ཟི་ཆེན་དར་མདུང་ཁྱུང་མཆེ་སྒྲོ་བྲག་གི །རྔམས་ཆེན་འབར་བ་ཐང་ལྷ་རིན་ཆེན་དང༌། །བྲག་དཀར་རྔམས་ཆེན་དགྲ་ལྷ་རྨོག་ཆེ་ཆུང༌། །ཛ་འབྲིང་བྲག་ཆེན་རྒོད་ཚང་ཨ་མྱེ་དང༌། ནཱ་ག་རྒྱལ་པོ་སྤྲུལ་སྐུ་གཡས་འཁྱིལ་བྲག །དཀར་ལྷ་ཕྱུག་མོ་མགར་ཆེན་ཨ་མྱེ་དང༌། །གོ་ཐི་འབར་ལྷ་རྩེ་རྒྱལ་ཆེ་ཆུང་དང༌། །ཟན་ཤིང་ལེགས་མགོན་ཆབ་མཚོ་དགྱེས་མཚོ་དང༌། །གཞི་བདག་བླ་མཚོ་དྲག་མཚོ་འབར་ལྷའི་མཚོ། །ཇ་མཚོ་ལེགས་མཚོ་མཚོ་ཆེན་བརྒྱད་ཅུ་སོགས། །ཡུལ་དེར་རྟག་གནས་གློ་བུར་ལྷག་པའི་མགྲོན། །དབང་ཆེན་དབང་ཆུང་མིང་དང་མཚན་མ་ཐོན། །ཀུན་ལ་དགྱེས་བསྐྱེད་བདུད་རྩི་བསང་གི་སྤྲིན། །དྲི་ཞིམ་ངད་པས་ས་ཡི་ཁྱོན་འགེངས་ཤིང༌། །བདུད་རྩིའི་ཟེགས་མ་འདོད་ཡོན་རྒྱ་མཚོའི་གཏེར། །གནག་ཕྱུགས་རི་དྭགས་གཅན་གཟན་འདབ་ཆག་ཚོགས། །ཡིད་འོང་སྐྱེད་ཚལ་ལྷ་ཕྲུག་གླུ་གར་ཆེ། །རིན་ཆེན་གསེར་དངུལ་དར་གོས་ཉེ་བར་སྤྱོད། །སྡེར་ཆགས་པགས་རིགས་གྲྭ་རྒྱས་བདུད་རྩིའི་ཆར། །རི་གླིང་སྨན་ཤིང་མེ་ཏོག་འབྲས་བུའི་ཚོགས། །ཐུགས་ལ་བཞེད་དགུ་ཟད་མི་ཤེས་པའི་གཏེར། །ནམ་མཁའ་ཇི་སྲིད་འཆར་ཀུན་བདེ་བ་ཆེ། །བྱང་ཆུབ་སེམས་ཀྱི་བྱེད་པ་སྔགས་ཕྱག་རྒྱས། །ཏིང་འཛིན་ཆོ་འཕྲུལ་བསམ་མི་ཁྱབ་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཔལ་ལ་དགྱེས་དགུ་བསྐྱེད། །ཕོག་ཐུག་འགྲམ་འཁྲུགས་ཉེས་པ་བསྐྱེད་ཀུན་བཤགས། །གནས་མགྲོན་དམ་ཚིག་བརྩེ་གདུང་མ་བསྙེལ་བར། །སྣོད་ཀྱི་འཇིག་རྟེན་ལོ་ལེགས་རྩི་ཤིང་རྒྱས། །བཅུད་ཀྱི་སྐྱེ་འགྲོ་ནད་མེད་བདེ་སྐྱིད་འཕེལ། །འགྲོ་ཀུན་དཀར་པོའི་ཆོས་སྣང་ཡར་ཟླ་ལྟར། །འཕེལ་བས་བསོད་ནམས་ཡེ་ཤེས་ཚོགས་ཆེན་རྒྱས། །ཕན་ཚུན་བྱམས་ལྡན་ནད་མུག་འཐབ་འཛིང་ཞི། །རྫོགས་ལྡན་དགེ་བཅུའི་དགའ་སྟོན་མགྲོན་དུ་ཁུག །བཀྲྃ་ཤིསྃ་འབྱུང་གནས་མཆོག་གསུམ་དབུ་འཕང་བསྟོད། །ཆོསྃ་བཞིན་སྤྱོད་པའི་དགེ་འདུན་འདུས་པ་རྒྱས། །བཤད་སྒྲུབ་ལས་ཀྱི་འཁོརྃ་ལོ་རྒྱུན་མི་ཆད། །དོན་གཉིས་ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། །སྒྲུབ་པའི་སྡེ་ཀུན་འགལ་རྐྱེན་ཉེར་འཚེ་བྲལ། །མཐུན་པའི་རྐྱེན་ཚོགས་ཁྱད་པར་ཉམས་རྟོགས་དཔལ། །དབྱར་མཚོ་ལྟར་འཕེལ་འབྲེལ་ཚད་དོན་ལྡན་གྱི། །ཕྲིན་ལས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །བསང་གཞུང་གཞན་དང་མ་འབྲེལ་ན་ནོངས་བཤགས། གཤེགས་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། ཅེས་པའང་རང་སློབ་དད་བརྩོན་ལྷག་བསམ་ལྡན་པ་དག་དབང་ཡེ་ཤེས་དོན་གྲུབ་ནས་བསྐུལ་བ་བཞིན་མངྒ་ལས་བྲིས་པ་དོན་ལྡན་དུ་གྱུར་ཅིག ༈ འབར་ལྷའི་བསང་བསྡུས་དགེ་མཚན་དཔྱིད་ཀྱི་རོལ་མོ་བཞུགས་སོ། ཨོཾ་སྭ་སྟི། ཡུལ་ལྷའི་བསང་བྱ་བར་སྤྲོ་ན། མཐུན་པའི་རྫས་དང༌། ཤིང་སྣའི་དུད་སྤྲིན་སོགས་མཆོད་པའི་ཡོ་བྱད་ཀུན་ལྷའི་རྣལ་འབྱོར་ལ་གནས་པས་བསང་སྦྱངས་ཏེ། ཀྱེ། ཀ་རུ་ཎི་ཀ་ཤྭ་ར་འཕགས་པའི་ཞིང༌། །ཁ་བའི་ལྗོངས་ཀྱི་སྐྱབས་གཅིག་མཚོ་སྐྱེས་རྗེ། །ག་ཎ་མཎྜལ་བཅུག་ཅིང་དབང་བསྐུར་བའི། །ངང་ཚུལ་རྗེས་སྐྱོངས་ཡུལ་ལྷའི་དབང་པོ་གཤེགས། །ཅ་ཅོ་ཡིད་འོང་སྙན་པའི་རོལ་མོའི་དབྱངས། །ཆང་བཅུད་འོ་ཞོ་མངར་གསུམ་སྦྱར་བའི་སྐྱེམས། །ཇ་དར་གོས་སོགས་འདོད་ཡོན་མཁོ་རྒུའི་རྫས། །ཉ་གང་ཟླ་བའི་མདངས་འཕྲོག་གཏོར་མའི་ལྷུན། །ཏ་མ་ལ་ཡི་མངལ་འཛིན་བདུད་རྩིའི་སྤྲིན། །ཐ་དད་དབང་པོ་སིམ་པ་སྟེར་བའི་སྨན། །དག་བྱེད་མི་གཙང་དྲི་ཀུན་བསྙིལ་བའི་ཆར། །ནམ་མཁའ་མཛོད་ཀྱི་འཁོར་ལོའི་དགྱེས་གྱུར་ཏེ། །པ་སངས་ལྟར་མཛེས་གཞན་ཕན་དང་འགྲོགས་པའི། །ཕ་རོལ་ཕྱིན་བཅུའི་ལེགས་ལམ་དགེ་བའི་སྤྱོད། །བར་ཆད་མི་སྲུན་དཔུང་གིས་མི་བརྫི་བར། །མ་ལུས་ས་བཅུའི་སྤང་རྟོགས་མཐར་སོན་མཛོད། །ཙ་མ་ར་བཞིན་བདེ་དཔལ་གྱིས་དྲེགས་པའི། །ཚ་ངར་བསོད་ནམས་མཐུ་ལྡན་སྦྱིན་བདག་གཙོས། །ཛམ་བུའི་གླིང་ཀུན་ཕན་བདེའི་དཔལ་འབྱོར་རྒྱས། །ཝ་ལེར་ཁྱབ་པའི་ཕྲིན་ལས་མ་གཡེལ་སྒྲུབས། །ཞྭ་ལྟར་མཆོད་འོས་འཕགས་ཚོགས་འདུས་པའི་སྡེ། །ཟ་མ་ཏོག་བཞིན་རིག་གྲོལ་ཡོན་ཏན་ཤུགས། །འ་འུར་རྙེད་བཀུར་རིམ་འགྲོའི་འདུ་བ་བཅས། །ཡ་མཚན་སྤང་རྟོགས་བླ་ནས་བླར་འཕེལ་མཛོད། །ར་བ་བརྒལ་དཀའ་སྲིད་ལས་ངེས་འབྱུང་སྟེ། །ལ་འུར་དབེན་པར་སྒོམ་པའི་རྣལ་འབྱོར་ཁྱུ། །ཤ་ཁྲག་གདོས་བཅས་དྭངས་མའི་ཀློང་དེངས་ཏེ། །ས་ཆེན་གནས་སར་གཞན་ཕན་གཏེར་གྱུར་མཛོད། །ཧ་རིའི་བསུང་ལྡན་བསང་གི་དགའ་སྟོན་གྱིས། །ཨ་ཧོ་དགྱེས་པའི་གླུ་དབྱངས་དང་བཅས་ཏེ། །གནས་མགྲོན་དམ་ཚིག་གཙང་མའི་ཡལ་གམ་གྱིས། །མཐར་ཐུག་རོ་གཅིག་བྱང་ཆུབ་མྱུར་ཐོབ་ཤོག །བདེ་ཆེན་རྒྱལ་ཀུན་ཐུགས་གསང་གཞན་ཕན་སེམས། །རྗེས་ཆགས་ལང་ཚོས་དྲེགས་པའི་དགེ་ལེགས་ཀྱིས། །སྣང་བས་སྲིད་ཞིའི་རྒུད་པས་མུན་འཕྲོག་སྟེ། །བཀྲ་ཤིས་དཔལ་འབྱོར་འོད་ཟེར་འབར་གྱུར་ཅིག །ཅེས་པའང་གནས་མཆོག་དེ་ཉིད་ཀྱི་གཡོན་ཟུར་བཟང་ལུང་དཀར་པོའི་རི་སུལ་ཉམས་དགའ་བར་བཙུན་ཆུང་མངྒ་ལས་སྤེལ་བ་དགེ། ༈ གོ་ཐིའི་གནས་བསང་བཀྲ་ཤིས་སྙན་པའི་རོལ་མོ་བཞུགས། ཀྱཻ། ཀ་དག་རང་བྱུང་འཇམ་དཔལ་དགྱེས་པའི་སྡེས། །ཁ་སྦྱོར་འཁོར་ལོ་སྡོམ་པའི་ཕོ་བྲང་གི །ག་ཎའི་འདུ་བར་བསྔགས་པའི་གནས་ཀྱི་བདག །ང་ཡི་འབོད་དོ་མཆོད་པའི་མགྲོན་དུ་གཤེགས། །ཅ་ག་གཉིས་སྣང་རྟོག་པ་ལས་འདས་ངོར། །ཆ་ལུགས་ཅིར་སྣང་དག་པ་རབ་འབྱམས་ཞིང༌། །ཇ་བཟང་ལ་སོགས་འདོད་ཡོན་རྒྱ་མཚོའི་སྤྲིན། །ཉ་གང་ཟླ་ལྟར་འཕྲུལ་དགའི་རོལ་པ་ཡི། །ཏ་ཐཱ་ག་ཏ་རྩ་གསུམ་ལྷའི་འཁོར་ལོར། །ཐ་མལ་འཁོར་གསུམ་རྟོག་པ་ལས་འདས་པས། །ད་ལྟ་ཙམ་མིན་བདེ་ཆེན་རྟག་པའི་སྤྲིན། །ན་མར་སྟོབ་བོ་རྟག་ཏུ་དགྱེས་པས་སྐྱོངས། །པ་སངས་མདངས་འཛིན་གནས་གཏེར་སྲུང་བའི་ཚུལ། །ཕ་རོལ་གཞོམ་སོགས་དབང་དྲག་ཕྲིན་ལས་མཁན། །བ་མཆོག་གཏེར་བཞིན་རྣལ་འབྱོར་སྐྱོངས་བའི་གཉེན། །མ་ལུས་འཁོར་དང་བཅས་པ་ཀུན་ལ་ཡང༌། །ཙ་མ་ར་སོགས་སྲོག་ཆགས་མཁོ་དགུའི་ཁྱུ། །ཚལ་དང་འདོད་ཡོན་ལྷ་རྫས་ཀུན་བཟང་གཏེར། །ཛ་ཧུའི་རྒྱུན་ལྟར་མངར་གསུམ་འོ་ཞོའི་སྐྱེམས། །ཝ་ལེར་ནམ་མཁའ་མཛོད་ཀྱིས་དགྱེས་གྱུར་ཅིག །ཞྭ་ལྟར་ཚངས་པའི་མཛེས་རྒྱན་འོད་གསལ་རྗེའི། །ཟ་མ་ཏོག་ལྟར་སྐུ་ཚེ་ཕྲིན་ལས་སྤེལ། །འ་འུར་མཆོད་པའི་དཔལ་སྟོབ་རྣལ་འབྱོར་ཡང༌། །ཡ་མཚན་སྒྲུབ་པའི་སྤྱོད་པ་མཐར་སོན་མཛོད། །ར་བ་ལྟར་བསྐོར་ལྗོངས་འདིའི་ཕན་བདེ་དང༌། །ལ་ཀླུང་བསྟི་པའི་འཕགས་ཚོགས་སྤང་ཀློག་སྤེལ། །ཤ་ཟ་ཡིད་སྲུབ་དམ་སྲིའི་རྒྱུ་འགྲུལ་ཆོད། །ས་ལམ་མཐར་སོན་བདེ་ནས་བདེ་བར་སྦྱོར། །ཧ་རིའི་ངད་བཞིན་དཔལ་འབྱོར་མངའ་ཐང་གིས། །ཨ་ཧོ་ངོ་མཚར་དམ་པས་དུས་རྟག་ཏུ། །ཨ་ལ་ལ་ཞེས་གནས་ཀྱི་བདག་པོ་ཡང༌། །ཧེ་ཧེ་འཁྱུད་པ་བཞིན་དུ་སྐྱོངས་བར་མཛོད། །བཀྲྃ་ཤིསྃ་ཟུག་རྔུ་ཀུན་བྲལ་བདེ་བ་ཡི། །དཔྃལ་དང་ཕན་བདེའི་སྣང་བ་རབ་འབྃར་བའི། །གླིངྃ་བཞིར་ཁྱབ་པའི་དགེ་མཚན་ཉིན་མོར་བྱེད། །སྲིད་པའི་མཐར་ཡང་ཉམས་པ་མེད་གྱུར་ཅིག །ཅེས་པའང་མདོ་ཁམས་ཆུ་བཞིའི་རི་བོ་རྩེ་ལྔ་གོ་ཐི་བཀྲ་ཤིས་དཔལ་འབར་གླིང་ཞེས་ཀུན་མཁྱེན་བླ་མ་དགྱེས་པའི་དགའ་ཚལ་གྱི་གནས་བདག་ལ་བསང་གི་རོལ་མོ་འདིའང་གདན་ས་དེ་ཉིད་དུ་བསྟི་བའི་སྐབས་ཤིག་བཀྲ་ཤིས་དཔལ་འབྱོར་གྱིས་སྤེལ་བ་དགེ་ཞིང་བཀྲ་ཤིས།། ༈ གོ་ཐི་བཀྲ་ཤིས་དཔལ་འབར་གླིང་གི་གནས་ལ་བསྔགས་པ་ཡིད་ཆེས་དད་པའི་རྒྱན་ཞེས་བྱ་བ། ཨོཾ་སྭ་སྟི། ཀ་མ་ལ་ལྟར་མཁྱེན་པའི་འདབ་རྒྱས་འཇམ་དཔལ་རྡོ་རྗེའི་བསྙེན་པའི་ཚལ། །ཁ་བའི་ལྗོངས་ཀྱིས་རི་བོ་རྩེ་ལྔ་བཀྲ་ཤིས་དཔལ་འབར་གླིང་ཆེན་པོར། །ག་གཱའི་དབྱིངས་ལྟར་རྒྱ་ཆེའི་ཡོན་ཏན་ཕ་མཐའ་ཡས་པའི་ངོ་མཚར་གཏེར། །ང་ཡིས་སྙན་ངག་མེ་ཏོག་གསར་པའི་ཕྲེང་བ་ཡིད་ཆེས་རྒྱན་དུ་བསྟར། །ཅ་ཅོ་སྙན་སྒྲོགས་གསེར་ལྡན་ཀླུང་སོགས་གཡས་སུ་བསྐོར་བས་ལེགས་བགྲོད་སྟེ། །ཆབ་རྒྱུན་བགྲོད་པ་ཡི་གེའི་གཟུགས་ཀྱི་བསྟོད་པ་བྱེ་བ་ངོམས་བཞིན་དུ། །ཇ་ཧང་མདངས་འཛིན་ཉི་གཞོན་ཟླ་བ་བགྲོད་ཐག་རིང་སོགས་དགེ་བའི་དཔྱད། །ཉ་གང་བདུད་རྩིའི་དཀྱིལ་འཁོར་ལྟར་རྫོགས་ཕུན་ཚོགས་གནས་ཀྱི་རྩེ་མོར་སོན། །ཏ་མ་ལ་ཡི་མདངས་འཛིན་ཆུ་བོས་དུམ་བུར་འདབ་མ་ལྟར་བཅད་པས། །ཐ་དད་ཡུལ་གྲུའི་བཀོད་པ་སྟོང་གིས་ནེའུ་གསེང་མཛེས་པ་མུ་ཁྱུད་ལྟར། །དཱ་ནུའི་བུ་ཡི་ཡིད་ཅན་འཇུག་བྲལ་གངས་རིའི་ཕྲེང་བས་བསྐོར་ལ་སོགས། །ན་མར་ཡོན་ཏན་ཤམྦྷ་ལ་དངོས་ཆོས་རྒྱལ་དགྱེས་པའི་ཕོ་བྲང་མཛེས། །པ་སངས་ལྟར་མཛེས་རྗེས་ཆགས་བརྩེ་ཆེན་སྙིགས་མའི་གདུལ་བྱ་ལ་གཟིགས་པའི། །ཕ་རོལ་ཕྱིན་པའི་ཡོན་ཏན་གཏེར་གྱུར་ཀུན་མཁྱེན་བློ་གྲོས་དགྱེས་པའི་སྡེས། །བ་མཆོག་ལྟར་འུར་གནས་འདིར་ས་གནད་སྒྲུབ་པའི་རྣམ་ཐར་འཛིན་པའི་མོད། །མ་ལུས་སྐྱེ་དགུའི་དབང་པོ་སྡེྃ་བཞི་དགེྃ་བཅུའིྃ་མངྃའ་ཐངྃ་དརྃ་ཞེས་བསྔགས། །ཙ་མཱ་ར་ལྟར་སྣང་སྲིད་ཟིལ་གནོན་དགོངས་པའི་གདིང་གིས་ས་བཏུལ་ཚེ། །ཚ་ངར་མཐུ་ལྡན་དྷཱ་ཀི་བྱེ་བ་ཤ་ཟ་འདབ་ཆགས་ཟོལ་བརྫུས་ཏེ། །ཛ་ཧུའི་རྒྱུན་ལྟར་ཟླུམ་པོར་བསྐོར་བས་འདབ་མའི་ཟློས་གར་བསྒྱུར་ལ་སོགས། །ཝ་ལེར་ཀུན་ཁྱབ་དགེ་མཚན་རོལ་མོ་ཅིར་ཡང་ངོམས་པས་བློ་ཡིད་འཕྲོག །ཞྭ་ལྟར་བཀུར་འོས་པདྨའི་བཀའ་སྲུང་དགེ་བསྙེན་དབང་པོས་བཟུང་བའི་ཆུ། །ཟ་མ་ཏོག་སོགས་མཁོ་དགུའི་འདོད་ཡོན་བརྔན་དུ་ཕུལ་ནས་དམ་བསྒྲགས་ཚེ། །འ་འུར་རླབས་འཕྲེང་འབུམ་ཕྲག་གཡོ་བའི་མཚོ་ངོགས་ཉག་ཕྲན་ཟུག་པ་སོགས། །ཡ་མཚན་རྫུ་འཕྲུལ་བཀོད་པ་སྟོན་པའི་གནས་དེའི་ཨེ་མ་ངོ་མཚར་དཔལ། །ར་རིབ་སྒྲིབ་བྲལ་ཀུན་མཁྱེན་ཡེ་ཤེས་ཆོས་ཀྱི་ཉི་མ་གཅིག་པུ་དེས། །ལ་ལ་ཙམ་མིན་སྙིགས་འགྲོའི་གདུང་སེལ་ཀཱ་ལ་ཙཀྲའི་རྡོ་རྗེའི་དབྱངས། །ཤ་ཟ་ཀླ་ཀློའི་འཇུག་པ་བཟློག་སོགས་རྨད་བྱུང་དགོས་པ་དུ་མ་ཡིས། །ས་གསུམ་འགྲོ་ལ་སྟེར་བའི་ཞིང་འདི་རྐང་སྟེགས་གྱུར་ཀུན་སྐལ་པ་བཟང༌། །ཧ་ལམ་གཅམ་བུའི་རབ་བརྟགས་ངག་མིན་ངེས་པའི་ཡོན་ཏན་གནས་པའི་ཚོགས། །ཨ་ཏིའི་དགོངས་པའི་རྩལ་ཆེན་ཡོངས་རྫོགས་འཇའ་ལུས་རྡོ་རྗེའི་ཞལ་ལུང་བཞིན། །ཨ་ལ་ལ་ཞེས་དད་དང་གུས་པའི་དྲི་ཡི་བཞོན་པས་འདི་སྒྲོགས་ན། །ཧ་རིའི་ཚལ་གྱི་བསུང་ལྟར་གྱུར་ནས་དད་ལྡན་སྐལ་བཟང་དགྱེས་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་མཚུངས་མེད་སྤོབས་པའི་ཉི་གཞོན་གསར་པའི་ལང་ཚོའི་ཟེར། །བདག་ཉིད་ཆེན་པོ་འཇམ་དབྱངས་བླ་མའི་རིང་ལུགས་པདྨོའི་གཉེན་གྱུར་ཏེ། །བདག་གཞན་འབྲེལ་ཚད་ཡེ་ཤེས་འོད་སྟོང་སྟེང་གི་མཁའ་ལ་ངོམས་པའི་མཐུས། །བདག་ཏུ་འཛིན་པའི་མུན་པ་གཏལ་བཅིལ་འཇམ་པའི་རྡོ་རྗེ་གྲུབ་གྱུར་ཅིག །ཅེས་པའང་རྡོ་རྗེའི་གནས་མཆོག་འདི་ཉིད་དུ་སྒྲུབ་ལ་གཞོལ་ན་གཞན་ལས་ལྷག་པའི་ཡིད་ཆེས་ཀྱི་བསྔགས་པ་དང་རྗེས་སུ་འབྲེལ་བས་ཁྱབ་བདག་འོད་གསལ་རྡོ་རྗེའི་བཀའ་ལུང་དད་པའི་དཔྱིད་དུ་ཐོབ་པ་ལྟར་བསྔགས་པའི་ཏམྦུ་ར་འདི་ཡང་ཀུན་མཁྱེན་ཡབ་སྲས་དགྱེས་པའི་འབངས་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་བློ་མཚོ་ལས་སྤྲོས་པ་དགེ་ལེགས་ཀྱི་སྣང་བས་ས་གསུམ་མཛེས་པའི་རྒྱན་དུ་སྨོན་པའང་འགྲུབ་པར་གྱུར་ཅིག ། ༈ གོ་ཐིའི་བསང་བསྡུས་བཞུགས། བདེ་ཆེན་ཧེ་རུ་ཀ་ཡི་ཞིང༌། །རྩ་གསུམ་རྒྱ་མཚོ་འདུ་བའི་གནས། །ཞི་མཛད་རྡོ་རྗེའི་ས་སྤྱོད་ཆེ། །བཞུགས་པའི་གནས་བདག་འཁོར་དང་བཅས། །ཟག་མེད་ཀུན་བཟང་མཆོད་པའི་སྤྲིན། །འདོད་ཡོན་རྒྱ་མཚོའི་བསངས་ཀྱིས་མཆོད། །ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས། དགྱེས་དགུའི་ཕྲིན་ལས་ཟབ་མོ་ཡིས། །བདག་ཅག་འཁོར་དང་བཅས་པ་ཡི། །ནད་གདོན་བར་ཆད་ཀུན་ཞི་ཞིང༌། །ཚེ་སྤེལ་འདོད་དགུའི་འབྱོར་པ་སྤེལ། །སྣང་སྲིད་དབང་བསྡུས་ལོག་འདྲེན་སྒྲོལ། །གནས་སྐབས་མཐར་ཐུག་དགེ་ལེགས་ཚོགས། །འཕེལ་ཞིང་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་གཞོན་ནུ་མངྒ་ལས་ལྷག་པའི་བསམ་པས་གང་ཤར་ཤུགས་འབྱུང་དུ་སྤེལ་བ་དགེ། ༈ བདེ་ཆེན་སེངྒེ་གནམ་རྫོང་གི་གནས་བསང་དགེ་མཚན་དཔྱིད་ཀྱི་དཔལ་མོའི་མགྲིན་གླུ་བཞུགས། ཧྲཱིཿ ཀ་དག་སྐྱེ་མེད་ཐིག་ལེ་ཉག་གཅིག་གཤིས། །ཁ་སྦྱོར་བདེ་ཆེན་རོལ་མོས་དགྱེས་པའི་སྤྲིན། །ག་ལ་བ་དེར་བསྟི་བའི་རང་སྣང་ཞིང༌། །ང་བདག་འཛིན་བྲལ་གཉུག་མ་ཆོས་ཀྱི་སྐུར། །ཅ་ག་གཉིས་སྣང་རྟོག་པས་མི་ཕྱེད་པའི། །ཆ་ལུགས་ཅིར་སྣང་རྒྱན་ཤར་རྡོ་རྗེའི་སྤྲིན། །ཇ་རིལ་མཆོད་དང་མཆོད་བྱ་མཉམ་པ་ཆེར། །ཉ་གང་ཟླ་ལྟར་བླ་མེད་མཆོད་པས་བརྔན། །ཏ་ཎ་ག་ཎའི་གསང་སྤྱོད་ལམ་གྱི་གྲོགས། །ཐ་དད་ཉེར་བཞི་རྡོ་རྗེའི་གནས་ཡུལ་སྐྱོངས། །དཱ་ནའི་རྩེར་སོན་བདེ་སྟོང་དགའ་བཞིའི་བསང༌། །ན་མར་སྟོབ་བོ་གཟུང་འཛིན་དབུ་མར་ཟླུམ། །པ་ལ་ཤ་ལྟར་འཇམ་པའི་གཡར་དམ་གྱིས། །ཕ་རོལ་བྱང་ཆུབ་བར་དུ་རྗེས་སྐྱོངས་གྲོགས། །བ་མཆོག་ལྟ་བུའི་འདོད་དགུའི་གྲུབ་པའི་གཏེར། །མ་གཅིག་ལྷ་མོ་ལ་སོགས་གནས་གཏེར་བདག །ཙ་མ་ར་ལྟར་དག་མཉམ་ཏིང་འཛིན་གྱིས། །ཚ་ངར་མཐུ་ཡི་ཕྲིན་ལས་མྱུར་བསྐུལ་ཕྱིར། །ཛ་ཧུའི་རྒྱུན་ལྟར་འདོད་ཡོན་དགྱེས་སྟོབ་ན། །ཝ་ལེར་དགྱེས་ཞལ་ཟླ་བའི་སྣང་བས་སྐྱོངས། །ཞྭ་ལམ་རབ་འབྱམས་སྨྲ་བའི་སེང་གེ་དང༌། །ཟ་ཧོར་མཁན་དངོས་རྒྱལ་ཚབ་ཆོས་ཀྱི་རྗེས། །འ་འུར་རྣམ་ཐར་སྙན་པའི་བ་དན་ནི། །ཡ་མཚན་སྲིད་ཞིའི་བླ་ན་གསལ་བར་མཛོད། །ར་བ་གངས་རིའི་བསྟན་པའི་སྙིང་པོའི་སྲོག །ལ་འུར་གདོད་མར་དབུགས་འབྱིན་ཐེག་མཆོག་གིས། །ཤ་ཁྲག་འོད་དུ་དེངས་བའི་གྲུབ་པ་ཆེའི། །ས་འདིར་འགེངས་བའི་དགེ་མཚན་སྒོ་འཕར་ཕྱེས། །ཧ་རིའི་ཚལ་ན་འགྲོགས་པའི་ལྗོན་བཟང་བཞིན། །ཨ་ཏིའི་སྲོལ་འཛིན་བསྟནྃ་གཉིསྃ་དརྃ་རྒྱསྃ་གླིངྃ༌། །ཨ་ཧོ་རིག་གྲོལ་སྤང་ཀློག་རྣམ་ཐར་འབུམ། །ཧ་སྱ་དགྱེས་པས་སྒེག་པ་ལྟ་བུར་མཛོད། །ཨི་ཤྭ་ར་སོགས་རྡོ་རྗེའི་ཆོས་སྲུང་ལས། །ཨུ་རྒྱན་བླ་མའི་བཀའ་ཡི་འབངས་བདག་ཀྱང༌། །ཨེ་མ་དགྱེས་པའི་སྣང་བ་གསར་པ་ཡིས། །ཨོ་ཌིའི་ཞིང་སོགས་ཉུལ་ལ་གནང་བ་སྩོལ། །བཀྲ་ཤིས་བླ་མེད་རྟག་པ་དམ་པའི་སྤྲིན། །མི་ཟད་ཕན་བདེའི་ནོར་བུའི་གཏེར་གྱི་དབྱིག །བརྟན་གཡོའི་ཁམས་ལ་བཞད་པ་ལྟར་གྱུར་ནས། །དགེ་མཚན་མཆོག་གིས་སྲིད་གསུམ་མཛེས་གྱུར་ཅིག །ཅེས་པའང་མདོ་ཁམས་ས་ཡི་ཐིག་ལེ་གསང་ཆེན་བསྟན་པའི་འབྱུང་གནས་འོག་མིན་བླ་མའི་གདན་ས་ཞེ་ཆེན་ཡང་དབེན་རབ་འབྱམས་སྨྲ་བའི་དབང་པོའི་གཟིམ་སྤྱིལ་དུ་བསྟི་བའི་སྐབས་རྒྱལ་ཁམས་ཀྱི་སྤྲང་འཁྱལ་ཨཀྵ་ར་མ་ཧཱ་ཡ་ནཱ་དྷྭ་ཛས་བྲིས་པ་དགེ་ལེགས་འཕེལ། ༈ སྣང་སྲིད་བདེ་ཆེན་ཕུག་པའི་བསང་ལྷ་རྫས་འདོད་དགུའི་སྤྲིན་ཕུང་བཞུགས། ཧྲཱིཿ ཀ་མ་ཡི་མདངས་འཛིན་ལྷ་སྨན་ཆེའི། །ཁང་བཟང་བཀོད་པས་བཟུང་བའི་བདེ་ཆེན་ཕུག །ག་ཎའི་འདུ་ཁང་ངོ་མཚར་གནས་མཆོག་བདག །ང་ཡིས་འབོད་དོ་མཆོད་པའི་མགྲོན་ལ་གཤེགས། །ཅ་ག་ལྷ་རྫས་ཁང་བཟང་འབྱོར་པའི་རིགས། །ཆང་ཕུད་དཀར་མངར་ཞལ་ཟས་མཁོ་དགུའི་སྤྲིན། །ཇ་དར་རྟ་ནོར་སྲོག་ཆགས་འདོད་ཡོན་གཏེར། །ཉམས་དགའ་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ། །ཏ་ལའི་སྨན་ཤིང་བདུད་རྩིའི་ཟིལ་པའི་སྤྲིན། །ཐ་དད་ཚོགས་དྲུག་སིམ་སྟེར་ཇི་འདོད་རྒྱུན། །དད་དང་དམ་ཚིག་གཙང་མས་ལེགས་འབུལ་བས། །ན་ཚོད་གཞོན་ནུའི་དགྱེས་ཞལ་འཛུམ་པས་སྐྱོངས། །པ་ར་མི་ཏ་གཞན་ཕན་བྱང་སེམས་ཀྱིས། །ཕ་རོལ་སྲིད་པར་འཕྱན་པའི་འགྲོ་སྒྲོལ་ཆེད། །བ་མཆོག་ལྟ་བུའི་ལས་བཞིའི་ཕྲིན་ལས་ཚོགས། །མ་ལུས་བཅོལ་བ་ཙམ་གྱིས་སྒྲུབ་ཤིག་ཀྱཻ། །ཙཱ་རི་གཉིས་པ་གནས་མཆོག་དབེན་པ་འདིར། །ཚལ་ན་རྒྱུ་བའི་རི་དྭགས་བཞིན་བརྟེན་པའི། །ཛ་ཡའི་རྗེས་འཇུག་རྣལ་འབྱོར་སྒྲུབ་པ་པོ། །ཝཱ་ར་ཧི་དངོས་མ་གཅིག་ཁྱོད་ཀྱིས་སྐྱོངས། །ཞྭ་ལྟར་དཀོན་མཆོག་བཀུར་བའི་སྦྱིན་བདག་ཚོགས། །ཟ་མ་ཏོག་ལྟར་འདོད་དགུའི་ཕན་བདེའི་སྐྱེམས། །འ་འུར་འདིར་སྣང་འཁྲུལ་པས་མི་བསླུ་བར། །ཡ་མཚན་དགེ་བཅུའི་དཔལ་ལ་གཞོལ་བར་མཛོད། །རབ་མཛེས་ཐུབ་བསྟན་འཛིན་མཁས་འདུས་པའི་ཚོགས། །ལམ་བཟང་གསན་བསམ་སྒོམ་པ་མཐར་སོན་ཏེ། །ཤ་ཤ་དྷཱ་རའི་ལང་ཚོས་དྲེགས་པ་བཞིན། །ས་བཅུ་མཐར་སོན་སྲིད་པ་མིང་མེད་མཛོད། །ཧ་རིའི་བསང་སྤྲིན་མཆོག་གིས་བདེ་བ་ཆེའི། །ཨ་ཧཾ་བཅུ་དྲུག་འཕོ་མེད་དགའ་བའི་སྡུག །རྡོ་རྗེ་བཙུན་མོའི་ཀློང་དུ་རྟག་རོལ་པས། །འཁོར་འདས་རང་གྲོལ་ཡེ་སངས་ཡེ་གྲོལ་མཛོད། །ཅེས་པའང་རང་གི་ཐོག་སྒོའི་དབེན་གནས་བཟང་ལུང་བྲག་ཕུའི་གནས་ཀྱི་རྒྱལ་པོའི་ཚོགས་དགྱེས་པ་བསྐྱེད་ཕྱིར་མངྒ་ལས་སོ།། ༈ སྣང་སྲིད་བདེ་ཆེན་ཕུག་པར་བསྔགས་པའི་རོལ་མོ་བསམ་གཏན་གྲུབ་པའི་རྣ་རྒྱན་བཞུགས། མང་མང་སྲས་བཅས་རྒྱལ་ཀུན་དགྱེས་པའི་ཡེ་ཤེས་སྣ་ཚོགས་ཤིང་རྟའི་འགྲོས། །ཡང་ཡང་སྲིད་པའི་འགྲོ་ལ་རྗེས་ཆགས་སྙིང་རྗེའི་མངལ་ཁུར་གྱིས་དུད་བཞིན། །མཚར་མཚར་སྒྱུ་འཕྲུལ་རྡོ་རྗེའི་གྲུ་ཆར་གངས་ལྗོངས་གདུལ་བྱའི་དཔྱིད་གྱུར་པའི། །མཛེས་མཛེས་མཁས་གྲུབ་ཡོངས་ཀྱི་སྤྱི་མེས་ཁྱབ་བདག་རྣམ་གསུམ་རྒྱལ་གྱུར་ཅིག །རབ་དཀར་བསོད་ནམས་བྱེ་བའི་འབབ་སྟེགས་རྒྱལ་ཀུན་རྗེས་བསྔགས་དབེན་པའི་ལྗོངས། །རབ་མཛེས་ཡིད་འཕྲོག་བཀོད་པས་ཆེས་བཀྲ་སྣང་སྲིད་བདེ་ཆེན་འཆར་བའི་ཞིང༌། །རབ་སྙན་ངག་གི་ཉམས་འགྱུར་དུ་མའི་བསྟོད་པའི་མེ་ཏོག་གིས་བརྒྱན་པས། །རབ་ཏུ་ཐར་པ་རྩེ་གཅིག་འདོད་པའི་སྐལ་བཟང་བསྐུལ་བའི་མགྲིན་གླུ་དངོས། །ཀིངྴུའི་མདངས་འཛིན་བྲག་དམར་ཕ་གུ་བརྗིད་པར་བརྩེགས་པའི་ཁོར་ཡུག་ཏུ། །ཁུ་བྱུག་མྱོས་པའི་དབྱངས་སྙན་སྒྲོགས་བཞིན་རྩེན་པའི་ལྷ་ཤིང་ཕྲེང་བ་བསྟར། །གེ་སར་ངོམས་པའི་མེ་ཏོག་གིས་ཁེབ་ནེའུ་སེང་དར་བས་མདུན་བརྡར་བའི། །ངོ་མཚར་དབེན་གནས་བལྟ་ན་སྡུག་འདི་སྐབས་གསུམ་གྲོང་གི་དགའ་ཚལ་བཞིན། །ཅི་ནས་མཉེན་ལྷུག་ཡལ་འདབ་རབ་རྒྱས་ནཱིཙྪ་ལ་ཡི་ལྡིང་ཁང་འོག །ཆུ་རྒྱུན་དྭངས་བསིལ་ཕྱོགས་ཀུན་ཁེབ་པ་ལྷུང་ལྷུང་སྙན་པའི་རྒྱུད་མང་གིས། །ཇེ་ཞིག་མ་ཡིན་ད་ལྟ་ལ་འུར་ཐར་པར་བསྐུལ་བའི་བརྡ་ཐབས་བཅས། །ཉོ་ཚོང་སོ་ནམ་འདིར་སྣང་རྙེད་བྲལ་དམ་ཆོས་ངང་འཕེལ་ལྗོངས་ཡངས་པར། །ཏི་ཕུ་འཇོལ་མོ་བྱམས་པའི་སྒྲོགས་འུར་བག་ཕེབས་བསྟེན་པའི་གནས་གྱུར་ཅིང༌། །ཐུ་བོ་འཕགས་པའི་རྣམ་ཐར་ལྟར་མཛེས་རི་སྐྱིལ་མདུན་དུ་དལ་གྱི་དཀྱུ། །དེས་པའི་སྤྱོད་ལྡན་བརྟན་བརྗིད་ལྗོན་ཤིང་གར་སྟབས་གཡོ་བའི་ཕྲེང་བ་ཅན། །ནོར་བུའི་དབྱིབས་འཛིན་ལྷུན་ཆགས་རི་བོ་ན་བུན་བསྐྱོད་པའི་མགུལ་ཆིངས་བཀྲ། །པིར་གྱིས་བྲིས་ལྟར་རྣམ་བཀྲའི་རྒྱུ་སྐར་འོད་ཟེར་སྟོང་གི་དྲྭ་བ་ཡི། །ཕུ་ན་བརྟན་བརྗིད་ཀེ་ལ་ཤ་རིར་འཁྱུད་པའི་ལང་ཚོའི་ཉམས་འགྱུར་བཅས། །བཻ་ཌཱུའི་མདངས་འཛིན་དབང་སྔོན་ལ་ཐོད་འཆིང་དང་ཆབས་ཅིག་ཆར་སྤྲིན་གྱི། །མོས་པ་དོན་ཡོད་དབེན་གནས་རྣལ་འབྱོར་སྐྱོ་བར་དོགས་ཏེ་བཀྲམ་པ་བཞིན། །ཙིཏྟའི་བཀོད་པ་རང་བྱུང་ཕུག་མཛེས་རྡོ་རྗེའི་ནེའུ་ཚང་མཐོན་པོའི་དཀྱིལ། །ཚུ་རོལ་སྐྱེ་བོས་བགྲོད་པར་དཀའ་ཡང་བསམ་གཏན་འདོད་པའི་སྐྱེས་བུ་ལ། །ཛེ་ཏའི་ཚལ་སོགས་ཐུབ་པའི་གནས་བཞིན་ཉམས་རྟོགས་དཔལ་གྱི་ ཡོན་ཏན་རྒྱུན། །ཝོ་ཛི་ནས་ཀྱང་སྨྲ་བར་ནུས་མིན་དཀྱིལ་འཁོར་འདུས་པའི་གནས་འདིར་སྟེར། །ཞིང་དེར་བསྟི་ལ་དགྱེས་པས་སྐྱོངས་བའི་དཀར་ཕྱོགས་ལྷན་ཅིག་སྐྱེས་པའི་གཙོ། །ཟུ་ལེ་སྨན་སོགས་བརྟན་མའི་གཙོ་བོ་མ་གཅིག་རོལ་པའི་བརྡ་ཐབས་ཀྱིས། །འེ་ཞེས་བོས་པའི་རྟེན་འབྱུང་ལས་ཤར་སྔོན་བྱོན་གྲུབ་དབང་གདན་སའི་མཐིལ། །ཡོ་གི་བདག་ཀྱང་བརྟེན་པས་ཚིམ་པའི་གྲུབ་གཉིས་དཔལ་ཡོན་ཅིར་ཡང་བྱིན། །རི་ཀླུང་ཀུན་ཏུ་གཡུ་ཤུག་ཚང་ཚིང་ཟིལ་པའི་དོགས་པས་བརྒྱན་པའི་གུར། །ལུ་མའི་ཚལ་དུ་གསེར་གྱི་གཡེར་ཁ་ལྟར་མཛེས་ཤང་དྲིལ་མེ་ཏོག་རྒྱས། །ཤེ་མུན་ལྟར་མནན་ཁྲོས་པའི་གཅན་ཟན་རྒྱུ་བའི་སྲང་དུ་ལེགས་གྱུར་ཅིང༌། །སོས་ཀའི་དུས་བཟང་སྟེང་འཐུང་རབ་དཀར་ཟླ་ཞུན་བྱུག་པ་ཁེངས་པ་བཅིལ། །ཧི་མ་ལ་སོགས་རྡོ་རྗེའི་གནས་བཞིན་སྐུ་གསུམ་བཀོད་པའི་ཕུག་པ་ཅན། །ཨུ་རྒྱན་ཡུལ་ཕྱོགས་བདེ་ཆེན་ཞལ་རས་ཀུན་ཏུ་ཕྱོགས་པའི་ཉམས་འགྱུར་ཅན། །ཧེ་རུ་ཀ་དཔལ་དགྱེས་པའི་གྲོང་བཞིན་དྷཱ་ཀིའི་སྒྲུབ་གནས་ཡོན་ཏན་རྫོགས། །ཨོ་ཌི་ཡཱ་ན་མཚོ་སྐྱེས་རྒྱལ་བས་བསྔགས་པའི་གནས་ལ་ཅོ་འདྲི་བར། །རྣམ་དག་ངེས་འབྱུང་རླུང་གིས་བར་མེད་བསྐུལ་བའི་ཁྱེའུ་ཆུང་མངྒ་ལ། །རྣམ་རིག་བ་དན་དབང་མེད་བསྐྱོད་པས་གྲུབ་པའི་བསྟི་གནས་དེར་བརྟེན་ཏེ། །རྣམ་གྲོལ་བྱང་ཆུབ་སྙིང་ལ་འཁྱིལ་པའི་སྒྲུབ་པའི་དམ་བཅའ་བཟུང་བའི་ཚེ། །རྣམ་མང་ཡོན་ཏན་སྙན་ངག་གསེར་གྱི་དྲྭ་བ་འཕྱང་བས་བརྒྱན་པའི་མཐུས། །དགེ་ལེགས་ཕན་བདེའི་ཨུཏྤལ་གསར་པའི་ལང་ཚོའི་ཟིལ་མངར་འབུམ་གྱི་གཏེར། །དགེ་བཅུའི་ཡལ་འདབ་ཡངས་པའི་ར་བ་ལྗོངས་འདིར་ཀུན་ནས་ཁེངས་བཞིན་དུ། །དགེ་མཚན་ཐུབ་བསྟན་ཀེ་ས་ར་ཡི་འཛུམ་ཕྲེང་ལུང་རྟོགས་འཇོ་སྒེག་ཀྱིས། །དགེ་བར་བྱས་པས་རང་གཞན་དོན་གཉིས་ལྷུན་རྫོགས་འབྲས་བུའི་སར་ཕྱིན་ཤོག །ཅེས་པའང་རང་ཉིད་ཀྱི་ཐོག་མའི་དབེན་གནས་བྲག་ཕུག་གི་དགའ་ཚལ་རྡོ་རྗེའི་ཀེའུ་ཚང་གི་བྱ་སྐྱིབས་སྣང་སྲིད་བདེ་ཆེན་ཕུག་པར་སྤང་བ་བསམ་གཏན་པའི་ཁུར་དུ་གནས་པའི་ཚེ་ཁྱེའུ་གཞོན་ནུ་བཀྲ་ཤིས་དཔལ་འབྱོར་གྱིས་བགྲང་བྱའི་ཕུང་པོ་ཕྱོགས་ལ་ཀླུའི་བརྒྱན་པའི་སྐབས་བྲིས་པ་དགེ ༈ རང་བྱུང་ནམ་མཁའ་ཕུག་གི་གནས་བསང་གྲུབ་གཉིས་སྤྲིན་གྱི་རོལ་མོ་བཞུགས། ཧྲཱིཿ ཀ་དག་མི་ཤིགས་བློ་འདས་གཉུག་མའི་གཤིས། །ཁ་སྦྱོར་བདེ་ཆེན་ངེས་པ་ལྔ་ལྡན་པའི། །ག་ཎ་མཎྜལ་ངོ་མཚར་གནས་ཀྱི་བདག །ང་ཡིས་འབོད་དོ་མཆོད་པའི་མགྲོན་ལ་གཤེགས། །ཅ་ག་ལྷ་རྫས་བཀོད་པའི་འདོད་ཡོན་སྤྲིན། །ཆ་ལུགས་ངོ་མཚར་བལྟ་ན་སྡུག་པའི་རྫས། །ཇ་ཆང་ཞིམ་མངར་སྐྱེམས་ཀྱི་ཕུད་འཁྱིལ་བཞིན། །ཉ་གང་ཟླ་བའི་མདངས་འཛིན་གཏོར་མས་བརྔན། །ཏ་ཐཱ་ག་ཏ་གྲུབ་དབང་ནམ་མཁའི་མཚན། །ཐ་ཚིག་གཉན་པོའི་ཡལ་གམ་མ་བསྙེལ་བར། །ད་ལྟ་གནས་འདིར་སྒོམས་པའི་རྣལ་འབྱོར་ལ། །ན་ཚོད་གཞོན་ནུའི་དགྱེས་ཞལ་འཛུམ་པས་པས་སྐྱོངས། །པ་ར་མི་ཏ་བདེ་ཆེན་རིག་པའི་ཀློང༌། །ཕ་མཐའ་ཡས་པའི་ཞིང་ཀུན་ལྷུན་རྫོགས་གནས། །བ་མཆོག་ལྟ་བུའི་གྲུབ་གཉིས་མྱུར་སྩོལ་ལ། །མ་དག་མནོལ་བཙོག་སྲིད་ཀུན་དབྱིངས་སུ་བསང༌། །ཙཱ་རི་དངོས་སྣང་ངོ་མཚར་གྲུབ་པའི་གནས། །ཚ་གྲང་སྙོམས་པའི་ཏིང་འཛིན་ངང་འཕེལ་རིར། །ཛ་ཡ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ། །ཝ་ལེར་དག་མཉམ་རོལ་པའི་ཕྱག་གིས་བཏུད། །ཞྭ་ལྟར་བཀུར་འོས་རྣལ་འབྱོར་གྲུབ་པའི་ཁྱུ། །ཟ་འདོད་ཁྱིམ་སྤང་སྡོམ་བརྩོན་འཕེལ་ཞིང་རྒྱས། །འ་འུར་ངེད་ཅག་སྦྱིན་བདག་འཁོར་དང་བཅས། །ཡ་མཚན་ཕན་བདེའི་མངའ་ཐང་དར་བར་མཛོད། །ར་བ་བྲག་རིའི་ལ་ཐོད་འཆང་བ་ཡི། །ལ་ཀླུང་དབང་བྱེད་གནས་བདག་དཀར་ཕྱོགས་ཚོགས། །ཤ་ཟ་འབྱུང་པོའི་གནོད་པའི་སེམས་ཞི་སྟེ། །ས་བཅུའི་གཞི་མ་བྱང་ཆུབ་སེམས་ལྡན་ཤོག །ཧ་རིའི་ངད་སྤྲིན་བསང་གི་དགའ་སྟོན་གྱི། །ཨ་ཧོ་དགྱེས་པའི་གནས་མགྲོན་དམ་ཚིག་སྐྱོངས། །མཐར་ཐུག་རོ་གཅིག་མཉམ་ཉིད་གདོད་མའི་གཞིར། །སྐུ་གསུམ་ལྷུན་རྫོགས་བཙན་ས་ཟིན་གྱུར་ཅིག །ཅེས་པའང་གནས་མཆོག་དེ་ཉིད་དུ་བསྟི་བའི་སྐབས་བསང་རེ་ཕུལ་ན་ལེགས་པའི་ཚུལ་ཁྱབ་བདག་བླ་མ་འོད་གསལ་རྡོ་རྗེའི་བཀའ་བཞིན་རྗེས་སུ་སྒྲུབ་པའི་ཕྱིར་གཏད་མེད་ཀྱི་བྱིས་པ་མངྒ་ལས་སྤེལ་བའང་དོན་ལྡན་དུ་གྱུར་ཅིག ། ༈ རང་བྱུང་ནམ་མཁའ་ཕུག་ལ་བསྔགས་པ་རིག་སྟོང་གཉུག་མའི་རྒྱན་ཞེས་བྱ་བ། མང་མང་རྒྱལ་ཀུན་གསུང་གི་རྡོ་རྗེའི་དབྱངས་ཀྱི་རྒྱལ་མོའི་སྒྱུ་འཕྲུལ་སྤྲིན། །གསལ་གསལ་བློ་ཡི་སྣང་བ་འབུམ་ཕྲག་དྲན་པས་སྟེར་བའི་མཉྫུ་ཤྲཱི། །མཛེས་མཛེས་དགེ་བའི་བཤེས་ཀྱི་བཀོད་པ་དད་བརྒྱའི་མིག་ལ་ངོམས་པའི་དཔྱིད། །སྙན་སྙན་ཤིས་པའི་དབྱངས་ཀྱིས་བསྟོད་དེ་སླར་ཡང་ངེས་པའི་གཏམ་འདི་སྤྲོ། །ཀ་དག་ཐེག་མཆོག་སྒོམས་པའི་གནས་ཀྱི་དཔྱད་པ་རྫོགས་པའི་ངོ་མཚར་རིར། །ཁ་དོག་མཐོན་མཐིང་སྔོ་སངས་བུ་མོས་གདམས་ངག་ནུ་ཞོ་སྟེར་བཞིན་དུ། །ག་གཱའི་ཁྱོན་ཡངས་ཉི་ཟླའི་བགྲོད་པ་རིང་དང་རང་སྣང་ཐོད་རྒལ་གྱི། །ང་བདག་རྡོས་བཅས་འཆིང་བ་བསྙིལ་ཏེ་སྣང་བཞིའི་ལྟད་མོར་འབྱམས་སུ་ཀླས། །ཅ་ཅོས་མི་ཁྱིམ་རྒྱུ་འགྲུལ་ཀུན་བྲལ་ཤིན་ཏུ་སྟོང་པའི་རྫ་རིའི་རྩེར། །ཆ་ཤས་མངོན་མིན་ཉམས་འགྱུར་རྫོགས་པའི་ན་བུན་གོས་སུ་གྱོན་བཞིན་དུ། །ཇ་ཧང་མཐིང་སྔོན་སྤེལ་མའི་བྲག་དཀར་ལ་ཐོད་ལྟ་བུར་བརྗིད་པའི་མགུལ། །ཉ་ཟླས་འཁྱུད་པའི་ཁ་བའི་སྟོད་གཡོགས་དུས་བཞིའི་ཁྱོན་ཀུན་ཕལ་ཆེར་མཛེས། །ཏཱ་རེ་དགྱེས་པའི་གནྡྷོ་ལས་མཚོན་རི་གླིང་འདུས་པའི་བཀོད་པ་འབུམ། །ཐ་དད་མ་འདྲེས་བཀྲམ་པ་ལྟར་བུར་མཎྜལ་མཆོད་པའི་བསྟི་སྟངས་བཞིན། །ད་ལྟ་ཙམ་ལ་མ་ངེས་དུས་ཀྱི་ཉམས་འགྱུར་བྱེ་བའི་དགའ་སྟོན་ནི། །ན་མར་ངོམས་པས་སྐྱོ་བ་སངས་པའི་ལྟད་མོ་འབུམ་ཕྲག་བཤམས་པ་དངོས། །པ་སངས་ལ་སོགས་རྒྱུ་སྐར་ཚོགས་ཀྱང་འོག་ཏུ་བསྟི་བ་ལྟར་གྱུར་པས། །ཕ་མཐའ་ཡས་པའི་ལྷུན་པོའི་ཚོགས་རྣམས་རྒྱལ་ཕྲན་རྗེ་ལ་འདུད་པ་ལྟར། །བ་མོར་བཅས་པའི་དགུན་གྱི་རེག་བྱས་བསྡོམས་ཚེ་སུས་ཀྱང་མི་ཕྱིན་པ། །མ་རྒྱུད་གཏུམ་མོའི་ཆེ་བ་མཚོན་ཕྱིར་སྟོང་གསུམ་བྱེད་པོས་བཀོད་མིན་ནམ། །ཙཱ་རིའི་གནས་བཞིན་འཇིགས་ལ་ཟིལ་ཆེ་ཐ་མལ་སྐྱེས་བུའི་བསྟེན་དཀའི་གནས། །ཚ་གྲང་ཆ་སྙོམས་འདུ་བ་རྒྱུན་གཅོད་ཉམས་དགའ་རླུང་རིག་ངང་གིས་དྭངས། །ཛ་ཧུའི་རྒྱུན་འགྲན་གསེར་ལྡན་དལ་འགྲོ་མདུན་ནས་བསྐྱོད་དང་ཆབས་ཅིག་ཏུ། །ཝ་ལེར་ཞིང་ཀུན་བརྡལ་བའི་ན་བུན་དོ་ར་ལྟར་གྱུར་མདུན་ན་བཀྲམ། །ཞ་རེང་བགྲོད་མིན་ལྷུན་སྟུག་བྲག་རི་རྣམ་རྒྱལ་ལྷ་ཡི་ཁང་བཟང་ངོས། །ཟ་འོག་མདངས་འཕྲོག་འདབ་སྟོང་བཀོད་ལེགས་ཆོས་བཟང་འདུན་སའི་སྐྱིད་ཚལ་འགྲན། །འ་ཅག་བསྟི་འདོད་ལ་འུར་སྤྱོན་ཅེས་ལྕུག་ཕྲན་ལག་པའི་ཟློས་གར་བསྒྱུར། །ཡ་ཀིའི་ཚངས་གནས་འདིར་འཕོས་མིན་ནམ་ཁྱེད་མཚུངས་ཡོད་མེད་འཕྱང་མོ་ཉུག། །ར་བ་བྲག་གི་ངོས་ནས་གནམ་ཆུ་དར་དཀར་འཕྱར་བ་ལྟར་འབབ་ཅིང༌། །ལ་འུར་བསྐྱོད་པའི་སྤྲིན་གྱི་རྒྱུ་བ་ཕན་ཚུན་འགྲན་པ་བཞིན་གྱུར་ཏེ། །ཤ་མང་སུལ་ལྟར་ལུང་ཕྲན་ཚོགས་ཀུན་འཇའ་ཡི་དྲྭ་བ་འབྲེལ་བའི་མོད། །ས་ཀུན་ཆུ་མཚོ་ཉི་ཞུར་ན་བུན་ངེས་པ་མིན་པས་ཁེབས་པར་གྱུར། །ཧ་ཧར་རྒོད་མཚུངས་རྐྱང་མོས་ངུར་སྒྲས་ཁེངས་པར་བྱས་དང་ལྷན་ཅིག་པར། །ཨ་ཏིའི་དགོངས་པ་ངར་བསྐྱེད་འགྱུར་བའི་ཐབས་དང་བཅས་པའི་སྐད་ཅིག་ལ། །ཨ་ཧོ་རྡོ་རྗེའི་དོ་ཧའི་དབྱངས་སྙན་ཞིང་ཀུན་ཁྱབ་པའི་རོལ་མོ་ཅན། །ཧ་གླུ་དགྱེས་པས་བརྟེན་པའི་ཡོན་ཏན་ཆ་ཙམ་ལས་གཞན་སུ་ཡིས་བརྗོད། །རབ་མཛེས་འདན་ཤོད་དགེ་བཅུའི་གཡང་འཁྱིལ་ཟོ་དོར་ཡོངས་ཀྱི་རྒྱལ་པོའི་མགུལ། །རབ་ཏུ་མཉམ་པར་བཞག་པའི་ཁུར་འཆང་རྣལ་འབྱོར་བསྟེན་པའི་ལག་རྗེས་སུ། །རབ་སྙན་བསྟོད་པའི་གླིང་བུ་འདི་ཡང་སོར་བཅུའི་གར་གྱིས་འཁྲོལ་གྱུར་ན། །རབ་དགའི་ཐར་འདོད་སྐལ་བཟང་གྲུབ་པས་ས་དེར་ཁེངས་པ་ལྟར་གྱུར་ཅིག །ཅེས་པའང་སྤྲིན་དཀར་གདན་དུ་འདིང་བའི་གནས་མཆོག་དེ་ཀའི་མགུལ་དུ་བསྟི་བའི་སྐབས་གཅེར་ཉལ་མཁན་མངྒ་ལས་ངག་གི་རོལ་མོ་ཅུང་ཟད་འཁྲོལ་པའི་སུག་རྗེས་ལགས་སོ། ༈ ཡང་དབེན་ཕྱག་འཚལ་སྒང་གི་གནས་བདག་སྤྱིའི་བསང་བཀྲ་ཤིས་གྲུབ་གཉིས་སྤྲིན་ཆེན་བཞུགས། ཨོཾ་སྭ་སྟི་སིདྡྷཾ། གྲུབ་དབང་དམ་པ་སངས་རྒྱས་ཀྱི་སྒྲུབ་གནས་ཡང་དབེན་ཆེན་པོའི་གནས་བདག་མཆོད་པར་འདོད་པས་གཏོར་མ་གསེར་སྐྱེམས་བསང་སོགས་གཙང་སྦྱར། དམེ་ནལ་ཤ་ཁྲག་གིས་མ་གོས་པར་སྟ་གོན་དུ་བྱས་པ་བྱིན་རླབས་སྔོན་དུ་འགྲོ་བས། ཧཱུྃ་ཧྲཱིཿ ཀ་དག་མི་ཤིགས་རིག་སྟོང་གཉུག་མའི་རྩལ། །ཁ་དོག་འོད་ལྔའི་དྲྭ་བ་ཕྱིར་གསལ་གདངས། །གང་སྣང་བདེ་ཆེན་དག་པ་རབ་འབྱམས་ཞིང༌། །ང་བདག་འཛིན་བྲལ་ངོ་མཚར་དབེན་གནས་བདག །ཅ་ཅོ་སྙན་པའི་དབྱངས་ཀྱིས་དེང་འབོད་ན། །ཆས་བཟང་དགྱེས་ཞལ་སྟོན་ཟླའི་ཡིད་འཇོ་བས། །ཇ་ཆང་གཏོར་མའི་དགའ་སྟོན་ལེགས་རོལ་ཕྱིར། །ཉ་གང་ཟླ་བ་པདྨོའི་གདན་ལ་བཞུགས། །ཏ་ཐཱ་ག་ཏའི་གདུང་འཛིན་ཀ་མ་ལའི། །ཐ་ཚིག་ཡལ་གམ་དུས་སུ་མ་བསྙེལ་པས། །དག་མཉམ་ཏིང་འཛིན་རོལ་པས་དམ་བསྲེ་ན། །ན་མར་གུས་པའི་ཕྱག་གིས་བཏུད་པར་དགྱེས། །པ་ར་མི་ཏ་བྱང་ཆུབ་སྤྱོད་པ་ཆེས། །ཕ་རོལ་བསྟན་འགྲོ་དབུགས་འབྱིན་ལྷག་བསམ་གྱིས། །བས་མཐའི་ཡང་དབེན་ཉུལ་བའི་རྣལ་འབྱོར་པ། །མ་བུ་བཞིན་དུ་གནས་མགྲོན་གཉེར་ཁས་སྐྱོངས། །ཙཱ་རུའི་བཟའ་བ་ལ་སོགས་མཁོ་རྒུའི་རྫས། །ཚ་གྲང་སྡུག་བསྔལ་ཞི་བྱེད་ཁྲུས་སྨན་བསང༌། །ཛ་ཧུའི་རྒྱུན་ལྟར་དངོས་དང་ཏིང་འཛིན་ལས། །ཝ་ལེར་སྤྲོ་བས་རྟག་ཏུ་དགྱེས་སྤྱོད་ན། །ཞྭ་གོས་འདུ་འཛིའི་སྒྲོག་ལས་མངོན་གྲོལ་ཏེ། །ཟ་འདོད་རེ་དོགས་རང་ཟད་རིག་པའི་ཀློང༌། །འ་འུར་བློ་བུར་རྟོག་པའི་སྤྲིན་ཕུང་གཏིབས། །ཡ་མཚན་མཆོག་དངོས་གྲུབ་པའི་སྡོང་གྲོགས་སྐྱོངས། །རབ་རིབ་གཉིས་སྣང་སྦུབ་ལས་རྣམ་གྲོལ་གཤིས། །ལམ་ལྔ་ལྷུན་རྫོགས་ངེས་དོན་ཀུན་བཟང་ཀློང༌། །ཤ་ཤ་དྷཱ་རའི་དཀྱིལ་འཁོར་རྫོགས་པ་བཞིན། །ས་བཅུ་མཐར་སོན་ཁྱད་ཆོས་དྲུག་ལྡན་མཛོད། །ཧ་ཧ་བདེ་ཆེན་དགྱེས་པའི་གར་དང་བཅས། །ཨ་ཏི་ཐེག་མཆོག་སྒོམ་པའི་རྣལ་འབྱོར་པ། །ནམ་མཁའི་རྣལ་འབྱོར་དགོངས་པའི་སྲོག་ཐོབ་སྟེ། །དོན་གཉིས་ལྷུན་གྲུབ་དགེ་མཚན་འཕེལ་གྱུར་ཅིག །ཅེས་པའང་ཡུལ་གྱི་དགེ་བཅུ་གཡང་དུ་འཁྱིལ་བའི་གནས་དེ་ཉིད་དུ་སྒྲུབ་པ་ལ་གཞོལ་བའི་སྐབས་ཀུ་སཱ་ལི་མངྒ་ལས་སྤེལ་བ་དགེ་མཚན་ཅུང་ཟད་དང་བཅས་པའོ། ༈ སྨད་ཤོད་ཡུལ་ལྷ་སྤྱིའི་བསང་བཀྲ་ཤིས་ལྷ་ཡི་རྔ་སྒྲ་བཞུགས། ཨོཾ་སྭ་སྟི། གཙང་མའི་གནས་སུ་གསེར་སྐྱེམས། གཏོར་མ་དཀར་དམར། བསང་ཕྱེ། འབྲུ་སྨན། དར་ཟབ། རིན་ཆེན་ཕྱེ་མས་སྤེལ་བ་བདུད་རྩི་ཅན་གྱི་ཤིང་སྣའི་དུད་པ་ལ་མེར་བསྲེག་ཆབ་ཀྱི་བྲན་ཏེ། རང་ཉིད་ལྷ་ཡི་ང་རྒྱལ་ལ་གནས་པས་རྔ་རོལ་དབྱངས་དང་བཅས་ཏེ། ཀྱཻ། ཡུལ་ནི་མདོ་ཁམས་སྨད་ཀྱི་ཆར། །དབང་བྱེད་ཡུལ་ལྷའི་གཙོ་བོ་ནི། །སྒང་དྲུག་གཞི་བདག་བཅུ་གཉིས་དང༌། །ཆུ་བཞིའི་དགེ་བསྙེན་ཆེན་པོ་བཞི། །ཁྱད་པར་ཤོད་ཆེན་བཞིའི་ཡ་གྱལ། །གནས་དང་གནས་ཆེན་ཕྲེང་བ་བསྟར། །རི་ཀླུང་ཟབ་མོ་གཏེར་གྱི་བཀང༌། །ཆོས་ཀྱི་རྒྱལ་པོ་འཕགས་པ་དང༌། །ཟབ་གཏེར་རིག་འཛིན་དུ་མ་ཡིས། །བྱིན་བརླབས་ངོ་མཚར་སྨད་ཤོད་ཀྱི། །ཡུལ་ལ་དབང་བྱེད་དགེ་བསྙེན་ཆེ། །རྡོ་རྗེ་མུ་ནམ་སྐུ་མདོག་དཀར། །དར་དཀར་ཤེལ་དཀར་ཤེལ་རྨོག་གསོལ། །མདུང་དར་ནོར་བུ་ཕྱག་ན་བསྣམས། །མཆེད་བརྒྱད་བཙུན་མོ་བློན་འཁོར་བཅས། །གཞན་ཡང་ཡུལ་དེར་གནས་པ་ཡི། །ང་འདྲ་མཆེད་བརྒྱད་འཛུམ་གཙང་དཀར། །ཛམ་གྱི་བྱ་དཀར་བྱ་དམར་སོགས། །ཕུ་མདའ་ཉིན་སྲིབ་རི་ཀླུང་མཚོ། །གངས་བྲག་ཤིང་ལ་གནས་པ་ཡི། །ཡུལ་སྐྱོང་གཉན་པོ་ཐམས་ཅད་ལ། །གཏོར་མ་གསེར་སྐྱེམས་ཕུད་མཆོད་དང༌། །གཙང་ཕྱེ་དཀར་དམར་འབྲུ་སྨན་དར། །འདོད་དགུའི་མཆོད་སྤྲིན་འབད་མེད་དུ། །འཆར་བའི་བདུད་རྩིའི་ཤིང་གི་ཚོགས། །མེ་དང་སྦྱར་བའི་དུད་སྤྲིན་གྱིས། །སྤོས་ཀྱི་ངད་ལྡང་རྨུག་པ་བསངས། །ཐུགས་ལ་ཅི་བཞེད་འབྱུང་བའི་དཔལ། །ལྷུན་གྱིས་གྲུབ་པའི་གཏེར་ཆེན་པོའི། །དཀར་ཕྱོགས་ཡུལ་ལྷའི་ཚོགས་ཀུན་བརྔན། །ཉམས་གྲིབ་མནོལ་བཙོག་ཐམས་ཅད་བསང༌། །སྐུ་གསུང་ཐུགས་ལ་དགྱེས་པ་བསྐྱེད། །ནག་ཕྱོགས་འདྲེ་སྲིན་གློ་བུར་ལྷགས། །ཀུན་ལ་ཚིམས་བྱེད་གསུར་མཆོད་ཀྱིས། །བུ་ལོན་ཤ་འཁོན་ལན་ཆགས་བྱང༌། །ལྷ་སྲུང་མི་དང་མི་འབྲལ་བའི། །གནས་མགྲོན་དམ་ཚིག་མ་གཡེལ་བར། །སྲུང་སྐྱོབ་ཅི་འདོད་ཕྲིན་ལས་སྒྲུབས། །འཁོན་དང་སྒྲིབ་པ་ཐམས་ཅད་ཞི། །ཁྱེད་རྣམས་མཆོད་ཅིང་བསྟོད་པའི་དུས། །ནད་གདོན་བར་ཆད་འགལ་རྐྱེན་སོལ། །ཚེ་དཔལ་བསོད་ནམས་དབང་ཐང་དང༌། །རླུང་རྟའི་དཔལ་བསྐྱེད་ཅི་འདོད་འགྲུབ། །དགྲ་གདོན་བགེགས་ཀྱི་གནོད་པ་སྐྱོབས། །ལེགས་དང་སྤྲོད་ལ་ཉེས་ཀུན་བསྣོལ། །ཉིན་སྲུང་མཚན་སྐྱོབས་མ་གཡེལ་བར། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཅེས་པའང་རྣམ་པར་དཀར་བའི་ལས་སྨོན་ཅན་སྡེ་དགེ་ཕུ་མ་ཚང་རིན་ཆེན་རྣམ་རྒྱལ་ནས་ཆེད་དུ་བསྐུལ་བ་བཞིན་རྒན་པོ་མངྒ་ལས་ཕན་སེམས་ཀྱི་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ། ༈ བདེ་ཆེན་པདྨ་ཤེལ་ཕུག་གི་གནས་ཀྱི་བསང་མཆོད་འོད་གསལ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས། ཀྱཻ། གཟོད་ནས་ཀ་དག་གཉུག་མའི་རྩལ། །ལྷུན་གྲུབ་ཡེ་ཤེས་རོལ་པའི་སྤྲིན། །སྒྲོན་མ་རྣམ་པར་བཀོད་པ་ལས། །སྐུ་གསུམ་ཞིང་ཁམས་བསམ་ཡས་པའི། །བྱེ་བྲག་མདོ་ཁམས་གྲུབ་པའི་ལྗོངས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །རྡོ་རྗེའི་གནས་ཆེན་ཉེར་ལྔ་ལས། །ཡོན་ཏན་གསུང་གི་གནས་མཆོག་སྟེ། །དུར་ཁྲོད་ཆེན་པོ་བསིལ་ཚལ་དང༌། །དཔལ་གྱི་མཆིམས་ཕུའི་ནགས་ཁྲོད་ཆེ། །དབྱེར་མེད་བྱིན་གྱིས་རླབས་པ་ཡི། །ངོ་མཚར་ཛམ་ལྷ་རིགས་ལྔའི་ཞིང༌། །བདེ་ཆེན་པདྨ་ཤེལ་གྱི་ཕུག །འོད་གསལ་སྤྲིན་གྱི་སྐྱེས་མོས་ཚལ། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་ཞིང༌། །རྟག་ཏུ་དགྱེས་བཞུགས་རྩ་གསུམ་ལྷ། །རབ་འབྱམས་བསམ་མི་ཁྱབ་ཀུན་དང༌། །གདོད་མའི་མགོན་པོ་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སེང་པདྨ་འབྱུང༌། །སྡེ་གསུམ་ཀློང་དགུ་ཆུ་བོ་བཞིའི། །བརྒྱུད་པ་དྲུག་ལྡན་བླ་མ་བསང༌། །ཞི་བ་རིགས་གཅིག་རིགས་གསུམ་ལྔ། །རིགས་བརྒྱ་དཔལ་ཆེན་ཚོམ་བུ་དགུ། །བདུན་བརྒྱ་ཉེར་ལྔ་ལ་སོགས་པའི། །ཡི་དམ་བཀའ་བརྒྱད་ལྷ་ཚོགས་བསང༌། །དབྱིངས་ཡུམ་ཕག་མོ་ཁྲོས་མ་ནག །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་སོགས། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་གྱི། །འབུམ་ཕྲག་ཡངས་པའི་ཌཱ་ཀི་བསང༌། །ཨེ་ཀ་ཛཱ་ཊི་རྡོ་རྗེ་ལེགས། །ཁྱབ་འཇུག་མ་ནིང་ཛམ་ལྷ་ལྔ། །རྒྱུད་གསུམ་དམ་ཅན་དྲེགས་པ་དང༌། །གནོད་སྦྱིན་ནོར་ལྷ་རྒྱ་མཚོ་བསང༌། །ཟབ་མོ་གཏེར་གྱི་བྱ་ར་བ། །ཛམ་གྱི་བྱ་དཀར་བྱ་དམར་ཞེས། །ལྷ་བཙན་བདུད་དང་ཀླུ་སྨན་ལྔ། །གནས་བདག་ཟོ་དོར་འཁོར་བཅས་བསང༌། །དེ་ཝི་ཀོ་ཊི་ཟིལ་ཁྲོམ་གཉན། །རྡོ་རྗེ་མུ་ནམ་ང་འདྲ་བརྒྱད། །དཔའ་བོ་ར་ཅོག་འཛུམ་དཀར་སོགས། །མཆོད་འོས་མགྲོན་གྱི་ཚོགས་ཀུན་བསང༌། །ཕྱི་ལྟར་བདུད་རྩི་ཅན་གྱི་ཤིང༌། །མེ་དང་སྦྱོར་བའི་སྤོས་སྤྲིན་ལས། །འདོད་ཡོན་ཟད་པ་མེད་འཕྲོ་བས། །རྡོ་རྗེའི་གནས་འདིར་བཞུགས་ཀུན་བསང༌། །ནང་ལྟར་རང་བྱུང་ལུས་ཀྱི་གྲོང༌། །ཁུ་རྡུལ་རླུང་གསུམ་དག་པའི་འགྲོས། །བདེ་སྟོང་དགའ་བཞིའི་འགྲོ་འོང་གིས། །གནས་ཡུལ་དཔའ་བོ་མཁའ་འགྲོ་བསང༌། །ངེས་དོན་ཆོས་སྐུ་དབྱིངས་ཀྱི་མཁར། །འོད་གསལ་ལྷུན་གྲུབ་རིག་པའི་གདངས། །སྣང་བཞིའི་སྒྲོན་མའི་མཆོད་སྤྲིན་གྱིས། །རང་སྣང་རྩ་གསུམ་དཀྱིལ་འཁོར་བསང༌། །དོན་དམ་གཙང་དམེའི་རྟོག་བྲལ་ཡང༌། །ཀུན་རྫོབ་སྒྱུ་མའི་སྣང་བའི་ཆར། །གཟུང་འཛིན་ཀུན་བརྟགས་གྲིབ་མནོལ་ཚོགས། །ཡེ་གྲོལ་ཁྱབ་བརྡལ་ཆེན་པོར་བསང༌། །གནས་འདིའི་སྒྲུབ་པའི་རིག་འཛིན་ལ། །ཀོ་ལོང་རུ་ང་མ་མཛད་པར། །རྟག་ཏུ་དགྱེས་པས་སྐྱོངས་བ་དང༌། །ས་ལམ་བགྲོད་པའི་གྲོགས་མཛོད་ཅིག །ཐུན་མོང་སྣོད་བཅུད་དགེ་ལེགས་འཕེལ། །སྐྱེ་དགུའི་ཡིད་སྣང་ཆོས་ལ་བསྒྱུར། །ཐུན་མིན་ཡེ་ཤེས་དགོངས་ཉམས་སྤོར། །གྲོལ་བ་དྲུག་གི་ཕྲིན་ལས་སྤེལ། །རྡོ་རྗེའི་གནས་མཆོག་འོག་མིན་ཞིང༌། །རྡོ་རྗེའི་བླ་མ་རྩ་གསུམ་ལྷའི། །རྡོ་རྗེའི་བྱིན་རླབས་ཆེན་པོ་ཡིས། །རྡོ་རྗེའི་ཡེ་ཤེས་བཙན་ཐབས་བསྐྱེད། །ཁྱབ་བརྡལ་ཆེན་པོའི་དགོངས་ཀློང་དང༌། །གཉིས་སུ་མེད་པར་བྱིན་རླབས་ཏེ། །རང་གྲོལ་ཀ་དག་གདོད་མའི་གཞིར། །འཇའ་ལུས་རྡོ་རྗེའི་སྲོག་གྲུབ་མཛོད། །ཅེས་པའང་སྔོན་སྨོན་བསྐལ་པ་བཟང་པོའི་རྟེན་འབྱུང་གིས་བསིལ་ལྡན་འཛིན་མའི་ཐིག་ལེར་འགྲན་ཟླ་དང་བྲལ་བའི་རང་བྱུང་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་སུ་བསྔགས་པ་དོན་དང་ལྡན་པ་དེར་གནས་འབྲེལ་གྱི་སྐབས་ཉེར་མཁོའི་དབང་གིས་འཇམ་མགོན་བླ་མ་དགྱེས་པའི་འབངས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པ་དགེ་ལེགས་ཀྱི་དཔལ་ཀུན་འཕེལ་ཞིང་རྒྱས་པའི་དཔལ་དུ་གྱུར་ཅིག །མངྒ་ལཾ། ༈ སྟག་ཚང་གནས་བསང་དཀར་ཕྱོགས་ལྷ་སྲུང་དགྱེས་པའི་རོལ་མོ་བཞུགས། ཀ་རུ་ཎི་ཀས་ཕྱག་མཚན་བཞེས་པའི་ཞིང༌། ཁ་བའི་ལྗོངས་སུ་བསྟན་འགྲོའི་དཔལ་སྤེལ་ཕྱིར། །ག་བུར་འཛིན་མཚུངས་མཚོ་སྐྱེས་བླ་མ་ཡི། །ང་ཡི་ཞིང་དུ་བདག་གིར་མཛད་མཆོད་ཕྱིར། །ཅ་ཅོ་སྙན་སྒྲོགས་གླུ་གར་རོལ་མོའི་དབྱངས། །ཆ་བྱད་མ་ངེས་ཕྱི་ནང་མཆོད་ཕྲེང་བསྟར། །ཇ་ཆང་གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་མཚོ། །ཉ་རྒྱས་ཟླ་མཚུངས་འབྲང་རྒྱས་ཞལ་དཀར་སོགས། །ཏ་ལའི་འདབ་ཕྱོགས་བཟང་ཤིང་སྤོས་དུད་སྤྲིན། །ཐ་ཚིག་རྗེས་སུ་བསྐུལ་བའི་བརྔན་དུ་མཆོད། །ད་ལ་བསྟན་འགྲོ་སྙིགས་མས་གདུང་བའི་དུས། །ན་ཚོད་དར་བའི་ལང་ཚོར་འགྲན་པ་ཡི། །པ་སངས་ལྟ་བུའི་རྒྱལ་བསྟན་ལུང་རྟོགས་དར། །ཕ་མཐའ་ཡས་པའི་ལུས་ཅན་ཕན་བདེའི་འབྱོར། །བ་མཆོག་འཇོ་བཞིན་རྣམ་དཀར་དཔལ་བརྒྱས་ཕྱུག །མ་དང་བུ་བཞིན་འཁྲུགས་རྩོད་ཞི་བདེའི་ཚལ། །ཙཱ་གངས་དང་མཚུངས་རྡོ་རྗེའི་གནས་འདི་རུ། །ཚ་གྲང་དཀའ་ཐུབ་བཟོད་པའི་སྒྲུབ་པོས་ཁེངས། །ཛ་ཏིའི་མེ་ཏོག་ལྟར་མཛེས་དགེ་འདུན་སྡེའི། །ཝ་ལྟར་མི་ཞུམ་དབུ་འཕང་སྲིད་རྩེར་བཀོད། །ཞྭ་བཞིན་ཟོ་དོར་དབུ་འཕང་དགུང་དུ་བསྟོད། །ཟྭ་ལྟར་རྩུབ་པའི་དམ་སྲིའི་བསམ་སྦྱོར་ཞི། །འ་འུར་ཙམ་མིན་དཀར་ཕྱོགས་ཕྲིན་ལས་ཀྱི། །ཡ་མཚན་མཐོང་བའི་ཆོས་ལ་ངོམས་མཛོད་ཀྱེ། །ར་བ་བསིལ་ལྡན་ཆོས་ཀྱི་རྒྱལ་ཁབ་ཀྱང༌། །ལ་འུར་རང་བཙན་རྒྱལ་བའི་རུ་མཚོན་ཕྱོར། །ཤ་རྐྱང་སྤང་ལ་བརྩེ་བཞིན་དགའ་མགུ་ཡི། །ས་སྟེང་སྙན་པས་ཁྱབ་པ་མྱུར་དུ་མཛོད། །ཧ་རིའི་ནགས་ཚལ་རྒྱས་པ་ཁ་བཞིའི་ལྗོངས། །ཨ་ཧོ་ཕུན་ཚོགས་སྡེ་བཞིའི་དཔལ་འབྱོར་དང༌། །མི་ཆོས་གཙང་མ་བཅུ་དྲུག་དཔལ་སྤྱོད་པའི། །སྦས་པའི་གནས་མཆོག་ཉམས་པ་མེད་པ་དང༌། །ཨི་ཤྭ་ར་བཞིན་གནས་པའི་རྣལ་འབྱོར་ཡང༌། །ཨུ་ད་དྷཱི་ལྟར་དཀར་བའི་བསམ་སྦྱོར་འགྲུབ། །ཨེ་མ་ཐུན་མོང་མཆོག་གི་དངོས་གྲུབ་དཔལ། །ཨོ་རྒྱན་ཡུལ་བཞིན་མྱུར་དུ་འགྲུབ་པར་མཛོད། །ཅེས་རྒྱ་བོད་ཀུན་ཏུ་རྒྱུ་བའི་དྲང་སྲོང་རྒན་པོ་རྡོ་རྗེའི་གནས་མདུན་དུ་ངལ་འཚོ་བའི་བསམ་གཏན་གྱི་ཁང་བུ་བདེ་མཆོག་འཆི་མེད་ཀུན་དགའི་གླིང་གྲུབ་པའི་ཚེ་གང་དྲན་སུག་བྲིས་སུ་བགྱིས་པ་ཚེ་ཆོས་མཐའ་རུ་ཕྱིན་པའི་རྟེན་འབྱུང་དུ་གྱུར་ཅིག ༈ སྟག་ཚང་གནས་བསང་དབང་དྲག་དགྱེས་རོལ་བཞུགས། ཧྲཱིཿ ཀ་མ་ལ་ཡི་ལང་ཚོའི་འཁྱུད་པ་ཡི། །ཁ་རྡུལ་བརྩེགས་བཞིན་ངོ་མཚར་བྲག་དཀར་ལྷུན། །ག་ལ་བར་གནས་དཀར་ཕྱོགས་དགེ་བསྙེན་ཚོགས། །ང་ཡིས་འབོད་དོ་ད་ལྟ་མྱུར་བར་སྤྱོན། །ཅ་ཅོའི་སྙན་བརྗིད་རོལ་མོའི་བྱེ་བྲག་དང༌། །ཆས་བཟང་ལྷ་རྫས་གང་བཞེད་འདོད་དགུའི་གཏེར། །ཇ་ཆང་འོ་མའི་ཞལ་སྐྱེམས་རྒྱ་མཚོའི་ཚོགས། །ཉ་ཟླའི་བརྟན་འཕྲོག་བདུད་རྩིའི་བསང་གིས་བརྔན། །ཏ་ལའི་སྨན་ཤིང་སྤྱིལ་བུའི་ལྡུམ་ར་རུ། །ཐ་ཚིག་བགོས་པའི་གཡར་དམ་མ་བསྙེལ་བར། །ད་ལྟ་གསོལ་བའི་ལས་ཀུན་དོན་ཡོད་པར། །ནམ་ཡང་སྒྲུབས་ཤིག་མཐུ་ལྡན་དྲེགས་པའི་རྗེ། །ས་ཝ་སངས་བཞིན་རབ་དཀར་དགེ་བའི་ལས། །ཕ་མཐར་སོན་པའི་འབྲས་བུས་ཉམས་རྟོགས་ཚོགས། །བ་མཆོག་དཔག་བསམ་ཤིང་གིས་ཆ་མཚོན་པའི། །མ་ལུས་མཐར་སོན་ཆོས་ཀྱི་སྡོང་གྲོགས་མཛོད། །ཙ་ཎ་ཀཿལྟར་བྱམས་པའི་ཁྱོད་མཆོད་ན། །ཚ་གྲང་ནད་སོགས་མི་མཐུན་གནོད་པ་ལས། །ཛ་ཡ་མཐུན་རྐྱེན་ཕུན་ཚོགས་དགའ་བའི་སྟོན། །ཝ་ལེར་ད་ལྟ་མྱུར་བར་ཆར་ལྟར་ཕོབ། །ཞྭ་ལྟར་མཆོད་འོས་གསང་སྔགས་འཛིན་པའི་བདག །ཟ་འདོད་རྙེད་བཀུར་སྤང་བས་རིར་ཉུལ་བའི། །འ་འུར་ཆོས་བརྒྱད་གཡུལ་ལས་རྣམ་རྒྱལ་ཏེ། །ཡ་མཚན་ཆེན་པོའི་དངོས་གྲུབ་སྡོང་གྲོགས་མཛོད། །རབ་མཛེས་ངོ་མཚར་གྲུབ་པའི་སྨན་ལྗོངས་འདིར། །ལམ་བཟང་སྒྲུབ་པའི་རྣལ་འབྱོར་རྒྱུན་མི་འཆད། །ཤ་ཁྲག་འོད་སྐུར་དེངས་པའི་དགེ་མཚན་གྱིས། །ས་མཆོག་རྒྱལ་བའི་གོ་འཕང་མངོན་དུ་གྱུར། །ཧ་ལ་མི་སྲུན་རྟོག་པའི་སྒྲིབ་གྲོལ་ཏེ། །ཨ་དོན་སྐྱེ་མེད་གཟུ་བོའི་ཀློང་ཡངས་པར། །ང་ཁྱོད་བྲལ་བའི་ཆོས་དབྱིངས་མཉམ་པ་ཆེར། །རོ་གཅིག་སངས་རྒྱས་སྲིད་པ་དོང་སྤྲུགས་ཤོག །ཅེས་པའང་ཀུན་ཏུ་རྒྱུ་ཙནྡྲའི་མིང་གིས་གང་ཤར་སྤེལ་བ་དགེ། ༈ སྟག་ཚང་གནས་བསྟོད་ཡིད་ཆེས་བློའི་རྒྱན་ཞེས་བྱ་བ། མི་ཤིགས་ངེས་དོན་ཆོས་དབྱིངས་མཐའ་བྲལ་ཡེ་ཤེས་ཟབ་མོའི་ཀློང་ཡངས་པར། །ཆེ་བའི་ཡོན་ཏན་ལྷུན་གྲུབ་རྫོགས་པའི་རྒྱལ་བ་ཀུན་གྱི་ཞལ་སྐྱིན་ནི། །ངོ་མཚར་རྣམ་ཐར་བྱེ་བའི་མངའ་བདག་མཚུངས་མེད་རྣམ་འདྲེན་ཆོས་ཀྱི་རྗེ། །དུས་ཀུན་མི་བསྙེལ་ཚངས་པའི་འཁོར་ལོ་ནོར་བུའི་ཐོད་བཞིན་བརྗིད་པ་ཡིས། །ཀྭ་ཡེ་གྲོགས་དག་བསམ་གཏན་བདུད་རྩི་སྙིང་ལ་སིམ་པའི་འདུལ་པའི་ཁྱུ། །ཁ་བཤད་ཙམ་མིན་ངེས་པའི་དམ་ཆོས་གཅིག་ཏུ་བཞེད་པའི་ཡིད་ཀྱི་མཚོར། །ག་ལ་བ་དེར་སིམ་པ་ལྟར་འཇུག་དབེན་པར་བསྔགས་པའི་ཟླ་ཟེར་ཞིག །ང་ལ་ཡོད་ཅེས་ངོམས་པ་བཞིན་དུ་སྤྲོ་ན་དགྱེས་པའི་དཔལ་འཕེལ་མཛོད། །ཅ་ཅོ་ཟབ་སྒྲོགས་དྭངས་བསིལ་རྙོགས་མིན་རྒྱུན་རིང་ལྷ་ཆུའི་འབབ་སྟེགས་ངོགས། །ཆ་ཙམ་ངོམས་པའི་བྲག་རིའི་བྱ་སྐྱིབས་བལྟ་ན་སྡུག་པའི་རི་ཡི་ཞོལ། །ཇ་རིལ་ཚ་གྲང་འཇིགས་པ་ཀུན་སྐྱོབས་ཕྱེད་སྐྱིལ་ཉམས་དགའི་བཀོད་པ་ནི། །ཉ་གང་ཟླ་བའི་བདུད་རྩིས་བྲན་ཚེ་སྙིང་ལ་ཀུན་དགའི་དཔྱིད་ཀྱང་སྟེར། །ཏཱ་རེ་འཕགས་མའི་ཞིང་གི་ཚལ་བཞིན་དབྱར་གྱི་དུས་སྟོན་བརྡོ་བའི་མོད། །ཐ་དད་ལྗོན་བཟང་འདབ་གུར་བྲེས་པའི་ལྡིང་ཁང་བཀོད་ལེགས་ཉམས་དགའ་བར། །དཱ་ནུས་བུས་དགྲས་འདུན་ས་ལས་ལྷག་ནེའུ་སེང་སྒེག་པའི་སྐྱེད་མོས་ཚལ། །ན་ཆུང་འབུམ་གྱི་བཀུར་བསྟིས་མཚོན་མིན་རླུང་བསིལ་དལ་བུས་རེག་པ་བདེ། །པ་སངས་མདངས་འཛིན་ཁོར་ཡུག་ཁེབ་པའི་སྤྲིན་ལས་འོང་བའི་ཁ་རྡུལ་གྱིས། །ཕ་མཐར་བརྡལ་བའི་མེ་ཏོག་སིལ་མ་བཀྲམ་པའི་དགུན་གྱི་རེག་བྱའི་ཚེ། །བ་གླང་ལྟར་འུར་སྐྱེ་བོས་བགྲོད་དཀའི་སེར་བུ་འགོག་མེད་གཡོ་བཞིན་དུ། །མ་རྨས་གཏུམ་མོའི་རེག་འཇམ་གོས་ལ་ཀུན་ཏུ་ཡིད་ཆེས་ངེས་པ་སྟེར། །ཙ་མ་ར་ལྟར་དྲེགས་པས་བསྒྱིངས་པའི་ཤ་ཟ་གཅན་གཟན་རྒྱུ་བའི་སྲང༌། །ཚ་ངར་ཀོ་ལོང་བཙན་པའི་གནས་བདག་འཇིགས་ཟིལ་ཆོ་འཕྲུལ་ཀུན་ཏུ་སྟོན། །ཛ་ཡ་རྣམ་ཐར་འུར་མིན་ཀུན་སྤང་གྲུབ་པས་བསྙེན་པའི་བྲག་རིའི་གཤམ། །ཝ་ལེར་ཡིད་ལ་འཆར་བ་ཙམ་ཡང་རབ་དགའི་སིམ་པས་མྱོས་ལ་ལྟོས། །ཞྭ་མོའི་ཏོག་ལྟར་བརྗིད་པའི་བྲག་དཀར་དབང་སྔོན་ཐོད་དུ་འཆིང་བཞིན་པས། །ཟ་མ་ཏོག་དང་ཙིཏྟའི་དབྱིབས་འཛིན་ཕྱོགས་ཕྱོགས་གཡུ་ཤུག་དོ་ཤལ་འཕྱང༌། །འ་འུར་འདུ་འཛིའི་གཡེང་བས་བཏང་བའི་དབང་དྲག་དགྱེས་པའི་ཕོ་བྲང་དེར། །ཡ་མཚན་རྣལ་འབྱོར་སྒྲུབ་པའི་རྒྱལ་མཚན་བརྟན་པོར་བཟུང་བའི་གནས་སུ་བྱིན། །རྭ་ལྟར་གཟེངས་པའི་ནགས་ཀྱིས་བསྐོར་དབུས་སྤོས་ཀྱི་གླང་པོར་དལ་བུས་འཕྱོ། །ལ་འུར་འབེབས་པའི་ཁ་ཆར་ན་བུན་འདུ་འབྲལ་སྤང་བའི་སྟོད་གཡོགས་མཛེས། །ཤ་བ་རོག་པོའི་སྤུན་ལྟར་འགྲན་པའི་བྱ་བཏང་རྒྱལ་པོ་དགྱེས་པའི་ཁབ། །ས་གཞིའི་དཔྱད་ལེགས་རྟེན་འབྲེལ་བཟང་པོའི་ཚོགས་པ་ཀུན་ཀྱང་སྲུངས་པ་བཞིན། །ཧ་རིའི་ཚལ་ན་སྟགྃ་མོའི་འགྱིང་ལྟར་ཡོན་ཏན་ཀུན་ཚངྃ་དབེན་པའི་ཚལ། །ཨ་མཚར་ཙམ་མིན་བསྟོད་པའི་གཞན་གསོས་མགྲིན་རྔས་འཁྱུད་པས་ཀྱང༌། །ཧ་ལ་ཆོས་བརྒྱད་ཤུན་བྲལ་རྣལ་འབྱོར་བསམ་གཏན་སྐྱོངས་བའི་བརྟུལ་ཞུགས་ཀྱིས། །ཨ་ཧོ་ཡིད་ལ་སིམ་པའི་རོལ་སྟོན་ཟད་པ་མེད་པའི་གཉེན་གྱུར་ཅིག །ཅེས་པའང་ཀ་རྨད་ཡེ་གེའི་ཕྱི་མོ་ལས་འཕྲོས་པའི་སྙན་ངག་གི་འགྱུར་བ་ཅུང་ཟད་འདི་ཡང་གནས་དེ་ཉིད་དུ་བསྐྱོད་པའི་སྐབས་ཀུ་སཱ་ལི་རས་བཙུན་བདེ་ཆེན་བཞད་པའི་ལང་ཚོས་གང་ཤར་སྤེལ་བའི་འཆར་གཞིའོ།། ༈ ཟིལ་ཕུ་དང་རྨ་རོང་ཡུལ་ལྷའི་བསངས་བཞུགས། ཀྱཻ། ཕུན་སུམ་ཚོགས་པའི་ནོར་འཛིན་ཆར། །དམ་པ་ལྷ་ཡི་ཆུ་བོ་བཞིའི། །རེ་ཁཱ་བཀྲ་བ་མདོ་ཁམས་ལྗོངས། །སྒང་ཆེན་དྲུག་ལས་ཁྱད་འཕགས་པ། །སྡེ་བཞི་དགེ་བ་བཅུ་ལྡན་ཞིང༌། །མཁས་གྲུབ་གསེར་རིའི་ཕྲེང་མཚར་མཛེས། །སྤང་ཀློག་དགེ་འདུན་སྡེ་ཡིས་བརྒྱན། །འབྲི་ཟླ་སྒང་དུ་གྲགས་པ་ཡི། །ཡུལ་ལྷ་དབང་བྱེད་ཟིལ་ཁྲོམ་གཉན། །སྐུ་མདོག་དཀར་གསལ་དར་ཐོད་ཅན། །སྣ་ཚོགས་ཟ་འོག་ན་བཟའ་གསོལ། །ཕྱག་ན་རལ་གྲི་མདུང་དར་བསྣམས། །རྟ་དཀར་གཡུ་རྔོག་ལྡན་པ་ཆིབས། །བཙུན་མོ་སྲས་བློན་འཁོར་བཅས་དང༌། །ཡུལ་འདིར་གནས་པ་ཐམས་ཅད་ལ། །གཏོར་མ་དཀོར་ཆ་གསེར་སྐྱེམས་ཕུད། །སྟག་གཟིག་རས་མ་དར་སྣ་སོགས། །ཐུགས་ལ་ཅི་བཞེད་དེར་འཆར་བའི། །མཆོད་པ་དམ་པས་དགྱེས་པ་བསྐྱེད། །ཉམས་ཆག་འཁོན་མནོལ་ཐམས་ཅད་བཤགས། །མི་དང་ལྷ་རུ་མ་འབྲལ་བར། །སྲུང་སྐྱོབས་སྡོང་གྲོགས་ཕྲིན་ལས་འགྲུབ། །རྒྱབ་རྟེན་མ་གཡེལ་བརྩེ་གདུང་གྱིས། །ཚེ་བསོད་དབང་ཐང་རླུང་རྟ་སྤེལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཅེས་པའང་ཡིག་དྲུག་འཆི་མེད་རིག་འཛིན་ཕ་བུས་བསྐུལ་བ་བཞིན་མངྒ་ལས་ཕན་སེམས་ཀྱི་བྲིས་པ་དགེ་ལེགས་འཕེལ། ༈ ཡུལ་ལྷའི་བསང་བཞུགས། ཀྱཻ། ཕུན་ཚོགས་འདོད་ཡོན་སྤྲིན་ཆེན་པོ། །རྣམ་པ་ཟག་མེད་ཅིར་ཡང་འཆར། །ངོ་བོ་བྱང་ཆུབ་སེམས་ཆེན་པོའི། །རང་བཞིན་ཕན་བདེ་ཀུན་སྟེར་འདིས། །ལྗོངས་འདིར་རྟག་ཆགས་ཟོ་དོར་དང༌། །གློ་བུར་ལྷགས་པ་ཐམས་ཅད་ཀྱི། །འཁོར་དང་སྤྲུལ་པ་ལས་བྱེད་ལ། །དབང་པོ་དྲུག་ལ་སིམ་སྟེར་བ། །མི་ཟད་ནམ་མཁའ་མཛོད་དུ་འབུལ། །སྣོད་བཅུད་མི་གཙང་དྲི་མ་བསང༌། །མགྲོན་རིགས་མཆོག་ཏུ་དགྱེས་པ་བསྐྱེད། །འཁོན་འགྲས་འཁྲུགས་པ་དབྱིངས་སུ་ཞི། །ཕོག་ཐུག་འགྲམ་འཁྲུགས་ཞི་བར་ཟླུམ། །ཡུལ་ལྷ་དགྱེས་པས་ངོ་སོ་བསྟོད། །དབུ་འཕང་རི་རྒྱལ་རྩེ་བཞིན་བསྟོད། །ཕྲིན་ལས་ཉི་ཟླའི་འོད་ཀྱིས་བསྐྱང༌། །སྣོད་ཀྱི་འབྱུང་བཞིའི་དཔལ་ཡོན་དར། །ལེ་ལེགས་འབྲུ་འཕེལ་བཅུད་དང་ལྡན། །སྐྱེ་དགུའི་ཚོགས་ཀུན་ཚེ་དཔལ་འཕེལ། །བསོད་ནམས་རླུང་རྟའི་དགེ་མཚན་དང༌། །ལྷ་དང་མི་གཉིས་གནས་མགྲོན་གྱི། །དམ་ཚིག་གཙང་བས་བཀྲ་ཤིས་དང༌། །དགེ་ལེགས་དཔལ་འཕེལ་མཆོག་གསུམ་གུས། །རྒྱལ་བསྟན་བཤད་སྒྲུབ་ལས་གསུམ་གྱི། །འཛིན་མཛད་སྡེ་དང་བཅས་པ་སྐྱོབས། །རྣམ་དཀར་དགེ་མཚན་མི་ཉམས་པའི། །བཀྲ་ཤིས་ཕུན་ཚོགས་གཡང་འཁྱིལ་ཤོག །ཅེས་པའང་རྒྱལ་བ་ཞེ་ཆེན་པའི་བསྟན་པའི་སྲོག་འཛིན་མཁན་པོ་ཀུན་བཟང་མཐར་ཕྱིན། དབུ་བགྲེས་འགྱུར་མེད་དར་རྒྱས། འགྱུར་མེད་ཀུན་བཟང་སོགས། ནམ་མདོའི་ཞེ་གྲྭ་སྤྱི་ནས་གསུང་བསྐུལ་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཆོས་སྡེ་དེ་ཉིད་དུ་སྤྲོ་བསང་སྐབས་རས་དཀར་ལྡིང་གུར་དུ་བྲིས་པ་དོན་ལྡན་དུ་གྱུར་ཅིག ༈ ཡུལ་ལྷ་སྤྱི་བསང་བཞུགས། ཀྱཻ། ཕུན་ཚོགས་དགེ་བཅུའི་དཔལ་ལྡན་སྨན་གྱི་ལྗོངས། །སྒྲུབ་བརྒྱུད་བསྟན་པའི་སྙིང་པོ་དར་རྒྱས་གླིང༌། །དབང་བྱེད་ཟོ་དོར་གཉན་པོ་གཏེར་སྲུང་ཆེ། །དགེ་བསྙེན་རྡོ་རྗེ་རྒྱལ་མཚན་སྤྲུལ་འཁོར་བཅས། །བཀྲ་ཤིས་ལྷ་རྩེ་ཤིང་རི་ནག་འཛོང་དང༌། །སྟོབས་རྩལ་ཐོགས་མེད་ཀླུ་ཡི་རྒྱལ་པོ་ཆེ། །ཇོ་བོ་དབོན་བྲག་ལྡན་སྟོད་སྒྲོལ་མ་བྲག །ལེབ་རྒྱལ་དཀར་ཡག་འོམ་ཆེན་ལྷ་རྩེ་དང༌། །སྟག་རྣ་ཕྱུག་མོ་འགོ་འཛོང་ལྷ་ཡི་རྩེ། །གུ་ར་མགོན་པོ་གླེ་གདོང་སྟག་རྩེ་རྒྱལ། །ཤང་ཤིན་རི་བཀྲ་དྷ་ཏི་དགེ་བསྙེན་སོགས། །ཕུ་མདའ་ཉིན་སྲིབ་རི་ཀླུང་མཚོ་བྲག་ལ། །གནས་པའི་མཆོད་འོས་མགྲོན་ཀུན་སྤྱན་འདྲེན་གཤེགས། །བདུད་རྩིའི་ཤིང་གི་དུད་སྤྲིན་འདོད་ཡོན་འཕྲོ། །མཐུན་རྫས་མི་ཟད་ནམ་མཁའ་མཛོད་འཆར་བས། །དགྱེས་བསྐྱེད་འཁོན་མནོལ་གྲིབ་ཀྱིས་ཕོག་པ་བསང༌། །གནས་མགྲོན་ཐ་ཚིག་ནམ་ཡང་མི་གཡེལ་བར། །ཆོས་ཀྱི་སྡེ་འདིར་བཤད་སྒྲུབ་བསྟན་པ་འཕེལ། །སྣོད་བཅུད་བཀྲ་ཤིས་དགེ་མཚན་འཕེལ་རྒྱས་བརྟན། །ནད་མུག་འཁྲུགས་རྩོད་དུས་ཀྱི་རྒུད་ཚོགས་ཞི། །ལོ་ལེགས་འབྲུ་འཕེལ་ཕྱྭ་གཡང་རྒྱས་ཤིང་དར། །བཀྲ་ཤིས་དགེ་མཚན་དོན་གཉིས་ལྷུན་གྲུབ་མཛོད། །ཅེས་རྗེ་དབོན་འཆི་མེད་མཆོག་སྤྲུལ་ཀརྨ་འོད་གསལ་ཕྲིན་ལས་དཔལ་ལྡན་ནས་གསུང་བསྐུལ་བཞིན་མཚོ་སྐྱེས་པདྨ་རྒྱལ་པོའི་འབངས་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེས་ཆོས་སྡེ་དེ་ཉིད་དུ་སོན་པའི་སྐབས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ ཡུལ་ལྷའི་བསང་བཞུགས་སོ། ཨོཾ་སྭ་སྟི། དུས་ཚེས་དགེ་བར་བསང་ཕྱེ་དཀར་གསུམ་མངར་གསུམ་ཟས་སྣ་རིན་ཆེན་འབྲུ་སྨན་དར་ཟབ་བཅས་བཟང་ཤིང་གི་ཚོགས་དང་ཕྱེ་མར་མེར་བསྲེགས། གསེར་སྐྱེམས་དཀར་སྔོན་སྟེགས་སུ་བཤམ་ལ་ཆབ་ཀྱིས་བྲན་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་སྟེ། ཀྱཻ། སྟོང་ཉིད་དབྱིངས་ལས་རང་ཤར་བའི། །སྣོད་བཅུད་ཕུན་ཚོགས་བཀོད་པ་བརྒྱས། །རབ་མཛེས་ཡུལ་འདིར་དབང་བྱེད་པའི། །ཟོ་དོར་ཇོ་བོ་དུང་ཤིང་དང༌། །ཇོ་བོ་སྨ་ར་འཁོར་དང་བཅས། །དཔལ་ལྡན་རྡོ་རྗེ་ལེགས་པ་དང༌། །གཡུང་དྲུང་རྡོ་རྗེ་ལེགས་པ་ཆེ། །གྲགས་པ་རྒྱལ་མཚན་དགུང་བྲག་པ། །སྐྱ་ཏོང་ཕོ་ལྷ་ཐབས་ཀྱི་ཆ། །སྨན་མོ་ཚེ་འཛིན་དབང་མོ་དང༌། །བསམ་འགྲུབ་དཔལ་འཛོམས་ལ་སོགས་པ། །ཡུལ་འདིར་གནས་ཤིང་རྒྱུ་བ་ཡིས། །འབྱུང་པོ་ཡིད་ཀྱི་གཟུགས་ཅན་ཀུན། །མཆོད་པའི་གནས་འདིར་སྤྱན་འདྲེན་གྱི། །རྫུ་འཕྲུལ་ཤུགས་ཀྱི་གཤེགས་སུ་གསོལ། །དྭངས་མའི་རྩི་བཅུད་ལས་སྐྱེས་པའི། །བདུད་རྩི་ཤིང་གི་དུད་སྤྲིན་ལས། །ཐུགས་ལ་བཞེད་དགུའི་འདོད་ཡོན་ཚོགས། །མི་ཟད་ནམ་མཁའ་མཛོད་འཆར་བས། །སྐུ་གསུང་ཐུགས་ལ་དགྱེས་པར་བསྐྱེད། །འཁོན་མནོལ་ཉམས་ཆགས་སྡིག་སྒྲིབ་སྦྱོང༌། །ཡུལ་དུ་གནས་པའི་མི་ཕྱུགས་ལ། །གནོད་འཚེའི་འཁོན་སྡང་མ་མཛད་པར། །ཆར་ཆུ་དུས་བབས་ལོ་ཕྱུགས་སྤེལ། །མི་ནོར་ལོངས་སྤྱོད་རྒྱས་པར་མཛོད། །ཚེ་བསོད་བསོད་ནམས་རླུང་རྟ་སྤེལ། །མདོར་ན་ཡིད་ལ་གང་འདོད་པའི། །བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པའང་ལྗོངས་དེར་ཕན་པའི་བསམ་པས་མདོ་སྨད་འཁྱམས་པོ་མངྒ་ལས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ། ༈ བསང་བསྡུས་ནི། ཀྱཻ། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས། །བྱིན་རླབས་མདོ་ཁམས་གནས་ཆེན་ཉེར་ལྔ་དང༌། །ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱིས། །བསྐོར་བའི་མདོ་ཁམས་ཆུ་བཞི་སྒང་དྲུག་དང༌། །མདོ་གསུམ་རོང་དགུ་ཤོད་ཆེན་བཞིའི་ཡུལ་གྱི། །ཁྱོན་གནས་ཡུལ་ལྷ་མཆོད་ཅིང་བསྟོད་འོས་ཀུན། །བསང་མཆོད་བདུད་རྩིའི་དགའ་སྟོན་བཞེས་སླད་དུ། །གནས་འདིར་གཤེགས་ལ་དགྱེས་དགུའི་མཆོད་རྫས་བཞེས། །ཕུན་ཚོགས་ཞལ་ཟས་གསེར་སྐྱེམས་ཕྱེ་མར་སྤོད། །སྨན་འབྲུ་དྲི་བཟང་རིན་ཆེན་དར་རས་གོས། །གནག་ཕྱུགས་རི་དྭགས་ཆུ་གནས་གཅན་གཟན་དང༌། །ཡུལ་མཁར་ཁང་ཁྱིམ་སྐྱེད་ཚལ་མཁོ་དགུའི་བསང༌། །མི་གཙང་འཁོན་འགྲས་ཕོག་ཐུག་དབྱིངས་སུ་ཞི། །གཟི་བྱིན་སྟོབས་དཔལ་ཕྲིན་ལས་རབ་མྱུར་རྒྱས། །གནས་མགྲོན་དམ་ཚིག་གདུང་བས་སྲུང་སྐྱོབས་ཕྱིར། །རྟེན་འདིར་བཞུགས་ལ་འདོད་པའི་ལས་ཀུན་མཛོད། །བདག་ཅག་སྲུང་སྐྱོབས་སྡོང་གྲོགས་མ་གཡེལ་བས། །བཀྲ་ཤིས་བདེ་ལེགས་འཁོར་རྒྱས་བརྟན་པར་ཤོག །ཅེས་པའང་གཞན་ཕན་ལྷག་བསམ་བཟང་པོའི་མངྒ་ལས་བྲིས་པ་དགེ་ལེགས་འཕེལ།། །།}} | ༄༅། ཨོཾ་སྭ་སྟི། དུས་ཚེས་དགེ་བར་ཡུལ་ལྷའི་བསང་མཆོད་བྱ་བར་འདོད་པས། གཙང་མའི་གནས་སུ་དཀར་དམར་གྱི་གཏོར་མ། འབྲུ་སྨན་རིན་ཆེན་སྣ་ཚོགས་ཀྱི་སྦག་པའི་ཕྱེ་མར་ཤིང་ཏོག །དར་ཟབ་སྟག་གཟིག་རས་མ་དཀར་མངར་ཟས་སྣ། ཇ་ཆང་ཕུད་སྐྱེམས་དང༌། ཤིང་སྣ་གཙང་མའི་དུད་སྤྲིན་བཅས་འདུ་བྱས་ལ། ཆབ་ཀྱིས་བྲན་ཏེ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་རླབས་ལ། རང་ཉིད་སྣང་སྲིད་ཟིལ་གནོན་གྱི། །ཐུགས་ཀའི་འོད་ཀྱིས་རབ་བསྐུལ་བས། །མདོ་ཁམས་བོད་ཆེན་ལྗོངས་གནས་པའི། །ཡུལ་ལྷ་འཁོར་བཅས་སྤྱན་དྲངས་གྱུར། །ཀྱཻ། བདེ་ཆེན་འོད་གསལ་ཆོས་དབྱིངས་རྩལ། །རྟེན་འབྱུང་སྒྱུ་འཕྲུལ་དྲྭ་བའི་གར། །མི་མཇེད་འཇིག་རྟེན་བཀོད་པའི་ཞིང༌། །སྟོང་གསུམ་འཛམ་གླིང་བྱང་གི་ཕྱོགས། །རི་མཐོ་ས་གཙང་ཆུ་ཀླུང་བྲག །ནགས་ཚལ་གངས་མཚོའི་བཀོད་པ་མཛེས། །བོད་ཆེན་མདོ་ཁམས་ལྗོངས་ཆེན་པོ། །ཆོས་སྲིད་དཔལ་གྱིས་ཕྱུག་པའི་གཞིར། །རང་བྱུང་སངས་རྒྱས་པད་འབྱུང་རྗེའི། །བྱིན་རླབས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་གནས་ཆེན་ཉེར་ལྔ་དང༌། །འགྲོ་འདུལ་གནས་ཆེན་བརྒྱད་ལ་སོགས། །དབང་བྱེད་གཉན་ཆེན་སྡེ་བཞི་ཞེས། །རྨ་རྒྱལ་སྤོམ་ར་དམག་དཔོན་དབྱི། །སྒྱོགས་ཆེན་གདོང་ར་གཉན་ཐང་ལྷ། །ཟིལ་ཁྲོམ་གཉན་ལྡང་ལ་སོགས་པ། །སྒང་དྲུག་གཞི་བདག་བཅུ་གཉིས་དང༌། །འབྲི་ཟླ་ནས་དངུལ་ཆུ་བཞིའི་ཀླུ། །ཤོད་ཆེན་བཞི་ཡི་ཟོ་དོར་གཙོ། །དྲེགས་པ་སྡེ་ལྔ་བཙན་རྒོད་བདུན། །རི་དབང་སྤུན་དགུ་ལ་སོགས་པའི། །དཀར་ཕྱོགས་སྐྱོངས་བའི་ཡུལ་གྱི་ལྷ། །ཆ་ལུགས་མ་ངེས་ཅིར་ཡང་སྣང༌། །འཁོར་གཡོག་བཙུན་མོ་སྲས་བློན་སོགས། །མ་ལུས་འཁོར་དང་བཅས་རྣམས་དང༌། །གཞན་ཡང་རྒྱ་གར་ཤར་ནུབ་ཕྱོགས། །གནས ཡུལ་ཉེར་བཞི་སྤྱི་བྱེ་བྲག །ཁྱད་པར་ཡུལ་རིས་འདི་ཉིད་ཀྱི། །གནས་གཞིའི་བདག་པོ་ལྷ་ཀླུ་གཉན། །དམུ་སྨན་གཟའ་རྒྱལ་བཙན་གྱི་རིགས། །བརྟན་མ་དགེ་བསྙེན་མགུལ་ལྷ་སོགས། །མཆོད་པའི་མགྲོན་ལ་སྤྱན་འདྲེན་ན། །ཐུགས་རྗེའི་རྩལ་གྱིས་གནས་འདིར་གཤེགས། །དགྱེས་བཞུགས་དག་ཅིང་གཙང་བ་ཡི། །བསང་མཆོད་འདོད་པའི་ཡོན་ཏན་གཏེར། །འབྲུ་སྨན་བཟའ་བཏུང་དར་རས་གོས། གནས་མལ་ཁང་བཟང་སྐྱིད་མོས་ཚལ། །ཇ་ཆང་ཕུད་སྐྱེམས་བདུད་རྩིའི་མཚོ། །གཡག་ལུག་ར་འབྲུག་སྟག་སེང་ཁྱུང༌། །རི་དྭགས་གནག་ཕྱུགས་གཅན་གཟན་ནོར། །ཐུགས་ལ་བཞེད་དགུ་ལྷུན་གྲུབ་པའི། །མཆོད་རྫས་ཁ་དོག་རོ་ནུས་ལྡན། །དགོས་འདོད་ཀུན་འབྱུང་མཆོད་སྤྲིན་ཆེ། །དུད་པས་ཉམས་གྲིབ་མི་གཙང་སེལ། །ངད་ཀྱིས་དག་བྱེད་སྤོས་སྤྲིན་གཏིབས། །ཟེགས་མ་འདོད་པའི་ཡོན་ཏན་འཕྲོ། །རབ་འབྱམས་ཞིང་ཀུན་འགེངས་བ་འདིས། །བསང་ངོ་མཆོད་དོ་དགྱེས་དགུར་བཞེས། །སྐུ་གསུང་ཐུགས་ཀྱི་ཉམས་གྲིབ་བསང༌། །ཕོག་ཐུག་འཁོན་འགྲས་འཁྲུགས་པ་ཞི། །དགྱེས་དགུའི་དཔལ་དུ་གྱུར་ནས་ཀྱང༌། །གནས་མགྲོན་དམ་ཚིག་མ་བསྙེལ་བར། །འདིར་གཤེགས་བདག་གི་སྡོང་གྲོགས་མཛོད། །ཀྱཻ། བདེ་ཆེན་སྒྱུ་འཕྲུལ་དྲྭ་བ་ཡི། །རྣམ་རོལ་སྲིད་ཞི་ཅིར་ཡང་སྣང༌། །འགག་མེད་རོལ་པ་ཆེན་པོའི་ཚུལ། །དཀར་ཕྱོགས་དགེ་བསྙེན་མཐུ་བོ་ཆེ། །སྲིད་པ་ཆགས་པའི་ལྷ་རབས་ཏེ། །ཕ་མེས་བརྒྱུད་ཀྱི་སྲུང་མ་གཉན། །འགོ་བའི་ལྷ་མགོན་གཉན་པོ་རྣམས། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །སྔོན་གྱི་ཐ་ཚིག་རྗེས་དགོངས་ལ། །མཁའ་ཁྱབ་རྩ་གསུམ་རྒྱལ་བ་ཡི། །ཕྱོགས་དུས་ཞིང་གི་བཀོད་པའི་འཕྲུལ། །རང་བྱུང་གྲུབ་པའི་གནས་ཆེན་དང༌། །གཉིས་སུ་མེད་པར་བྱིན་བརླབས་པས། །རྩ་གསུམ་ལྷ་ཚོགས་བཞུགས་པའི་གནས། །དཀྱིལ་འཁོར་སྐྱོང་བའི་བཀའ་སྡོད་ཚུལ། །གཏོ་སྐུ་གསས་མཁར་འདི་ལ་བཞུགས། །རིན་ཆེན་ཁང་བཟང་བཀོད་མཛེས་ནང༌། །སྣ་ཚོགས་དཀོར་ནོར་དབྱིག་གིས་གཏམས། །ཟད་མི་ཤེས་པའི་དཀོར་མཛོད་བསགས། །ངོ་མཚར་དཔལ་གྱི་རྟེན་འདིར་བཞུགས། །དག་བྱེད་བདུད་རྩིའི་སྨན་ཆར་གྱིས། །མནོལ་བཙོག་མི་གཙང་དྲི་མ་བཀྲུ། །རྡོ་རྗེའི་ཐ་ཚིག་བསྒྲགས་པ་ཡིས། །དབང་བསྡུས་ལས་ཀྱི་གཉེར་ཁ་གཏད། །མཐུན་པའི་དམ་རྫས་དཔག་ཡས་ཀྱིས། །ཐུགས་དམ་བསྐང་ཞིང་དགྱེས་པ་བསྐྱེད། །བཀྲ་ཤིས་རྫས་ཀྱིས་མངའ་གསོལ་བས། །གཟི་བྱིན་ཉི་ཟླ་ལྟ་བུར་བསྐྱེད། །གོ་མཚོན་རལ་གྲི་མདའ་མདུང་གིས། །དགྲ་ལྷའི་དབུ་འཕང་དགུང་དུ་བསྟོད། །སྣ་ཚོགས་དར་གྱི་རླུང་རྟ་ཡི། །དར་ཚོན་བལ་ཚོན་ཕྲེང་བ་བསྟར། །རྨད་བྱུང་དགྱེས་པའི་རྟེན་མཁར་ལ། །བཞུགས་ནས་ཁ་འཛིན་སྡོང་གྲོགས་མཛོད། །སངས་རྒྱས་བསྟན་དར་བསྟན་འཛིན་འཁོར། །བཤད་སྒྲུབ་ལས་ཀྱིས་འཇིག་རྟེན་བདེ། །སྐྱེ་དགུའི་མོས་སྣང་ཆོས་ལ་བསྒྱུར། །རྒྱལ་འགོང་དམ་སྲིའི་རྒྱུ་འགྲུལ་སྲུངས། །སྦྱིན་བདག་ཚེ་དཔལ་རླུང་རྟ་བསྐྱེད། །ཡིད་མཐུན་གྲོས་ཐུབ་མི་ཆོས་ཀྱི། །རིགས་རྒྱུད་དར་རྒྱས་བཙན་པར་མཛོད། །གཞི་མགྲོན་བཀྲ་ཤིས་བདེ་ལེགས་འཕེལ། །དགྲ་ཇག་ཆོམ་རྐུན་ནད་མུག་སྲུངས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་འཕེལ། །མཉམ་ཉིད་བྱང་ཆུབ་སེམས་ཀྱི་མཐུས། །ས་གསུམ་དགེ་ལེགས་སྣང་བ་དང༌། །མི་འབྲལ་རྫོགས་ལྡན་དཔལ་སྩོལ་ཅིག །ཅེས་དང་མཆོད་གཏོར་སོགས་བསང་དུ་འབུལ་ཞིང་རྗེས་རིམ་སྤྱི་ལྟར་བྱའོ། ཅེས་པའང་ཡངས་པའི་ས་གཞི་ཆོས་བཞིན་སྐྱོངས་བའི་མདོ་སྨད་སྡེ་ནང་གི་མི་རིགས་དད་འདུས་ལྷན་རྒྱས་ནས་གངས་ཅན་བསྟན་འགྲོ་སྤྱིའི་ཞབས་བརྟན་དུ་གནས་ཆེན་བྱིན་འབེབས་དང༌། གཞི་བདག་རྟེན་མཁར་གསར་འཛུགས་སྐབས་སྦྱིན་བདག་ལྷན་ནས་བསྐུལ་ངོར་ཤར་མདོ་ཁམས་སུ་སྐྱེས་པའི་སྔགས་བཙུན་བཀྲ་ཤིས་དཔལ་འབྱོར་གྱིས་ལྷག་བསམ་དག་པས་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག ༈ འབར་ནང་ཡུལ་ལྷ་སྤྱི་ཡི་བསང་མཆོད་དགེ་མཚན་དཔལ་གྱི་ཆར་འབེབས་བཞུགས། ཨོཾ་སྭ་སྟི། དུས་ཡར་ངོ་གཟའ་སྐར་དགེ་བར་གཙང་མའི་གནས་སུ་བཀྲ་ཤིས་བསང་གི་མཆོད་པ་བྱ་བར་འདོད་པས། གཏོར་མ་དཀར་དམར། ཇ་ཆང་འོ་ཞོ། འབྲུ་སྨན་དར་རས་སོགས་བསྲེས་པའི་ཕྱེ་མ་གཙང་བར་བཤམས། བཟང་ཤིང་སྣ་ཚོགས་པའི་དུད་པ་བཅས་འདུ་བྱས་ལ། རང་ཉིད་ལྷ་ཡི་ང་རྒྱལ་ལ་གནས་པས། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཞི་བྱེད་ཀྱི་ཐབ་མཆོག་མཚན་ཉིད་རྫོགས་པའི་དབུས་སུ་བཟང་ཤིང་སྤོས་ཀྱི་དུད་སྤྲིན་མི་གཙང་རྒུད་པ་སེལ་ཞིང༌། བཀྲ་ཤིས་འདོད་ཡོན་གྱི་མཆོད་སྤྲིན་ཟག་མེད་ཀུན་ཏུ་བཟང་པོའི་རྣམ་རོལ་གྱིས་ཞིང་ཁམས་རབ་འབྱམས་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སྤེལ་ལ། ཀྱཻ། ཕྱི་སྣོད་རྣམ་དག་བདེ་ཆེན་དག་པའི་ཞིང༌། ནང་བཅུད་གདན་གསུམ་ཡེ་ཤེས་འཁོར་ལོ་རུ། །གདོད་ནས་དག་ཀྱང་རྟེན་འབྱུང་འགག་མེད་པའི། །སྣང་ཆ་མདོ་སྨད་འབྲི་ཟླའི་སྒང་གི་ཆར། །རྡོ་རྗེའི་བྲག་དང་ནགས་ཚལ་ཆུ་ཀླུང་གི །བཀོད་པ་རྨད་བྱུང་འབར་ནང་ཞེས་གྲགས་པར། །དབང་བྱེད་ཡུལ་ལྷ་དགེ་རྒྱས་དུང་བྲག་དཀར། །ཆབ་བྲག་རྡོ་རྗེ་རྩེ་དགུ་འབར་རྒྱལ་ནི། །ཤིང་རི་གཡུལ་རྒྱལ་གཡུ་འབྲུག་ནོར་བུ་གསུམ། །རྒྱལ་བདེ་ངང་མ་ལྷ་བཙན་དགེ་བསྙེན་ཆེ། །ནོར་བུ་དབང་རྒྱལ་སྟོབས་ཆེན་སྒོ་དྲུང་ནི། །ཨ་མྱེ་གཡའ་ཡི་བྲག་ནག་ལྷ་མོ་དང༌། །ཟི་ཆེན་དར་མདུང་ཁྱུང་མཆེ་སྒྲོ་བྲག་གི །རྔམས་ཆེན་འབར་བ་ཐང་ལྷ་རིན་ཆེན་དང༌། །བྲག་དཀར་རྔམས་ཆེན་དགྲ་ལྷ་རྨོག་ཆེ་ཆུང༌། །ཛ་འབྲིང་བྲག་ཆེན་རྒོད་ཚང་ཨ་མྱེ་དང༌། ནཱ་ག་རྒྱལ་པོ་སྤྲུལ་སྐུ་གཡས་འཁྱིལ་བྲག །དཀར་ལྷ་ཕྱུག་མོ་མགར་ཆེན་ཨ་མྱེ་དང༌། །གོ་ཐི་འབར་ལྷ་རྩེ་རྒྱལ་ཆེ་ཆུང་དང༌། །ཟན་ཤིང་ལེགས་མགོན་ཆབ་མཚོ་དགྱེས་མཚོ་དང༌། །གཞི་བདག་བླ་མཚོ་དྲག་མཚོ་འབར་ལྷའི་མཚོ། །ཇ་མཚོ་ལེགས་མཚོ་མཚོ་ཆེན་བརྒྱད་ཅུ་སོགས། །ཡུལ་དེར་རྟག་གནས་གློ་བུར་ལྷག་པའི་མགྲོན། །དབང་ཆེན་དབང་ཆུང་མིང་དང་མཚན་མ་ཐོན། །ཀུན་ལ་དགྱེས་བསྐྱེད་བདུད་རྩི་བསང་གི་སྤྲིན། །དྲི་ཞིམ་ངད་པས་ས་ཡི་ཁྱོན་འགེངས་ཤིང༌། །བདུད་རྩིའི་ཟེགས་མ་འདོད་ཡོན་རྒྱ་མཚོའི་གཏེར། །གནག་ཕྱུགས་རི་དྭགས་གཅན་གཟན་འདབ་ཆག་ཚོགས། །ཡིད་འོང་སྐྱེད་ཚལ་ལྷ་ཕྲུག་གླུ་གར་ཆེ། །རིན་ཆེན་གསེར་དངུལ་དར་གོས་ཉེ་བར་སྤྱོད། །སྡེར་ཆགས་པགས་རིགས་གྲྭ་རྒྱས་བདུད་རྩིའི་ཆར། །རི་གླིང་སྨན་ཤིང་མེ་ཏོག་འབྲས་བུའི་ཚོགས། །ཐུགས་ལ་བཞེད་དགུ་ཟད་མི་ཤེས་པའི་གཏེར། །ནམ་མཁའ་ཇི་སྲིད་འཆར་ཀུན་བདེ་བ་ཆེ། །བྱང་ཆུབ་སེམས་ཀྱི་བྱེད་པ་སྔགས་ཕྱག་རྒྱས། །ཏིང་འཛིན་ཆོ་འཕྲུལ་བསམ་མི་ཁྱབ་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཔལ་ལ་དགྱེས་དགུ་བསྐྱེད། །ཕོག་ཐུག་འགྲམ་འཁྲུགས་ཉེས་པ་བསྐྱེད་ཀུན་བཤགས། །གནས་མགྲོན་དམ་ཚིག་བརྩེ་གདུང་མ་བསྙེལ་བར། །སྣོད་ཀྱི་འཇིག་རྟེན་ལོ་ལེགས་རྩི་ཤིང་རྒྱས། །བཅུད་ཀྱི་སྐྱེ་འགྲོ་ནད་མེད་བདེ་སྐྱིད་འཕེལ། །འགྲོ་ཀུན་དཀར་པོའི་ཆོས་སྣང་ཡར་ཟླ་ལྟར། །འཕེལ་བས་བསོད་ནམས་ཡེ་ཤེས་ཚོགས་ཆེན་རྒྱས། །ཕན་ཚུན་བྱམས་ལྡན་ནད་མུག་འཐབ་འཛིང་ཞི། །རྫོགས་ལྡན་དགེ་བཅུའི་དགའ་སྟོན་མགྲོན་དུ་ཁུག །བཀྲྃ་ཤིསྃ་འབྱུང་གནས་མཆོག་གསུམ་དབུ་འཕང་བསྟོད། །ཆོསྃ་བཞིན་སྤྱོད་པའི་དགེ་འདུན་འདུས་པ་རྒྱས། །བཤད་སྒྲུབ་ལས་ཀྱི་འཁོརྃ་ལོ་རྒྱུན་མི་ཆད། །དོན་གཉིས་ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། །སྒྲུབ་པའི་སྡེ་ཀུན་འགལ་རྐྱེན་ཉེར་འཚེ་བྲལ། །མཐུན་པའི་རྐྱེན་ཚོགས་ཁྱད་པར་ཉམས་རྟོགས་དཔལ། །དབྱར་མཚོ་ལྟར་འཕེལ་འབྲེལ་ཚད་དོན་ལྡན་གྱི། །ཕྲིན་ལས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །བསང་གཞུང་གཞན་དང་མ་འབྲེལ་ན་ནོངས་བཤགས། གཤེགས་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། ཅེས་པའང་རང་སློབ་དད་བརྩོན་ལྷག་བསམ་ལྡན་པ་དག་དབང་ཡེ་ཤེས་དོན་གྲུབ་ནས་བསྐུལ་བ་བཞིན་མངྒ་ལས་བྲིས་པ་དོན་ལྡན་དུ་གྱུར་ཅིག ༈ འབར་ལྷའི་བསང་བསྡུས་དགེ་མཚན་དཔྱིད་ཀྱི་རོལ་མོ་བཞུགས་སོ། ཨོཾ་སྭ་སྟི། ཡུལ་ལྷའི་བསང་བྱ་བར་སྤྲོ་ན། མཐུན་པའི་རྫས་དང༌། ཤིང་སྣའི་དུད་སྤྲིན་སོགས་མཆོད་པའི་ཡོ་བྱད་ཀུན་ལྷའི་རྣལ་འབྱོར་ལ་གནས་པས་བསང་སྦྱངས་ཏེ། ཀྱེ། ཀ་རུ་ཎི་ཀ་ཤྭ་ར་འཕགས་པའི་ཞིང༌། །ཁ་བའི་ལྗོངས་ཀྱི་སྐྱབས་གཅིག་མཚོ་སྐྱེས་རྗེ། །ག་ཎ་མཎྜལ་བཅུག་ཅིང་དབང་བསྐུར་བའི། །ངང་ཚུལ་རྗེས་སྐྱོངས་ཡུལ་ལྷའི་དབང་པོ་གཤེགས། །ཅ་ཅོ་ཡིད་འོང་སྙན་པའི་རོལ་མོའི་དབྱངས། །ཆང་བཅུད་འོ་ཞོ་མངར་གསུམ་སྦྱར་བའི་སྐྱེམས། །ཇ་དར་གོས་སོགས་འདོད་ཡོན་མཁོ་རྒུའི་རྫས། །ཉ་གང་ཟླ་བའི་མདངས་འཕྲོག་གཏོར་མའི་ལྷུན། །ཏ་མ་ལ་ཡི་མངལ་འཛིན་བདུད་རྩིའི་སྤྲིན། །ཐ་དད་དབང་པོ་སིམ་པ་སྟེར་བའི་སྨན། །དག་བྱེད་མི་གཙང་དྲི་ཀུན་བསྙིལ་བའི་ཆར། །ནམ་མཁའ་མཛོད་ཀྱི་འཁོར་ལོའི་དགྱེས་གྱུར་ཏེ། །པ་སངས་ལྟར་མཛེས་གཞན་ཕན་དང་འགྲོགས་པའི། །ཕ་རོལ་ཕྱིན་བཅུའི་ལེགས་ལམ་དགེ་བའི་སྤྱོད། །བར་ཆད་མི་སྲུན་དཔུང་གིས་མི་བརྫི་བར། །མ་ལུས་ས་བཅུའི་སྤང་རྟོགས་མཐར་སོན་མཛོད། །ཙ་མ་ར་བཞིན་བདེ་དཔལ་གྱིས་དྲེགས་པའི། །ཚ་ངར་བསོད་ནམས་མཐུ་ལྡན་སྦྱིན་བདག་གཙོས། །ཛམ་བུའི་གླིང་ཀུན་ཕན་བདེའི་དཔལ་འབྱོར་རྒྱས། །ཝ་ལེར་ཁྱབ་པའི་ཕྲིན་ལས་མ་གཡེལ་སྒྲུབས། །ཞྭ་ལྟར་མཆོད་འོས་འཕགས་ཚོགས་འདུས་པའི་སྡེ། །ཟ་མ་ཏོག་བཞིན་རིག་གྲོལ་ཡོན་ཏན་ཤུགས། །འ་འུར་རྙེད་བཀུར་རིམ་འགྲོའི་འདུ་བ་བཅས། །ཡ་མཚན་སྤང་རྟོགས་བླ་ནས་བླར་འཕེལ་མཛོད། །ར་བ་བརྒལ་དཀའ་སྲིད་ལས་ངེས་འབྱུང་སྟེ། །ལ་འུར་དབེན་པར་སྒོམ་པའི་རྣལ་འབྱོར་ཁྱུ། །ཤ་ཁྲག་གདོས་བཅས་དྭངས་མའི་ཀློང་དེངས་ཏེ། །ས་ཆེན་གནས་སར་གཞན་ཕན་གཏེར་གྱུར་མཛོད། །ཧ་རིའི་བསུང་ལྡན་བསང་གི་དགའ་སྟོན་གྱིས། །ཨ་ཧོ་དགྱེས་པའི་གླུ་དབྱངས་དང་བཅས་ཏེ། །གནས་མགྲོན་དམ་ཚིག་གཙང་མའི་ཡལ་གམ་གྱིས། །མཐར་ཐུག་རོ་གཅིག་བྱང་ཆུབ་མྱུར་ཐོབ་ཤོག །བདེ་ཆེན་རྒྱལ་ཀུན་ཐུགས་གསང་གཞན་ཕན་སེམས། །རྗེས་ཆགས་ལང་ཚོས་དྲེགས་པའི་དགེ་ལེགས་ཀྱིས། །སྣང་བས་སྲིད་ཞིའི་རྒུད་པས་མུན་འཕྲོག་སྟེ། །བཀྲ་ཤིས་དཔལ་འབྱོར་འོད་ཟེར་འབར་གྱུར་ཅིག །ཅེས་པའང་གནས་མཆོག་དེ་ཉིད་ཀྱི་གཡོན་ཟུར་བཟང་ལུང་དཀར་པོའི་རི་སུལ་ཉམས་དགའ་བར་བཙུན་ཆུང་མངྒ་ལས་སྤེལ་བ་དགེ། ༈ གོ་ཐིའི་གནས་བསང་བཀྲ་ཤིས་སྙན་པའི་རོལ་མོ་བཞུགས། ཀྱཻ། ཀ་དག་རང་བྱུང་འཇམ་དཔལ་དགྱེས་པའི་སྡེས། །ཁ་སྦྱོར་འཁོར་ལོ་སྡོམ་པའི་ཕོ་བྲང་གི །ག་ཎའི་འདུ་བར་བསྔགས་པའི་གནས་ཀྱི་བདག །ང་ཡི་འབོད་དོ་མཆོད་པའི་མགྲོན་དུ་གཤེགས། །ཅ་ག་གཉིས་སྣང་རྟོག་པ་ལས་འདས་ངོར། །ཆ་ལུགས་ཅིར་སྣང་དག་པ་རབ་འབྱམས་ཞིང༌། །ཇ་བཟང་ལ་སོགས་འདོད་ཡོན་རྒྱ་མཚོའི་སྤྲིན། །ཉ་གང་ཟླ་ལྟར་འཕྲུལ་དགའི་རོལ་པ་ཡི། །ཏ་ཐཱ་ག་ཏ་རྩ་གསུམ་ལྷའི་འཁོར་ལོར། །ཐ་མལ་འཁོར་གསུམ་རྟོག་པ་ལས་འདས་པས། །ད་ལྟ་ཙམ་མིན་བདེ་ཆེན་རྟག་པའི་སྤྲིན། །ན་མར་སྟོབ་བོ་རྟག་ཏུ་དགྱེས་པས་སྐྱོངས། །པ་སངས་མདངས་འཛིན་གནས་གཏེར་སྲུང་བའི་ཚུལ། །ཕ་རོལ་གཞོམ་སོགས་དབང་དྲག་ཕྲིན་ལས་མཁན། །བ་མཆོག་གཏེར་བཞིན་རྣལ་འབྱོར་སྐྱོངས་བའི་གཉེན། །མ་ལུས་འཁོར་དང་བཅས་པ་ཀུན་ལ་ཡང༌། །ཙ་མ་ར་སོགས་སྲོག་ཆགས་མཁོ་དགུའི་ཁྱུ། །ཚལ་དང་འདོད་ཡོན་ལྷ་རྫས་ཀུན་བཟང་གཏེར། །ཛ་ཧུའི་རྒྱུན་ལྟར་མངར་གསུམ་འོ་ཞོའི་སྐྱེམས། །ཝ་ལེར་ནམ་མཁའ་མཛོད་ཀྱིས་དགྱེས་གྱུར་ཅིག །ཞྭ་ལྟར་ཚངས་པའི་མཛེས་རྒྱན་འོད་གསལ་རྗེའི། །ཟ་མ་ཏོག་ལྟར་སྐུ་ཚེ་ཕྲིན་ལས་སྤེལ། །འ་འུར་མཆོད་པའི་དཔལ་སྟོབ་རྣལ་འབྱོར་ཡང༌། །ཡ་མཚན་སྒྲུབ་པའི་སྤྱོད་པ་མཐར་སོན་མཛོད། །ར་བ་ལྟར་བསྐོར་ལྗོངས་འདིའི་ཕན་བདེ་དང༌། །ལ་ཀླུང་བསྟི་པའི་འཕགས་ཚོགས་སྤང་ཀློག་སྤེལ། །ཤ་ཟ་ཡིད་སྲུབ་དམ་སྲིའི་རྒྱུ་འགྲུལ་ཆོད། །ས་ལམ་མཐར་སོན་བདེ་ནས་བདེ་བར་སྦྱོར། །ཧ་རིའི་ངད་བཞིན་དཔལ་འབྱོར་མངའ་ཐང་གིས། །ཨ་ཧོ་ངོ་མཚར་དམ་པས་དུས་རྟག་ཏུ། །ཨ་ལ་ལ་ཞེས་གནས་ཀྱི་བདག་པོ་ཡང༌། །ཧེ་ཧེ་འཁྱུད་པ་བཞིན་དུ་སྐྱོངས་བར་མཛོད། །བཀྲྃ་ཤིསྃ་ཟུག་རྔུ་ཀུན་བྲལ་བདེ་བ་ཡི། །དཔྃལ་དང་ཕན་བདེའི་སྣང་བ་རབ་འབྃར་བའི། །གླིངྃ་བཞིར་ཁྱབ་པའི་དགེ་མཚན་ཉིན་མོར་བྱེད། །སྲིད་པའི་མཐར་ཡང་ཉམས་པ་མེད་གྱུར་ཅིག །ཅེས་པའང་མདོ་ཁམས་ཆུ་བཞིའི་རི་བོ་རྩེ་ལྔ་གོ་ཐི་བཀྲ་ཤིས་དཔལ་འབར་གླིང་ཞེས་ཀུན་མཁྱེན་བླ་མ་དགྱེས་པའི་དགའ་ཚལ་གྱི་གནས་བདག་ལ་བསང་གི་རོལ་མོ་འདིའང་གདན་ས་དེ་ཉིད་དུ་བསྟི་བའི་སྐབས་ཤིག་བཀྲ་ཤིས་དཔལ་འབྱོར་གྱིས་སྤེལ་བ་དགེ་ཞིང་བཀྲ་ཤིས།། ༈ གོ་ཐི་བཀྲ་ཤིས་དཔལ་འབར་གླིང་གི་གནས་ལ་བསྔགས་པ་ཡིད་ཆེས་དད་པའི་རྒྱན་ཞེས་བྱ་བ། ཨོཾ་སྭ་སྟི། ཀ་མ་ལ་ལྟར་མཁྱེན་པའི་འདབ་རྒྱས་འཇམ་དཔལ་རྡོ་རྗེའི་བསྙེན་པའི་ཚལ། །ཁ་བའི་ལྗོངས་ཀྱིས་རི་བོ་རྩེ་ལྔ་བཀྲ་ཤིས་དཔལ་འབར་གླིང་ཆེན་པོར། །ག་གཱའི་དབྱིངས་ལྟར་རྒྱ་ཆེའི་ཡོན་ཏན་ཕ་མཐའ་ཡས་པའི་ངོ་མཚར་གཏེར། །ང་ཡིས་སྙན་ངག་མེ་ཏོག་གསར་པའི་ཕྲེང་བ་ཡིད་ཆེས་རྒྱན་དུ་བསྟར། །ཅ་ཅོ་སྙན་སྒྲོགས་གསེར་ལྡན་ཀླུང་སོགས་གཡས་སུ་བསྐོར་བས་ལེགས་བགྲོད་སྟེ། །ཆབ་རྒྱུན་བགྲོད་པ་ཡི་གེའི་གཟུགས་ཀྱི་བསྟོད་པ་བྱེ་བ་ངོམས་བཞིན་དུ། །ཇ་ཧང་མདངས་འཛིན་ཉི་གཞོན་ཟླ་བ་བགྲོད་ཐག་རིང་སོགས་དགེ་བའི་དཔྱད། །ཉ་གང་བདུད་རྩིའི་དཀྱིལ་འཁོར་ལྟར་རྫོགས་ཕུན་ཚོགས་གནས་ཀྱི་རྩེ་མོར་སོན། །ཏ་མ་ལ་ཡི་མདངས་འཛིན་ཆུ་བོས་དུམ་བུར་འདབ་མ་ལྟར་བཅད་པས། །ཐ་དད་ཡུལ་གྲུའི་བཀོད་པ་སྟོང་གིས་ནེའུ་གསེང་མཛེས་པ་མུ་ཁྱུད་ལྟར། །དཱ་ནུའི་བུ་ཡི་ཡིད་ཅན་འཇུག་བྲལ་གངས་རིའི་ཕྲེང་བས་བསྐོར་ལ་སོགས། །ན་མར་ཡོན་ཏན་ཤམྦྷ་ལ་དངོས་ཆོས་རྒྱལ་དགྱེས་པའི་ཕོ་བྲང་མཛེས། །པ་སངས་ལྟར་མཛེས་རྗེས་ཆགས་བརྩེ་ཆེན་སྙིགས་མའི་གདུལ་བྱ་ལ་གཟིགས་པའི། །ཕ་རོལ་ཕྱིན་པའི་ཡོན་ཏན་གཏེར་གྱུར་ཀུན་མཁྱེན་བློ་གྲོས་དགྱེས་པའི་སྡེས། །བ་མཆོག་ལྟར་འུར་གནས་འདིར་ས་གནད་སྒྲུབ་པའི་རྣམ་ཐར་འཛིན་པའི་མོད། །མ་ལུས་སྐྱེ་དགུའི་དབང་པོ་སྡེྃ་བཞི་དགེྃ་བཅུའིྃ་མངྃའ་ཐངྃ་དརྃ་ཞེས་བསྔགས། །ཙ་མཱ་ར་ལྟར་སྣང་སྲིད་ཟིལ་གནོན་དགོངས་པའི་གདིང་གིས་ས་བཏུལ་ཚེ། །ཚ་ངར་མཐུ་ལྡན་དྷཱ་ཀི་བྱེ་བ་ཤ་ཟ་འདབ་ཆགས་ཟོལ་བརྫུས་ཏེ། །ཛ་ཧུའི་རྒྱུན་ལྟར་ཟླུམ་པོར་བསྐོར་བས་འདབ་མའི་ཟློས་གར་བསྒྱུར་ལ་སོགས། །ཝ་ལེར་ཀུན་ཁྱབ་དགེ་མཚན་རོལ་མོ་ཅིར་ཡང་ངོམས་པས་བློ་ཡིད་འཕྲོག །ཞྭ་ལྟར་བཀུར་འོས་པདྨའི་བཀའ་སྲུང་དགེ་བསྙེན་དབང་པོས་བཟུང་བའི་ཆུ། །ཟ་མ་ཏོག་སོགས་མཁོ་དགུའི་འདོད་ཡོན་བརྔན་དུ་ཕུལ་ནས་དམ་བསྒྲགས་ཚེ། །འ་འུར་རླབས་འཕྲེང་འབུམ་ཕྲག་གཡོ་བའི་མཚོ་ངོགས་ཉག་ཕྲན་ཟུག་པ་སོགས། །ཡ་མཚན་རྫུ་འཕྲུལ་བཀོད་པ་སྟོན་པའི་གནས་དེའི་ཨེ་མ་ངོ་མཚར་དཔལ། །ར་རིབ་སྒྲིབ་བྲལ་ཀུན་མཁྱེན་ཡེ་ཤེས་ཆོས་ཀྱི་ཉི་མ་གཅིག་པུ་དེས། །ལ་ལ་ཙམ་མིན་སྙིགས་འགྲོའི་གདུང་སེལ་ཀཱ་ལ་ཙཀྲའི་རྡོ་རྗེའི་དབྱངས། །ཤ་ཟ་ཀླ་ཀློའི་འཇུག་པ་བཟློག་སོགས་རྨད་བྱུང་དགོས་པ་དུ་མ་ཡིས། །ས་གསུམ་འགྲོ་ལ་སྟེར་བའི་ཞིང་འདི་རྐང་སྟེགས་གྱུར་ཀུན་སྐལ་པ་བཟང༌། །ཧ་ལམ་གཅམ་བུའི་རབ་བརྟགས་ངག་མིན་ངེས་པའི་ཡོན་ཏན་གནས་པའི་ཚོགས། །ཨ་ཏིའི་དགོངས་པའི་རྩལ་ཆེན་ཡོངས་རྫོགས་འཇའ་ལུས་རྡོ་རྗེའི་ཞལ་ལུང་བཞིན། །ཨ་ལ་ལ་ཞེས་དད་དང་གུས་པའི་དྲི་ཡི་བཞོན་པས་འདི་སྒྲོགས་ན། །ཧ་རིའི་ཚལ་གྱི་བསུང་ལྟར་གྱུར་ནས་དད་ལྡན་སྐལ་བཟང་དགྱེས་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་མཚུངས་མེད་སྤོབས་པའི་ཉི་གཞོན་གསར་པའི་ལང་ཚོའི་ཟེར། །བདག་ཉིད་ཆེན་པོ་འཇམ་དབྱངས་བླ་མའི་རིང་ལུགས་པདྨོའི་གཉེན་གྱུར་ཏེ། །བདག་གཞན་འབྲེལ་ཚད་ཡེ་ཤེས་འོད་སྟོང་སྟེང་གི་མཁའ་ལ་ངོམས་པའི་མཐུས། །བདག་ཏུ་འཛིན་པའི་མུན་པ་གཏལ་བཅིལ་འཇམ་པའི་རྡོ་རྗེ་གྲུབ་གྱུར་ཅིག །ཅེས་པའང་རྡོ་རྗེའི་གནས་མཆོག་འདི་ཉིད་དུ་སྒྲུབ་ལ་གཞོལ་ན་གཞན་ལས་ལྷག་པའི་ཡིད་ཆེས་ཀྱི་བསྔགས་པ་དང་རྗེས་སུ་འབྲེལ་བས་ཁྱབ་བདག་འོད་གསལ་རྡོ་རྗེའི་བཀའ་ལུང་དད་པའི་དཔྱིད་དུ་ཐོབ་པ་ལྟར་བསྔགས་པའི་ཏམྦུ་ར་འདི་ཡང་ཀུན་མཁྱེན་ཡབ་སྲས་དགྱེས་པའི་འབངས་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་བློ་མཚོ་ལས་སྤྲོས་པ་དགེ་ལེགས་ཀྱི་སྣང་བས་ས་གསུམ་མཛེས་པའི་རྒྱན་དུ་སྨོན་པའང་འགྲུབ་པར་གྱུར་ཅིག ། ༈ གོ་ཐིའི་བསང་བསྡུས་བཞུགས། བདེ་ཆེན་ཧེ་རུ་ཀ་ཡི་ཞིང༌། །རྩ་གསུམ་རྒྱ་མཚོ་འདུ་བའི་གནས། །ཞི་མཛད་རྡོ་རྗེའི་ས་སྤྱོད་ཆེ། །བཞུགས་པའི་གནས་བདག་འཁོར་དང་བཅས། །ཟག་མེད་ཀུན་བཟང་མཆོད་པའི་སྤྲིན། །འདོད་ཡོན་རྒྱ་མཚོའི་བསངས་ཀྱིས་མཆོད། །ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས། དགྱེས་དགུའི་ཕྲིན་ལས་ཟབ་མོ་ཡིས། །བདག་ཅག་འཁོར་དང་བཅས་པ་ཡི། །ནད་གདོན་བར་ཆད་ཀུན་ཞི་ཞིང༌། །ཚེ་སྤེལ་འདོད་དགུའི་འབྱོར་པ་སྤེལ། །སྣང་སྲིད་དབང་བསྡུས་ལོག་འདྲེན་སྒྲོལ། །གནས་སྐབས་མཐར་ཐུག་དགེ་ལེགས་ཚོགས། །འཕེལ་ཞིང་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་གཞོན་ནུ་མངྒ་ལས་ལྷག་པའི་བསམ་པས་གང་ཤར་ཤུགས་འབྱུང་དུ་སྤེལ་བ་དགེ། ༈ བདེ་ཆེན་སེངྒེ་གནམ་རྫོང་གི་གནས་བསང་དགེ་མཚན་དཔྱིད་ཀྱི་དཔལ་མོའི་མགྲིན་གླུ་བཞུགས། ཧྲཱིཿ ཀ་དག་སྐྱེ་མེད་ཐིག་ལེ་ཉག་གཅིག་གཤིས། །ཁ་སྦྱོར་བདེ་ཆེན་རོལ་མོས་དགྱེས་པའི་སྤྲིན། །ག་ལ་བ་དེར་བསྟི་བའི་རང་སྣང་ཞིང༌། །ང་བདག་འཛིན་བྲལ་གཉུག་མ་ཆོས་ཀྱི་སྐུར། །ཅ་ག་གཉིས་སྣང་རྟོག་པས་མི་ཕྱེད་པའི། །ཆ་ལུགས་ཅིར་སྣང་རྒྱན་ཤར་རྡོ་རྗེའི་སྤྲིན། །ཇ་རིལ་མཆོད་དང་མཆོད་བྱ་མཉམ་པ་ཆེར། །ཉ་གང་ཟླ་ལྟར་བླ་མེད་མཆོད་པས་བརྔན། །ཏ་ཎ་ག་ཎའི་གསང་སྤྱོད་ལམ་གྱི་གྲོགས། །ཐ་དད་ཉེར་བཞི་རྡོ་རྗེའི་གནས་ཡུལ་སྐྱོངས། །དཱ་ནའི་རྩེར་སོན་བདེ་སྟོང་དགའ་བཞིའི་བསང༌། །ན་མར་སྟོབ་བོ་གཟུང་འཛིན་དབུ་མར་ཟླུམ། །པ་ལ་ཤ་ལྟར་འཇམ་པའི་གཡར་དམ་གྱིས། །ཕ་རོལ་བྱང་ཆུབ་བར་དུ་རྗེས་སྐྱོངས་གྲོགས། །བ་མཆོག་ལྟ་བུའི་འདོད་དགུའི་གྲུབ་པའི་གཏེར། །མ་གཅིག་ལྷ་མོ་ལ་སོགས་གནས་གཏེར་བདག །ཙ་མ་ར་ལྟར་དག་མཉམ་ཏིང་འཛིན་གྱིས། །ཚ་ངར་མཐུ་ཡི་ཕྲིན་ལས་མྱུར་བསྐུལ་ཕྱིར། །ཛ་ཧུའི་རྒྱུན་ལྟར་འདོད་ཡོན་དགྱེས་སྟོབ་ན། །ཝ་ལེར་དགྱེས་ཞལ་ཟླ་བའི་སྣང་བས་སྐྱོངས། །ཞྭ་ལམ་རབ་འབྱམས་སྨྲ་བའི་སེང་གེ་དང༌། །ཟ་ཧོར་མཁན་དངོས་རྒྱལ་ཚབ་ཆོས་ཀྱི་རྗེས། །འ་འུར་རྣམ་ཐར་སྙན་པའི་བ་དན་ནི། །ཡ་མཚན་སྲིད་ཞིའི་བླ་ན་གསལ་བར་མཛོད། །ར་བ་གངས་རིའི་བསྟན་པའི་སྙིང་པོའི་སྲོག །ལ་འུར་གདོད་མར་དབུགས་འབྱིན་ཐེག་མཆོག་གིས། །ཤ་ཁྲག་འོད་དུ་དེངས་བའི་གྲུབ་པ་ཆེའི། །ས་འདིར་འགེངས་བའི་དགེ་མཚན་སྒོ་འཕར་ཕྱེས། །ཧ་རིའི་ཚལ་ན་འགྲོགས་པའི་ལྗོན་བཟང་བཞིན། །ཨ་ཏིའི་སྲོལ་འཛིན་བསྟནྃ་གཉིསྃ་དརྃ་རྒྱསྃ་གླིངྃ༌། །ཨ་ཧོ་རིག་གྲོལ་སྤང་ཀློག་རྣམ་ཐར་འབུམ། །ཧ་སྱ་དགྱེས་པས་སྒེག་པ་ལྟ་བུར་མཛོད། །ཨི་ཤྭ་ར་སོགས་རྡོ་རྗེའི་ཆོས་སྲུང་ལས། །ཨུ་རྒྱན་བླ་མའི་བཀའ་ཡི་འབངས་བདག་ཀྱང༌། །ཨེ་མ་དགྱེས་པའི་སྣང་བ་གསར་པ་ཡིས། །ཨོ་ཌིའི་ཞིང་སོགས་ཉུལ་ལ་གནང་བ་སྩོལ། །བཀྲ་ཤིས་བླ་མེད་རྟག་པ་དམ་པའི་སྤྲིན། །མི་ཟད་ཕན་བདེའི་ནོར་བུའི་གཏེར་གྱི་དབྱིག །བརྟན་གཡོའི་ཁམས་ལ་བཞད་པ་ལྟར་གྱུར་ནས། །དགེ་མཚན་མཆོག་གིས་སྲིད་གསུམ་མཛེས་གྱུར་ཅིག །ཅེས་པའང་མདོ་ཁམས་ས་ཡི་ཐིག་ལེ་གསང་ཆེན་བསྟན་པའི་འབྱུང་གནས་འོག་མིན་བླ་མའི་གདན་ས་ཞེ་ཆེན་ཡང་དབེན་རབ་འབྱམས་སྨྲ་བའི་དབང་པོའི་གཟིམ་སྤྱིལ་དུ་བསྟི་བའི་སྐབས་རྒྱལ་ཁམས་ཀྱི་སྤྲང་འཁྱལ་ཨཀྵ་ར་མ་ཧཱ་ཡ་ནཱ་དྷྭ་ཛས་བྲིས་པ་དགེ་ལེགས་འཕེལ། ༈ སྣང་སྲིད་བདེ་ཆེན་ཕུག་པའི་བསང་ལྷ་རྫས་འདོད་དགུའི་སྤྲིན་ཕུང་བཞུགས། ཧྲཱིཿ ཀ་མ་ཡི་མདངས་འཛིན་ལྷ་སྨན་ཆེའི། །ཁང་བཟང་བཀོད་པས་བཟུང་བའི་བདེ་ཆེན་ཕུག །ག་ཎའི་འདུ་ཁང་ངོ་མཚར་གནས་མཆོག་བདག །ང་ཡིས་འབོད་དོ་མཆོད་པའི་མགྲོན་ལ་གཤེགས། །ཅ་ག་ལྷ་རྫས་ཁང་བཟང་འབྱོར་པའི་རིགས། །ཆང་ཕུད་དཀར་མངར་ཞལ་ཟས་མཁོ་དགུའི་སྤྲིན། །ཇ་དར་རྟ་ནོར་སྲོག་ཆགས་འདོད་ཡོན་གཏེར། །ཉམས་དགའ་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ། །ཏ་ལའི་སྨན་ཤིང་བདུད་རྩིའི་ཟིལ་པའི་སྤྲིན། །ཐ་དད་ཚོགས་དྲུག་སིམ་སྟེར་ཇི་འདོད་རྒྱུན། །དད་དང་དམ་ཚིག་གཙང་མས་ལེགས་འབུལ་བས། །ན་ཚོད་གཞོན་ནུའི་དགྱེས་ཞལ་འཛུམ་པས་སྐྱོངས། །པ་ར་མི་ཏ་གཞན་ཕན་བྱང་སེམས་ཀྱིས། །ཕ་རོལ་སྲིད་པར་འཕྱན་པའི་འགྲོ་སྒྲོལ་ཆེད། །བ་མཆོག་ལྟ་བུའི་ལས་བཞིའི་ཕྲིན་ལས་ཚོགས། །མ་ལུས་བཅོལ་བ་ཙམ་གྱིས་སྒྲུབ་ཤིག་ཀྱཻ། །ཙཱ་རི་གཉིས་པ་གནས་མཆོག་དབེན་པ་འདིར། །ཚལ་ན་རྒྱུ་བའི་རི་དྭགས་བཞིན་བརྟེན་པའི། །ཛ་ཡའི་རྗེས་འཇུག་རྣལ་འབྱོར་སྒྲུབ་པ་པོ། །ཝཱ་ར་ཧི་དངོས་མ་གཅིག་ཁྱོད་ཀྱིས་སྐྱོངས། །ཞྭ་ལྟར་དཀོན་མཆོག་བཀུར་བའི་སྦྱིན་བདག་ཚོགས། །ཟ་མ་ཏོག་ལྟར་འདོད་དགུའི་ཕན་བདེའི་སྐྱེམས། །འ་འུར་འདིར་སྣང་འཁྲུལ་པས་མི་བསླུ་བར། །ཡ་མཚན་དགེ་བཅུའི་དཔལ་ལ་གཞོལ་བར་མཛོད། །རབ་མཛེས་ཐུབ་བསྟན་འཛིན་མཁས་འདུས་པའི་ཚོགས། །ལམ་བཟང་གསན་བསམ་སྒོམ་པ་མཐར་སོན་ཏེ། །ཤ་ཤ་དྷཱ་རའི་ལང་ཚོས་དྲེགས་པ་བཞིན། །ས་བཅུ་མཐར་སོན་སྲིད་པ་མིང་མེད་མཛོད། །ཧ་རིའི་བསང་སྤྲིན་མཆོག་གིས་བདེ་བ་ཆེའི། །ཨ་ཧཾ་བཅུ་དྲུག་འཕོ་མེད་དགའ་བའི་སྡུག །རྡོ་རྗེ་བཙུན་མོའི་ཀློང་དུ་རྟག་རོལ་པས། །འཁོར་འདས་རང་གྲོལ་ཡེ་སངས་ཡེ་གྲོལ་མཛོད། །ཅེས་པའང་རང་གི་ཐོག་སྒོའི་དབེན་གནས་བཟང་ལུང་བྲག་ཕུའི་གནས་ཀྱི་རྒྱལ་པོའི་ཚོགས་དགྱེས་པ་བསྐྱེད་ཕྱིར་མངྒ་ལས་སོ།། ༈ སྣང་སྲིད་བདེ་ཆེན་ཕུག་པར་བསྔགས་པའི་རོལ་མོ་བསམ་གཏན་གྲུབ་པའི་རྣ་རྒྱན་བཞུགས། མང་མང་སྲས་བཅས་རྒྱལ་ཀུན་དགྱེས་པའི་ཡེ་ཤེས་སྣ་ཚོགས་ཤིང་རྟའི་འགྲོས། །ཡང་ཡང་སྲིད་པའི་འགྲོ་ལ་རྗེས་ཆགས་སྙིང་རྗེའི་མངལ་ཁུར་གྱིས་དུད་བཞིན། །མཚར་མཚར་སྒྱུ་འཕྲུལ་རྡོ་རྗེའི་གྲུ་ཆར་གངས་ལྗོངས་གདུལ་བྱའི་དཔྱིད་གྱུར་པའི། །མཛེས་མཛེས་མཁས་གྲུབ་ཡོངས་ཀྱི་སྤྱི་མེས་ཁྱབ་བདག་རྣམ་གསུམ་རྒྱལ་གྱུར་ཅིག །རབ་དཀར་བསོད་ནམས་བྱེ་བའི་འབབ་སྟེགས་རྒྱལ་ཀུན་རྗེས་བསྔགས་དབེན་པའི་ལྗོངས། །རབ་མཛེས་ཡིད་འཕྲོག་བཀོད་པས་ཆེས་བཀྲ་སྣང་སྲིད་བདེ་ཆེན་འཆར་བའི་ཞིང༌། །རབ་སྙན་ངག་གི་ཉམས་འགྱུར་དུ་མའི་བསྟོད་པའི་མེ་ཏོག་གིས་བརྒྱན་པས། །རབ་ཏུ་ཐར་པ་རྩེ་གཅིག་འདོད་པའི་སྐལ་བཟང་བསྐུལ་བའི་མགྲིན་གླུ་དངོས། །ཀིངྴུའི་མདངས་འཛིན་བྲག་དམར་ཕ་གུ་བརྗིད་པར་བརྩེགས་པའི་ཁོར་ཡུག་ཏུ། །ཁུ་བྱུག་མྱོས་པའི་དབྱངས་སྙན་སྒྲོགས་བཞིན་རྩེན་པའི་ལྷ་ཤིང་ཕྲེང་བ་བསྟར། །གེ་སར་ངོམས་པའི་མེ་ཏོག་གིས་ཁེབ་ནེའུ་སེང་དར་བས་མདུན་བརྡར་བའི། །ངོ་མཚར་དབེན་གནས་བལྟ་ན་སྡུག་འདི་སྐབས་གསུམ་གྲོང་གི་དགའ་ཚལ་བཞིན། །ཅི་ནས་མཉེན་ལྷུག་ཡལ་འདབ་རབ་རྒྱས་ནཱིཙྪ་ལ་ཡི་ལྡིང་ཁང་འོག །ཆུ་རྒྱུན་དྭངས་བསིལ་ཕྱོགས་ཀུན་ཁེབ་པ་ལྷུང་ལྷུང་སྙན་པའི་རྒྱུད་མང་གིས། །ཇེ་ཞིག་མ་ཡིན་ད་ལྟ་ལ་འུར་ཐར་པར་བསྐུལ་བའི་བརྡ་ཐབས་བཅས། །ཉོ་ཚོང་སོ་ནམ་འདིར་སྣང་རྙེད་བྲལ་དམ་ཆོས་ངང་འཕེལ་ལྗོངས་ཡངས་པར། །ཏི་ཕུ་འཇོལ་མོ་བྱམས་པའི་སྒྲོགས་འུར་བག་ཕེབས་བསྟེན་པའི་གནས་གྱུར་ཅིང༌། །ཐུ་བོ་འཕགས་པའི་རྣམ་ཐར་ལྟར་མཛེས་རི་སྐྱིལ་མདུན་དུ་དལ་གྱི་དཀྱུ། །དེས་པའི་སྤྱོད་ལྡན་བརྟན་བརྗིད་ལྗོན་ཤིང་གར་སྟབས་གཡོ་བའི་ཕྲེང་བ་ཅན། །ནོར་བུའི་དབྱིབས་འཛིན་ལྷུན་ཆགས་རི་བོ་ན་བུན་བསྐྱོད་པའི་མགུལ་ཆིངས་བཀྲ། །པིར་གྱིས་བྲིས་ལྟར་རྣམ་བཀྲའི་རྒྱུ་སྐར་འོད་ཟེར་སྟོང་གི་དྲྭ་བ་ཡི། །ཕུ་ན་བརྟན་བརྗིད་ཀེ་ལ་ཤ་རིར་འཁྱུད་པའི་ལང་ཚོའི་ཉམས་འགྱུར་བཅས། །བཻ་ཌཱུའི་མདངས་འཛིན་དབང་སྔོན་ལ་ཐོད་འཆིང་དང་ཆབས་ཅིག་ཆར་སྤྲིན་གྱི། །མོས་པ་དོན་ཡོད་དབེན་གནས་རྣལ་འབྱོར་སྐྱོ་བར་དོགས་ཏེ་བཀྲམ་པ་བཞིན། །ཙིཏྟའི་བཀོད་པ་རང་བྱུང་ཕུག་མཛེས་རྡོ་རྗེའི་ནེའུ་ཚང་མཐོན་པོའི་དཀྱིལ། །ཚུ་རོལ་སྐྱེ་བོས་བགྲོད་པར་དཀའ་ཡང་བསམ་གཏན་འདོད་པའི་སྐྱེས་བུ་ལ། །ཛེ་ཏའི་ཚལ་སོགས་ཐུབ་པའི་གནས་བཞིན་ཉམས་རྟོགས་དཔལ་གྱི་ ཡོན་ཏན་རྒྱུན། །ཝོ་ཛི་ནས་ཀྱང་སྨྲ་བར་ནུས་མིན་དཀྱིལ་འཁོར་འདུས་པའི་གནས་འདིར་སྟེར། །ཞིང་དེར་བསྟི་ལ་དགྱེས་པས་སྐྱོངས་བའི་དཀར་ཕྱོགས་ལྷན་ཅིག་སྐྱེས་པའི་གཙོ། །ཟུ་ལེ་སྨན་སོགས་བརྟན་མའི་གཙོ་བོ་མ་གཅིག་རོལ་པའི་བརྡ་ཐབས་ཀྱིས། །འེ་ཞེས་བོས་པའི་རྟེན་འབྱུང་ལས་ཤར་སྔོན་བྱོན་གྲུབ་དབང་གདན་སའི་མཐིལ། །ཡོ་གི་བདག་ཀྱང་བརྟེན་པས་ཚིམ་པའི་གྲུབ་གཉིས་དཔལ་ཡོན་ཅིར་ཡང་བྱིན། །རི་ཀླུང་ཀུན་ཏུ་གཡུ་ཤུག་ཚང་ཚིང་ཟིལ་པའི་དོགས་པས་བརྒྱན་པའི་གུར། །ལུ་མའི་ཚལ་དུ་གསེར་གྱི་གཡེར་ཁ་ལྟར་མཛེས་ཤང་དྲིལ་མེ་ཏོག་རྒྱས། །ཤེ་མུན་ལྟར་མནན་ཁྲོས་པའི་གཅན་ཟན་རྒྱུ་བའི་སྲང་དུ་ལེགས་གྱུར་ཅིང༌། །སོས་ཀའི་དུས་བཟང་སྟེང་འཐུང་རབ་དཀར་ཟླ་ཞུན་བྱུག་པ་ཁེངས་པ་བཅིལ། །ཧི་མ་ལ་སོགས་རྡོ་རྗེའི་གནས་བཞིན་སྐུ་གསུམ་བཀོད་པའི་ཕུག་པ་ཅན། །ཨུ་རྒྱན་ཡུལ་ཕྱོགས་བདེ་ཆེན་ཞལ་རས་ཀུན་ཏུ་ཕྱོགས་པའི་ཉམས་འགྱུར་ཅན། །ཧེ་རུ་ཀ་དཔལ་དགྱེས་པའི་གྲོང་བཞིན་དྷཱ་ཀིའི་སྒྲུབ་གནས་ཡོན་ཏན་རྫོགས། །ཨོ་ཌི་ཡཱ་ན་མཚོ་སྐྱེས་རྒྱལ་བས་བསྔགས་པའི་གནས་ལ་ཅོ་འདྲི་བར། །རྣམ་དག་ངེས་འབྱུང་རླུང་གིས་བར་མེད་བསྐུལ་བའི་ཁྱེའུ་ཆུང་མངྒ་ལ། །རྣམ་རིག་བ་དན་དབང་མེད་བསྐྱོད་པས་གྲུབ་པའི་བསྟི་གནས་དེར་བརྟེན་ཏེ། །རྣམ་གྲོལ་བྱང་ཆུབ་སྙིང་ལ་འཁྱིལ་པའི་སྒྲུབ་པའི་དམ་བཅའ་བཟུང་བའི་ཚེ། །རྣམ་མང་ཡོན་ཏན་སྙན་ངག་གསེར་གྱི་དྲྭ་བ་འཕྱང་བས་བརྒྱན་པའི་མཐུས། །དགེ་ལེགས་ཕན་བདེའི་ཨུཏྤལ་གསར་པའི་ལང་ཚོའི་ཟིལ་མངར་འབུམ་གྱི་གཏེར། །དགེ་བཅུའི་ཡལ་འདབ་ཡངས་པའི་ར་བ་ལྗོངས་འདིར་ཀུན་ནས་ཁེངས་བཞིན་དུ། །དགེ་མཚན་ཐུབ་བསྟན་ཀེ་ས་ར་ཡི་འཛུམ་ཕྲེང་ལུང་རྟོགས་འཇོ་སྒེག་ཀྱིས། །དགེ་བར་བྱས་པས་རང་གཞན་དོན་གཉིས་ལྷུན་རྫོགས་འབྲས་བུའི་སར་ཕྱིན་ཤོག །ཅེས་པའང་རང་ཉིད་ཀྱི་ཐོག་མའི་དབེན་གནས་བྲག་ཕུག་གི་དགའ་ཚལ་རྡོ་རྗེའི་ཀེའུ་ཚང་གི་བྱ་སྐྱིབས་སྣང་སྲིད་བདེ་ཆེན་ཕུག་པར་སྤང་བ་བསམ་གཏན་པའི་ཁུར་དུ་གནས་པའི་ཚེ་ཁྱེའུ་གཞོན་ནུ་བཀྲ་ཤིས་དཔལ་འབྱོར་གྱིས་བགྲང་བྱའི་ཕུང་པོ་ཕྱོགས་ལ་ཀླུའི་བརྒྱན་པའི་སྐབས་བྲིས་པ་དགེ ༈ རང་བྱུང་ནམ་མཁའ་ཕུག་གི་གནས་བསང་གྲུབ་གཉིས་སྤྲིན་གྱི་རོལ་མོ་བཞུགས། ཧྲཱིཿ ཀ་དག་མི་ཤིགས་བློ་འདས་གཉུག་མའི་གཤིས། །ཁ་སྦྱོར་བདེ་ཆེན་ངེས་པ་ལྔ་ལྡན་པའི། །ག་ཎ་མཎྜལ་ངོ་མཚར་གནས་ཀྱི་བདག །ང་ཡིས་འབོད་དོ་མཆོད་པའི་མགྲོན་ལ་གཤེགས། །ཅ་ག་ལྷ་རྫས་བཀོད་པའི་འདོད་ཡོན་སྤྲིན། །ཆ་ལུགས་ངོ་མཚར་བལྟ་ན་སྡུག་པའི་རྫས། །ཇ་ཆང་ཞིམ་མངར་སྐྱེམས་ཀྱི་ཕུད་འཁྱིལ་བཞིན། །ཉ་གང་ཟླ་བའི་མདངས་འཛིན་གཏོར་མས་བརྔན། །ཏ་ཐཱ་ག་ཏ་གྲུབ་དབང་ནམ་མཁའི་མཚན། །ཐ་ཚིག་གཉན་པོའི་ཡལ་གམ་མ་བསྙེལ་བར། །ད་ལྟ་གནས་འདིར་སྒོམས་པའི་རྣལ་འབྱོར་ལ། །ན་ཚོད་གཞོན་ནུའི་དགྱེས་ཞལ་འཛུམ་པས་པས་སྐྱོངས། །པ་ར་མི་ཏ་བདེ་ཆེན་རིག་པའི་ཀློང༌། །ཕ་མཐའ་ཡས་པའི་ཞིང་ཀུན་ལྷུན་རྫོགས་གནས། །བ་མཆོག་ལྟ་བུའི་གྲུབ་གཉིས་མྱུར་སྩོལ་ལ། །མ་དག་མནོལ་བཙོག་སྲིད་ཀུན་དབྱིངས་སུ་བསང༌། །ཙཱ་རི་དངོས་སྣང་ངོ་མཚར་གྲུབ་པའི་གནས། །ཚ་གྲང་སྙོམས་པའི་ཏིང་འཛིན་ངང་འཕེལ་རིར། །ཛ་ཡ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ། །ཝ་ལེར་དག་མཉམ་རོལ་པའི་ཕྱག་གིས་བཏུད། །ཞྭ་ལྟར་བཀུར་འོས་རྣལ་འབྱོར་གྲུབ་པའི་ཁྱུ། །ཟ་འདོད་ཁྱིམ་སྤང་སྡོམ་བརྩོན་འཕེལ་ཞིང་རྒྱས། །འ་འུར་ངེད་ཅག་སྦྱིན་བདག་འཁོར་དང་བཅས། །ཡ་མཚན་ཕན་བདེའི་མངའ་ཐང་དར་བར་མཛོད། །ར་བ་བྲག་རིའི་ལ་ཐོད་འཆང་བ་ཡི། །ལ་ཀླུང་དབང་བྱེད་གནས་བདག་དཀར་ཕྱོགས་ཚོགས། །ཤ་ཟ་འབྱུང་པོའི་གནོད་པའི་སེམས་ཞི་སྟེ། །ས་བཅུའི་གཞི་མ་བྱང་ཆུབ་སེམས་ལྡན་ཤོག །ཧ་རིའི་ངད་སྤྲིན་བསང་གི་དགའ་སྟོན་གྱི། །ཨ་ཧོ་དགྱེས་པའི་གནས་མགྲོན་དམ་ཚིག་སྐྱོངས། །མཐར་ཐུག་རོ་གཅིག་མཉམ་ཉིད་གདོད་མའི་གཞིར། །སྐུ་གསུམ་ལྷུན་རྫོགས་བཙན་ས་ཟིན་གྱུར་ཅིག །ཅེས་པའང་གནས་མཆོག་དེ་ཉིད་དུ་བསྟི་བའི་སྐབས་བསང་རེ་ཕུལ་ན་ལེགས་པའི་ཚུལ་ཁྱབ་བདག་བླ་མ་འོད་གསལ་རྡོ་རྗེའི་བཀའ་བཞིན་རྗེས་སུ་སྒྲུབ་པའི་ཕྱིར་གཏད་མེད་ཀྱི་བྱིས་པ་མངྒ་ལས་སྤེལ་བའང་དོན་ལྡན་དུ་གྱུར་ཅིག ། ༈ རང་བྱུང་ནམ་མཁའ་ཕུག་ལ་བསྔགས་པ་རིག་སྟོང་གཉུག་མའི་རྒྱན་ཞེས་བྱ་བ། མང་མང་རྒྱལ་ཀུན་གསུང་གི་རྡོ་རྗེའི་དབྱངས་ཀྱི་རྒྱལ་མོའི་སྒྱུ་འཕྲུལ་སྤྲིན། །གསལ་གསལ་བློ་ཡི་སྣང་བ་འབུམ་ཕྲག་དྲན་པས་སྟེར་བའི་མཉྫུ་ཤྲཱི། །མཛེས་མཛེས་དགེ་བའི་བཤེས་ཀྱི་བཀོད་པ་དད་བརྒྱའི་མིག་ལ་ངོམས་པའི་དཔྱིད། །སྙན་སྙན་ཤིས་པའི་དབྱངས་ཀྱིས་བསྟོད་དེ་སླར་ཡང་ངེས་པའི་གཏམ་འདི་སྤྲོ། །ཀ་དག་ཐེག་མཆོག་སྒོམས་པའི་གནས་ཀྱི་དཔྱད་པ་རྫོགས་པའི་ངོ་མཚར་རིར། །ཁ་དོག་མཐོན་མཐིང་སྔོ་སངས་བུ་མོས་གདམས་ངག་ནུ་ཞོ་སྟེར་བཞིན་དུ། །ག་གཱའི་ཁྱོན་ཡངས་ཉི་ཟླའི་བགྲོད་པ་རིང་དང་རང་སྣང་ཐོད་རྒལ་གྱི། །ང་བདག་རྡོས་བཅས་འཆིང་བ་བསྙིལ་ཏེ་སྣང་བཞིའི་ལྟད་མོར་འབྱམས་སུ་ཀླས། །ཅ་ཅོས་མི་ཁྱིམ་རྒྱུ་འགྲུལ་ཀུན་བྲལ་ཤིན་ཏུ་སྟོང་པའི་རྫ་རིའི་རྩེར། །ཆ་ཤས་མངོན་མིན་ཉམས་འགྱུར་རྫོགས་པའི་ན་བུན་གོས་སུ་གྱོན་བཞིན་དུ། །ཇ་ཧང་མཐིང་སྔོན་སྤེལ་མའི་བྲག་དཀར་ལ་ཐོད་ལྟ་བུར་བརྗིད་པའི་མགུལ། །ཉ་ཟླས་འཁྱུད་པའི་ཁ་བའི་སྟོད་གཡོགས་དུས་བཞིའི་ཁྱོན་ཀུན་ཕལ་ཆེར་མཛེས། །ཏཱ་རེ་དགྱེས་པའི་གནྡྷོ་ལས་མཚོན་རི་གླིང་འདུས་པའི་བཀོད་པ་འབུམ། །ཐ་དད་མ་འདྲེས་བཀྲམ་པ་ལྟར་བུར་མཎྜལ་མཆོད་པའི་བསྟི་སྟངས་བཞིན། །ད་ལྟ་ཙམ་ལ་མ་ངེས་དུས་ཀྱི་ཉམས་འགྱུར་བྱེ་བའི་དགའ་སྟོན་ནི། །ན་མར་ངོམས་པས་སྐྱོ་བ་སངས་པའི་ལྟད་མོ་འབུམ་ཕྲག་བཤམས་པ་དངོས། །པ་སངས་ལ་སོགས་རྒྱུ་སྐར་ཚོགས་ཀྱང་འོག་ཏུ་བསྟི་བ་ལྟར་གྱུར་པས། །ཕ་མཐའ་ཡས་པའི་ལྷུན་པོའི་ཚོགས་རྣམས་རྒྱལ་ཕྲན་རྗེ་ལ་འདུད་པ་ལྟར། །བ་མོར་བཅས་པའི་དགུན་གྱི་རེག་བྱས་བསྡོམས་ཚེ་སུས་ཀྱང་མི་ཕྱིན་པ། །མ་རྒྱུད་གཏུམ་མོའི་ཆེ་བ་མཚོན་ཕྱིར་སྟོང་གསུམ་བྱེད་པོས་བཀོད་མིན་ནམ། །ཙཱ་རིའི་གནས་བཞིན་འཇིགས་ལ་ཟིལ་ཆེ་ཐ་མལ་སྐྱེས་བུའི་བསྟེན་དཀའི་གནས། །ཚ་གྲང་ཆ་སྙོམས་འདུ་བ་རྒྱུན་གཅོད་ཉམས་དགའ་རླུང་རིག་ངང་གིས་དྭངས། །ཛ་ཧུའི་རྒྱུན་འགྲན་གསེར་ལྡན་དལ་འགྲོ་མདུན་ནས་བསྐྱོད་དང་ཆབས་ཅིག་ཏུ། །ཝ་ལེར་ཞིང་ཀུན་བརྡལ་བའི་ན་བུན་དོ་ར་ལྟར་གྱུར་མདུན་ན་བཀྲམ། །ཞ་རེང་བགྲོད་མིན་ལྷུན་སྟུག་བྲག་རི་རྣམ་རྒྱལ་ལྷ་ཡི་ཁང་བཟང་ངོས། །ཟ་འོག་མདངས་འཕྲོག་འདབ་སྟོང་བཀོད་ལེགས་ཆོས་བཟང་འདུན་སའི་སྐྱིད་ཚལ་འགྲན། །འ་ཅག་བསྟི་འདོད་ལ་འུར་སྤྱོན་ཅེས་ལྕུག་ཕྲན་ལག་པའི་ཟློས་གར་བསྒྱུར། །ཡ་ཀིའི་ཚངས་གནས་འདིར་འཕོས་མིན་ནམ་ཁྱེད་མཚུངས་ཡོད་མེད་འཕྱང་མོ་ཉུག། །ར་བ་བྲག་གི་ངོས་ནས་གནམ་ཆུ་དར་དཀར་འཕྱར་བ་ལྟར་འབབ་ཅིང༌། །ལ་འུར་བསྐྱོད་པའི་སྤྲིན་གྱི་རྒྱུ་བ་ཕན་ཚུན་འགྲན་པ་བཞིན་གྱུར་ཏེ། །ཤ་མང་སུལ་ལྟར་ལུང་ཕྲན་ཚོགས་ཀུན་འཇའ་ཡི་དྲྭ་བ་འབྲེལ་བའི་མོད། །ས་ཀུན་ཆུ་མཚོ་ཉི་ཞུར་ན་བུན་ངེས་པ་མིན་པས་ཁེབས་པར་གྱུར། །ཧ་ཧར་རྒོད་མཚུངས་རྐྱང་མོས་ངུར་སྒྲས་ཁེངས་པར་བྱས་དང་ལྷན་ཅིག་པར། །ཨ་ཏིའི་དགོངས་པ་ངར་བསྐྱེད་འགྱུར་བའི་ཐབས་དང་བཅས་པའི་སྐད་ཅིག་ལ། །ཨ་ཧོ་རྡོ་རྗེའི་དོ་ཧའི་དབྱངས་སྙན་ཞིང་ཀུན་ཁྱབ་པའི་རོལ་མོ་ཅན། །ཧ་གླུ་དགྱེས་པས་བརྟེན་པའི་ཡོན་ཏན་ཆ་ཙམ་ལས་གཞན་སུ་ཡིས་བརྗོད། །རབ་མཛེས་འདན་ཤོད་དགེ་བཅུའི་གཡང་འཁྱིལ་ཟོ་དོར་ཡོངས་ཀྱི་རྒྱལ་པོའི་མགུལ། །རབ་ཏུ་མཉམ་པར་བཞག་པའི་ཁུར་འཆང་རྣལ་འབྱོར་བསྟེན་པའི་ལག་རྗེས་སུ། །རབ་སྙན་བསྟོད་པའི་གླིང་བུ་འདི་ཡང་སོར་བཅུའི་གར་གྱིས་འཁྲོལ་གྱུར་ན། །རབ་དགའི་ཐར་འདོད་སྐལ་བཟང་གྲུབ་པས་ས་དེར་ཁེངས་པ་ལྟར་གྱུར་ཅིག །ཅེས་པའང་སྤྲིན་དཀར་གདན་དུ་འདིང་བའི་གནས་མཆོག་དེ་ཀའི་མགུལ་དུ་བསྟི་བའི་སྐབས་གཅེར་ཉལ་མཁན་མངྒ་ལས་ངག་གི་རོལ་མོ་ཅུང་ཟད་འཁྲོལ་པའི་སུག་རྗེས་ལགས་སོ། ༈ ཡང་དབེན་ཕྱག་འཚལ་སྒང་གི་གནས་བདག་སྤྱིའི་བསང་བཀྲ་ཤིས་གྲུབ་གཉིས་སྤྲིན་ཆེན་བཞུགས། ཨོཾ་སྭ་སྟི་སིདྡྷཾ། གྲུབ་དབང་དམ་པ་སངས་རྒྱས་ཀྱི་སྒྲུབ་གནས་ཡང་དབེན་ཆེན་པོའི་གནས་བདག་མཆོད་པར་འདོད་པས་གཏོར་མ་གསེར་སྐྱེམས་བསང་སོགས་གཙང་སྦྱར། དམེ་ནལ་ཤ་ཁྲག་གིས་མ་གོས་པར་སྟ་གོན་དུ་བྱས་པ་བྱིན་རླབས་སྔོན་དུ་འགྲོ་བས། ཧཱུྃ་ཧྲཱིཿ ཀ་དག་མི་ཤིགས་རིག་སྟོང་གཉུག་མའི་རྩལ། །ཁ་དོག་འོད་ལྔའི་དྲྭ་བ་ཕྱིར་གསལ་གདངས། །གང་སྣང་བདེ་ཆེན་དག་པ་རབ་འབྱམས་ཞིང༌། །ང་བདག་འཛིན་བྲལ་ངོ་མཚར་དབེན་གནས་བདག །ཅ་ཅོ་སྙན་པའི་དབྱངས་ཀྱིས་དེང་འབོད་ན། །ཆས་བཟང་དགྱེས་ཞལ་སྟོན་ཟླའི་ཡིད་འཇོ་བས། །ཇ་ཆང་གཏོར་མའི་དགའ་སྟོན་ལེགས་རོལ་ཕྱིར། །ཉ་གང་ཟླ་བ་པདྨོའི་གདན་ལ་བཞུགས། །ཏ་ཐཱ་ག་ཏའི་གདུང་འཛིན་ཀ་མ་ལའི། །ཐ་ཚིག་ཡལ་གམ་དུས་སུ་མ་བསྙེལ་པས། །དག་མཉམ་ཏིང་འཛིན་རོལ་པས་དམ་བསྲེ་ན། །ན་མར་གུས་པའི་ཕྱག་གིས་བཏུད་པར་དགྱེས། །པ་ར་མི་ཏ་བྱང་ཆུབ་སྤྱོད་པ་ཆེས། །ཕ་རོལ་བསྟན་འགྲོ་དབུགས་འབྱིན་ལྷག་བསམ་གྱིས། །བས་མཐའི་ཡང་དབེན་ཉུལ་བའི་རྣལ་འབྱོར་པ། །མ་བུ་བཞིན་དུ་གནས་མགྲོན་གཉེར་ཁས་སྐྱོངས། །ཙཱ་རུའི་བཟའ་བ་ལ་སོགས་མཁོ་རྒུའི་རྫས། །ཚ་གྲང་སྡུག་བསྔལ་ཞི་བྱེད་ཁྲུས་སྨན་བསང༌། །ཛ་ཧུའི་རྒྱུན་ལྟར་དངོས་དང་ཏིང་འཛིན་ལས། །ཝ་ལེར་སྤྲོ་བས་རྟག་ཏུ་དགྱེས་སྤྱོད་ན། །ཞྭ་གོས་འདུ་འཛིའི་སྒྲོག་ལས་མངོན་གྲོལ་ཏེ། །ཟ་འདོད་རེ་དོགས་རང་ཟད་རིག་པའི་ཀློང༌། །འ་འུར་བློ་བུར་རྟོག་པའི་སྤྲིན་ཕུང་གཏིབས། །ཡ་མཚན་མཆོག་དངོས་གྲུབ་པའི་སྡོང་གྲོགས་སྐྱོངས། །རབ་རིབ་གཉིས་སྣང་སྦུབ་ལས་རྣམ་གྲོལ་གཤིས། །ལམ་ལྔ་ལྷུན་རྫོགས་ངེས་དོན་ཀུན་བཟང་ཀློང༌། །ཤ་ཤ་དྷཱ་རའི་དཀྱིལ་འཁོར་རྫོགས་པ་བཞིན། །ས་བཅུ་མཐར་སོན་ཁྱད་ཆོས་དྲུག་ལྡན་མཛོད། །ཧ་ཧ་བདེ་ཆེན་དགྱེས་པའི་གར་དང་བཅས། །ཨ་ཏི་ཐེག་མཆོག་སྒོམ་པའི་རྣལ་འབྱོར་པ། །ནམ་མཁའི་རྣལ་འབྱོར་དགོངས་པའི་སྲོག་ཐོབ་སྟེ། །དོན་གཉིས་ལྷུན་གྲུབ་དགེ་མཚན་འཕེལ་གྱུར་ཅིག །ཅེས་པའང་ཡུལ་གྱི་དགེ་བཅུ་གཡང་དུ་འཁྱིལ་བའི་གནས་དེ་ཉིད་དུ་སྒྲུབ་པ་ལ་གཞོལ་བའི་སྐབས་ཀུ་སཱ་ལི་མངྒ་ལས་སྤེལ་བ་དགེ་མཚན་ཅུང་ཟད་དང་བཅས་པའོ། ༈ སྨད་ཤོད་ཡུལ་ལྷ་སྤྱིའི་བསང་བཀྲ་ཤིས་ལྷ་ཡི་རྔ་སྒྲ་བཞུགས། ཨོཾ་སྭ་སྟི། གཙང་མའི་གནས་སུ་གསེར་སྐྱེམས། གཏོར་མ་དཀར་དམར། བསང་ཕྱེ། འབྲུ་སྨན། དར་ཟབ། རིན་ཆེན་ཕྱེ་མས་སྤེལ་བ་བདུད་རྩི་ཅན་གྱི་ཤིང་སྣའི་དུད་པ་ལ་མེར་བསྲེག་ཆབ་ཀྱི་བྲན་ཏེ། རང་ཉིད་ལྷ་ཡི་ང་རྒྱལ་ལ་གནས་པས་རྔ་རོལ་དབྱངས་དང་བཅས་ཏེ། ཀྱཻ། ཡུལ་ནི་མདོ་ཁམས་སྨད་ཀྱི་ཆར། །དབང་བྱེད་ཡུལ་ལྷའི་གཙོ་བོ་ནི། །སྒང་དྲུག་གཞི་བདག་བཅུ་གཉིས་དང༌། །ཆུ་བཞིའི་དགེ་བསྙེན་ཆེན་པོ་བཞི། །ཁྱད་པར་ཤོད་ཆེན་བཞིའི་ཡ་གྱལ། །གནས་དང་གནས་ཆེན་ཕྲེང་བ་བསྟར། །རི་ཀླུང་ཟབ་མོ་གཏེར་གྱི་བཀང༌། །ཆོས་ཀྱི་རྒྱལ་པོ་འཕགས་པ་དང༌། །ཟབ་གཏེར་རིག་འཛིན་དུ་མ་ཡིས། །བྱིན་བརླབས་ངོ་མཚར་སྨད་ཤོད་ཀྱི། །ཡུལ་ལ་དབང་བྱེད་དགེ་བསྙེན་ཆེ། །རྡོ་རྗེ་མུ་ནམ་སྐུ་མདོག་དཀར། །དར་དཀར་ཤེལ་དཀར་ཤེལ་རྨོག་གསོལ། །མདུང་དར་ནོར་བུ་ཕྱག་ན་བསྣམས། །མཆེད་བརྒྱད་བཙུན་མོ་བློན་འཁོར་བཅས། །གཞན་ཡང་ཡུལ་དེར་གནས་པ་ཡི། །ང་འདྲ་མཆེད་བརྒྱད་འཛུམ་གཙང་དཀར། །ཛམ་གྱི་བྱ་དཀར་བྱ་དམར་སོགས། །ཕུ་མདའ་ཉིན་སྲིབ་རི་ཀླུང་མཚོ། །གངས་བྲག་ཤིང་ལ་གནས་པ་ཡི། །ཡུལ་སྐྱོང་གཉན་པོ་ཐམས་ཅད་ལ། །གཏོར་མ་གསེར་སྐྱེམས་ཕུད་མཆོད་དང༌། །གཙང་ཕྱེ་དཀར་དམར་འབྲུ་སྨན་དར། །འདོད་དགུའི་མཆོད་སྤྲིན་འབད་མེད་དུ། །འཆར་བའི་བདུད་རྩིའི་ཤིང་གི་ཚོགས། །མེ་དང་སྦྱར་བའི་དུད་སྤྲིན་གྱིས། །སྤོས་ཀྱི་ངད་ལྡང་རྨུག་པ་བསངས། །ཐུགས་ལ་ཅི་བཞེད་འབྱུང་བའི་དཔལ། །ལྷུན་གྱིས་གྲུབ་པའི་གཏེར་ཆེན་པོའི། །དཀར་ཕྱོགས་ཡུལ་ལྷའི་ཚོགས་ཀུན་བརྔན། །ཉམས་གྲིབ་མནོལ་བཙོག་ཐམས་ཅད་བསང༌། །སྐུ་གསུང་ཐུགས་ལ་དགྱེས་པ་བསྐྱེད། །ནག་ཕྱོགས་འདྲེ་སྲིན་གློ་བུར་ལྷགས། །ཀུན་ལ་ཚིམས་བྱེད་གསུར་མཆོད་ཀྱིས། །བུ་ལོན་ཤ་འཁོན་ལན་ཆགས་བྱང༌། །ལྷ་སྲུང་མི་དང་མི་འབྲལ་བའི། །གནས་མགྲོན་དམ་ཚིག་མ་གཡེལ་བར། །སྲུང་སྐྱོབ་ཅི་འདོད་ཕྲིན་ལས་སྒྲུབས། །འཁོན་དང་སྒྲིབ་པ་ཐམས་ཅད་ཞི། །ཁྱེད་རྣམས་མཆོད་ཅིང་བསྟོད་པའི་དུས། །ནད་གདོན་བར་ཆད་འགལ་རྐྱེན་སོལ། །ཚེ་དཔལ་བསོད་ནམས་དབང་ཐང་དང༌། །རླུང་རྟའི་དཔལ་བསྐྱེད་ཅི་འདོད་འགྲུབ། །དགྲ་གདོན་བགེགས་ཀྱི་གནོད་པ་སྐྱོབས། །ལེགས་དང་སྤྲོད་ལ་ཉེས་ཀུན་བསྣོལ། །ཉིན་སྲུང་མཚན་སྐྱོབས་མ་གཡེལ་བར། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཅེས་པའང་རྣམ་པར་དཀར་བའི་ལས་སྨོན་ཅན་སྡེ་དགེ་ཕུ་མ་ཚང་རིན་ཆེན་རྣམ་རྒྱལ་ནས་ཆེད་དུ་བསྐུལ་བ་བཞིན་རྒན་པོ་མངྒ་ལས་ཕན་སེམས་ཀྱི་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ། ༈ བདེ་ཆེན་པདྨ་ཤེལ་ཕུག་གི་གནས་ཀྱི་བསང་མཆོད་འོད་གསལ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས། ཀྱཻ། གཟོད་ནས་ཀ་དག་གཉུག་མའི་རྩལ། །ལྷུན་གྲུབ་ཡེ་ཤེས་རོལ་པའི་སྤྲིན། །སྒྲོན་མ་རྣམ་པར་བཀོད་པ་ལས། །སྐུ་གསུམ་ཞིང་ཁམས་བསམ་ཡས་པའི། །བྱེ་བྲག་མདོ་ཁམས་གྲུབ་པའི་ལྗོངས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །རྡོ་རྗེའི་གནས་ཆེན་ཉེར་ལྔ་ལས། །ཡོན་ཏན་གསུང་གི་གནས་མཆོག་སྟེ། །དུར་ཁྲོད་ཆེན་པོ་བསིལ་ཚལ་དང༌། །དཔལ་གྱི་མཆིམས་ཕུའི་ནགས་ཁྲོད་ཆེ། །དབྱེར་མེད་བྱིན་གྱིས་རླབས་པ་ཡི། །ངོ་མཚར་ཛམ་ལྷ་རིགས་ལྔའི་ཞིང༌། །བདེ་ཆེན་པདྨ་ཤེལ་གྱི་ཕུག །འོད་གསལ་སྤྲིན་གྱི་སྐྱེས་མོས་ཚལ། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་ཞིང༌། །རྟག་ཏུ་དགྱེས་བཞུགས་རྩ་གསུམ་ལྷ། །རབ་འབྱམས་བསམ་མི་ཁྱབ་ཀུན་དང༌། །གདོད་མའི་མགོན་པོ་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སེང་པདྨ་འབྱུང༌། །སྡེ་གསུམ་ཀློང་དགུ་ཆུ་བོ་བཞིའི། །བརྒྱུད་པ་དྲུག་ལྡན་བླ་མ་བསང༌། །ཞི་བ་རིགས་གཅིག་རིགས་གསུམ་ལྔ། །རིགས་བརྒྱ་དཔལ་ཆེན་ཚོམ་བུ་དགུ། །བདུན་བརྒྱ་ཉེར་ལྔ་ལ་སོགས་པའི། །ཡི་དམ་བཀའ་བརྒྱད་ལྷ་ཚོགས་བསང༌། །དབྱིངས་ཡུམ་ཕག་མོ་ཁྲོས་མ་ནག །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་སོགས། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་གྱི། །འབུམ་ཕྲག་ཡངས་པའི་ཌཱ་ཀི་བསང༌། །ཨེ་ཀ་ཛཱ་ཊི་རྡོ་རྗེ་ལེགས། །ཁྱབ་འཇུག་མ་ནིང་ཛམ་ལྷ་ལྔ། །རྒྱུད་གསུམ་དམ་ཅན་དྲེགས་པ་དང༌། །གནོད་སྦྱིན་ནོར་ལྷ་རྒྱ་མཚོ་བསང༌། །ཟབ་མོ་གཏེར་གྱི་བྱ་ར་བ། །ཛམ་གྱི་བྱ་དཀར་བྱ་དམར་ཞེས། །ལྷ་བཙན་བདུད་དང་ཀླུ་སྨན་ལྔ། །གནས་བདག་ཟོ་དོར་འཁོར་བཅས་བསང༌། །དེ་ཝི་ཀོ་ཊི་ཟིལ་ཁྲོམ་གཉན། །རྡོ་རྗེ་མུ་ནམ་ང་འདྲ་བརྒྱད། །དཔའ་བོ་ར་ཅོག་འཛུམ་དཀར་སོགས། །མཆོད་འོས་མགྲོན་གྱི་ཚོགས་ཀུན་བསང༌། །ཕྱི་ལྟར་བདུད་རྩི་ཅན་གྱི་ཤིང༌། །མེ་དང་སྦྱོར་བའི་སྤོས་སྤྲིན་ལས། །འདོད་ཡོན་ཟད་པ་མེད་འཕྲོ་བས། །རྡོ་རྗེའི་གནས་འདིར་བཞུགས་ཀུན་བསང༌། །ནང་ལྟར་རང་བྱུང་ལུས་ཀྱི་གྲོང༌། །ཁུ་རྡུལ་རླུང་གསུམ་དག་པའི་འགྲོས། །བདེ་སྟོང་དགའ་བཞིའི་འགྲོ་འོང་གིས། །གནས་ཡུལ་དཔའ་བོ་མཁའ་འགྲོ་བསང༌། །ངེས་དོན་ཆོས་སྐུ་དབྱིངས་ཀྱི་མཁར། །འོད་གསལ་ལྷུན་གྲུབ་རིག་པའི་གདངས། །སྣང་བཞིའི་སྒྲོན་མའི་མཆོད་སྤྲིན་གྱིས། །རང་སྣང་རྩ་གསུམ་དཀྱིལ་འཁོར་བསང༌། །དོན་དམ་གཙང་དམེའི་རྟོག་བྲལ་ཡང༌། །ཀུན་རྫོབ་སྒྱུ་མའི་སྣང་བའི་ཆར། །གཟུང་འཛིན་ཀུན་བརྟགས་གྲིབ་མནོལ་ཚོགས། །ཡེ་གྲོལ་ཁྱབ་བརྡལ་ཆེན་པོར་བསང༌། །གནས་འདིའི་སྒྲུབ་པའི་རིག་འཛིན་ལ། །ཀོ་ལོང་རུ་ང་མ་མཛད་པར། །རྟག་ཏུ་དགྱེས་པས་སྐྱོངས་བ་དང༌། །ས་ལམ་བགྲོད་པའི་གྲོགས་མཛོད་ཅིག །ཐུན་མོང་སྣོད་བཅུད་དགེ་ལེགས་འཕེལ། །སྐྱེ་དགུའི་ཡིད་སྣང་ཆོས་ལ་བསྒྱུར། །ཐུན་མིན་ཡེ་ཤེས་དགོངས་ཉམས་སྤོར། །གྲོལ་བ་དྲུག་གི་ཕྲིན་ལས་སྤེལ། །རྡོ་རྗེའི་གནས་མཆོག་འོག་མིན་ཞིང༌། །རྡོ་རྗེའི་བླ་མ་རྩ་གསུམ་ལྷའི། །རྡོ་རྗེའི་བྱིན་རླབས་ཆེན་པོ་ཡིས། །རྡོ་རྗེའི་ཡེ་ཤེས་བཙན་ཐབས་བསྐྱེད། །ཁྱབ་བརྡལ་ཆེན་པོའི་དགོངས་ཀློང་དང༌། །གཉིས་སུ་མེད་པར་བྱིན་རླབས་ཏེ། །རང་གྲོལ་ཀ་དག་གདོད་མའི་གཞིར། །འཇའ་ལུས་རྡོ་རྗེའི་སྲོག་གྲུབ་མཛོད། །ཅེས་པའང་སྔོན་སྨོན་བསྐལ་པ་བཟང་པོའི་རྟེན་འབྱུང་གིས་བསིལ་ལྡན་འཛིན་མའི་ཐིག་ལེར་འགྲན་ཟླ་དང་བྲལ་བའི་རང་བྱུང་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་སུ་བསྔགས་པ་དོན་དང་ལྡན་པ་དེར་གནས་འབྲེལ་གྱི་སྐབས་ཉེར་མཁོའི་དབང་གིས་འཇམ་མགོན་བླ་མ་དགྱེས་པའི་འབངས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པ་དགེ་ལེགས་ཀྱི་དཔལ་ཀུན་འཕེལ་ཞིང་རྒྱས་པའི་དཔལ་དུ་གྱུར་ཅིག །མངྒ་ལཾ། ༈ སྟག་ཚང་གནས་བསང་དཀར་ཕྱོགས་ལྷ་སྲུང་དགྱེས་པའི་རོལ་མོ་བཞུགས། ཀ་རུ་ཎི་ཀས་ཕྱག་མཚན་བཞེས་པའི་ཞིང༌། ཁ་བའི་ལྗོངས་སུ་བསྟན་འགྲོའི་དཔལ་སྤེལ་ཕྱིར། །ག་བུར་འཛིན་མཚུངས་མཚོ་སྐྱེས་བླ་མ་ཡི། །ང་ཡི་ཞིང་དུ་བདག་གིར་མཛད་མཆོད་ཕྱིར། །ཅ་ཅོ་སྙན་སྒྲོགས་གླུ་གར་རོལ་མོའི་དབྱངས། །ཆ་བྱད་མ་ངེས་ཕྱི་ནང་མཆོད་ཕྲེང་བསྟར། །ཇ་ཆང་གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་མཚོ། །ཉ་རྒྱས་ཟླ་མཚུངས་འབྲང་རྒྱས་ཞལ་དཀར་སོགས། །ཏ་ལའི་འདབ་ཕྱོགས་བཟང་ཤིང་སྤོས་དུད་སྤྲིན། །ཐ་ཚིག་རྗེས་སུ་བསྐུལ་བའི་བརྔན་དུ་མཆོད། །ད་ལ་བསྟན་འགྲོ་སྙིགས་མས་གདུང་བའི་དུས། །ན་ཚོད་དར་བའི་ལང་ཚོར་འགྲན་པ་ཡི། །པ་སངས་ལྟ་བུའི་རྒྱལ་བསྟན་ལུང་རྟོགས་དར། །ཕ་མཐའ་ཡས་པའི་ལུས་ཅན་ཕན་བདེའི་འབྱོར། །བ་མཆོག་འཇོ་བཞིན་རྣམ་དཀར་དཔལ་བརྒྱས་ཕྱུག །མ་དང་བུ་བཞིན་འཁྲུགས་རྩོད་ཞི་བདེའི་ཚལ། །ཙཱ་གངས་དང་མཚུངས་རྡོ་རྗེའི་གནས་འདི་རུ། །ཚ་གྲང་དཀའ་ཐུབ་བཟོད་པའི་སྒྲུབ་པོས་ཁེངས། །ཛ་ཏིའི་མེ་ཏོག་ལྟར་མཛེས་དགེ་འདུན་སྡེའི། །ཝ་ལྟར་མི་ཞུམ་དབུ་འཕང་སྲིད་རྩེར་བཀོད། །ཞྭ་བཞིན་ཟོ་དོར་དབུ་འཕང་དགུང་དུ་བསྟོད། །ཟྭ་ལྟར་རྩུབ་པའི་དམ་སྲིའི་བསམ་སྦྱོར་ཞི། །འ་འུར་ཙམ་མིན་དཀར་ཕྱོགས་ཕྲིན་ལས་ཀྱི། །ཡ་མཚན་མཐོང་བའི་ཆོས་ལ་ངོམས་མཛོད་ཀྱེ། །ར་བ་བསིལ་ལྡན་ཆོས་ཀྱི་རྒྱལ་ཁབ་ཀྱང༌། །ལ་འུར་རང་བཙན་རྒྱལ་བའི་རུ་མཚོན་ཕྱོར། །ཤ་རྐྱང་སྤང་ལ་བརྩེ་བཞིན་དགའ་མགུ་ཡི། །ས་སྟེང་སྙན་པས་ཁྱབ་པ་མྱུར་དུ་མཛོད། །ཧ་རིའི་ནགས་ཚལ་རྒྱས་པ་ཁ་བཞིའི་ལྗོངས། །ཨ་ཧོ་ཕུན་ཚོགས་སྡེ་བཞིའི་དཔལ་འབྱོར་དང༌། །མི་ཆོས་གཙང་མ་བཅུ་དྲུག་དཔལ་སྤྱོད་པའི། །སྦས་པའི་གནས་མཆོག་ཉམས་པ་མེད་པ་དང༌། །ཨི་ཤྭ་ར་བཞིན་གནས་པའི་རྣལ་འབྱོར་ཡང༌། །ཨུ་ད་དྷཱི་ལྟར་དཀར་བའི་བསམ་སྦྱོར་འགྲུབ། །ཨེ་མ་ཐུན་མོང་མཆོག་གི་དངོས་གྲུབ་དཔལ། །ཨོ་རྒྱན་ཡུལ་བཞིན་མྱུར་དུ་འགྲུབ་པར་མཛོད། །ཅེས་རྒྱ་བོད་ཀུན་ཏུ་རྒྱུ་བའི་དྲང་སྲོང་རྒན་པོ་རྡོ་རྗེའི་གནས་མདུན་དུ་ངལ་འཚོ་བའི་བསམ་གཏན་གྱི་ཁང་བུ་བདེ་མཆོག་འཆི་མེད་ཀུན་དགའི་གླིང་གྲུབ་པའི་ཚེ་གང་དྲན་སུག་བྲིས་སུ་བགྱིས་པ་ཚེ་ཆོས་མཐའ་རུ་ཕྱིན་པའི་རྟེན་འབྱུང་དུ་གྱུར་ཅིག ༈ སྟག་ཚང་གནས་བསང་དབང་དྲག་དགྱེས་རོལ་བཞུགས། ཧྲཱིཿ ཀ་མ་ལ་ཡི་ལང་ཚོའི་འཁྱུད་པ་ཡི། །ཁ་རྡུལ་བརྩེགས་བཞིན་ངོ་མཚར་བྲག་དཀར་ལྷུན། །ག་ལ་བར་གནས་དཀར་ཕྱོགས་དགེ་བསྙེན་ཚོགས། །ང་ཡིས་འབོད་དོ་ད་ལྟ་མྱུར་བར་སྤྱོན། །ཅ་ཅོའི་སྙན་བརྗིད་རོལ་མོའི་བྱེ་བྲག་དང༌། །ཆས་བཟང་ལྷ་རྫས་གང་བཞེད་འདོད་དགུའི་གཏེར། །ཇ་ཆང་འོ་མའི་ཞལ་སྐྱེམས་རྒྱ་མཚོའི་ཚོགས། །ཉ་ཟླའི་བརྟན་འཕྲོག་བདུད་རྩིའི་བསང་གིས་བརྔན། །ཏ་ལའི་སྨན་ཤིང་སྤྱིལ་བུའི་ལྡུམ་ར་རུ། །ཐ་ཚིག་བགོས་པའི་གཡར་དམ་མ་བསྙེལ་བར། །ད་ལྟ་གསོལ་བའི་ལས་ཀུན་དོན་ཡོད་པར། །ནམ་ཡང་སྒྲུབས་ཤིག་མཐུ་ལྡན་དྲེགས་པའི་རྗེ། །ས་ཝ་སངས་བཞིན་རབ་དཀར་དགེ་བའི་ལས། །ཕ་མཐར་སོན་པའི་འབྲས་བུས་ཉམས་རྟོགས་ཚོགས། །བ་མཆོག་དཔག་བསམ་ཤིང་གིས་ཆ་མཚོན་པའི། །མ་ལུས་མཐར་སོན་ཆོས་ཀྱི་སྡོང་གྲོགས་མཛོད། །ཙ་ཎ་ཀཿལྟར་བྱམས་པའི་ཁྱོད་མཆོད་ན། །ཚ་གྲང་ནད་སོགས་མི་མཐུན་གནོད་པ་ལས། །ཛ་ཡ་མཐུན་རྐྱེན་ཕུན་ཚོགས་དགའ་བའི་སྟོན། །ཝ་ལེར་ད་ལྟ་མྱུར་བར་ཆར་ལྟར་ཕོབ། །ཞྭ་ལྟར་མཆོད་འོས་གསང་སྔགས་འཛིན་པའི་བདག །ཟ་འདོད་རྙེད་བཀུར་སྤང་བས་རིར་ཉུལ་བའི། །འ་འུར་ཆོས་བརྒྱད་གཡུལ་ལས་རྣམ་རྒྱལ་ཏེ། །ཡ་མཚན་ཆེན་པོའི་དངོས་གྲུབ་སྡོང་གྲོགས་མཛོད། །རབ་མཛེས་ངོ་མཚར་གྲུབ་པའི་སྨན་ལྗོངས་འདིར། །ལམ་བཟང་སྒྲུབ་པའི་རྣལ་འབྱོར་རྒྱུན་མི་འཆད། །ཤ་ཁྲག་འོད་སྐུར་དེངས་པའི་དགེ་མཚན་གྱིས། །ས་མཆོག་རྒྱལ་བའི་གོ་འཕང་མངོན་དུ་གྱུར། །ཧ་ལ་མི་སྲུན་རྟོག་པའི་སྒྲིབ་གྲོལ་ཏེ། །ཨ་དོན་སྐྱེ་མེད་གཟུ་བོའི་ཀློང་ཡངས་པར། །ང་ཁྱོད་བྲལ་བའི་ཆོས་དབྱིངས་མཉམ་པ་ཆེར། །རོ་གཅིག་སངས་རྒྱས་སྲིད་པ་དོང་སྤྲུགས་ཤོག །ཅེས་པའང་ཀུན་ཏུ་རྒྱུ་ཙནྡྲའི་མིང་གིས་གང་ཤར་སྤེལ་བ་དགེ། ༈ སྟག་ཚང་གནས་བསྟོད་ཡིད་ཆེས་བློའི་རྒྱན་ཞེས་བྱ་བ། མི་ཤིགས་ངེས་དོན་ཆོས་དབྱིངས་མཐའ་བྲལ་ཡེ་ཤེས་ཟབ་མོའི་ཀློང་ཡངས་པར། །ཆེ་བའི་ཡོན་ཏན་ལྷུན་གྲུབ་རྫོགས་པའི་རྒྱལ་བ་ཀུན་གྱི་ཞལ་སྐྱིན་ནི། །ངོ་མཚར་རྣམ་ཐར་བྱེ་བའི་མངའ་བདག་མཚུངས་མེད་རྣམ་འདྲེན་ཆོས་ཀྱི་རྗེ། །དུས་ཀུན་མི་བསྙེལ་ཚངས་པའི་འཁོར་ལོ་ནོར་བུའི་ཐོད་བཞིན་བརྗིད་པ་ཡིས། །ཀྭ་ཡེ་གྲོགས་དག་བསམ་གཏན་བདུད་རྩི་སྙིང་ལ་སིམ་པའི་འདུལ་པའི་ཁྱུ། །ཁ་བཤད་ཙམ་མིན་ངེས་པའི་དམ་ཆོས་གཅིག་ཏུ་བཞེད་པའི་ཡིད་ཀྱི་མཚོར། །ག་ལ་བ་དེར་སིམ་པ་ལྟར་འཇུག་དབེན་པར་བསྔགས་པའི་ཟླ་ཟེར་ཞིག །ང་ལ་ཡོད་ཅེས་ངོམས་པ་བཞིན་དུ་སྤྲོ་ན་དགྱེས་པའི་དཔལ་འཕེལ་མཛོད། །ཅ་ཅོ་ཟབ་སྒྲོགས་དྭངས་བསིལ་རྙོགས་མིན་རྒྱུན་རིང་ལྷ་ཆུའི་འབབ་སྟེགས་ངོགས། །ཆ་ཙམ་ངོམས་པའི་བྲག་རིའི་བྱ་སྐྱིབས་བལྟ་ན་སྡུག་པའི་རི་ཡི་ཞོལ། །ཇ་རིལ་ཚ་གྲང་འཇིགས་པ་ཀུན་སྐྱོབས་ཕྱེད་སྐྱིལ་ཉམས་དགའི་བཀོད་པ་ནི། །ཉ་གང་ཟླ་བའི་བདུད་རྩིས་བྲན་ཚེ་སྙིང་ལ་ཀུན་དགའི་དཔྱིད་ཀྱང་སྟེར། །ཏཱ་རེ་འཕགས་མའི་ཞིང་གི་ཚལ་བཞིན་དབྱར་གྱི་དུས་སྟོན་བརྡོ་བའི་མོད། །ཐ་དད་ལྗོན་བཟང་འདབ་གུར་བྲེས་པའི་ལྡིང་ཁང་བཀོད་ལེགས་ཉམས་དགའ་བར། །དཱ་ནུས་བུས་དགྲས་འདུན་ས་ལས་ལྷག་ནེའུ་སེང་སྒེག་པའི་སྐྱེད་མོས་ཚལ། །ན་ཆུང་འབུམ་གྱི་བཀུར་བསྟིས་མཚོན་མིན་རླུང་བསིལ་དལ་བུས་རེག་པ་བདེ། །པ་སངས་མདངས་འཛིན་ཁོར་ཡུག་ཁེབ་པའི་སྤྲིན་ལས་འོང་བའི་ཁ་རྡུལ་གྱིས། །ཕ་མཐར་བརྡལ་བའི་མེ་ཏོག་སིལ་མ་བཀྲམ་པའི་དགུན་གྱི་རེག་བྱའི་ཚེ། །བ་གླང་ལྟར་འུར་སྐྱེ་བོས་བགྲོད་དཀའི་སེར་བུ་འགོག་མེད་གཡོ་བཞིན་དུ། །མ་རྨས་གཏུམ་མོའི་རེག་འཇམ་གོས་ལ་ཀུན་ཏུ་ཡིད་ཆེས་ངེས་པ་སྟེར། །ཙ་མ་ར་ལྟར་དྲེགས་པས་བསྒྱིངས་པའི་ཤ་ཟ་གཅན་གཟན་རྒྱུ་བའི་སྲང༌། །ཚ་ངར་ཀོ་ལོང་བཙན་པའི་གནས་བདག་འཇིགས་ཟིལ་ཆོ་འཕྲུལ་ཀུན་ཏུ་སྟོན། །ཛ་ཡ་རྣམ་ཐར་འུར་མིན་ཀུན་སྤང་གྲུབ་པས་བསྙེན་པའི་བྲག་རིའི་གཤམ། །ཝ་ལེར་ཡིད་ལ་འཆར་བ་ཙམ་ཡང་རབ་དགའི་སིམ་པས་མྱོས་ལ་ལྟོས། །ཞྭ་མོའི་ཏོག་ལྟར་བརྗིད་པའི་བྲག་དཀར་དབང་སྔོན་ཐོད་དུ་འཆིང་བཞིན་པས། །ཟ་མ་ཏོག་དང་ཙིཏྟའི་དབྱིབས་འཛིན་ཕྱོགས་ཕྱོགས་གཡུ་ཤུག་དོ་ཤལ་འཕྱང༌། །འ་འུར་འདུ་འཛིའི་གཡེང་བས་བཏང་བའི་དབང་དྲག་དགྱེས་པའི་ཕོ་བྲང་དེར། །ཡ་མཚན་རྣལ་འབྱོར་སྒྲུབ་པའི་རྒྱལ་མཚན་བརྟན་པོར་བཟུང་བའི་གནས་སུ་བྱིན། །རྭ་ལྟར་གཟེངས་པའི་ནགས་ཀྱིས་བསྐོར་དབུས་སྤོས་ཀྱི་གླང་པོར་དལ་བུས་འཕྱོ། །ལ་འུར་འབེབས་པའི་ཁ་ཆར་ན་བུན་འདུ་འབྲལ་སྤང་བའི་སྟོད་གཡོགས་མཛེས། །ཤ་བ་རོག་པོའི་སྤུན་ལྟར་འགྲན་པའི་བྱ་བཏང་རྒྱལ་པོ་དགྱེས་པའི་ཁབ། །ས་གཞིའི་དཔྱད་ལེགས་རྟེན་འབྲེལ་བཟང་པོའི་ཚོགས་པ་ཀུན་ཀྱང་སྲུངས་པ་བཞིན། །ཧ་རིའི་ཚལ་ན་སྟགྃ་མོའི་འགྱིང་ལྟར་ཡོན་ཏན་ཀུན་ཚངྃ་དབེན་པའི་ཚལ། །ཨ་མཚར་ཙམ་མིན་བསྟོད་པའི་གཞན་གསོས་མགྲིན་རྔས་འཁྱུད་པས་ཀྱང༌། །ཧ་ལ་ཆོས་བརྒྱད་ཤུན་བྲལ་རྣལ་འབྱོར་བསམ་གཏན་སྐྱོངས་བའི་བརྟུལ་ཞུགས་ཀྱིས། །ཨ་ཧོ་ཡིད་ལ་སིམ་པའི་རོལ་སྟོན་ཟད་པ་མེད་པའི་གཉེན་གྱུར་ཅིག །ཅེས་པའང་ཀ་རྨད་ཡེ་གེའི་ཕྱི་མོ་ལས་འཕྲོས་པའི་སྙན་ངག་གི་འགྱུར་བ་ཅུང་ཟད་འདི་ཡང་གནས་དེ་ཉིད་དུ་བསྐྱོད་པའི་སྐབས་ཀུ་སཱ་ལི་རས་བཙུན་བདེ་ཆེན་བཞད་པའི་ལང་ཚོས་གང་ཤར་སྤེལ་བའི་འཆར་གཞིའོ།། ༈ ཟིལ་ཕུ་དང་རྨ་རོང་ཡུལ་ལྷའི་བསངས་བཞུགས། ཀྱཻ། ཕུན་སུམ་ཚོགས་པའི་ནོར་འཛིན་ཆར། །དམ་པ་ལྷ་ཡི་ཆུ་བོ་བཞིའི། །རེ་ཁཱ་བཀྲ་བ་མདོ་ཁམས་ལྗོངས། །སྒང་ཆེན་དྲུག་ལས་ཁྱད་འཕགས་པ། །སྡེ་བཞི་དགེ་བ་བཅུ་ལྡན་ཞིང༌། །མཁས་གྲུབ་གསེར་རིའི་ཕྲེང་མཚར་མཛེས། །སྤང་ཀློག་དགེ་འདུན་སྡེ་ཡིས་བརྒྱན། །འབྲི་ཟླ་སྒང་དུ་གྲགས་པ་ཡི། །ཡུལ་ལྷ་དབང་བྱེད་ཟིལ་ཁྲོམ་གཉན། །སྐུ་མདོག་དཀར་གསལ་དར་ཐོད་ཅན། །སྣ་ཚོགས་ཟ་འོག་ན་བཟའ་གསོལ། །ཕྱག་ན་རལ་གྲི་མདུང་དར་བསྣམས། །རྟ་དཀར་གཡུ་རྔོག་ལྡན་པ་ཆིབས། །བཙུན་མོ་སྲས་བློན་འཁོར་བཅས་དང༌། །ཡུལ་འདིར་གནས་པ་ཐམས་ཅད་ལ། །གཏོར་མ་དཀོར་ཆ་གསེར་སྐྱེམས་ཕུད། །སྟག་གཟིག་རས་མ་དར་སྣ་སོགས། །ཐུགས་ལ་ཅི་བཞེད་དེར་འཆར་བའི། །མཆོད་པ་དམ་པས་དགྱེས་པ་བསྐྱེད། །ཉམས་ཆག་འཁོན་མནོལ་ཐམས་ཅད་བཤགས། །མི་དང་ལྷ་རུ་མ་འབྲལ་བར། །སྲུང་སྐྱོབས་སྡོང་གྲོགས་ཕྲིན་ལས་འགྲུབ། །རྒྱབ་རྟེན་མ་གཡེལ་བརྩེ་གདུང་གྱིས། །ཚེ་བསོད་དབང་ཐང་རླུང་རྟ་སྤེལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཅེས་པའང་ཡིག་དྲུག་འཆི་མེད་རིག་འཛིན་ཕ་བུས་བསྐུལ་བ་བཞིན་མངྒ་ལས་ཕན་སེམས་ཀྱི་བྲིས་པ་དགེ་ལེགས་འཕེལ། ༈ ཡུལ་ལྷའི་བསང་བཞུགས། ཀྱཻ། ཕུན་ཚོགས་འདོད་ཡོན་སྤྲིན་ཆེན་པོ། །རྣམ་པ་ཟག་མེད་ཅིར་ཡང་འཆར། །ངོ་བོ་བྱང་ཆུབ་སེམས་ཆེན་པོའི། །རང་བཞིན་ཕན་བདེ་ཀུན་སྟེར་འདིས། །ལྗོངས་འདིར་རྟག་ཆགས་ཟོ་དོར་དང༌། །གློ་བུར་ལྷགས་པ་ཐམས་ཅད་ཀྱི། །འཁོར་དང་སྤྲུལ་པ་ལས་བྱེད་ལ། །དབང་པོ་དྲུག་ལ་སིམ་སྟེར་བ། །མི་ཟད་ནམ་མཁའ་མཛོད་དུ་འབུལ། །སྣོད་བཅུད་མི་གཙང་དྲི་མ་བསང༌། །མགྲོན་རིགས་མཆོག་ཏུ་དགྱེས་པ་བསྐྱེད། །འཁོན་འགྲས་འཁྲུགས་པ་དབྱིངས་སུ་ཞི། །ཕོག་ཐུག་འགྲམ་འཁྲུགས་ཞི་བར་ཟླུམ། །ཡུལ་ལྷ་དགྱེས་པས་ངོ་སོ་བསྟོད། །དབུ་འཕང་རི་རྒྱལ་རྩེ་བཞིན་བསྟོད། །ཕྲིན་ལས་ཉི་ཟླའི་འོད་ཀྱིས་བསྐྱང༌། །སྣོད་ཀྱི་འབྱུང་བཞིའི་དཔལ་ཡོན་དར། །ལེ་ལེགས་འབྲུ་འཕེལ་བཅུད་དང་ལྡན། །སྐྱེ་དགུའི་ཚོགས་ཀུན་ཚེ་དཔལ་འཕེལ། །བསོད་ནམས་རླུང་རྟའི་དགེ་མཚན་དང༌། །ལྷ་དང་མི་གཉིས་གནས་མགྲོན་གྱི། །དམ་ཚིག་གཙང་བས་བཀྲ་ཤིས་དང༌། །དགེ་ལེགས་དཔལ་འཕེལ་མཆོག་གསུམ་གུས། །རྒྱལ་བསྟན་བཤད་སྒྲུབ་ལས་གསུམ་གྱི། །འཛིན་མཛད་སྡེ་དང་བཅས་པ་སྐྱོབས། །རྣམ་དཀར་དགེ་མཚན་མི་ཉམས་པའི། །བཀྲ་ཤིས་ཕུན་ཚོགས་གཡང་འཁྱིལ་ཤོག །ཅེས་པའང་རྒྱལ་བ་ཞེ་ཆེན་པའི་བསྟན་པའི་སྲོག་འཛིན་མཁན་པོ་ཀུན་བཟང་མཐར་ཕྱིན། དབུ་བགྲེས་འགྱུར་མེད་དར་རྒྱས། འགྱུར་མེད་ཀུན་བཟང་སོགས། ནམ་མདོའི་ཞེ་གྲྭ་སྤྱི་ནས་གསུང་བསྐུལ་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཆོས་སྡེ་དེ་ཉིད་དུ་སྤྲོ་བསང་སྐབས་རས་དཀར་ལྡིང་གུར་དུ་བྲིས་པ་དོན་ལྡན་དུ་གྱུར་ཅིག ༈ ཡུལ་ལྷ་སྤྱི་བསང་བཞུགས། ཀྱཻ། ཕུན་ཚོགས་དགེ་བཅུའི་དཔལ་ལྡན་སྨན་གྱི་ལྗོངས། །སྒྲུབ་བརྒྱུད་བསྟན་པའི་སྙིང་པོ་དར་རྒྱས་གླིང༌། །དབང་བྱེད་ཟོ་དོར་གཉན་པོ་གཏེར་སྲུང་ཆེ། །དགེ་བསྙེན་རྡོ་རྗེ་རྒྱལ་མཚན་སྤྲུལ་འཁོར་བཅས། །བཀྲ་ཤིས་ལྷ་རྩེ་ཤིང་རི་ནག་འཛོང་དང༌། །སྟོབས་རྩལ་ཐོགས་མེད་ཀླུ་ཡི་རྒྱལ་པོ་ཆེ། །ཇོ་བོ་དབོན་བྲག་ལྡན་སྟོད་སྒྲོལ་མ་བྲག །ལེབ་རྒྱལ་དཀར་ཡག་འོམ་ཆེན་ལྷ་རྩེ་དང༌། །སྟག་རྣ་ཕྱུག་མོ་འགོ་འཛོང་ལྷ་ཡི་རྩེ། །གུ་ར་མགོན་པོ་གླེ་གདོང་སྟག་རྩེ་རྒྱལ། །ཤང་ཤིན་རི་བཀྲ་དྷ་ཏི་དགེ་བསྙེན་སོགས། །ཕུ་མདའ་ཉིན་སྲིབ་རི་ཀླུང་མཚོ་བྲག་ལ། །གནས་པའི་མཆོད་འོས་མགྲོན་ཀུན་སྤྱན་འདྲེན་གཤེགས། །བདུད་རྩིའི་ཤིང་གི་དུད་སྤྲིན་འདོད་ཡོན་འཕྲོ། །མཐུན་རྫས་མི་ཟད་ནམ་མཁའ་མཛོད་འཆར་བས། །དགྱེས་བསྐྱེད་འཁོན་མནོལ་གྲིབ་ཀྱིས་ཕོག་པ་བསང༌། །གནས་མགྲོན་ཐ་ཚིག་ནམ་ཡང་མི་གཡེལ་བར། །ཆོས་ཀྱི་སྡེ་འདིར་བཤད་སྒྲུབ་བསྟན་པ་འཕེལ། །སྣོད་བཅུད་བཀྲ་ཤིས་དགེ་མཚན་འཕེལ་རྒྱས་བརྟན། །ནད་མུག་འཁྲུགས་རྩོད་དུས་ཀྱི་རྒུད་ཚོགས་ཞི། །ལོ་ལེགས་འབྲུ་འཕེལ་ཕྱྭ་གཡང་རྒྱས་ཤིང་དར། །བཀྲ་ཤིས་དགེ་མཚན་དོན་གཉིས་ལྷུན་གྲུབ་མཛོད། །ཅེས་རྗེ་དབོན་འཆི་མེད་མཆོག་སྤྲུལ་ཀརྨ་འོད་གསལ་ཕྲིན་ལས་དཔལ་ལྡན་ནས་གསུང་བསྐུལ་བཞིན་མཚོ་སྐྱེས་པདྨ་རྒྱལ་པོའི་འབངས་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེས་ཆོས་སྡེ་དེ་ཉིད་དུ་སོན་པའི་སྐབས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ ཡུལ་ལྷའི་བསང་བཞུགས་སོ། ཨོཾ་སྭ་སྟི། དུས་ཚེས་དགེ་བར་བསང་ཕྱེ་དཀར་གསུམ་མངར་གསུམ་ཟས་སྣ་རིན་ཆེན་འབྲུ་སྨན་དར་ཟབ་བཅས་བཟང་ཤིང་གི་ཚོགས་དང་ཕྱེ་མར་མེར་བསྲེགས། གསེར་སྐྱེམས་དཀར་སྔོན་སྟེགས་སུ་བཤམ་ལ་ཆབ་ཀྱིས་བྲན་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་སྟེ། ཀྱཻ། སྟོང་ཉིད་དབྱིངས་ལས་རང་ཤར་བའི། །སྣོད་བཅུད་ཕུན་ཚོགས་བཀོད་པ་བརྒྱས། །རབ་མཛེས་ཡུལ་འདིར་དབང་བྱེད་པའི། །ཟོ་དོར་ཇོ་བོ་དུང་ཤིང་དང༌། །ཇོ་བོ་སྨ་ར་འཁོར་དང་བཅས། །དཔལ་ལྡན་རྡོ་རྗེ་ལེགས་པ་དང༌། །གཡུང་དྲུང་རྡོ་རྗེ་ལེགས་པ་ཆེ། །གྲགས་པ་རྒྱལ་མཚན་དགུང་བྲག་པ། །སྐྱ་ཏོང་ཕོ་ལྷ་ཐབས་ཀྱི་ཆ། །སྨན་མོ་ཚེ་འཛིན་དབང་མོ་དང༌། །བསམ་འགྲུབ་དཔལ་འཛོམས་ལ་སོགས་པ། །ཡུལ་འདིར་གནས་ཤིང་རྒྱུ་བ་ཡིས། །འབྱུང་པོ་ཡིད་ཀྱི་གཟུགས་ཅན་ཀུན། །མཆོད་པའི་གནས་འདིར་སྤྱན་འདྲེན་གྱི། །རྫུ་འཕྲུལ་ཤུགས་ཀྱི་གཤེགས་སུ་གསོལ། །དྭངས་མའི་རྩི་བཅུད་ལས་སྐྱེས་པའི། །བདུད་རྩི་ཤིང་གི་དུད་སྤྲིན་ལས། །ཐུགས་ལ་བཞེད་དགུའི་འདོད་ཡོན་ཚོགས། །མི་ཟད་ནམ་མཁའ་མཛོད་འཆར་བས། །སྐུ་གསུང་ཐུགས་ལ་དགྱེས་པར་བསྐྱེད། །འཁོན་མནོལ་ཉམས་ཆགས་སྡིག་སྒྲིབ་སྦྱོང༌། །ཡུལ་དུ་གནས་པའི་མི་ཕྱུགས་ལ། །གནོད་འཚེའི་འཁོན་སྡང་མ་མཛད་པར། །ཆར་ཆུ་དུས་བབས་ལོ་ཕྱུགས་སྤེལ། །མི་ནོར་ལོངས་སྤྱོད་རྒྱས་པར་མཛོད། །ཚེ་བསོད་བསོད་ནམས་རླུང་རྟ་སྤེལ། །མདོར་ན་ཡིད་ལ་གང་འདོད་པའི། །བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པའང་ལྗོངས་དེར་ཕན་པའི་བསམ་པས་མདོ་སྨད་འཁྱམས་པོ་མངྒ་ལས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ། ༈ བསང་བསྡུས་ནི། ཀྱཻ། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས། །བྱིན་རླབས་མདོ་ཁམས་གནས་ཆེན་ཉེར་ལྔ་དང༌། །ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱིས། །བསྐོར་བའི་མདོ་ཁམས་ཆུ་བཞི་སྒང་དྲུག་དང༌། །མདོ་གསུམ་རོང་དགུ་ཤོད་ཆེན་བཞིའི་ཡུལ་གྱི། །ཁྱོན་གནས་ཡུལ་ལྷ་མཆོད་ཅིང་བསྟོད་འོས་ཀུན། །བསང་མཆོད་བདུད་རྩིའི་དགའ་སྟོན་བཞེས་སླད་དུ། །གནས་འདིར་གཤེགས་ལ་དགྱེས་དགུའི་མཆོད་རྫས་བཞེས། །ཕུན་ཚོགས་ཞལ་ཟས་གསེར་སྐྱེམས་ཕྱེ་མར་སྤོད། །སྨན་འབྲུ་དྲི་བཟང་རིན་ཆེན་དར་རས་གོས། །གནག་ཕྱུགས་རི་དྭགས་ཆུ་གནས་གཅན་གཟན་དང༌། །ཡུལ་མཁར་ཁང་ཁྱིམ་སྐྱེད་ཚལ་མཁོ་དགུའི་བསང༌། །མི་གཙང་འཁོན་འགྲས་ཕོག་ཐུག་དབྱིངས་སུ་ཞི། །གཟི་བྱིན་སྟོབས་དཔལ་ཕྲིན་ལས་རབ་མྱུར་རྒྱས། །གནས་མགྲོན་དམ་ཚིག་གདུང་བས་སྲུང་སྐྱོབས་ཕྱིར། །རྟེན་འདིར་བཞུགས་ལ་འདོད་པའི་ལས་ཀུན་མཛོད། །བདག་ཅག་སྲུང་སྐྱོབས་སྡོང་གྲོགས་མ་གཡེལ་བས། །བཀྲ་ཤིས་བདེ་ལེགས་འཁོར་རྒྱས་བརྟན་པར་ཤོག །ཅེས་པའང་གཞན་ཕན་ལྷག་བསམ་བཟང་པོའི་མངྒ་ལས་བྲིས་པ་དགེ་ལེགས་འཕེལ།། །།}} | ||
</onlyinclude> | </onlyinclude> | ||
Line 25: | Line 42: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-11-DA]] | [[Category:DKR-KABUM-Volume-11-DA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 09:09, 1 June 2024
🚧 This website is under continued development. We appreciate your patience!
Wylie title | mdo khams yul lha spyi'i bsang mchod bkra shis lha yi rnga chen sogs | |
---|---|---|
Location | dil mgo mkhyen brtse bka' 'bum Volume 11, Text 23, Pages 118-142 (Folios 1a to 25a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Mdo khams yul lha spyi'i bsang mchod bkra shis lha yi rnga chen sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 118-142. Delhi: Shechen Publications, 1994. | |
Genre | Smoke Offerings - bsangs mchod - lha bsang | |
Deity | yul lha |