DKR-KABUM-10-THA-046: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཆོས་སྐྱོང་གི་གསོལ་མཆོད་འདོད་འབྱུང་དཔལ་གྱི་རྫིང་བུའི་རྒྱུན་གྱི་གཏོར་ཆོག་ཉེ་བར་བསྡུས་པ་ཕྲིན་ལས་ཐོགས་མེད། | |||
|fulltitle=chos skyong gi gsol mchod 'dod 'byung dpal gyi rdzing bu'i rgyun gyi gtor chog nye bar bsdus pa phrin las thogs med | |||
|citation=[[Khyentse, Dilgo]]. ''Chos skyong gi gsol mchod 'dod 'byung dpal gyi rdzing bu'i rgyun gyi gtor chog nye bar bsdus pa phrin las thogs med''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 207-224. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Protector Rituals - gsol mchod, Torma-offering Rituals - gtor chog | |||
|terma=No | |||
|dkroutline=Three | |||
|deity=chos skyong | |||
|language=Tibetan | |language=Tibetan | ||
| | |volumenumber=010 | ||
| | |volnumtib=༡༠ | ||
|volyigtib=ཐ་ | |||
|totalvolumes=25 | |||
|textnuminvol=046 | |textnuminvol=046 | ||
|pagenumbers=207-224 | |||
|totalpages=36 | |||
|beginfolioline=1a | |||
|endfolioline=18b5 | |||
|totalfolios=18 | |||
|multivolumework=No | |||
|rectonotes=gsol mchod | |||
|versonotes=chos skyong | |||
|colophontib=།དེ་ལ་སྤྱིར་༧འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས་སྔ་འགྱུར་བཀའ་གཏེར་གྱི་ཆོས་སྲུང་གཙོ་བོ་འདི་རྣམས་ལ་རྟག་པར་གསོལ་མཆོད་མཛད་པ་ཡིན་ལ། དེ་དག་གི་གསོལ་བསྐང་རྒྱས་པ་རྗེ་བླ་མ་མཆོག་གི་གསུང་མ་ཉམས་པ་ཆོས་སྐྱོང་གི་གསོལ་མཆོད་འདོད་འབྱུང་དཔལ་གྱི་རྫིང་བུར་དཀྱུས་གཅིག་ཏུ་བཞུགས་ཤིང༌། ཆོས་སྲུང་དབང་པོ་འདི་རྣམས་ཀྱི་གསོལ་མཆོད་ཕྲིན་བཅོལ་ལ་འབད་ན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ལ་མཆོག་ཏུ་ཕན་པར་ཀུན་མཁྱེན་བླ་མ་མཆོག་གིས་བཀའ་བསྩལ་བར་གསུངས་པས་སྔ་འགྱུར་པ་དག་ལ་དེ་བཞིན་གཡར་དམ་དུ་བཞེས་པ་གལ་ཆེ་བར་བསྐུལ་བ་དང༌། རང་འདྲའི་སྐལ་མཉམ་ལ་འཇུག་པ་བདེ་བའི་ཕྱིར་ཆོ་གའི་ལས་འགྲིགས་སྔ་འགྱུར་རྙིང་མའི་མཁས་གྲུབ་དངོས་གྲུབ་བརྙེས་པ་རྣམས་ཀྱི་ཕྱག་བཞེས་དང་སྒོ་བསྟུན་ནས་དཀྱུས་གཅིག་ཏུ་བཀོད་པ་ལས། འདོན་ཚིག་ཐམས་ཅད་རྡོ་རྗེའི་གསུང་ཁོ་ན་མ་ཉམས་པར་བསྡེབས་པ་པོ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཡབ་སྲས་ཀྱི་ཡེ་ཤེས་རྡོ་རྗེའི་གཟི་བྱིན་རིག་སྟོང་དབྱིངས་ཀྱི་མཁའ་ལ་འདུ་འབྲལ་མེད་པའི་རིག་འཛིན་གྱི་བཙུན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེ་སྟེ་ཡི་གེ་པ་ནི་རྙིང་བཙུན་འཇིགས་མེད་ཚེ་མཆོག་རྡོ་རྗེས་བགྱིས་པ་འདིས་ཀྱང་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག། | |||
|colophonwylie=/de la spyir 7'jam mgon bla ma mi pham rin po ches snga 'gyur bka' gter gyi chos srung gtso bo 'di rnams la rtag par gsol mchod mdzad pa yin la/_de dag gi gsol bskang rgyas pa rje bla ma mchog gi gsung ma nyams pa chos skyong gi gsol mchod 'dod 'byung dpal gyi rdzing bur dkyus gcig tu bzhugs shing*/_chos srung dbang po 'di rnams kyi gsol mchod phrin bcol la 'bad na snga 'gyur gyi bstan pa rin po che la mchog tu phan par kun mkhyen bla ma mchog gis bka' bstsal bar gsungs pas snga 'gyur pa dag la de bzhin g.yar dam du bzhes pa gal che bar bskul ba dang*/_rang 'dra'i skal mnyam la 'jug pa bde ba'i phyir cho ga'i las 'grigs snga 'gyur rnying ma'i mkhas grub dngos grub brnyes pa rnams kyi phyag bzhes dang sgo bstun nas dkyus gcig tu bkod pa las/_'don tshig thams cad rdo rje'i gsung kho na ma nyams par bsdebs pa po 'jigs bral gyi slob dpon chen po yab sras kyi ye shes rdo rje'i gzi byin rig stong dbyings kyi mkha' la 'du 'bral med pa'i rig 'dzin gyi btsun pa 'gyur med theg mchog bstan pa'i rgyal mtshan rang byung 'od gsal thugs mchog rdo rje ste yi ge pa ni rnying btsun 'jigs med tshe mchog rdo rjes bgyis pa 'dis kyang snga 'gyur bka' gter gyi bstan pa phyogs dus gnas skabs kun tu 'phel rgyas brtan pa'i rgyur gyur cig/ | |||
|pdflink=File:DKR-KABUM-10-THA-046.pdf | |pdflink=File:DKR-KABUM-10-THA-046.pdf | ||
}} | }} | ||
Line 16: | Line 35: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཆོས་སྐྱོང་གི་གསོལ་མཆོད་འདོད་འབྱུང་དཔལ་གྱི་རྫིང་བུའི་རྒྱུན་གྱི་གཏོར་ཆོག་ཉེ་བར་བསྡུས་པ་ཕྲིན་ལས་ཐོགས་མེད་ཅེས་བྱ་བ་བཞུགས་སོ།། | {{TibP|༄༅། །ཆོས་སྐྱོང་གི་གསོལ་མཆོད་འདོད་འབྱུང་དཔལ་གྱི་རྫིང་བུའི་རྒྱུན་གྱི་གཏོར་ཆོག་ཉེ་བར་བསྡུས་པ་ཕྲིན་ལས་ཐོགས་མེད་ཅེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ཨོཾ་སྭསྟི། དཔལ་ཆེན་ཡེ་ཤེས་རོལ་པ་དུས་མཐའི་མེས། །ནག་པོའི་ཚང་ཚིང་བསྲེག་ཕྱིར་འབར་བའི་སྐུ། །ཕྲིན་ལས་འདོད དགུའི་གར་རྩེན་དེར་བཏུད་ནས། །མཉེས་བྱེད་སྙིང་པོ་གྲུབ་པའི་གསུང་བཞིན་སྤེལ། །འདིར་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་གཉན་པོའི་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མའི་དབང་པོ་དག་མཉེས་བྱེད་ཀྱི་ཆོ་ག་ཁྲིགས་སུ་བསྡེབ་པ་ལ་གསུམ། དང་པོ་སྦྱོར་བ་ནི། དུར་ཁྲོད་ལ་སོགས་པ་དྲག་པོའི་གནས་སུ་གང་དུ་བྱ་བའི་གཞིར་ཕྱག་བདར་དང་བླ་བྲེ་ལ་སོགས་པའི་རྒྱན་གྱིས་སྤྲས་པའི་གུང་དུ་གཞུང་མཐུན་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་རིམ་གསུམ་གྱི་དང་པོར་བདག་བསྐྱེད་གང་ལ་བརྟེན་པའི་འདས་གཏོར། གཉིས་པར་སྤྲོ་ན་ལེགས་ལྡན། མ་ནིང༌། ཚོགས་བདག་གསུམ་ལ་དཔུང་རོང༌། སྔགས་སྲུང་ཟུར་གསུམ་རྩེ་ཟླུམ་དང༌། རེ་མ་ཏི་མོ་རྒྱུད་ཟུར་གསུམ། ཚེ་རིང་མ་དཀར་ཟླུམ། རྣམ་སྲས་བཤོས་བུ་དཀར་ཟླུམ་ལྟོ་བར་ནོར་བུས་མཚན་པ། དམ་ཅན་དཔུང་རོང༌། གཟའ་བདུད་དཔུང་རོང་གཡས་དཀྱུས་མིག་གིས་མཚན་པ། ལས་གཤིན་དམར་གཏོར་གྲུ་གསུམ། ཐང་ལྷ་དཀར་གཏོར་ལུག་མགོས་མཚན་པ། གེ་སར་དཔུང་རོང༌། བཙན་ལ་བཙན་བཤོས་ཟུར་གསུམ། སྡེ་དཔོན། སྔགས་བདག་གཉིས་ལ་དམར་གཏོར་བཅས་པ་ལ་འཁོར་དང་མཐེབ་ཀྱུ་ཅི་མང་གིས་བསྐོར་བའམ། གཏོར་སྤུངས་བྱེད་ན་དབུས་སུ་ཕོ་རྒྱུད་སྤྱི་ལ་དཔུང་རོང༌། གཡས་སུ་ནོར་ལྷ་དཀར་ཟླུམ། གཡོན་དུ་མོ་རྒྱུད་སྤྱི་ལ་ཟུར་གསུམ། འཁོར་བཅོ་བརྒྱད་ལས་མི་ཉུང་བ་ལ་བར་དུ་མཐེབ་ཀྱུ་དང་རིལ་བུས་ལྟེམ་པ་རྒྱན་སྤྲོས་གང་མཛེས། གཡས་གཡོན་དུ་སྨན་རཀ །གསུམ་པར་ཞི་དྲག་གི་ཉེར་སྤྱོད། འབུལ་གཏོར། བསྐང་གཏོར། གསེར་སྐྱེམས། ཚོགས་ཀྱི་ཡོ་བྱད་བཅས་གཙང་དག་ཏུ་འདུ་བྱ། སྒྲུབ་པ་པོ་རྣམས་ཀྱི་མདུན་དུ་ཌཱ་དྲིལ་དང་རོལ་མོའི་རིགས། འཐོར་ནས་སོགས་ཚོགས་པར་བྱའོ། །གཉིས་པ་གསོལ་བསྐང་དངོས་ལ་བཅུ་ལས། དང་པོ་མཆོད་གཏོར་བྱིན་བརླབ་ནི། བདག་བསྐྱེད་གང་ལ་བརྟེན་པའི་རྒྱུན་གྱི་རྣལ་འབྱོར་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས་བཟླས་པ་བསྡུ་ལྡང་བཅས་བྱས་ལ། གཏོར་འགུགས་རྒྱས་པའམ། དཀྱུས་ཙམ་དུ། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿས་དགྲ་བགེགས་འགུགས་བསྟིམ་གྱི་ཕུང་པོ་ཤ་ཁྲག་གི་ཚོགས་མཆོད་གཏོར་དུ་སྤེལ་བ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་མེ་རླུང་དང་བཅས་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་དམར་གྱི་ཐོད་རློན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོ་དང༌། གཞན་ཡང་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ཐབས་ཤེས་ཀྱི་ཡི་གེས་མཚན་པ་ཞུ་ཞིང་ཁོལ་བའི་འོད་ཟེར་གྱིས་འཁོར་འདས་ཀྱི་དྭངས་བཅུད་མ་ལུས་པ་བཀུག་ཅིང་བསྟིམ་པས་བདུད་རྩི་དཀར་དམར་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་ཡོན་གྱི་ཟེགས་མ་འཕྲོ་བའི་སྟེང་གི་ནམ་མཁར་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་དམ་ཚིག་གི་རྫས་དང་དབྱེར་མེད་པར་གྱུར་ཏེ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་རྒུ་རབ་འབྱམས་ཀྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་བཟང་བདེ་བ་ཆེན་པོའི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་དང༌། ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་⁽14a4⁾⁽14ab⁾་ལ་⁽14a4⁾⁽14ab⁾་ཏེ་གུ་ཧྱ་ས་མ་ཡེ་ཨཱཿཧཱུྃ། ལན་གསུམ། གཉིས་པ་སྤྱན་འདྲེན་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་སོགས་དམ་ཅན་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་རང་བཞིན་ཆོས་ཀྱི་དབྱིངས་ལས་སྒྱུ་འཕྲུལ་གྱི་རོལ་པ་ཞི་ཁྲོའི་ཉམས་དུ་མར་འཆར་བ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཆེན་པོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཧཱུྃ། སངས་རྒྱས་བསྟན་ལ་ལེགས་ཞུགས་ཤིང༌། །དམ་ཆོས་དགེ་འདུན་ཚུལ་བཞིན་སྐྱོང༌། །དགོངས་བརྡ་སྙན་བརྒྱུད་བླ་མ་དང༌། །རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱི། །དམ་ལ་གནས་ཤིང་བསྟན་པ་སྲུང༌། །རྣལ་འབྱོར་རྣམས་ཀྱི་གྲོགས་མཛད་པ། །གསང་སྔགས་བཀའ་ཡི་སྲུང་མ་ཆེ། །མ་ལུས་འཁོར་དང་བཅས་པ་རྣམས། །བདག་གིས་གདུང་བས་སྤྱན་འདྲེན་གྱིས། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ གསུམ་པ་བཞུགས་གསོལ་ནི། ཧཱུྃ། ཡིད་འོང་ཕོ་བྲང་མཛེས་པ་འདིར། །དགྱེས་པའི་གདན་ཁྲི་བཤམས་པ་ལ། །ཇི་ལྟར་འཚམས་པ་དེ་བཞིན་དུ། །བསྟན་པ་སྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། བཞི་པ་དམ་ལ་བཞག་པ་ནི། ཧཱུྃ། དཀོན་མཆོག་གསུམ་གྱི་བཀའ་བཞིན་དུ། །བསྟན་པ་གཉན་པོ་སྲུང་བ་དང༌། །བླ་མ་ལྷ་ཡིས་དམ་བཞག་ལྟར། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། རྡོ་རྗེས་བདུད་རྩི་འཐོར་ཞིང༌། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ལྔ་པ་མཆོད་པ་ནི། ཧཱུྃ། དམ་ཚིག་གསང་བའི་གནས་མཆོག་འདིར། །སྤྱན་གཟིགས་རྟེན་རྫས་སྐར་ལྟར་བཀྲམ། །གླུ་དབྱངས་རོལ་མོ་འབྲུག་ལྟར་ལྡིར། །སྦྱར་སྤོས་བསང་དུད་སྤྲིན་ལྟར་གཏིབས། །ཞལ་ཟས་སྣ་ཚོགས་རི་ལྟར་སྤུངས། །སྨན་རཀ་བཏུང་བ་མཚོ་ལྟར་བསྐྱིལ། །གོས་རྒྱན་དཀོར་ནོར་བསམ་མི་ཁྱབ། །ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དངོས་བཤམས་ཡིད་ལས་བྱུང་བ་དག །ནམ་མཁའ་གང་བར་སྤྲོས་ཏེ་མཆོད། །ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ཕྱི་ཉེར་སྤྱོད་དང་ནང་སྨན་རཀ་གིས་མཆོད་ནས། བྱེ་བྲག་གཏོར་མ་འབུལ་བ་ནི། མདུན་གྱི་ནམ་མཁར་རྩ་གསུམ་དམ་ཅན་སྲུང་མའི་དབང་པོའི་ཚོགས་ཆར་སྤྲིན་གཏིབས་པ་ལྟར་བཞུགས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་དྭངས་བཅུད་གསོལ་བས་མཉེས་པར་གྱུར་བསམ་ལ་རྡོ་རྗེའི་ཐལ་མོ་ཁ་གྱེན་བསྟན་གྱི་རྒྱས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནི་ཤྲཱི་དྷརྨ་པཱ་ལ་བ་སུ་དེ་བ་ནི་དྷི་པ་ཏི་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་རེ་འབུལ་བ་འགྲེ། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ྄། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རུ་རུ་བི་དྷིཥྛ་བ་དྷྭ་སི་རུ་རུ་རོ་རུ་བོ་དྷིཥྛ་བ་དྷྭ་སི་ཙ་པ་ལ་ཨ་ཤུག་མེ་ཧཱུྃ་བྷྱོ་ཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་པྲ་མོ་ཧ་བྃ་ཧ་རི་ནི་ས་ཧྲིཾ་ཧྲིཾ་སརྦ་སིདྡྷི་སྭཱ་ཧཱ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཻ་ཤྲ་མ་ཎ་ཛམྦྷ་ལ་བ་སུ་དྷཱ་རི་བ་སུ་དེ་བ་ནི་དྷི་པ་ཏི། ས་པ་རི་བ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་སཱ་དྷུ་ས་མ་ཡེ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བྃ་ཧོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཡ་མ་རཱ་ཛ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཐང་ཀ་ར་མུན་ཉི་ཁུ་ཤ་ལི་སྭཱ་ཧཱ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་སིང་ཧ་མ་ཎི་རཱ་ཛ་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ། ཤུ་ལ་གྲི་བ་ཏྲི་ཤུ་ལ་ཧྲིཾ་ཧྲིཾ་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཙནྡྲ་སརྦ་དུཥྚཾ་ཨཥྚ་ན་ཡ་ཨེ་ཀ་བྷྱོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ཀིང་ཀ་ར་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ***དེ་ནས་ཕྲིན་ལས་བཅོལ་བ་ནི། ཧོཿ དཔལ་མ་ཧཱ་ཀ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། དཔལ་མགོན་ལེགས་ལྡན་ནག་པོ། དཔལ་འབར་མ་ཧཱ་ཀ་ལ། དཔལ་ལྡན་ཚོགས་ཀྱི་བདག་པོ། མ་མོ་ཨེ་ཀ་ཛཱ་ཊི། མ་ཅིག་དཔལ་ལྡན་ལྷ་མོ། ཞིང་སྐྱོང་སྨན་བཙུན་མཆེད་ལྔ། རྣམ་སྲས་ཛམ་ལྷ་ཡབ་ཡུམ། དམ་ཅན་སྐྱེས་བུ་ཆེན་པོ། དྲང་སྲོང་གཟའ་བདུད་ཆེན་པོ། འཆི་བདག་ལས་ཀྱི་གཤིན་རྗེ། ལྷ་ཆེན་རྡོ་རྗེ་འབར་བ། དོན་གྲུབ་དགྲ་ལྷའི་རྒྱལ་པོ། ཆེ་བཙན་རོལ་པ་སྐྱ་བདུན། དྲེགས་པའི་སྡེ་དཔོན་སུམ་ཅུ། སྔགས་བདག་དྲེགས་པ་བཅོ་བརྒྱད་ལ་སོགས་པ་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་ཨོ་རྒྱན་པདྨ་འབྱུང་གནས་ལ་སོགས་པ་བརྒྱུད་གསུམ་རིག་འཛིན་བླ་མའི་བཀའ་དང་དམ་ལས་མ་འདའ་བར་མཆོད་སྦྱིན་གྱི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་འདོད་དགུའི་གཏེར་ཆེན་པོ་འདི་བཞེས་ལ་དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད་ཅིག །གསང་སྔགས་ཀྱི་བསྟན་པ་སྲུངས་ཤིག །རིག་འཛིན་གྱི་སྡེ་སྐྱོངས་ཤིག །རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་རྟག་ཏུ་འབྲལ་བ་མེད་པར་དགྱེས་པའི་སྤྱན་གྱིས་གཟིགས་ནས་མགོན་སྐྱབས་སྟོང་གྲོགས་དམ་པ་མཛོད་ཅིག །སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་བཟློག །མི་མཐུན་པའི་ཕྱོགས་ཀུན་ལས་སྲུངས་ཤིག །མཐུན་པའི་ཕྱོགས་ཀུན་ནས་སྤེལ་ཅིག །འདོད་པའི་དོན་ཐམས་ཅད་སྩོལ་ཅིག །ཕྲིན་ལས་ཇི་ལྟར་བཅོལ་བ་ཡིད་ལ་རེ་བ་བཞིན་སྒྲུབས་ཤིག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །དྲུག་པ་བསྟོད་པ་ནི། ན་མཿ ཤྲཱི་བཛྲ་དྷརྨ་པཱ་ལ་ཡེ། ཚངས་པ་མགྲིན་སྔོན་ཁྱབ་འཇུག་དང་ནི་དབང་པོ་ཉེ་དབང་བཙུན་མོར་བཅས། །ལྷ་ཆེན་ཀུན་གྱིས་མངོན་པར་བསྟོད་པ་དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ལྷ་མིན་ཚོགས་དང་ལྷ་མིན་ཡིད་ཅན་བསྟན་དགྲ་མ་ལུས་བརླག་མཛད་པ། །ཧེ་རུ་ཀ་ཡི་སྤྲུལ་པ་མཆོག་གྱུར་ཀྲོ་དྷི་ཡུམ་གྱི་བདག་པོར་བསྟོད། །ལྷ་ཡི་ལྷར་གྱུར་ཆེ་བའི་མཆོག་ལྡན་བདག་མེད་རྡོ་རྗེ་ཁྲོས་པའི་གར། །བདག་འཛིན་རུ་ཏྲའི་སྙིང་ཁྲག་རྔུབ་མཛད་འཇིགས་རུང་རྡོ་རྗེ་སྲིན་པོའི་གཟུགས། །འཇིགས་དུས་མེ་དཔུང་འབུམ་གྱི་གཟི་ལྡན་འཆོལ་བའི་ཁྲོ་རྒྱལ་མ་ནིང་ནག །བདུད་སྡེའི་གཤེད་གྱུར་ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྒྱལ་པོར་བསྟོད། །སྙིང་རྗེའི་དབང་ཕྱུག་སྙིང་རྗེས་ཁྲོས་གང་འཇིགས་རུང་སྤྲིན་གྱི་གཟུགས་ལྡན་པ། །དྲན་པའི་མོད་ལ་བདུད་སྡེའི་དོན་སྙིང་ལྐོག་མར་འབྱིན་མཛད་ནག་པོ་ཆེ། །འབུམ་ཕྲག་བསྐལ་པའི་མེ་ཆེན་འཁྱིལ་དབུས་སྡིག་ཅན་བསྟན་དགྲའི་སྙིང་གར་ནི། །གར་དགུའི་ཉམས་ཀྱིས་རོལ་པར་མཛད་པ་དཔལ་མགོན་ཚོགས་ཀྱི་བདག་པོར་འདུད། །ཁྲོས་པའི་ཞལ་གྱི་སྤྲིན་ནག་འཁྲིགས་ལས་སྡང་མིག་གློག་ཞགས་རྣམ་གཡོ་ཞིང༌། །ཚེམས་ཀྱི་མྱུ་གུ་གངས་རིའི་མདངས་འཛིན་སྐྱིན་ཐང་ཟོལ་གྱིས་དགྲ་ལ་འབེབས། །ལྕགས་ཀྱི་སྡེར་མོ་གནམ་ལྕགས་འབར་བས་ཉམས་པའི་ཙིཏྟ་དྲུང་འབྱིན་པའི། །སྲིད་རྒྱལ་མ་ཞེས་སྔགས་སྲུང་གཙོ་མོ་ནམ་མཁའི་རལ་གཅིག་འཛིན་ལ་བསྟོད། །སྲིད་གསུམ་གནས་ཀུན་ཡུད་ཀྱིས་ཉུལ་ཞིང་སྡིག་ཅན་བསྟན་དགྲའི་སྙིང་སྲོག་ལ། །འཇིགས་པའི་དྲག་ཤུལ་རྡོ་རྗེའི་ཐོག་ཆར་ཐོགས་མེད་མཐུ་ཡིས་འབེབས་མཛད་མ། །སྣང་སྲིད་དབང་བསྒྱུར་མཁའ་འགྲོའི་རྗེ་མོ་ཕྲིན་ལས་རྣམ་བཞིའི་ཟློས་གར་ཅན། །རེ་མ་ཏི་ཞེས་བསྟན་སྲུང་རྒྱལ་མོ་སྣང་སྲིད་མ་མོའི་འཁོར་བཅས་བསྔགས། །སྲིད་ཞིའི་མཛེས་སྡུག་སྙིང་པོར་བསྡུས་འདྲ་ཡིད་འོང་ཟླ་བའི་ཞལ་གྱི་ཁྱིམ། །ཚེ་གཡང་འདོད་དགུ་མི་ཟད་འཇོ་བའི་འཛུམ་དཀར་སྣང་བའི་དགའ་སྟོན་ཅན། །མཐོང་བ་ཙམ་གྱིས་བདེ་ཆེན་སྟེར་མཛད་ལྷན་སྐྱེས་གསང་བའི་ཌཱ་ཀི་ནི། །ཞིང་སྐྱོང་སྨན་བཙུན་རྒྱལ་མོའི་ཚུལ་སྟོན་མཆེད་ལྔ་སྤྲུལ་པར་བཅས་ལ་འདུད། །གནོད་སྦྱིན་གཏེར་གྱི་རྒྱ་མཚོ་ཆེ་ལས་དགོས་འདོད་ནོར་བུའི་མཆོག་སྦྱིན་པའི། །རྣམ་མང་ཐོས་སྲས་ལྷ་མོར་བཅས་པ་གང་དག་བུ་མང་ལྡན་པའི་ཚོགས། །ཐུགས་རྗེའི་གདེངས་ཀ་རྣམ་པར་གཡོ་ཞིང་བྱམས་པའི་ཕྱག་གིས་ཉུག་མཛད་པ། །དེ་དག་ཀུན་ལ་གུས་པས་འདུད་དོ་འབྲུ་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། །ལས་བྱེད་མོན་པའི་རླུང་ནག་དང་འགྲོགས་སྦུད་པའི་གཟུགས་དང་རྡོ་རྗེའི་མདའ། །ལྷན་ཅིག་རྦད་པས་དགྲ་སྙིང་གཏོར་ཞིང་དགྲ་བོའི་ཀླད་པ་འགེམས་མཛད་པའི། །སྒྲོལ་གིང་ལས་ཀྱི་ཤན་པ་མཆོག་དང་དམ་ཅན་མ་མོ་ངན་ནེ་མ། །དཀོར་ནོར་སྲུང་བའི་བྱེད་པོ་ཀུན་ལ་རབ་ཏུ་དྭངས་བས་བདག་ཕྱག་འཚལ། །སྡིག་ཅན་དགྲ་བོའི་སྙིང་ཁྲག་རྫིང་བུར་མི་སྡུག་གཟུགས་ཀྱི་ཚང་ཚིང་འཁྲིགས། །སྲིད་གསུམ་སྲོག་དབུགས་གཅིག་ཆར་རྔུབ་པའི་ལྟོ་ཞལ་འཇིགས་རུང་མཁའ་ལ་གདང༌། །ལེགས་ཉེས་འབྱེད་པའི་སྤྱན་སྟོང་བགྲད་ལས་དམ་ཉམས་སྙིང་ལ་དུག་ཆར་འབེབས། །གསང་བདག་དཔའ་བོའི་བཀའ་སྡོད་མཐུ་ཆེན་འཇིགས་མཛད་རཱ་ཧུ་ལ་ལ་བསྟོད། །འབུམ་ཕྲག་བསྐལ་པའི་མེ་ཡིས་འཁྱུད་པ་ནག་པོ་བརྩེགས་པའི་རི་དབང་གཟུགས། །དྲག་ཤུལ་དུག་རླངས་ས་གསུམ་ཁྱབ་མཛད་འཇིགས་པའི་དུས་ཀྱི་སྒྲ་དབྱངས་ཅན། །སྲིད་གསུམ་མ་ལུས་རྡུལ་དུ་བཤིག་པའི་རྡོ་རྗེའི་བེ་ཅོན་རྔམས་སྟབས་གདེངས། །ཁམས་གསུམ་སྲོག་དབུགས་གང་གིས་སྡུད་པ་འཆི་བདག་ལས་ཀྱི་གཤིན་རྗེར་བསྟོད། །མི་ཤིགས་རྡོ་རྗེའི་སྐུ་གསུང་ཐུགས་ལྡན་ལྡོག་མེད་རྡོ་རྗེ་བཙན་པོའི་མཐུ། །རྡོ་རྗེའི་རི་དབང་འབུམ་གྱིས་བརྗིད་འདྲ་རྒྱལ་འགོང་དམ་སྲིའི་སྲོག་སྙིང་ལ། །རུལ་བའི་བྲག་ལ་གནམ་ལྕགས་ཐོག་བཞིན་བཟོད་པར་དཀའ་བའི་ངང་ཚུལ་ཅན། །ས་བརྒྱད་སེམས་དཔའ་ཡུལ་ལྷའི་ཚུལ་སྟོན་ རྡོ་རྗེ་འབར་བ་དེ་ལ་བསྔགས། །མཆོག་ཏུ་ཞི་བ་སྙིང་རྗེའི་ཐུགས་ལྡན་ཟླ་གཞོན་བྱེ་བའི་འཛུམ་དཀར་ཅན། །འདོད་དགུའི་མཆོག་སྩོལ་ནོར་བུའི་སྤྲིན་ཆེན་ཡིད་བཞིན་དབང་གི་གློག་དམར་འཁྱུགས། །བདུད་སྡེའི་སྲོག་རྩ་དུམ་བུར་འཐོར་བྱེད་ཕྲིན་ལས་དྲག་པོའི་ཐོག་ཆར་འབེབས། །དྲན་པའི་མོད་ལ་ཕྱོགས་ལས་རྣམ་རྒྱལ་དོན་གྲུབ་དགྲ་བླའི་རྒྱལ་པོར་བསྟོད། །གང་བཅོལ་ཕྲིན་ལས་ཡུད་ཀྱིས་སྒྲུབ་པ་དབང་དྲག་གློག་གི་ཟློས་གར་འབུམ། །དམ་ལྡན་ཡིད་མཁར་མངོན་པར་རྩེན་ལས་སྲིད་གསུམ་བརྟན་པ་འཕྲོག་བྱེད་པ། །དབང་ཆེན་རོལ་པ་གསུང་གི་བསྟན་སྲུང་ཆེ་བཙན་རྒྱལ་པོ་མཆེད་བདུན་དང༌། །སྲིད་པ་གསུམ་པོ་ཡོངས་ཀྱི་རྗེར་གྱུར་མཆོག་གི་དབང་ཕྱུག་བཅས་ལ་འདུད། བརྒྱུད་གསུམ་བླ་མའི་དམ་ཚིག་གཉེར་འཛིན་བླ་མེད་བཀའ་ཡི་བྱ་ར་བ། །སྡང་མིག་གཅིག་གིས་སྲིད་གསུམ་བརླག་ནུས་མི་བཟད་དྲག་པོའི་སྟོབས་ཤུགས་འཆང༌། །རིག་སྟོབས་གདོད་མའི་རྩལ་ལས་མངོན་སྣང་དྲེགས་པའི་སྡེ་དཔོན་སུམ་ཅུ་དང༌། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ལ་སོགས་སྡེ་གསུམ་སྲུང་མ་རྒྱ་མཚོར་བསྟོད། །དག་མཉམ་ཆེན་པོ་ལྟ་བའི་དབྱིངས་སུ་སྒོམ་པའི་གཟི་བྱིན་རབ་བསྐྱེད་དེ། །རྡོ་རྗེའི་ཐ་ཚིག་སྙིང་ལ་བསྒྲགས་ཤིང་རོ་མཉམ་ཕྱག་རྒྱས་རྒྱས་བཏབ་ནས། །སྣང་སྲིད་གཞིར་བཞེངས་མཆོད་པའི་རོལ་མོས་བསྟན་སྲུང་རྒྱ་མཚོར་མངའ་གསོལ་ན། །བརྒྱུད་གསུམ་བླ་མའི་དམ་ཚིག་དགོངས་ལ་བསྟན་དང་བསྟན་འཛིན་སྐྱོང་བར་མཛོད། །དཔལ་ལྡན་བླ་མའི་བྱིན་རླབས་སྤྲིན་འཁྲིགས་ཡི་དམ་དངོས་གྲུབ་ཆར་རྒྱུན་འབེབས། །མཁའ་འགྲོའི་ཕྲིན་ལས་འབྲས་བུ་གཡུར་ཟ་ཆོས་སྐྱོང་སྲུང་མའི་ར་བ་བརྟན། །དུས་གསུམ་དགེ་བའི་བཀྲ་ཤིས་གཡང་འཁྱིལ་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་བའི། །གཡར་དམ་གཉན་པོ་འགྲུབ་པར་མཛོད་ཅིག་སྐྱབས་འོས་རྣམས་ཀྱིས་མཐུན་འགྱུར་མཛོད། །ཅེས་བསྟོད་ཅིང༌། བདུན་པ་རྩ་གསུམ་ཆོས་སྐྱོང་སྤྱི་ཡི་གསོལ་མཆོད་སྙིང་པོ་ནི། ཨོཾ་ཨཱཿཧཱུྃ། །ཀུན་ཁྱབ་ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །སྣང་སྲིད་ཟག་མེད་བདུད་རྩིར་ཞུ་བའི་བཅུད། །འཇའ་ཟེར་ཐིག་ལེ་མཆོད་པའི་སྤྲིན་ཕུང་འཕྲོ། །མཉམ་ཉིད་བདེ་ཆེན་བདུད་རྩིའི་གཏོར་མ་འདི། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་དང༌། །ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་ནོར་ལྷ་གཏེར་དང་གཞི་ཡི་བདག །མ་ལུས་འཁོར་དང་བཅས་ལ་མཆོད་པར་འབུལ། །ཁྱད་པར་འཇམ་དཔལ་གཤིན་རྗེ་པདྨ་དབང༌། །གསང་བདག་རྡོ་རྗེ་ཕྲིན་ལས་ཕུར་པའི་ལྷ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཀའ་ཉན་བཅས། །མཆོད་ཅིང་བསྟོད་དོ་འདོད་དགུའི་དངོས་གྲུབ་སྩོལ། །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་ལེགས་ལྡན་ནག །ལྷ་ཆེན་དཔལ་འབར་མ་ནིང་མགོན་པོ་དང༌། །དཔལ་ལྡན་མ་ཧཱ་ཀ་ལ་ཚོགས་ཀྱི་བདག །སྔགས་ཀྱི་སྲུང་མ་རྡོ་རྗེ་རལ་གཅིག་མ། །མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །ཞིང་སྐྱོང་སྨན་བཙུན་རྒྱལ་མོ་མཆེད་ལྔ་དང༌། །དམ་ཅན་སྐྱེས་བུ་བཛྲ་སཱ་དྷུ་རྩལ། །དྲང་སྲོང་གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །འཆི་བདག་ལས་ཀྱི་གཤིན་རྗེའི་རྒྱལ་པོ་དང༌། །བགེགས་འདུལ་གཉན་ཆེན་རྡོ་རྗེ་འབར་བ་རྩལ། །དགྲ་བླའི་རྒྱལ་པོ་སྐྱེས་མཆོག་ཡིད་བཞིན་ནོར། །མཐུ་ལྡན་ཆེ་བཙན་རོལ་པ་སྐྱ་བདུན་དང༌། །རྣམ་སྲས་ཛམ་ལྷ་ཞིང་སྐྱོང་སེང་གེའི་གདོང༌། །དུར་ཁྲོད་ལྷ་མོ་ཤན་པ་དམར་ནག་དང༌། །སྔགས་ཀྱི་སྲུང་མ་ཤ་ཟ་ཁ་མོ་ཆེ། སོགས་འདིར་གང་དགོས་འཛུད། མ་སང་སྐྱེས་གཅིག་བེག་རྩེ་ལྕམ་སྲིང་གཉིས། །བདུད་བཙན་ཀླུ་གསུམ་མཐུ་ཆེན་སྡེ་བཞི་དང༌། །གིང་ཆེན་སྡེ་ལྔ་རྒྱལ་ཆེན་སྐུ་ལྔ་དང༌། །འགོ་བའི་ལྷ་ལྔ་སྡེ་དྲུག་སྲུང་མ་དང༌། །འབར་བ་སྤུན་བདུན་དྲེགས་པ་སྡེ་བརྒྱད་དང༌། །ཞང་བློན་སྡེ་དགུ་གནས་བཅུའི་སྲུང་མ་དང༌། །བཅུ་གཅིག་ཐེག་པའི་བཀའ་སྐྱོང་འཁོར་དང་བཅས། །ཕུར་སྲུང་བཅུ་གཉིས་བརྟན་མ་བཅུ་གཉིས་དང༌། །མགུལ་ལྷ་བཅུ་གསུམ་དགྲ་བླ་བཅུ་གསུམ་དང༌། །དྲེགས་པ་བཅོ་བརྒྱད་དགེ་བསྙེན་ཉེར་གཅིག་དང༌། །སྡེ་དཔོན་སུམ་ཅུ་དཔལ་མགོན་དོན་ལྔ་སོགས། །བརྒྱུད་གསུམ་བླ་མའི་དམ་ཚིག་ལ་གནས་པའི། །སྡེ་གསུམ་སྣང་སྲིད་དྲེགས་པ་མ་ལུས་ལ། །ཕྱི་ནང་གསང་བའི་མཆོད་པ་རབ་འབྱམས་འབུལ། །རོ་མཉམ་རྡོ་རྗེའི་དབྱིངས་སུ་དམ་བསྲེ་ན། །བྱང་ཆུབ་བར་དུ་སྲུང་སྐྱོབས་མི་གཡེལ་བར། །མི་མཐུན་ཕྱོགས་ཞི་ཚེ་དཔལ་ལོངས་སྤྱོད་རྒྱས། །ཁམས་གསུམ་དབང་སྡུས་དགྲ་བགེགས་ཚར་གཅོད་ཅིང༌། །ཡང་དག་ལམ་གྱི་བར་ཆད་བསལ་ནས་སུ། །མཆོག་ཐུན་དངོས་གྲུབ་ཆར་བཞིན་འབེབས་པ་དང༌། །ཇི་ལྟར་བཅོལ་བའི་ཕྲིན་ལས་མ་ལུས་པ། །ཐོགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །རྒྱས་པར་སྤྲོ་ན་ལེགས་ལྡན་སོགས་དམ་ཅན་བཅོ་ལྔ་སོ་སོའི་གསོལ་མཆོད་རྒྱས་པ་ཀུན་མཁྱེན་བླ་མ་རིན་པོ་ཆེའི་རྡོ་རྗེའི་གསུང་རྣམས་ཚང་བའམ་སྐབས་སུ་གང་བབ་འདིར་སྦྱར། །དཀྱུས་ཙམ་དང་གྲངས་བསོག་པ་ལ་སྤྱི་དང་བྱེ་བྲག་གི་གསོལ་བསྡུས་གཙོ་བོ་རྣམས་འགོད་པ་ལ། ཧཱུྃ། མཆོག་གསུམ་བརྒྱུད་གསུམ་བླ་མ་རྒྱུད་དྲུག་གི །ཡི་དམ་ལྷ་ཚོགས་གནས་གསུམ་མཁའ་འགྲོ་མ། །མ་མགོན་གཟའ་རྡོར་སྡེ་གསུམ་སྲུང་མའི་ཚོགས། །གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། ཧཱུྃ། ལྷ་ཆེན་དཔལ་འབར་ལེགས་ལྡན་ཚོགས་ཀྱི་བདག །གུར་ཞལ་བེར་ཆེན་ཕྱག་བཞི་ཕྱག་དྲུག་སོགས། །ཕོ་རྒྱུད་མགོན་པོའི་ལྷ་ཚོགས་ཐམས་ཅད་ལ། །གསོལ་ལོ་མཆོད་དོ་དགྲ་བགེགས་རྡུལ་དུ་རློག བྷྱོ། རལ་གཅིག་སྲིད་རྒྱལ་རེ་ཏི་དམག་ཟོར་མ། །གཡུ་སྒྲོན་བརྟན་མ་སྲོག་སྒྲུབ་ནག་མོ་སོགས། །སྣང་སྲིད་མོ་རྒྱུད་ལྷ་མོའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་རྣལ་འབྱོར་བུ་བཞིན་སྐྱོངས། ཧཱུྃ། སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང༌། །དཔལ་མགོན་དོན་ལྔ་དྲེགས་པ་སྡེ་བརྒྱད་སོགས། །བཀའ་དང་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་བསྟན་དང་བསྟན་འཛིན་སྤེལ། ཧཱུྃ། དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་བོ་ཆེ། །ལེགས་ལྡན་ནག་པོ་ཆེན་པོ་ཡབ་དང་ཡུམ། །བཀའ་སྡོད་བྲན་གཡོག་སྤྲུལ་པའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། ཆེ་མཆོག་ཧེ་རུ་ཀ་དཔལ་བསྟན་སྲུང་ཚུལ། །ལྷ་ཆེན་དཔལ་འབར་མ་ནིང་མཆེད་གསུམ་ཉིད། །བཀའ་ཉན་སྣང་སྲིད་དྲེགས་པའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། དཔལ་མགོན་ཚོགས་བདག་ཡབ་ཡུམ་སྐུ་གསུང་ཐུགས། །ཕྱོགས་བཅུ་སྡེ་བརྒྱད་འཇིག་རྟེན་མགོན་པོ་དང༌། །ཚེ་རྫི་ཤུགས་མགོན་དགྲ་བླ་ལྷ་དམག་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། ཀུན་ཏུ་བཟང་མོའི་ཡེ་ཤེས་ཁྲོས་པའི་རྩལ། །དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛཱ་ཊི་མ། །ཡེ་ཤེས་ལས་དང་འཇིག་རྟེན་མ་མོའི་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། བྷྱོ། མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །ཁོལ་མོ་ཡང་ཁོལ་བཀའ་ཉན་མངག་གཞུག་སྡེ། །འབུམ་ཕྲག་ཡངས་པའི་མཁའ་འགྲོའི་འཁོར་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧྲཱིཿ དབྱིངས་ཀྱི་ཡུམ་ཆེན་ལྷན་སྐྱེས་ཌཱ་ཀི་ལྔ། །ཞིང་སྐྱོང་སྨན་བཙུན་མཆེད་ལྔའི་ཚུལ་སྟོན་པ། །འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས་པ་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཨོཾ་བཛྲ་པྲ་མོ་ཧ་བྃ་ཧ་རི་ནི་ས་མ་མ་ཌཱ་ཀི་ནི་བ་ལིཾ་ཏ་ཁཱ་ཧི། ཧྲཱིཿ རྣམ་སྲས་ཛམ་ལྷ་ནོར་བདག་ཕོ་མོ་བརྒྱད། །ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་ལ་སོགས་པའི། །རབ་འབྱམས་ནོར་ལྷ་གཏེར་བདག་མ་ལུས་ལ། །གསོལ་ལོ་མཆོད་དོ་འདོད་དགུའི་ཆར་རྒྱུན་ཕོབ། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་ཐིག་ལེ་རྩལ། །དགྱེས་སྡེ་བརྟན་མ་འཛིན་གིང་ཕོ་ཉའི་ཚོགས། སྐུ་མཆེད་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧྲཱིཿ དྲང་སྲོང་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །སྤྲུལ་པ་རྣམ་བརྒྱད་གདོང་མོ་མཆེད་བཞི་དང༌། །གཟའ་དང་རྒྱུ་སྐར་དྲེགས་པ་སྡེ་བརྒྱད་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། འཇམ་དཔལ་བཀའ་ཉན་ཡ་མ་རཱ་ཛ་ནི། །གཏུམ་མོ་དུག་ཧྲུལ་གཤེད་ཆེན་སྡེ་བཞི་དང༌། །ཕྱོགས་སྐྱོང་བཅུ་གཉིས་ལས་མཁན་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཀྱཻ། །ས་བརྒྱད་སེམས་དཔའ་ཡུལ་ལྷའི་ཚུལ་འཛིན་པ། །སྟོང་གསུམ་མི་མཇེད་བདག་པོ་ཚངས་པ་ཆེ། །གཉན་ཆེན་ཐང་ལྷ་དགྱེས་ཡུམ་བཀའ་འཁོར་བཅས། །གསོལ་ལོ་མཆོད་དོ་འདོད་དགུ་ལྷུན་གྲུབ་མཛོད། ཀྱཻ། འདོད་དོན་ཀུན་སྒྲུབ་དགྲ་བླ་མཐུ་བོ་ཆེ། །རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྒྱལ། །ནོར་བུ་དགྲ་འདུལ་བཀའ་སྡོད་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །ཧྲཱིཿ པདྨ་དབང་གི་བཀའ་ཉན་མཐུ་བོ་ཆེ། །ཆེ་བཙན་དྲེགས་པའི་རྒྱལ་པོ་ཡང་ལེ་བེར། །ཙིའུ་དམར་པོ་བཀའ་འཁོར་སྤྲུལ་པར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། གིང་བདུད་གཟའ་བཙན་ཀླུ་སྲིན་གནོད་སྦྱིན་དང༌། །མ་མོའི་ཚོགས་ཀྱི་སྡེ་དཔོན་མཐུ་བོ་ཆེ། །འཇིག་རྟེན་མཆོད་བསྟོད་དྲེགས་པའི་བཀའ་སྡོད་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། དཀར་པོ་གིང་དང་ནག་པོ་བདུད་ལ་སོགས། །སྡེ་བརྒྱད་དྲེགས་པ་ལས་ཀྱི་ཤན་པ་བརྒྱད། །སྔགས་བདག་དྲེགས་པའི་དཀྱིལ་འཁོར་བཀའ་སྐྱོང་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། རྒྱལ་དབང་པདྨ་ཐོད་ཕྲེང་ལ་སོགས་པ། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐ་ཚིག་ལ། །གནས་པའི་བཀའ་གཏེར་ཆོས་སྐྱོང་དམ་ཅན་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཀྱཻ། མགུལ་ལྷ་བཅུ་གསུམ་དགེ་བསྙེན་ཉེར་གཅིག་དང༌། །བརྟན་མ་བཅུ་གཉིས་་རི་ཏི་ཐང་རྨ་གསུམ་གྲགས་པའི་མཚོ་བཞི་སོགས། །གངས་ཅན་ཡུལ་སྐྱོང་ཟོ་དོར་ཐམས་ཅད་ལ། གསོལ་ལོ་མཆོད་དོ་སྲུང་སྐྱོབས་འདོད་དོན་སྒྲུབས། །ཞེས་སྤྱི་དང་བྱེ་བྲག་སྐབས་སུ་གང་བབ་གྲངས་གསོག་པར་འདོད་ནའང་བྱ། འདིར་རྒྱས་བསྡུས་འཚམས་པའི་དབང་དུ་བྱས་ཀྱི་ཉེར་དགུ་སོགས་ལ་གསོལ་བསྡུས་གཞུང་ཚང་བར་སྦྱར་ཀྱང་ལེགས་པར་འགྱུར་རོ། །བརྒྱད་པ་བཟླས་པ་ནི། རང་གཉུག་མའི་ཧེ་རུ་ཀར་གསལ་བའི་སྤྱི་བོར་པད་འབྱུང་སྣང་སྲིད་ཟིལ་གནོན་གསལ་བས་དྲེགས་པ་ཟིལ་གྱིས་གནོན་པར་བསམ་ལ། མདུན་དུ་དམ་ཅན་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་གསལ་བའི་ཐུགས་ཀར་སོ་སོའི་ས་བོན་མཐར་རང་སྔགས་ཀྱིས་བསྐོར་བ་གསལ། བདག་བསྐྱེད་ཀྱི་ཐུགས་ལས་འོད་དཀར་པོ་བདུད་རྩིའི་རང་བཞིན་ཅན་འཕྲོས། དྲེགས་པའི་ཐུགས་ཀའི་ས་བོན་སྔགས་བཅས་ལ་ཕོག །སྔོན་གྱི་དམ་བཅའ་དྲན་ནས་དགྱེས་པ་བསྐྱེད་ཅིང་བདག་ལ་ཤིན་ཏུ་དགྱེས་ཤིང་བཀའ་ཉན་པར་བསམ་ལ། ཤཱ་ས་ན་ཅུང་ཟད་བཟླ། རྒྱས་པར་སྤྲོ་ན་བསྙེན་སྒྲུབ་ལས་གསུམ་ཀའི་དམིགས་པ་གཞུང་ལྟར་སྦྱོར་ཀྱང་རུང་ངོ༌། །དགུ་པ་བསྐང་བཤགས་ནི། ཐོག་མར་བསྐང་རྫས་བྱིན་གྱིས་བརླབ་པ་ལ། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ། མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་ཅན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང༌། བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ་ལ། དང་པོ་བསྐང་བ་ནི། ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང༔ དུར་ཁྲོད་རྔམས་བརྗིད་རོལ་བའི་དཀྱིལ་འཁོར་འདིར༔ བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ དམ་རྫས་ཕྱི་ནང་གསང་བས་ཐུགས་དམ་བསྐང༔ ཧཱུྃ༔ འབོད་པའི་དམ་རྫས་གཡབ་དར་ནག་པོ་དང༔ སྒྲུབ་པའི་དམ་རྫས་རྟག་གཏོར་ཆེན་པོ་དང༔ རྒྱུན་དུ་འགྲོགས་པའི་རྒྱུད་གཏོར་ནར་མ་དང༔ བདུད་རྩི་སྨན་རཀ་མཆོད་པས་ཐུགས་དམ་བསྐང༔ ཧཱུྃ༔ སྐུ་འབག་ཟིལ་གནོན་སྐུ་ཡིས་ཐུགས་དམ་བསྐང༔ རྐང་གླིང་རོལ་མོ་དབྱངས་ཀྱིས་ཐུགས་དམ་བསྐང༔ ཏིང་འཛིན་མཉམ་ཉིད་ལྟ་བས་ཐུགས་དམ་བསྐང༔ མཱཾ་སའི་བྱེ་བྲག་ཟས་ཀྱིས་ཐུགས་དམ་བསྐང༔ རཀྟ་བདུད་རྩི་སྐོམ་གྱིས་ཐུགས་དམ་བསྐང༔ སྐུ་ཆས་རྒྱན་ལྡན་གོས་ཀྱིས་ཐུགས་དམ་བསྐང༔ ཕྱག་མཚན་སྣ་ཚོགས་ཕྲིན་ལས་ཐུགས་དམ་བསྐང༔ དགྲ་བགེགས་ཆོམ་འབེབས་མཐུ་ཡིས་ཐུགས་དམ་བསྐང༔ སྙན་གྲགས་ཀུན་ཁྱབ་ནུས་པས་ཐུགས་དམ་བསྐང༔ ཚོགས་གཏོར་བརྗོད་པ་བསྙེན་པས་ཐུགས་དམ་བསྐང༔ དུག་ཁྲག་ཨརྒྷཾ་ཁྲུས་ཆུས་ཐུགས་དམ་བསྐང༔ དམར་གསུར་དུད་པ་སྤོས་ཀྱིས་ཐུགས་དམ་བསྐང༔ འགུགས་འཆིང་བསྐྲད་དབྱེ་བསྒྲལ་མཆོད་ཐུགས་དམ་བསྐང༔ སྲུང་ཟློག་བསད་པ་ལས་མཐས་ཐུགས་དམ་བསྐང༔ བསྙེན་སྒྲུབ་མཚམས་དང་མཆོད་པས་ཐུགས་དམ་བསྐང༔ ཧཱུྃ༔ གཞན་ཡང་དཀར་པོ་དགེ་བའི་ལས་ནི་ཅི་མཆིས་པ༔ དམ་ཚིག་གཙང་ཞིང་བྱང་ཆུབ་སྒྲུབ་པའི་ལས༔ དེ་དག་ཀུན་གྱིས་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དམ་མ་བསྐང་བ་རྣམས་བསྐང་བ་དང༔ བསྐངས་པ་སླར་ཡང་ཆུད་མི་ཟ་བ་དང༔ གོང་ནས་གོང་འཕེལ་ཆོས་སྐྱོང་མཉེས་གྱུར་ཅིག༔ ཧཱུྃ༔ དེ་ལྟར་མཆོད་པའི་ཡོ་བྱད་མ་ལུས་པས༔ དཔལ་མགོན་ལེགས་ལྡན་ནག་པོའི་ཐུགས་དམ་བསྐང༔ དཔལ་འབར་མ་ཧཱ་ཀཱ་ལ་འི་ཐུགས་དམ་བསྐང༔ དཔལ་ལྡན་ཚོགས་ཀྱི་བདག་པོའི་ཐུགས་དམ་བསྐང༔ མ་མོ་ཨེ་ཀ་ཛཱ་ཊིའི་ཐུགས་དམ་བསྐང༔ མ་ཅིག་དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང༔ ཞིང་སྐྱོང་སྨན་བཙུན་རྒྱལ་མོའི་ཐུགས་དམ་བསྐང༔ དམ་ཅན་སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང༔ དྲང་སྲོང་གཟའ་བདུད་ཆེན་པོའི་ཐུགས་དམ་བསྐང༔ འཆི་བདག་ལས་ཀྱི་གཤིན་རྗེའི་ཐུགས་དམ་བསྐང༔ ལྷ་ཆེན་རྡོ་རྗེ་འབར་བའི་ཐུགས་དམ་བསྐང༔ དོན་གྲུབ་དགྲ་བླའི་རྒྱལ་པོའི་ཐུགས་དམ་བསྐང༔ ཆེ་བཙན་རོལ་པ་སྐྱ་བདུན་ཐུགས་དམ་བསྐང༔ རྣམ་སྲས་ཛམ་ལྷ་ཡབ་ཡུམ་ཐུགས་དམ་བསྐང༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་ཐུགས་དམ་བསྐང༔ སྔགས་བདག་དྲེགས་པ་བཅོ་བརྒྱད་ཐུགས་དམ་བསྐང༔ མདོར་ན་བརྒྱུད་གསུམ་བླ་མའི་དམ་འཛིན་པ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༔ ཧཱུྃ༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ གཉིས་པ་བཤགས་པ་ནི། ཧཱུྃ༔ ནག་པོ་ཆེན་པོ་གསན་ཅིང་དགོངས་སུ་གསོལ༔ དཔལ་མགོན་འཁོར་བཅས་གཟིགས་ཤིང་དགོངས་སུ་གསོལ༔ ཕོ་ཉ་ལས་མཁན་མྱུར་མགྱོགས་དགོངས་སུ་གསོལ༔ དཀྱིལ་འཁོར་མུ་རན་སྐྱོང་རྣམས་གཟིགས་སུ་གསོལ༔ ཧོཿ བདག་ཅག་རྣལ་འབྱོར་མ་རིག་མ་རྟོགས་ཏེ༔ གསང་སྔགས་གཞུང་དང་འགལ་བ་མཐོལ་ལོ་བཤགས༔ ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ༔ སྒོ་གསུམ་གཡེང་བས་འདས་པ་མཐོལ་ལོ་བཤགས༔ དཔལ་མགོན་ནག་པོའི་ལྷ་ཚོགས་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་བཤགས༔ བསྐྱེད་རྫོགས་གཞུང་དང་འགལ་བ་མཐོལ་ལོ་བཤགས༔ སྒྲ་བརྗོད་ཚིག་ཟུར་ཉམས་པ་མཐོལ་ལོ་བཤགས༔ མཆོད་པའི་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ གཙང་སྦྲ་བརྩོན་འགྲུས་ཞན་པ་མཐོལ་ལོ་བཤགས༔ བྱིང་རྨུག་ལེ་ལོར་ཤོར་བ་མཐོལ་ལོ་བཤགས༔ བསྒྲལ་མཆོད་དུས་ལས་འདས་པ་མཐོལ་ལོ་བཤགས༔ ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཅི་མཆིས་པ༔ ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ༔ འཕྲལ་ཡུན་བར་ཆད་མེད་པར་མཛད་དུ་གསོལ༔ ཡིག་བརྒྱ་བཟླ། བཅུ་པ་ཕྲིན་ལས་བཅོལ་བ་ནི། ཧོཿ ཡེ་ཤེས་ དང་ ལས་ ལས་གྲུབ་ པ་ཡོན་ཏན་གྱི་ཁྱད་པར་ མངོན་ཤེས་རྫུ་འཕྲུལ་ཅན། ཕྲིན་ལས་ཅི་མཛད་ན་སྐྱེ་བོའི་།ལེགས་ཉེས་སྟངས་འཛིན་ རྣལ་འབྱོར་པའི་ དམ་ཚིག་གི་རྗེས་གཅོད་ཅིང༌། །རྒྱལ་བའི་ བཀའ་བཞིན་རྗེས་སུ་སྒྲུབ་པའི་ རྣལ་འབྱོར་པ་རྣམས་ཀྱི་ གྲོགས་མཛད་པ། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །འདི་རྒྱུད་ཚིག་གོ །བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ། །དམ་ལ་གནས་ཤིང་རྩ་གསུམ་ལྷ་ལ་འཕྲེང༌། །རྟག་ཏུ་ཁྱེད་མཆོད་ཁྱེད་བསྟོད་ཁྱེད་བསྒྲུབས་ཀྱང༌། །ཐུགས་རྗེས་དབུགས་དབྱུང་ཅུང་ཟད་མི་མཛད་དམ། །བསྟེན་ན་སྲིན་མོའི་ཚོགས་ཀྱང་མ་ལྟར་བྱམས། །བསྐུལ་ན་བདུད་ཀྱི་ཚོགས་ཀྱང་ལས་ལ་རྒྱུ། །ཁྱེད་ནི་མཁྱེན་བརྩེ་ནུས་ལྡན་མགོན་མཆོག་ཕྱིར། །རྡོ་རྗེའི་དམ་བཅའ་བསྙེལ་ན་སུ་ལ་རེ། །བདག་ཅག་མི་ཤེས་བག་མེད་ཉོན་མོངས་ཀྱིས། །རྩ་གསུམ་སྲུང་མའི་ཐུགས་དང་ཅི་འགལ་བ། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་བགྱིད་ན། །སྒྲིབ་མེད་ཚངས་པའི་དངོས་གྲུབ་དུས་འདིར་སྩོལ། །གསང་ཆེན་སྔགས་ཀྱི་དཀྱིལ་འཁོར་འཛིན་པ་ལ། །མ་ལྟར་བརྩེ་ཞིང་སྲིང་ལྟར་བྱམས་པ་དང༌། །མཛའ་ལྟར་གདུང་ཞིང་བྲན་ལྟར་འདུའོ་ཞེས། །དཔལ་ཆེན་སྤྱན་སྔར་ཞལ་བཞེས་དགོངས་མཛོད་ལ། །དང་པོའི་ལས་ཅན་རང་སྟོབས་དམན་པ་ཡི། །སྒྲུབ་པའི་རྣལ་འབྱོར་བདག་ལ་ཉིན་མཚན་དུ། །ཡེ་ཤེས་སྤྱན་གྱིས་གཟིགས་ཤིང་དགོངས་ནས་སུ། །སྲུང་སྐྱོབ་སྟོང་གྲོགས་གཡེལ་བ་མེད་པར་མཛོད། །ཁྱད་པར་བླང་དོར་བྱ་བའི་གནད་རྣམས་ཀུན། །མ་འདྲེས་གསལ་བར་ཡོངས་སུ་སྟོན་པའི་ཕྱིར། །དངོས་དང་ཉམས་དང་རྨི་ལམ་དག་ཏུ་ཡང༌། །དགྱེས་ཞལ་གསུང་གསང་ཐུགས་བརྩེས་རྟག་ཏུ་སྐྱོངས། །གང་གསུང་རྡོ་རྗེའི་རི་མོ་སྙིང་དབུས་སུ། །འགོད་ཅིང་རེ་ལྟོས་དམ་པར་ཁྱེད་བཟུང་རྣམས། །མངོན་སུམ་གཟིགས་བཞིན་མཐོང་བ་མི་སྟོན་ན། །རྗེས་བརྩེའི་དམ་བཅའ་རྡོ་རྗེའི་བདེན་ཚིག་ཅི། །བྱང་ཆུབ་བར་དུ་རེ་ཞིང་ལྟོས་པའི་གྲོགས། །སྙིང་ནས་སྙིང་གི་ལྷ་རུ་ཁྱེད་བསྟེན་ན། །ལས་བཞིའི་ཕྲིན་ལས་གང་དང་གང་བཅོལ་བ། །ངོ་ཐོན་རྟགས་དང་བཅས་ཏེ་སྒྲུབས་པར་མཛོད། །གནས་སྐབས་ཡིད་ལ་ཇི་ལྟར་རེ་བའི་དོན། །འབད་མེད་ཡིད་བཞིན་ལྷུན་གྱིས་གྲུབ་པ་དང༌། །མཐར་ཐུག་གདོད་མ་ཆོས་སྐུའི་དབྱིངས་ཆེན་པོར། །རང་བྱུང་འབྲས་བུའི་ཡེ་ཤེས་འགྲུབ་པར་མཛོད། །མཆོག་གསུམ་རྩ་གསུམ་སྲུང་མའི་བྱིན་རླབས་དང༌། །བདེན་གཉིས་ཆོས་ཚུལ་ཟབ་མོ་མི་བསླུ་ཞིང༌། །རྡོ་རྗེའི་དམ་ཚིག་ཆེན་པོའི་མཐུ་སྟོབས་ཀྱིས། །བདག་གིས་ཇི་ལྟར་བཅོལ་བཞིན་འགྲུབ་པར་མཛོད། །གསུམ་པ་རྗེས་ལ། དང་པོ་གཏོར་མ་འབུལ་བ་ནི། འབུལ་གཏོར་ལ་མེ་སྒྲོན་བཙུགས། སྤོས་དང་རོལ་མོ་བཅས་གཏོར་འགུགས་ནི། མདུན་དུ་དུར་ཁྲོད་འཇིགས་སུ་རུང་བ་ཡི༔ ཨེ་ལས་གཞལ་ཡས་ལྕགས་ཁང་སྒོ་མེད་པའི༔ ནང་དུ་གྲུ་གསུམ་ནག་པོ་གཏིང་ཟབ་པར༔ དེ་དབུས་ནྲྀ་ལས་གནོད་བྱེད་བྱད་མ་རྣམས༔ མགོན་མེད་མྱ་ངན་ཕྱག་རྒྱ་ཅན་དུ་གྱུར༔ ན་མོ༔ རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང༔ སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས༔ བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད༔ ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། ཁ་འཇམ་གཏིང་རྩུབ་ཞེ་ནས་དམོད་པ་དང༔ དོ་བདོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད༔ མཐུ་དང་ནུས་པ་བུ་ལོན་བཞིན་དུ་བསྙགས༔ དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང༔ བར་ཆད་བྱེད་པའི་བདུད་དང་དམ་སྲིའི་རིགས༔ ཡིད་ལ་བརྣགས་པའི་དགྲ་བགེགས་འདི་རྣམས་ཀྱི༔ རྣམ་ཤེས་བླ་ཚེ་སྲོག་དབུགས་བཅས་པ་ཀུན༔ གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང༔ ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས༔ གང་ན་གནས་ཀྱང་གཏོར་མ་འདི་ཉིད་ལ༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛ༔ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བྃ༔ མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་བཻ་ཤ་ཡ་ཕཊ༔ དབྱེར་མེད་བསྟིམས་ཤིག་བཛྲ་ཨ་བཻ་ཤ་ཡ་ཨཱཿ ཤཱ་ས་ནའི་སྔགས་མཐར། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ འགུགས་བསྟིམ་དྲག་ཏུ་བྱས་ལ། བདག་མདུན་ཐུགས་ནས་ཛཿཡིག་དམར་ནག་སྤྲོས༔ བསྒྲུབ་བྱའི་སྣ་བུག་གཤང་ལམ་གཉིས་ནས་ཞུགས༔ སྙིང་གར་ཕྱིན་པས་ཟངས་ལྕགས་འཁོར་ལོ་གཉིས༔ གཡས་གཡོན་འཁོར་བས་ཤ་ཁྲག་བླ་ཚེ་གཏུབས༔ རྣམ་ཤེས་ཨ་ཡིག་རྒྱལ་བའི་ཐུགས་ཀར་འཕོས༔ ཚེ་བསོད་ནྲྀ་ཡིག་ལྗང་གུ་བདག་ལ་བསྟིམ༔ ཤ་ཁྲག་བདུད་རྩིར་བསྒྱུར་བ་སྲུང་མས་གསོལ༔ ཞེས་དམིགས་ཏེ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་བསྟབས་ཏེ། འདོད་དོན་གསོལ་བ་ནི། སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པ། །ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང༌། །འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡི། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །དམ་རྫས་འདོད་དགུའི་གཏོར་མ་འདི་བཞེས་ལ། །བདག་གི་བསམ་དོན་མ་ལུས་འགྲུབ་པར་མཛོད། །འདི་ལྟར་ཡིད་ལ་བརྣག་པའི་དོན་འབྲས་འདི། །བླ་མ་ཡི་དམ་ཌཱ་ཀི་བྱིན་རླབས་ཅན། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་རྣམས་ དང་ཆོས་སྐྱོང་དམིགས་བསལ་གྱི་མཚན་བརྗོད་ནས། ཀྱིས། །དམ་ཚིག་གཉན་དགོངས་མྱུར་འགྲུབ་ཕྲིན་ལས་མཛོད། །བདག་ཅག་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ནད་གདོན་བགེགས་སོགས་བར་དུ་གཅོད་པའི་རྐྱེན། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང༌། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །གསང་སྔགས་སྙིང་པོ་ནང་རྒྱུད་སྡེ་གསུམ་གྱི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བ་དང༌། །གང་ལ་ལོག་པར་ལྟ་བའི་དགྲ་དང་བགེགས། །རྗེས་ཤུལ་མེད་པར་མྱུར་དུ་བརླག་པར་མཛོད། །བརྒྱུད་གསུམ་བླ་མའི་སྤྱན་སྔར་དམ་མནོས་པའི། །སྡེ་གསུམ་དྲེགས་པས་མཐུ་རྩལ་མངོན་ཕྱུངས་ལ། །རིགས་གསུམ་སྤྲུལ་པའི་རིང་ལུགས་ཆོས་ཀྱི་མཛོད། །ས་གསུམ་ཁྱབ་པར་མྱུར་དུ་སྤེལ་བར་མཛོད། །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་ཕྲིན་ལས་མཛོད། །རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་རྙིང་མ་བའི། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་པའི་ཕྲིན་ལས་མཛོད། །སྐྱབས་མཆོག་རིན་ཆེན་གསུམ་གྱིས་བདེན་པ་དང༌། །རྩ་གསུམ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང༌། །ཆོས་ཉིད་རྣམ་དག་བདེན་པའི་བྱིན་རླབས་ཀྱིས། །བདག་གིས་ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། རྟེན་ཡོད་ན། །དམ་ཅན་སྲུང་མའི་དབང་པོ་འཁོར་བཅས་རྣམས། །དམ་ཚིག་རྟེན་མཆོག་འདིར་ནི་དགྱེས་བཞུགས་ནས། །རྟགས་དང་མཚན་མ་མངོན་དུ་བསྟན་པ་དང༌། །ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང༌། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །ཅེས་གསོལ་ལ་སྒྲུབ་ཁང་གི་སྟེང་སོགས་སུ་འབུལ། གཉིས་པ་གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་ནི། ཧཱུྃ། དངོས་སུ་འབྱོར་པའི་མཆོད་པ་སྣ་ཚོགས་དང༌། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བས། །ལྕམ་དྲལ་བཀའ་སྡོད་འཁོར་བཅས་མཉེས་གྱུར་ཅིག །ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དྲག་ཤུལ་རྡོ་རྗེའི་ལང་ཚོ་འབར་བའི་སྐུ། །མི་ཤིགས་བརྗོད་བྲལ་ནཱ་དའི་རང་བཞིན་གསུང༌། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་མགོན་པོས་བཟོད་མཛད་རིག །ཡིག་བརྒྱ། གསུམ་པ་བརྟན་བཞུགས་ནི། རྒྱས་པར་སྤྲོ་ན་ཐུགས་གསོལ་ཉིད་སྦྱར། དཀྱུས་སུ། འདིར་ནི་རྟེན་དང་ལྷན་ཅིག་ཏུ་སོགས་དང༌། སུ་པྲ་ཏིཥྛས་བཞུགས་སུ་གསོལ། བཞི་པ་སྨོན་ལམ་ནི། མན་ངག་བརྩེགས་པ་གྲི་གུག་གི་རྒྱུད་ཅེས་པ་མགོན་པོའི་ཏནྟྲ་ལས་སྨོན་ལམ་གདབ་པར་གསུངས་པ་ནི། ཚེ་རབས་སྔོན་ནས་རྒྱལ་བས་དབང་བསྐུར་ནས། །ཚེ་རབས་བརྒྱུད་ནས་བསྟན་པ་སྲུང་བར་མཛད། །མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ན་མོ་ཨཱ་ཀྲི་ནཱི། ན་མོ་ཡོ་གི་ནཱི། ན་མོ་ཏཱ་ཀི་ནཱི། ཏཏྱ་ཐཱ། ཧི་ལི་ཧི་ལི། ཀི་ཏི་ཙི་ཏི་ནི་ཏི་པ་ཏ་ཡེ་སྭཱ་ཧཱ། ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །རྒྱལ་བའི་བསྟན་པ་སྲུང་བར་ཞལ་བཞེས་པས། །དེ་རིང་དུས་འདིར་བསྟན་པ་རྒྱས་པར་མཛོད། ཅེས་གསུངས་སོ། །ལྷ་མོའི་རྒྱུད་ནས་རལ་གཅིག་མའི་ཕྱག་རྒྱ་ནམ་གྲུ་མའི་གཟུངས་པ། ན་མོ་བཛྲ་པཱ་ཎི་སྲཾ། ཙི་ལི་ཙི་ལི། བྷིཎྜི་བྷིཎྜི། མུཉྩ་མུཉྩ། ཏི་པཱ་ལ་ཀ་ན་སྭཱ་ཧཱ། ཞེས་སོ། །འདིས་ལྷ་མོ་སྙིང་ཉེ་བར་འགྱུར་རོ། །སྨོན་ལམ་གདབ་པ་ནི། བདག་ནི་དུས་ཀུན་ལྷ་མོ་ཁྱོད་ཉིད་དང༌། །སྐད་ཅིག་མི་འབྲལ་ཕྲིན་ལས་རྣམ་པ་བཞིས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན། །རྡོ་རྗེ་འཛིན་པའི་ས་ལ་འགོད་པར་ཤོག །ཅེས་ཀྱང་བྱའོ། །ལྔ་པ་ཤིས་བརྗོད་ནི། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །གསང་གསུམ་འགྱུར་མེད་བདེ་ཆེན་རྡོ་རྗེའི་སེམས། །འགྲོ་ལ་ཕན་བདེའི་མཆོག་སྩོལ་དཔག་བསམ་ཤིང༌། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུའི་མཁའ་ལ་གྲངས་མེད་གཟུགས་སྐུའི་སྤྲིན། །ཞི་ཁྲོའི་ཉམས་བརྒྱའི་རོལ་པར་འཆར་བ་ལས། །དངོས་གྲུབ་འདོད་དགུའི་ཆར་དུ་སྙིལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་སྙིང་རྗེའི་རོལ་གར་ནི། །གཏུམ་ཆེན་བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ནག་པོའི་རྩ་ལག་སྡེར་བཅས་མཐར་མཛད་པའི། །དཔལ་འབར་མ་ཧཱ་ཀཱ་ལའི་བཀྲ་ཤིས་ཤོག །རྒྱལ་བའི་བཀའ་སྡོད་མི་བཟད་དྲག་ཤུལ་ཅན། །བདུད་དཔུང་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོང༌། །ཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །དེ་ལ་སྤྱིར་༧འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས་སྔ་འགྱུར་བཀའ་གཏེར་གྱི་ཆོས་སྲུང་གཙོ་བོ་འདི་རྣམས་ལ་རྟག་པར་གསོལ་མཆོད་མཛད་པ་ཡིན་ལ། དེ་དག་གི་གསོལ་བསྐང་རྒྱས་པ་རྗེ་བླ་མ་མཆོག་གི་གསུང་མ་ཉམས་པ་ཆོས་སྐྱོང་གི་གསོལ་མཆོད་འདོད་འབྱུང་དཔལ་གྱི་རྫིང་བུར་དཀྱུས་གཅིག་ཏུ་བཞུགས་ཤིང༌། ཆོས་སྲུང་དབང་པོ་འདི་རྣམས་ཀྱི་གསོལ་མཆོད་ཕྲིན་བཅོལ་ལ་འབད་ན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ལ་མཆོག་ཏུ་ཕན་པར་ཀུན་མཁྱེན་བླ་མ་མཆོག་གིས་བཀའ་བསྩལ་བར་གསུངས་པས་སྔ་འགྱུར་པ་དག་ལ་དེ་བཞིན་གཡར་དམ་དུ་བཞེས་པ་གལ་ཆེ་བར་བསྐུལ་བ་དང༌། རང་འདྲའི་སྐལ་མཉམ་ལ་འཇུག་པ་བདེ་བའི་ཕྱིར་ཆོ་གའི་ལས་འགྲིགས་སྔ་འགྱུར་རྙིང་མའི་མཁས་གྲུབ་དངོས་གྲུབ་བརྙེས་པ་རྣམས་ཀྱི་ཕྱག་བཞེས་དང་སྒོ་བསྟུན་ནས་དཀྱུས་གཅིག་ཏུ་བཀོད་པ་ལས། འདོན་ཚིག་ཐམས་ཅད་རྡོ་རྗེའི་གསུང་ཁོ་ན་མ་ཉམས་པར་བསྡེབས་པ་པོ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཡབ་སྲས་ཀྱི་ཡེ་ཤེས་རྡོ་རྗེའི་གཟི་བྱིན་རིག་སྟོང་དབྱིངས་ཀྱི་མཁའ་ལ་འདུ་འབྲལ་མེད་པའི་རིག་འཛིན་གྱི་བཙུན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེ་སྟེ་ཡི་གེ་པ་ནི་རྙིང་བཙུན་འཇིགས་མེད་ཚེ་མཆོག་རྡོ་རྗེས་བགྱིས་པ་འདིས་ཀྱང་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག། །།}} | ༄༅། །ཨོཾ་སྭསྟི། དཔལ་ཆེན་ཡེ་ཤེས་རོལ་པ་དུས་མཐའི་མེས། །ནག་པོའི་ཚང་ཚིང་བསྲེག་ཕྱིར་འབར་བའི་སྐུ། །ཕྲིན་ལས་འདོད དགུའི་གར་རྩེན་དེར་བཏུད་ནས། །མཉེས་བྱེད་སྙིང་པོ་གྲུབ་པའི་གསུང་བཞིན་སྤེལ། །འདིར་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་གཉན་པོའི་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མའི་དབང་པོ་དག་མཉེས་བྱེད་ཀྱི་ཆོ་ག་ཁྲིགས་སུ་བསྡེབ་པ་ལ་གསུམ། དང་པོ་སྦྱོར་བ་ནི། དུར་ཁྲོད་ལ་སོགས་པ་དྲག་པོའི་གནས་སུ་གང་དུ་བྱ་བའི་གཞིར་ཕྱག་བདར་དང་བླ་བྲེ་ལ་སོགས་པའི་རྒྱན་གྱིས་སྤྲས་པའི་གུང་དུ་གཞུང་མཐུན་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་རིམ་གསུམ་གྱི་དང་པོར་བདག་བསྐྱེད་གང་ལ་བརྟེན་པའི་འདས་གཏོར། གཉིས་པར་སྤྲོ་ན་ལེགས་ལྡན། མ་ནིང༌། ཚོགས་བདག་གསུམ་ལ་དཔུང་རོང༌། སྔགས་སྲུང་ཟུར་གསུམ་རྩེ་ཟླུམ་དང༌། རེ་མ་ཏི་མོ་རྒྱུད་ཟུར་གསུམ། ཚེ་རིང་མ་དཀར་ཟླུམ། རྣམ་སྲས་བཤོས་བུ་དཀར་ཟླུམ་ལྟོ་བར་ནོར་བུས་མཚན་པ། དམ་ཅན་དཔུང་རོང༌། གཟའ་བདུད་དཔུང་རོང་གཡས་དཀྱུས་མིག་གིས་མཚན་པ། ལས་གཤིན་དམར་གཏོར་གྲུ་གསུམ། ཐང་ལྷ་དཀར་གཏོར་ལུག་མགོས་མཚན་པ། གེ་སར་དཔུང་རོང༌། བཙན་ལ་བཙན་བཤོས་ཟུར་གསུམ། སྡེ་དཔོན། སྔགས་བདག་གཉིས་ལ་དམར་གཏོར་བཅས་པ་ལ་འཁོར་དང་མཐེབ་ཀྱུ་ཅི་མང་གིས་བསྐོར་བའམ། གཏོར་སྤུངས་བྱེད་ན་དབུས་སུ་ཕོ་རྒྱུད་སྤྱི་ལ་དཔུང་རོང༌། གཡས་སུ་ནོར་ལྷ་དཀར་ཟླུམ། གཡོན་དུ་མོ་རྒྱུད་སྤྱི་ལ་ཟུར་གསུམ། འཁོར་བཅོ་བརྒྱད་ལས་མི་ཉུང་བ་ལ་བར་དུ་མཐེབ་ཀྱུ་དང་རིལ་བུས་ལྟེམ་པ་རྒྱན་སྤྲོས་གང་མཛེས། གཡས་གཡོན་དུ་སྨན་རཀ །གསུམ་པར་ཞི་དྲག་གི་ཉེར་སྤྱོད། འབུལ་གཏོར། བསྐང་གཏོར། གསེར་སྐྱེམས། ཚོགས་ཀྱི་ཡོ་བྱད་བཅས་གཙང་དག་ཏུ་འདུ་བྱ། སྒྲུབ་པ་པོ་རྣམས་ཀྱི་མདུན་དུ་ཌཱ་དྲིལ་དང་རོལ་མོའི་རིགས། འཐོར་ནས་སོགས་ཚོགས་པར་བྱའོ། །གཉིས་པ་གསོལ་བསྐང་དངོས་ལ་བཅུ་ལས། དང་པོ་མཆོད་གཏོར་བྱིན་བརླབ་ནི། བདག་བསྐྱེད་གང་ལ་བརྟེན་པའི་རྒྱུན་གྱི་རྣལ་འབྱོར་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས་བཟླས་པ་བསྡུ་ལྡང་བཅས་བྱས་ལ། གཏོར་འགུགས་རྒྱས་པའམ། དཀྱུས་ཙམ་དུ། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿས་དགྲ་བགེགས་འགུགས་བསྟིམ་གྱི་ཕུང་པོ་ཤ་ཁྲག་གི་ཚོགས་མཆོད་གཏོར་དུ་སྤེལ་བ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་མེ་རླུང་དང་བཅས་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་དམར་གྱི་ཐོད་རློན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོ་དང༌། གཞན་ཡང་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ཐབས་ཤེས་ཀྱི་ཡི་གེས་མཚན་པ་ཞུ་ཞིང་ཁོལ་བའི་འོད་ཟེར་གྱིས་འཁོར་འདས་ཀྱི་དྭངས་བཅུད་མ་ལུས་པ་བཀུག་ཅིང་བསྟིམ་པས་བདུད་རྩི་དཀར་དམར་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་ཡོན་གྱི་ཟེགས་མ་འཕྲོ་བའི་སྟེང་གི་ནམ་མཁར་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་དམ་ཚིག་གི་རྫས་དང་དབྱེར་མེད་པར་གྱུར་ཏེ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་རྒུ་རབ་འབྱམས་ཀྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་བཟང་བདེ་བ་ཆེན་པོའི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་དང༌། ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་⁽14a4⁾⁽14ab⁾་ལ་⁽14a4⁾⁽14ab⁾་ཏེ་གུ་ཧྱ་ས་མ་ཡེ་ཨཱཿཧཱུྃ། ལན་གསུམ། གཉིས་པ་སྤྱན་འདྲེན་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་སོགས་དམ་ཅན་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་རང་བཞིན་ཆོས་ཀྱི་དབྱིངས་ལས་སྒྱུ་འཕྲུལ་གྱི་རོལ་པ་ཞི་ཁྲོའི་ཉམས་དུ་མར་འཆར་བ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཆེན་པོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཧཱུྃ། སངས་རྒྱས་བསྟན་ལ་ལེགས་ཞུགས་ཤིང༌། །དམ་ཆོས་དགེ་འདུན་ཚུལ་བཞིན་སྐྱོང༌། །དགོངས་བརྡ་སྙན་བརྒྱུད་བླ་མ་དང༌། །རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱི། །དམ་ལ་གནས་ཤིང་བསྟན་པ་སྲུང༌། །རྣལ་འབྱོར་རྣམས་ཀྱི་གྲོགས་མཛད་པ། །གསང་སྔགས་བཀའ་ཡི་སྲུང་མ་ཆེ། །མ་ལུས་འཁོར་དང་བཅས་པ་རྣམས། །བདག་གིས་གདུང་བས་སྤྱན་འདྲེན་གྱིས། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ གསུམ་པ་བཞུགས་གསོལ་ནི། ཧཱུྃ། ཡིད་འོང་ཕོ་བྲང་མཛེས་པ་འདིར། །དགྱེས་པའི་གདན་ཁྲི་བཤམས་པ་ལ། །ཇི་ལྟར་འཚམས་པ་དེ་བཞིན་དུ། །བསྟན་པ་སྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། བཞི་པ་དམ་ལ་བཞག་པ་ནི། ཧཱུྃ། དཀོན་མཆོག་གསུམ་གྱི་བཀའ་བཞིན་དུ། །བསྟན་པ་གཉན་པོ་སྲུང་བ་དང༌། །བླ་མ་ལྷ་ཡིས་དམ་བཞག་ལྟར། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། རྡོ་རྗེས་བདུད་རྩི་འཐོར་ཞིང༌། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ལྔ་པ་མཆོད་པ་ནི། ཧཱུྃ། དམ་ཚིག་གསང་བའི་གནས་མཆོག་འདིར། །སྤྱན་གཟིགས་རྟེན་རྫས་སྐར་ལྟར་བཀྲམ། །གླུ་དབྱངས་རོལ་མོ་འབྲུག་ལྟར་ལྡིར། །སྦྱར་སྤོས་བསང་དུད་སྤྲིན་ལྟར་གཏིབས། །ཞལ་ཟས་སྣ་ཚོགས་རི་ལྟར་སྤུངས། །སྨན་རཀ་བཏུང་བ་མཚོ་ལྟར་བསྐྱིལ། །གོས་རྒྱན་དཀོར་ནོར་བསམ་མི་ཁྱབ། །ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དངོས་བཤམས་ཡིད་ལས་བྱུང་བ་དག །ནམ་མཁའ་གང་བར་སྤྲོས་ཏེ་མཆོད། །ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ཕྱི་ཉེར་སྤྱོད་དང་ནང་སྨན་རཀ་གིས་མཆོད་ནས། བྱེ་བྲག་གཏོར་མ་འབུལ་བ་ནི། མདུན་གྱི་ནམ་མཁར་རྩ་གསུམ་དམ་ཅན་སྲུང་མའི་དབང་པོའི་ཚོགས་ཆར་སྤྲིན་གཏིབས་པ་ལྟར་བཞུགས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་དྭངས་བཅུད་གསོལ་བས་མཉེས་པར་གྱུར་བསམ་ལ་རྡོ་རྗེའི་ཐལ་མོ་ཁ་གྱེན་བསྟན་གྱི་རྒྱས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནི་ཤྲཱི་དྷརྨ་པཱ་ལ་བ་སུ་དེ་བ་ནི་དྷི་པ་ཏི་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་རེ་འབུལ་བ་འགྲེ། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ྄། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རུ་རུ་བི་དྷིཥྛ་བ་དྷྭ་སི་རུ་རུ་རོ་རུ་བོ་དྷིཥྛ་བ་དྷྭ་སི་ཙ་པ་ལ་ཨ་ཤུག་མེ་ཧཱུྃ་བྷྱོ་ཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་པྲ་མོ་ཧ་བྃ་ཧ་རི་ནི་ས་ཧྲིཾ་ཧྲིཾ་སརྦ་སིདྡྷི་སྭཱ་ཧཱ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཻ་ཤྲ་མ་ཎ་ཛམྦྷ་ལ་བ་སུ་དྷཱ་རི་བ་སུ་དེ་བ་ནི་དྷི་པ་ཏི། ས་པ་རི་བ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་སཱ་དྷུ་ས་མ་ཡེ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བྃ་ཧོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཡ་མ་རཱ་ཛ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཐང་ཀ་ར་མུན་ཉི་ཁུ་ཤ་ལི་སྭཱ་ཧཱ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་སིང་ཧ་མ་ཎི་རཱ་ཛ་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ། ཤུ་ལ་གྲི་བ་ཏྲི་ཤུ་ལ་ཧྲིཾ་ཧྲིཾ་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཙནྡྲ་སརྦ་དུཥྚཾ་ཨཥྚ་ན་ཡ་ཨེ་ཀ་བྷྱོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ཀིང་ཀ་ར་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ***དེ་ནས་ཕྲིན་ལས་བཅོལ་བ་ནི། ཧོཿ དཔལ་མ་ཧཱ་ཀ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། དཔལ་མགོན་ལེགས་ལྡན་ནག་པོ། དཔལ་འབར་མ་ཧཱ་ཀ་ལ། དཔལ་ལྡན་ཚོགས་ཀྱི་བདག་པོ། མ་མོ་ཨེ་ཀ་ཛཱ་ཊི། མ་ཅིག་དཔལ་ལྡན་ལྷ་མོ། ཞིང་སྐྱོང་སྨན་བཙུན་མཆེད་ལྔ། རྣམ་སྲས་ཛམ་ལྷ་ཡབ་ཡུམ། དམ་ཅན་སྐྱེས་བུ་ཆེན་པོ། དྲང་སྲོང་གཟའ་བདུད་ཆེན་པོ། འཆི་བདག་ལས་ཀྱི་གཤིན་རྗེ། ལྷ་ཆེན་རྡོ་རྗེ་འབར་བ། དོན་གྲུབ་དགྲ་ལྷའི་རྒྱལ་པོ། ཆེ་བཙན་རོལ་པ་སྐྱ་བདུན། དྲེགས་པའི་སྡེ་དཔོན་སུམ་ཅུ། སྔགས་བདག་དྲེགས་པ་བཅོ་བརྒྱད་ལ་སོགས་པ་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་ཨོ་རྒྱན་པདྨ་འབྱུང་གནས་ལ་སོགས་པ་བརྒྱུད་གསུམ་རིག་འཛིན་བླ་མའི་བཀའ་དང་དམ་ལས་མ་འདའ་བར་མཆོད་སྦྱིན་གྱི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་འདོད་དགུའི་གཏེར་ཆེན་པོ་འདི་བཞེས་ལ་དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད་ཅིག །གསང་སྔགས་ཀྱི་བསྟན་པ་སྲུངས་ཤིག །རིག་འཛིན་གྱི་སྡེ་སྐྱོངས་ཤིག །རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་རྟག་ཏུ་འབྲལ་བ་མེད་པར་དགྱེས་པའི་སྤྱན་གྱིས་གཟིགས་ནས་མགོན་སྐྱབས་སྟོང་གྲོགས་དམ་པ་མཛོད་ཅིག །སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་བཟློག །མི་མཐུན་པའི་ཕྱོགས་ཀུན་ལས་སྲུངས་ཤིག །མཐུན་པའི་ཕྱོགས་ཀུན་ནས་སྤེལ་ཅིག །འདོད་པའི་དོན་ཐམས་ཅད་སྩོལ་ཅིག །ཕྲིན་ལས་ཇི་ལྟར་བཅོལ་བ་ཡིད་ལ་རེ་བ་བཞིན་སྒྲུབས་ཤིག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །དྲུག་པ་བསྟོད་པ་ནི། ན་མཿ ཤྲཱི་བཛྲ་དྷརྨ་པཱ་ལ་ཡེ། ཚངས་པ་མགྲིན་སྔོན་ཁྱབ་འཇུག་དང་ནི་དབང་པོ་ཉེ་དབང་བཙུན་མོར་བཅས། །ལྷ་ཆེན་ཀུན་གྱིས་མངོན་པར་བསྟོད་པ་དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ལྷ་མིན་ཚོགས་དང་ལྷ་མིན་ཡིད་ཅན་བསྟན་དགྲ་མ་ལུས་བརླག་མཛད་པ། །ཧེ་རུ་ཀ་ཡི་སྤྲུལ་པ་མཆོག་གྱུར་ཀྲོ་དྷི་ཡུམ་གྱི་བདག་པོར་བསྟོད། །ལྷ་ཡི་ལྷར་གྱུར་ཆེ་བའི་མཆོག་ལྡན་བདག་མེད་རྡོ་རྗེ་ཁྲོས་པའི་གར། །བདག་འཛིན་རུ་ཏྲའི་སྙིང་ཁྲག་རྔུབ་མཛད་འཇིགས་རུང་རྡོ་རྗེ་སྲིན་པོའི་གཟུགས། །འཇིགས་དུས་མེ་དཔུང་འབུམ་གྱི་གཟི་ལྡན་འཆོལ་བའི་ཁྲོ་རྒྱལ་མ་ནིང་ནག །བདུད་སྡེའི་གཤེད་གྱུར་ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྒྱལ་པོར་བསྟོད། །སྙིང་རྗེའི་དབང་ཕྱུག་སྙིང་རྗེས་ཁྲོས་གང་འཇིགས་རུང་སྤྲིན་གྱི་གཟུགས་ལྡན་པ། །དྲན་པའི་མོད་ལ་བདུད་སྡེའི་དོན་སྙིང་ལྐོག་མར་འབྱིན་མཛད་ནག་པོ་ཆེ། །འབུམ་ཕྲག་བསྐལ་པའི་མེ་ཆེན་འཁྱིལ་དབུས་སྡིག་ཅན་བསྟན་དགྲའི་སྙིང་གར་ནི། །གར་དགུའི་ཉམས་ཀྱིས་རོལ་པར་མཛད་པ་དཔལ་མགོན་ཚོགས་ཀྱི་བདག་པོར་འདུད། །ཁྲོས་པའི་ཞལ་གྱི་སྤྲིན་ནག་འཁྲིགས་ལས་སྡང་མིག་གློག་ཞགས་རྣམ་གཡོ་ཞིང༌། །ཚེམས་ཀྱི་མྱུ་གུ་གངས་རིའི་མདངས་འཛིན་སྐྱིན་ཐང་ཟོལ་གྱིས་དགྲ་ལ་འབེབས། །ལྕགས་ཀྱི་སྡེར་མོ་གནམ་ལྕགས་འབར་བས་ཉམས་པའི་ཙིཏྟ་དྲུང་འབྱིན་པའི། །སྲིད་རྒྱལ་མ་ཞེས་སྔགས་སྲུང་གཙོ་མོ་ནམ་མཁའི་རལ་གཅིག་འཛིན་ལ་བསྟོད། །སྲིད་གསུམ་གནས་ཀུན་ཡུད་ཀྱིས་ཉུལ་ཞིང་སྡིག་ཅན་བསྟན་དགྲའི་སྙིང་སྲོག་ལ། །འཇིགས་པའི་དྲག་ཤུལ་རྡོ་རྗེའི་ཐོག་ཆར་ཐོགས་མེད་མཐུ་ཡིས་འབེབས་མཛད་མ། །སྣང་སྲིད་དབང་བསྒྱུར་མཁའ་འགྲོའི་རྗེ་མོ་ཕྲིན་ལས་རྣམ་བཞིའི་ཟློས་གར་ཅན། །རེ་མ་ཏི་ཞེས་བསྟན་སྲུང་རྒྱལ་མོ་སྣང་སྲིད་མ་མོའི་འཁོར་བཅས་བསྔགས། །སྲིད་ཞིའི་མཛེས་སྡུག་སྙིང་པོར་བསྡུས་འདྲ་ཡིད་འོང་ཟླ་བའི་ཞལ་གྱི་ཁྱིམ། །ཚེ་གཡང་འདོད་དགུ་མི་ཟད་འཇོ་བའི་འཛུམ་དཀར་སྣང་བའི་དགའ་སྟོན་ཅན། །མཐོང་བ་ཙམ་གྱིས་བདེ་ཆེན་སྟེར་མཛད་ལྷན་སྐྱེས་གསང་བའི་ཌཱ་ཀི་ནི། །ཞིང་སྐྱོང་སྨན་བཙུན་རྒྱལ་མོའི་ཚུལ་སྟོན་མཆེད་ལྔ་སྤྲུལ་པར་བཅས་ལ་འདུད། །གནོད་སྦྱིན་གཏེར་གྱི་རྒྱ་མཚོ་ཆེ་ལས་དགོས་འདོད་ནོར་བུའི་མཆོག་སྦྱིན་པའི། །རྣམ་མང་ཐོས་སྲས་ལྷ་མོར་བཅས་པ་གང་དག་བུ་མང་ལྡན་པའི་ཚོགས། །ཐུགས་རྗེའི་གདེངས་ཀ་རྣམ་པར་གཡོ་ཞིང་བྱམས་པའི་ཕྱག་གིས་ཉུག་མཛད་པ། །དེ་དག་ཀུན་ལ་གུས་པས་འདུད་དོ་འབྲུ་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། །ལས་བྱེད་མོན་པའི་རླུང་ནག་དང་འགྲོགས་སྦུད་པའི་གཟུགས་དང་རྡོ་རྗེའི་མདའ། །ལྷན་ཅིག་རྦད་པས་དགྲ་སྙིང་གཏོར་ཞིང་དགྲ་བོའི་ཀླད་པ་འགེམས་མཛད་པའི། །སྒྲོལ་གིང་ལས་ཀྱི་ཤན་པ་མཆོག་དང་དམ་ཅན་མ་མོ་ངན་ནེ་མ། །དཀོར་ནོར་སྲུང་བའི་བྱེད་པོ་ཀུན་ལ་རབ་ཏུ་དྭངས་བས་བདག་ཕྱག་འཚལ། །སྡིག་ཅན་དགྲ་བོའི་སྙིང་ཁྲག་རྫིང་བུར་མི་སྡུག་གཟུགས་ཀྱི་ཚང་ཚིང་འཁྲིགས། །སྲིད་གསུམ་སྲོག་དབུགས་གཅིག་ཆར་རྔུབ་པའི་ལྟོ་ཞལ་འཇིགས་རུང་མཁའ་ལ་གདང༌། །ལེགས་ཉེས་འབྱེད་པའི་སྤྱན་སྟོང་བགྲད་ལས་དམ་ཉམས་སྙིང་ལ་དུག་ཆར་འབེབས། །གསང་བདག་དཔའ་བོའི་བཀའ་སྡོད་མཐུ་ཆེན་འཇིགས་མཛད་རཱ་ཧུ་ལ་ལ་བསྟོད། །འབུམ་ཕྲག་བསྐལ་པའི་མེ་ཡིས་འཁྱུད་པ་ནག་པོ་བརྩེགས་པའི་རི་དབང་གཟུགས། །དྲག་ཤུལ་དུག་རླངས་ས་གསུམ་ཁྱབ་མཛད་འཇིགས་པའི་དུས་ཀྱི་སྒྲ་དབྱངས་ཅན། །སྲིད་གསུམ་མ་ལུས་རྡུལ་དུ་བཤིག་པའི་རྡོ་རྗེའི་བེ་ཅོན་རྔམས་སྟབས་གདེངས། །ཁམས་གསུམ་སྲོག་དབུགས་གང་གིས་སྡུད་པ་འཆི་བདག་ལས་ཀྱི་གཤིན་རྗེར་བསྟོད། །མི་ཤིགས་རྡོ་རྗེའི་སྐུ་གསུང་ཐུགས་ལྡན་ལྡོག་མེད་རྡོ་རྗེ་བཙན་པོའི་མཐུ། །རྡོ་རྗེའི་རི་དབང་འབུམ་གྱིས་བརྗིད་འདྲ་རྒྱལ་འགོང་དམ་སྲིའི་སྲོག་སྙིང་ལ། །རུལ་བའི་བྲག་ལ་གནམ་ལྕགས་ཐོག་བཞིན་བཟོད་པར་དཀའ་བའི་ངང་ཚུལ་ཅན། །ས་བརྒྱད་སེམས་དཔའ་ཡུལ་ལྷའི་ཚུལ་སྟོན་ རྡོ་རྗེ་འབར་བ་དེ་ལ་བསྔགས། །མཆོག་ཏུ་ཞི་བ་སྙིང་རྗེའི་ཐུགས་ལྡན་ཟླ་གཞོན་བྱེ་བའི་འཛུམ་དཀར་ཅན། །འདོད་དགུའི་མཆོག་སྩོལ་ནོར་བུའི་སྤྲིན་ཆེན་ཡིད་བཞིན་དབང་གི་གློག་དམར་འཁྱུགས། །བདུད་སྡེའི་སྲོག་རྩ་དུམ་བུར་འཐོར་བྱེད་ཕྲིན་ལས་དྲག་པོའི་ཐོག་ཆར་འབེབས། །དྲན་པའི་མོད་ལ་ཕྱོགས་ལས་རྣམ་རྒྱལ་དོན་གྲུབ་དགྲ་བླའི་རྒྱལ་པོར་བསྟོད། །གང་བཅོལ་ཕྲིན་ལས་ཡུད་ཀྱིས་སྒྲུབ་པ་དབང་དྲག་གློག་གི་ཟློས་གར་འབུམ། །དམ་ལྡན་ཡིད་མཁར་མངོན་པར་རྩེན་ལས་སྲིད་གསུམ་བརྟན་པ་འཕྲོག་བྱེད་པ། །དབང་ཆེན་རོལ་པ་གསུང་གི་བསྟན་སྲུང་ཆེ་བཙན་རྒྱལ་པོ་མཆེད་བདུན་དང༌། །སྲིད་པ་གསུམ་པོ་ཡོངས་ཀྱི་རྗེར་གྱུར་མཆོག་གི་དབང་ཕྱུག་བཅས་ལ་འདུད། བརྒྱུད་གསུམ་བླ་མའི་དམ་ཚིག་གཉེར་འཛིན་བླ་མེད་བཀའ་ཡི་བྱ་ར་བ། །སྡང་མིག་གཅིག་གིས་སྲིད་གསུམ་བརླག་ནུས་མི་བཟད་དྲག་པོའི་སྟོབས་ཤུགས་འཆང༌། །རིག་སྟོབས་གདོད་མའི་རྩལ་ལས་མངོན་སྣང་དྲེགས་པའི་སྡེ་དཔོན་སུམ་ཅུ་དང༌། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ལ་སོགས་སྡེ་གསུམ་སྲུང་མ་རྒྱ་མཚོར་བསྟོད། །དག་མཉམ་ཆེན་པོ་ལྟ་བའི་དབྱིངས་སུ་སྒོམ་པའི་གཟི་བྱིན་རབ་བསྐྱེད་དེ། །རྡོ་རྗེའི་ཐ་ཚིག་སྙིང་ལ་བསྒྲགས་ཤིང་རོ་མཉམ་ཕྱག་རྒྱས་རྒྱས་བཏབ་ནས། །སྣང་སྲིད་གཞིར་བཞེངས་མཆོད་པའི་རོལ་མོས་བསྟན་སྲུང་རྒྱ་མཚོར་མངའ་གསོལ་ན། །བརྒྱུད་གསུམ་བླ་མའི་དམ་ཚིག་དགོངས་ལ་བསྟན་དང་བསྟན་འཛིན་སྐྱོང་བར་མཛོད། །དཔལ་ལྡན་བླ་མའི་བྱིན་རླབས་སྤྲིན་འཁྲིགས་ཡི་དམ་དངོས་གྲུབ་ཆར་རྒྱུན་འབེབས། །མཁའ་འགྲོའི་ཕྲིན་ལས་འབྲས་བུ་གཡུར་ཟ་ཆོས་སྐྱོང་སྲུང་མའི་ར་བ་བརྟན། །དུས་གསུམ་དགེ་བའི་བཀྲ་ཤིས་གཡང་འཁྱིལ་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་བའི། །གཡར་དམ་གཉན་པོ་འགྲུབ་པར་མཛོད་ཅིག་སྐྱབས་འོས་རྣམས་ཀྱིས་མཐུན་འགྱུར་མཛོད། །ཅེས་བསྟོད་ཅིང༌། བདུན་པ་རྩ་གསུམ་ཆོས་སྐྱོང་སྤྱི་ཡི་གསོལ་མཆོད་སྙིང་པོ་ནི། ཨོཾ་ཨཱཿཧཱུྃ། །ཀུན་ཁྱབ་ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །སྣང་སྲིད་ཟག་མེད་བདུད་རྩིར་ཞུ་བའི་བཅུད། །འཇའ་ཟེར་ཐིག་ལེ་མཆོད་པའི་སྤྲིན་ཕུང་འཕྲོ། །མཉམ་ཉིད་བདེ་ཆེན་བདུད་རྩིའི་གཏོར་མ་འདི། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་དང༌། །ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་ནོར་ལྷ་གཏེར་དང་གཞི་ཡི་བདག །མ་ལུས་འཁོར་དང་བཅས་ལ་མཆོད་པར་འབུལ། །ཁྱད་པར་འཇམ་དཔལ་གཤིན་རྗེ་པདྨ་དབང༌། །གསང་བདག་རྡོ་རྗེ་ཕྲིན་ལས་ཕུར་པའི་ལྷ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཀའ་ཉན་བཅས། །མཆོད་ཅིང་བསྟོད་དོ་འདོད་དགུའི་དངོས་གྲུབ་སྩོལ། །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་ལེགས་ལྡན་ནག །ལྷ་ཆེན་དཔལ་འབར་མ་ནིང་མགོན་པོ་དང༌། །དཔལ་ལྡན་མ་ཧཱ་ཀ་ལ་ཚོགས་ཀྱི་བདག །སྔགས་ཀྱི་སྲུང་མ་རྡོ་རྗེ་རལ་གཅིག་མ། །མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །ཞིང་སྐྱོང་སྨན་བཙུན་རྒྱལ་མོ་མཆེད་ལྔ་དང༌། །དམ་ཅན་སྐྱེས་བུ་བཛྲ་སཱ་དྷུ་རྩལ། །དྲང་སྲོང་གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །འཆི་བདག་ལས་ཀྱི་གཤིན་རྗེའི་རྒྱལ་པོ་དང༌། །བགེགས་འདུལ་གཉན་ཆེན་རྡོ་རྗེ་འབར་བ་རྩལ། །དགྲ་བླའི་རྒྱལ་པོ་སྐྱེས་མཆོག་ཡིད་བཞིན་ནོར། །མཐུ་ལྡན་ཆེ་བཙན་རོལ་པ་སྐྱ་བདུན་དང༌། །རྣམ་སྲས་ཛམ་ལྷ་ཞིང་སྐྱོང་སེང་གེའི་གདོང༌། །དུར་ཁྲོད་ལྷ་མོ་ཤན་པ་དམར་ནག་དང༌། །སྔགས་ཀྱི་སྲུང་མ་ཤ་ཟ་ཁ་མོ་ཆེ། སོགས་འདིར་གང་དགོས་འཛུད། མ་སང་སྐྱེས་གཅིག་བེག་རྩེ་ལྕམ་སྲིང་གཉིས། །བདུད་བཙན་ཀླུ་གསུམ་མཐུ་ཆེན་སྡེ་བཞི་དང༌། །གིང་ཆེན་སྡེ་ལྔ་རྒྱལ་ཆེན་སྐུ་ལྔ་དང༌། །འགོ་བའི་ལྷ་ལྔ་སྡེ་དྲུག་སྲུང་མ་དང༌། །འབར་བ་སྤུན་བདུན་དྲེགས་པ་སྡེ་བརྒྱད་དང༌། །ཞང་བློན་སྡེ་དགུ་གནས་བཅུའི་སྲུང་མ་དང༌། །བཅུ་གཅིག་ཐེག་པའི་བཀའ་སྐྱོང་འཁོར་དང་བཅས། །ཕུར་སྲུང་བཅུ་གཉིས་བརྟན་མ་བཅུ་གཉིས་དང༌། །མགུལ་ལྷ་བཅུ་གསུམ་དགྲ་བླ་བཅུ་གསུམ་དང༌། །དྲེགས་པ་བཅོ་བརྒྱད་དགེ་བསྙེན་ཉེར་གཅིག་དང༌། །སྡེ་དཔོན་སུམ་ཅུ་དཔལ་མགོན་དོན་ལྔ་སོགས། །བརྒྱུད་གསུམ་བླ་མའི་དམ་ཚིག་ལ་གནས་པའི། །སྡེ་གསུམ་སྣང་སྲིད་དྲེགས་པ་མ་ལུས་ལ། །ཕྱི་ནང་གསང་བའི་མཆོད་པ་རབ་འབྱམས་འབུལ། །རོ་མཉམ་རྡོ་རྗེའི་དབྱིངས་སུ་དམ་བསྲེ་ན། །བྱང་ཆུབ་བར་དུ་སྲུང་སྐྱོབས་མི་གཡེལ་བར། །མི་མཐུན་ཕྱོགས་ཞི་ཚེ་དཔལ་ལོངས་སྤྱོད་རྒྱས། །ཁམས་གསུམ་དབང་སྡུས་དགྲ་བགེགས་ཚར་གཅོད་ཅིང༌། །ཡང་དག་ལམ་གྱི་བར་ཆད་བསལ་ནས་སུ། །མཆོག་ཐུན་དངོས་གྲུབ་ཆར་བཞིན་འབེབས་པ་དང༌། །ཇི་ལྟར་བཅོལ་བའི་ཕྲིན་ལས་མ་ལུས་པ། །ཐོགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །རྒྱས་པར་སྤྲོ་ན་ལེགས་ལྡན་སོགས་དམ་ཅན་བཅོ་ལྔ་སོ་སོའི་གསོལ་མཆོད་རྒྱས་པ་ཀུན་མཁྱེན་བླ་མ་རིན་པོ་ཆེའི་རྡོ་རྗེའི་གསུང་རྣམས་ཚང་བའམ་སྐབས་སུ་གང་བབ་འདིར་སྦྱར། །དཀྱུས་ཙམ་དང་གྲངས་བསོག་པ་ལ་སྤྱི་དང་བྱེ་བྲག་གི་གསོལ་བསྡུས་གཙོ་བོ་རྣམས་འགོད་པ་ལ། ཧཱུྃ། མཆོག་གསུམ་བརྒྱུད་གསུམ་བླ་མ་རྒྱུད་དྲུག་གི །ཡི་དམ་ལྷ་ཚོགས་གནས་གསུམ་མཁའ་འགྲོ་མ། །མ་མགོན་གཟའ་རྡོར་སྡེ་གསུམ་སྲུང་མའི་ཚོགས། །གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། ཧཱུྃ། ལྷ་ཆེན་དཔལ་འབར་ལེགས་ལྡན་ཚོགས་ཀྱི་བདག །གུར་ཞལ་བེར་ཆེན་ཕྱག་བཞི་ཕྱག་དྲུག་སོགས། །ཕོ་རྒྱུད་མགོན་པོའི་ལྷ་ཚོགས་ཐམས་ཅད་ལ། །གསོལ་ལོ་མཆོད་དོ་དགྲ་བགེགས་རྡུལ་དུ་རློག བྷྱོ། རལ་གཅིག་སྲིད་རྒྱལ་རེ་ཏི་དམག་ཟོར་མ། །གཡུ་སྒྲོན་བརྟན་མ་སྲོག་སྒྲུབ་ནག་མོ་སོགས། །སྣང་སྲིད་མོ་རྒྱུད་ལྷ་མོའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་རྣལ་འབྱོར་བུ་བཞིན་སྐྱོངས། ཧཱུྃ། སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང༌། །དཔལ་མགོན་དོན་ལྔ་དྲེགས་པ་སྡེ་བརྒྱད་སོགས། །བཀའ་དང་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་བསྟན་དང་བསྟན་འཛིན་སྤེལ། ཧཱུྃ། དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་བོ་ཆེ། །ལེགས་ལྡན་ནག་པོ་ཆེན་པོ་ཡབ་དང་ཡུམ། །བཀའ་སྡོད་བྲན་གཡོག་སྤྲུལ་པའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། ཆེ་མཆོག་ཧེ་རུ་ཀ་དཔལ་བསྟན་སྲུང་ཚུལ། །ལྷ་ཆེན་དཔལ་འབར་མ་ནིང་མཆེད་གསུམ་ཉིད། །བཀའ་ཉན་སྣང་སྲིད་དྲེགས་པའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། དཔལ་མགོན་ཚོགས་བདག་ཡབ་ཡུམ་སྐུ་གསུང་ཐུགས། །ཕྱོགས་བཅུ་སྡེ་བརྒྱད་འཇིག་རྟེན་མགོན་པོ་དང༌། །ཚེ་རྫི་ཤུགས་མགོན་དགྲ་བླ་ལྷ་དམག་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། ཀུན་ཏུ་བཟང་མོའི་ཡེ་ཤེས་ཁྲོས་པའི་རྩལ། །དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛཱ་ཊི་མ། །ཡེ་ཤེས་ལས་དང་འཇིག་རྟེན་མ་མོའི་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། བྷྱོ། མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །ཁོལ་མོ་ཡང་ཁོལ་བཀའ་ཉན་མངག་གཞུག་སྡེ། །འབུམ་ཕྲག་ཡངས་པའི་མཁའ་འགྲོའི་འཁོར་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧྲཱིཿ དབྱིངས་ཀྱི་ཡུམ་ཆེན་ལྷན་སྐྱེས་ཌཱ་ཀི་ལྔ། །ཞིང་སྐྱོང་སྨན་བཙུན་མཆེད་ལྔའི་ཚུལ་སྟོན་པ། །འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས་པ་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཨོཾ་བཛྲ་པྲ་མོ་ཧ་བྃ་ཧ་རི་ནི་ས་མ་མ་ཌཱ་ཀི་ནི་བ་ལིཾ་ཏ་ཁཱ་ཧི། ཧྲཱིཿ རྣམ་སྲས་ཛམ་ལྷ་ནོར་བདག་ཕོ་མོ་བརྒྱད། །ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་ལ་སོགས་པའི། །རབ་འབྱམས་ནོར་ལྷ་གཏེར་བདག་མ་ལུས་ལ། །གསོལ་ལོ་མཆོད་དོ་འདོད་དགུའི་ཆར་རྒྱུན་ཕོབ། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་ཐིག་ལེ་རྩལ། །དགྱེས་སྡེ་བརྟན་མ་འཛིན་གིང་ཕོ་ཉའི་ཚོགས། སྐུ་མཆེད་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧྲཱིཿ དྲང་སྲོང་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །སྤྲུལ་པ་རྣམ་བརྒྱད་གདོང་མོ་མཆེད་བཞི་དང༌། །གཟའ་དང་རྒྱུ་སྐར་དྲེགས་པ་སྡེ་བརྒྱད་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། འཇམ་དཔལ་བཀའ་ཉན་ཡ་མ་རཱ་ཛ་ནི། །གཏུམ་མོ་དུག་ཧྲུལ་གཤེད་ཆེན་སྡེ་བཞི་དང༌། །ཕྱོགས་སྐྱོང་བཅུ་གཉིས་ལས་མཁན་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཀྱཻ། །ས་བརྒྱད་སེམས་དཔའ་ཡུལ་ལྷའི་ཚུལ་འཛིན་པ། །སྟོང་གསུམ་མི་མཇེད་བདག་པོ་ཚངས་པ་ཆེ། །གཉན་ཆེན་ཐང་ལྷ་དགྱེས་ཡུམ་བཀའ་འཁོར་བཅས། །གསོལ་ལོ་མཆོད་དོ་འདོད་དགུ་ལྷུན་གྲུབ་མཛོད། ཀྱཻ། འདོད་དོན་ཀུན་སྒྲུབ་དགྲ་བླ་མཐུ་བོ་ཆེ། །རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྒྱལ། །ནོར་བུ་དགྲ་འདུལ་བཀའ་སྡོད་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །ཧྲཱིཿ པདྨ་དབང་གི་བཀའ་ཉན་མཐུ་བོ་ཆེ། །ཆེ་བཙན་དྲེགས་པའི་རྒྱལ་པོ་ཡང་ལེ་བེར། །ཙིའུ་དམར་པོ་བཀའ་འཁོར་སྤྲུལ་པར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། གིང་བདུད་གཟའ་བཙན་ཀླུ་སྲིན་གནོད་སྦྱིན་དང༌། །མ་མོའི་ཚོགས་ཀྱི་སྡེ་དཔོན་མཐུ་བོ་ཆེ། །འཇིག་རྟེན་མཆོད་བསྟོད་དྲེགས་པའི་བཀའ་སྡོད་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། དཀར་པོ་གིང་དང་ནག་པོ་བདུད་ལ་སོགས། །སྡེ་བརྒྱད་དྲེགས་པ་ལས་ཀྱི་ཤན་པ་བརྒྱད། །སྔགས་བདག་དྲེགས་པའི་དཀྱིལ་འཁོར་བཀའ་སྐྱོང་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། རྒྱལ་དབང་པདྨ་ཐོད་ཕྲེང་ལ་སོགས་པ། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐ་ཚིག་ལ། །གནས་པའི་བཀའ་གཏེར་ཆོས་སྐྱོང་དམ་ཅན་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ཀྱཻ། མགུལ་ལྷ་བཅུ་གསུམ་དགེ་བསྙེན་ཉེར་གཅིག་དང༌། །བརྟན་མ་བཅུ་གཉིས་་རི་ཏི་ཐང་རྨ་གསུམ་གྲགས་པའི་མཚོ་བཞི་སོགས། །གངས་ཅན་ཡུལ་སྐྱོང་ཟོ་དོར་ཐམས་ཅད་ལ། གསོལ་ལོ་མཆོད་དོ་སྲུང་སྐྱོབས་འདོད་དོན་སྒྲུབས། །ཞེས་སྤྱི་དང་བྱེ་བྲག་སྐབས་སུ་གང་བབ་གྲངས་གསོག་པར་འདོད་ནའང་བྱ། འདིར་རྒྱས་བསྡུས་འཚམས་པའི་དབང་དུ་བྱས་ཀྱི་ཉེར་དགུ་སོགས་ལ་གསོལ་བསྡུས་གཞུང་ཚང་བར་སྦྱར་ཀྱང་ལེགས་པར་འགྱུར་རོ། །བརྒྱད་པ་བཟླས་པ་ནི། རང་གཉུག་མའི་ཧེ་རུ་ཀར་གསལ་བའི་སྤྱི་བོར་པད་འབྱུང་སྣང་སྲིད་ཟིལ་གནོན་གསལ་བས་དྲེགས་པ་ཟིལ་གྱིས་གནོན་པར་བསམ་ལ། མདུན་དུ་དམ་ཅན་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་གསལ་བའི་ཐུགས་ཀར་སོ་སོའི་ས་བོན་མཐར་རང་སྔགས་ཀྱིས་བསྐོར་བ་གསལ། བདག་བསྐྱེད་ཀྱི་ཐུགས་ལས་འོད་དཀར་པོ་བདུད་རྩིའི་རང་བཞིན་ཅན་འཕྲོས། དྲེགས་པའི་ཐུགས་ཀའི་ས་བོན་སྔགས་བཅས་ལ་ཕོག །སྔོན་གྱི་དམ་བཅའ་དྲན་ནས་དགྱེས་པ་བསྐྱེད་ཅིང་བདག་ལ་ཤིན་ཏུ་དགྱེས་ཤིང་བཀའ་ཉན་པར་བསམ་ལ། ཤཱ་ས་ན་ཅུང་ཟད་བཟླ། རྒྱས་པར་སྤྲོ་ན་བསྙེན་སྒྲུབ་ལས་གསུམ་ཀའི་དམིགས་པ་གཞུང་ལྟར་སྦྱོར་ཀྱང་རུང་ངོ༌། །དགུ་པ་བསྐང་བཤགས་ནི། ཐོག་མར་བསྐང་རྫས་བྱིན་གྱིས་བརླབ་པ་ལ། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ། མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་ཅན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང༌། བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ་ལ། དང་པོ་བསྐང་བ་ནི། ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང༔ དུར་ཁྲོད་རྔམས་བརྗིད་རོལ་བའི་དཀྱིལ་འཁོར་འདིར༔ བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ དམ་རྫས་ཕྱི་ནང་གསང་བས་ཐུགས་དམ་བསྐང༔ ཧཱུྃ༔ འབོད་པའི་དམ་རྫས་གཡབ་དར་ནག་པོ་དང༔ སྒྲུབ་པའི་དམ་རྫས་རྟག་གཏོར་ཆེན་པོ་དང༔ རྒྱུན་དུ་འགྲོགས་པའི་རྒྱུད་གཏོར་ནར་མ་དང༔ བདུད་རྩི་སྨན་རཀ་མཆོད་པས་ཐུགས་དམ་བསྐང༔ ཧཱུྃ༔ སྐུ་འབག་ཟིལ་གནོན་སྐུ་ཡིས་ཐུགས་དམ་བསྐང༔ རྐང་གླིང་རོལ་མོ་དབྱངས་ཀྱིས་ཐུགས་དམ་བསྐང༔ ཏིང་འཛིན་མཉམ་ཉིད་ལྟ་བས་ཐུགས་དམ་བསྐང༔ མཱཾ་སའི་བྱེ་བྲག་ཟས་ཀྱིས་ཐུགས་དམ་བསྐང༔ རཀྟ་བདུད་རྩི་སྐོམ་གྱིས་ཐུགས་དམ་བསྐང༔ སྐུ་ཆས་རྒྱན་ལྡན་གོས་ཀྱིས་ཐུགས་དམ་བསྐང༔ ཕྱག་མཚན་སྣ་ཚོགས་ཕྲིན་ལས་ཐུགས་དམ་བསྐང༔ དགྲ་བགེགས་ཆོམ་འབེབས་མཐུ་ཡིས་ཐུགས་དམ་བསྐང༔ སྙན་གྲགས་ཀུན་ཁྱབ་ནུས་པས་ཐུགས་དམ་བསྐང༔ ཚོགས་གཏོར་བརྗོད་པ་བསྙེན་པས་ཐུགས་དམ་བསྐང༔ དུག་ཁྲག་ཨརྒྷཾ་ཁྲུས་ཆུས་ཐུགས་དམ་བསྐང༔ དམར་གསུར་དུད་པ་སྤོས་ཀྱིས་ཐུགས་དམ་བསྐང༔ འགུགས་འཆིང་བསྐྲད་དབྱེ་བསྒྲལ་མཆོད་ཐུགས་དམ་བསྐང༔ སྲུང་ཟློག་བསད་པ་ལས་མཐས་ཐུགས་དམ་བསྐང༔ བསྙེན་སྒྲུབ་མཚམས་དང་མཆོད་པས་ཐུགས་དམ་བསྐང༔ ཧཱུྃ༔ གཞན་ཡང་དཀར་པོ་དགེ་བའི་ལས་ནི་ཅི་མཆིས་པ༔ དམ་ཚིག་གཙང་ཞིང་བྱང་ཆུབ་སྒྲུབ་པའི་ལས༔ དེ་དག་ཀུན་གྱིས་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དམ་མ་བསྐང་བ་རྣམས་བསྐང་བ་དང༔ བསྐངས་པ་སླར་ཡང་ཆུད་མི་ཟ་བ་དང༔ གོང་ནས་གོང་འཕེལ་ཆོས་སྐྱོང་མཉེས་གྱུར་ཅིག༔ ཧཱུྃ༔ དེ་ལྟར་མཆོད་པའི་ཡོ་བྱད་མ་ལུས་པས༔ དཔལ་མགོན་ལེགས་ལྡན་ནག་པོའི་ཐུགས་དམ་བསྐང༔ དཔལ་འབར་མ་ཧཱ་ཀཱ་ལ་འི་ཐུགས་དམ་བསྐང༔ དཔལ་ལྡན་ཚོགས་ཀྱི་བདག་པོའི་ཐུགས་དམ་བསྐང༔ མ་མོ་ཨེ་ཀ་ཛཱ་ཊིའི་ཐུགས་དམ་བསྐང༔ མ་ཅིག་དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང༔ ཞིང་སྐྱོང་སྨན་བཙུན་རྒྱལ་མོའི་ཐུགས་དམ་བསྐང༔ དམ་ཅན་སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང༔ དྲང་སྲོང་གཟའ་བདུད་ཆེན་པོའི་ཐུགས་དམ་བསྐང༔ འཆི་བདག་ལས་ཀྱི་གཤིན་རྗེའི་ཐུགས་དམ་བསྐང༔ ལྷ་ཆེན་རྡོ་རྗེ་འབར་བའི་ཐུགས་དམ་བསྐང༔ དོན་གྲུབ་དགྲ་བླའི་རྒྱལ་པོའི་ཐུགས་དམ་བསྐང༔ ཆེ་བཙན་རོལ་པ་སྐྱ་བདུན་ཐུགས་དམ་བསྐང༔ རྣམ་སྲས་ཛམ་ལྷ་ཡབ་ཡུམ་ཐུགས་དམ་བསྐང༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་ཐུགས་དམ་བསྐང༔ སྔགས་བདག་དྲེགས་པ་བཅོ་བརྒྱད་ཐུགས་དམ་བསྐང༔ མདོར་ན་བརྒྱུད་གསུམ་བླ་མའི་དམ་འཛིན་པ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༔ ཧཱུྃ༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ གཉིས་པ་བཤགས་པ་ནི། ཧཱུྃ༔ ནག་པོ་ཆེན་པོ་གསན་ཅིང་དགོངས་སུ་གསོལ༔ དཔལ་མགོན་འཁོར་བཅས་གཟིགས་ཤིང་དགོངས་སུ་གསོལ༔ ཕོ་ཉ་ལས་མཁན་མྱུར་མགྱོགས་དགོངས་སུ་གསོལ༔ དཀྱིལ་འཁོར་མུ་རན་སྐྱོང་རྣམས་གཟིགས་སུ་གསོལ༔ ཧོཿ བདག་ཅག་རྣལ་འབྱོར་མ་རིག་མ་རྟོགས་ཏེ༔ གསང་སྔགས་གཞུང་དང་འགལ་བ་མཐོལ་ལོ་བཤགས༔ ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ༔ སྒོ་གསུམ་གཡེང་བས་འདས་པ་མཐོལ་ལོ་བཤགས༔ དཔལ་མགོན་ནག་པོའི་ལྷ་ཚོགས་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་བཤགས༔ བསྐྱེད་རྫོགས་གཞུང་དང་འགལ་བ་མཐོལ་ལོ་བཤགས༔ སྒྲ་བརྗོད་ཚིག་ཟུར་ཉམས་པ་མཐོལ་ལོ་བཤགས༔ མཆོད་པའི་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ གཙང་སྦྲ་བརྩོན་འགྲུས་ཞན་པ་མཐོལ་ལོ་བཤགས༔ བྱིང་རྨུག་ལེ་ལོར་ཤོར་བ་མཐོལ་ལོ་བཤགས༔ བསྒྲལ་མཆོད་དུས་ལས་འདས་པ་མཐོལ་ལོ་བཤགས༔ ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཅི་མཆིས་པ༔ ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ༔ འཕྲལ་ཡུན་བར་ཆད་མེད་པར་མཛད་དུ་གསོལ༔ ཡིག་བརྒྱ་བཟླ། བཅུ་པ་ཕྲིན་ལས་བཅོལ་བ་ནི། ཧོཿ ཡེ་ཤེས་ དང་ ལས་ ལས་གྲུབ་ པ་ཡོན་ཏན་གྱི་ཁྱད་པར་ མངོན་ཤེས་རྫུ་འཕྲུལ་ཅན། ཕྲིན་ལས་ཅི་མཛད་ན་སྐྱེ་བོའི་།ལེགས་ཉེས་སྟངས་འཛིན་ རྣལ་འབྱོར་པའི་ དམ་ཚིག་གི་རྗེས་གཅོད་ཅིང༌། །རྒྱལ་བའི་ བཀའ་བཞིན་རྗེས་སུ་སྒྲུབ་པའི་ རྣལ་འབྱོར་པ་རྣམས་ཀྱི་ གྲོགས་མཛད་པ། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །འདི་རྒྱུད་ཚིག་གོ །བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ། །དམ་ལ་གནས་ཤིང་རྩ་གསུམ་ལྷ་ལ་འཕྲེང༌། །རྟག་ཏུ་ཁྱེད་མཆོད་ཁྱེད་བསྟོད་ཁྱེད་བསྒྲུབས་ཀྱང༌། །ཐུགས་རྗེས་དབུགས་དབྱུང་ཅུང་ཟད་མི་མཛད་དམ། །བསྟེན་ན་སྲིན་མོའི་ཚོགས་ཀྱང་མ་ལྟར་བྱམས། །བསྐུལ་ན་བདུད་ཀྱི་ཚོགས་ཀྱང་ལས་ལ་རྒྱུ། །ཁྱེད་ནི་མཁྱེན་བརྩེ་ནུས་ལྡན་མགོན་མཆོག་ཕྱིར། །རྡོ་རྗེའི་དམ་བཅའ་བསྙེལ་ན་སུ་ལ་རེ། །བདག་ཅག་མི་ཤེས་བག་མེད་ཉོན་མོངས་ཀྱིས། །རྩ་གསུམ་སྲུང་མའི་ཐུགས་དང་ཅི་འགལ་བ། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་བགྱིད་ན། །སྒྲིབ་མེད་ཚངས་པའི་དངོས་གྲུབ་དུས་འདིར་སྩོལ། །གསང་ཆེན་སྔགས་ཀྱི་དཀྱིལ་འཁོར་འཛིན་པ་ལ། །མ་ལྟར་བརྩེ་ཞིང་སྲིང་ལྟར་བྱམས་པ་དང༌། །མཛའ་ལྟར་གདུང་ཞིང་བྲན་ལྟར་འདུའོ་ཞེས། །དཔལ་ཆེན་སྤྱན་སྔར་ཞལ་བཞེས་དགོངས་མཛོད་ལ། །དང་པོའི་ལས་ཅན་རང་སྟོབས་དམན་པ་ཡི། །སྒྲུབ་པའི་རྣལ་འབྱོར་བདག་ལ་ཉིན་མཚན་དུ། །ཡེ་ཤེས་སྤྱན་གྱིས་གཟིགས་ཤིང་དགོངས་ནས་སུ། །སྲུང་སྐྱོབ་སྟོང་གྲོགས་གཡེལ་བ་མེད་པར་མཛོད། །ཁྱད་པར་བླང་དོར་བྱ་བའི་གནད་རྣམས་ཀུན། །མ་འདྲེས་གསལ་བར་ཡོངས་སུ་སྟོན་པའི་ཕྱིར། །དངོས་དང་ཉམས་དང་རྨི་ལམ་དག་ཏུ་ཡང༌། །དགྱེས་ཞལ་གསུང་གསང་ཐུགས་བརྩེས་རྟག་ཏུ་སྐྱོངས། །གང་གསུང་རྡོ་རྗེའི་རི་མོ་སྙིང་དབུས་སུ། །འགོད་ཅིང་རེ་ལྟོས་དམ་པར་ཁྱེད་བཟུང་རྣམས། །མངོན་སུམ་གཟིགས་བཞིན་མཐོང་བ་མི་སྟོན་ན། །རྗེས་བརྩེའི་དམ་བཅའ་རྡོ་རྗེའི་བདེན་ཚིག་ཅི། །བྱང་ཆུབ་བར་དུ་རེ་ཞིང་ལྟོས་པའི་གྲོགས། །སྙིང་ནས་སྙིང་གི་ལྷ་རུ་ཁྱེད་བསྟེན་ན། །ལས་བཞིའི་ཕྲིན་ལས་གང་དང་གང་བཅོལ་བ། །ངོ་ཐོན་རྟགས་དང་བཅས་ཏེ་སྒྲུབས་པར་མཛོད། །གནས་སྐབས་ཡིད་ལ་ཇི་ལྟར་རེ་བའི་དོན། །འབད་མེད་ཡིད་བཞིན་ལྷུན་གྱིས་གྲུབ་པ་དང༌། །མཐར་ཐུག་གདོད་མ་ཆོས་སྐུའི་དབྱིངས་ཆེན་པོར། །རང་བྱུང་འབྲས་བུའི་ཡེ་ཤེས་འགྲུབ་པར་མཛོད། །མཆོག་གསུམ་རྩ་གསུམ་སྲུང་མའི་བྱིན་རླབས་དང༌། །བདེན་གཉིས་ཆོས་ཚུལ་ཟབ་མོ་མི་བསླུ་ཞིང༌། །རྡོ་རྗེའི་དམ་ཚིག་ཆེན་པོའི་མཐུ་སྟོབས་ཀྱིས། །བདག་གིས་ཇི་ལྟར་བཅོལ་བཞིན་འགྲུབ་པར་མཛོད། །གསུམ་པ་རྗེས་ལ། དང་པོ་གཏོར་མ་འབུལ་བ་ནི། འབུལ་གཏོར་ལ་མེ་སྒྲོན་བཙུགས། སྤོས་དང་རོལ་མོ་བཅས་གཏོར་འགུགས་ནི། མདུན་དུ་དུར་ཁྲོད་འཇིགས་སུ་རུང་བ་ཡི༔ ཨེ་ལས་གཞལ་ཡས་ལྕགས་ཁང་སྒོ་མེད་པའི༔ ནང་དུ་གྲུ་གསུམ་ནག་པོ་གཏིང་ཟབ་པར༔ དེ་དབུས་ནྲྀ་ལས་གནོད་བྱེད་བྱད་མ་རྣམས༔ མགོན་མེད་མྱ་ངན་ཕྱག་རྒྱ་ཅན་དུ་གྱུར༔ ན་མོ༔ རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང༔ སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས༔ བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད༔ ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། ཁ་འཇམ་གཏིང་རྩུབ་ཞེ་ནས་དམོད་པ་དང༔ དོ་བདོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད༔ མཐུ་དང་ནུས་པ་བུ་ལོན་བཞིན་དུ་བསྙགས༔ དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང༔ བར་ཆད་བྱེད་པའི་བདུད་དང་དམ་སྲིའི་རིགས༔ ཡིད་ལ་བརྣགས་པའི་དགྲ་བགེགས་འདི་རྣམས་ཀྱི༔ རྣམ་ཤེས་བླ་ཚེ་སྲོག་དབུགས་བཅས་པ་ཀུན༔ གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང༔ ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས༔ གང་ན་གནས་ཀྱང་གཏོར་མ་འདི་ཉིད་ལ༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛ༔ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བྃ༔ མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་བཻ་ཤ་ཡ་ཕཊ༔ དབྱེར་མེད་བསྟིམས་ཤིག་བཛྲ་ཨ་བཻ་ཤ་ཡ་ཨཱཿ ཤཱ་ས་ནའི་སྔགས་མཐར། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ འགུགས་བསྟིམ་དྲག་ཏུ་བྱས་ལ། བདག་མདུན་ཐུགས་ནས་ཛཿཡིག་དམར་ནག་སྤྲོས༔ བསྒྲུབ་བྱའི་སྣ་བུག་གཤང་ལམ་གཉིས་ནས་ཞུགས༔ སྙིང་གར་ཕྱིན་པས་ཟངས་ལྕགས་འཁོར་ལོ་གཉིས༔ གཡས་གཡོན་འཁོར་བས་ཤ་ཁྲག་བླ་ཚེ་གཏུབས༔ རྣམ་ཤེས་ཨ་ཡིག་རྒྱལ་བའི་ཐུགས་ཀར་འཕོས༔ ཚེ་བསོད་ནྲྀ་ཡིག་ལྗང་གུ་བདག་ལ་བསྟིམ༔ ཤ་ཁྲག་བདུད་རྩིར་བསྒྱུར་བ་སྲུང་མས་གསོལ༔ ཞེས་དམིགས་ཏེ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་བསྟབས་ཏེ། འདོད་དོན་གསོལ་བ་ནི། སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པ། །ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང༌། །འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡི། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །དམ་རྫས་འདོད་དགུའི་གཏོར་མ་འདི་བཞེས་ལ། །བདག་གི་བསམ་དོན་མ་ལུས་འགྲུབ་པར་མཛོད། །འདི་ལྟར་ཡིད་ལ་བརྣག་པའི་དོན་འབྲས་འདི། །བླ་མ་ཡི་དམ་ཌཱ་ཀི་བྱིན་རླབས་ཅན། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་རྣམས་ དང་ཆོས་སྐྱོང་དམིགས་བསལ་གྱི་མཚན་བརྗོད་ནས། ཀྱིས། །དམ་ཚིག་གཉན་དགོངས་མྱུར་འགྲུབ་ཕྲིན་ལས་མཛོད། །བདག་ཅག་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ནད་གདོན་བགེགས་སོགས་བར་དུ་གཅོད་པའི་རྐྱེན། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང༌། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །གསང་སྔགས་སྙིང་པོ་ནང་རྒྱུད་སྡེ་གསུམ་གྱི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བ་དང༌། །གང་ལ་ལོག་པར་ལྟ་བའི་དགྲ་དང་བགེགས། །རྗེས་ཤུལ་མེད་པར་མྱུར་དུ་བརླག་པར་མཛོད། །བརྒྱུད་གསུམ་བླ་མའི་སྤྱན་སྔར་དམ་མནོས་པའི། །སྡེ་གསུམ་དྲེགས་པས་མཐུ་རྩལ་མངོན་ཕྱུངས་ལ། །རིགས་གསུམ་སྤྲུལ་པའི་རིང་ལུགས་ཆོས་ཀྱི་མཛོད། །ས་གསུམ་ཁྱབ་པར་མྱུར་དུ་སྤེལ་བར་མཛོད། །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་ཕྲིན་ལས་མཛོད། །རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་རྙིང་མ་བའི། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་པའི་ཕྲིན་ལས་མཛོད། །སྐྱབས་མཆོག་རིན་ཆེན་གསུམ་གྱིས་བདེན་པ་དང༌། །རྩ་གསུམ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང༌། །ཆོས་ཉིད་རྣམ་དག་བདེན་པའི་བྱིན་རླབས་ཀྱིས། །བདག་གིས་ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། རྟེན་ཡོད་ན། །དམ་ཅན་སྲུང་མའི་དབང་པོ་འཁོར་བཅས་རྣམས། །དམ་ཚིག་རྟེན་མཆོག་འདིར་ནི་དགྱེས་བཞུགས་ནས། །རྟགས་དང་མཚན་མ་མངོན་དུ་བསྟན་པ་དང༌། །ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང༌། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །ཅེས་གསོལ་ལ་སྒྲུབ་ཁང་གི་སྟེང་སོགས་སུ་འབུལ། གཉིས་པ་གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་ནི། ཧཱུྃ། དངོས་སུ་འབྱོར་པའི་མཆོད་པ་སྣ་ཚོགས་དང༌། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བས། །ལྕམ་དྲལ་བཀའ་སྡོད་འཁོར་བཅས་མཉེས་གྱུར་ཅིག །ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དྲག་ཤུལ་རྡོ་རྗེའི་ལང་ཚོ་འབར་བའི་སྐུ། །མི་ཤིགས་བརྗོད་བྲལ་ནཱ་དའི་རང་བཞིན་གསུང༌། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་མགོན་པོས་བཟོད་མཛད་རིག །ཡིག་བརྒྱ། གསུམ་པ་བརྟན་བཞུགས་ནི། རྒྱས་པར་སྤྲོ་ན་ཐུགས་གསོལ་ཉིད་སྦྱར། དཀྱུས་སུ། འདིར་ནི་རྟེན་དང་ལྷན་ཅིག་ཏུ་སོགས་དང༌། སུ་པྲ་ཏིཥྛས་བཞུགས་སུ་གསོལ། བཞི་པ་སྨོན་ལམ་ནི། མན་ངག་བརྩེགས་པ་གྲི་གུག་གི་རྒྱུད་ཅེས་པ་མགོན་པོའི་ཏནྟྲ་ལས་སྨོན་ལམ་གདབ་པར་གསུངས་པ་ནི། ཚེ་རབས་སྔོན་ནས་རྒྱལ་བས་དབང་བསྐུར་ནས། །ཚེ་རབས་བརྒྱུད་ནས་བསྟན་པ་སྲུང་བར་མཛད། །མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ན་མོ་ཨཱ་ཀྲི་ནཱི། ན་མོ་ཡོ་གི་ནཱི། ན་མོ་ཏཱ་ཀི་ནཱི། ཏཏྱ་ཐཱ། ཧི་ལི་ཧི་ལི། ཀི་ཏི་ཙི་ཏི་ནི་ཏི་པ་ཏ་ཡེ་སྭཱ་ཧཱ། ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །རྒྱལ་བའི་བསྟན་པ་སྲུང་བར་ཞལ་བཞེས་པས། །དེ་རིང་དུས་འདིར་བསྟན་པ་རྒྱས་པར་མཛོད། ཅེས་གསུངས་སོ། །ལྷ་མོའི་རྒྱུད་ནས་རལ་གཅིག་མའི་ཕྱག་རྒྱ་ནམ་གྲུ་མའི་གཟུངས་པ། ན་མོ་བཛྲ་པཱ་ཎི་སྲཾ། ཙི་ལི་ཙི་ལི། བྷིཎྜི་བྷིཎྜི། མུཉྩ་མུཉྩ། ཏི་པཱ་ལ་ཀ་ན་སྭཱ་ཧཱ། ཞེས་སོ། །འདིས་ལྷ་མོ་སྙིང་ཉེ་བར་འགྱུར་རོ། །སྨོན་ལམ་གདབ་པ་ནི། བདག་ནི་དུས་ཀུན་ལྷ་མོ་ཁྱོད་ཉིད་དང༌། །སྐད་ཅིག་མི་འབྲལ་ཕྲིན་ལས་རྣམ་པ་བཞིས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན། །རྡོ་རྗེ་འཛིན་པའི་ས་ལ་འགོད་པར་ཤོག །ཅེས་ཀྱང་བྱའོ། །ལྔ་པ་ཤིས་བརྗོད་ནི། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །གསང་གསུམ་འགྱུར་མེད་བདེ་ཆེན་རྡོ་རྗེའི་སེམས། །འགྲོ་ལ་ཕན་བདེའི་མཆོག་སྩོལ་དཔག་བསམ་ཤིང༌། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུའི་མཁའ་ལ་གྲངས་མེད་གཟུགས་སྐུའི་སྤྲིན། །ཞི་ཁྲོའི་ཉམས་བརྒྱའི་རོལ་པར་འཆར་བ་ལས། །དངོས་གྲུབ་འདོད་དགུའི་ཆར་དུ་སྙིལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་སྙིང་རྗེའི་རོལ་གར་ནི། །གཏུམ་ཆེན་བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ནག་པོའི་རྩ་ལག་སྡེར་བཅས་མཐར་མཛད་པའི། །དཔལ་འབར་མ་ཧཱ་ཀཱ་ལའི་བཀྲ་ཤིས་ཤོག །རྒྱལ་བའི་བཀའ་སྡོད་མི་བཟད་དྲག་ཤུལ་ཅན། །བདུད་དཔུང་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོང༌། །ཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །དེ་ལ་སྤྱིར་༧འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས་སྔ་འགྱུར་བཀའ་གཏེར་གྱི་ཆོས་སྲུང་གཙོ་བོ་འདི་རྣམས་ལ་རྟག་པར་གསོལ་མཆོད་མཛད་པ་ཡིན་ལ། དེ་དག་གི་གསོལ་བསྐང་རྒྱས་པ་རྗེ་བླ་མ་མཆོག་གི་གསུང་མ་ཉམས་པ་ཆོས་སྐྱོང་གི་གསོལ་མཆོད་འདོད་འབྱུང་དཔལ་གྱི་རྫིང་བུར་དཀྱུས་གཅིག་ཏུ་བཞུགས་ཤིང༌། ཆོས་སྲུང་དབང་པོ་འདི་རྣམས་ཀྱི་གསོལ་མཆོད་ཕྲིན་བཅོལ་ལ་འབད་ན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ལ་མཆོག་ཏུ་ཕན་པར་ཀུན་མཁྱེན་བླ་མ་མཆོག་གིས་བཀའ་བསྩལ་བར་གསུངས་པས་སྔ་འགྱུར་པ་དག་ལ་དེ་བཞིན་གཡར་དམ་དུ་བཞེས་པ་གལ་ཆེ་བར་བསྐུལ་བ་དང༌། རང་འདྲའི་སྐལ་མཉམ་ལ་འཇུག་པ་བདེ་བའི་ཕྱིར་ཆོ་གའི་ལས་འགྲིགས་སྔ་འགྱུར་རྙིང་མའི་མཁས་གྲུབ་དངོས་གྲུབ་བརྙེས་པ་རྣམས་ཀྱི་ཕྱག་བཞེས་དང་སྒོ་བསྟུན་ནས་དཀྱུས་གཅིག་ཏུ་བཀོད་པ་ལས། འདོན་ཚིག་ཐམས་ཅད་རྡོ་རྗེའི་གསུང་ཁོ་ན་མ་ཉམས་པར་བསྡེབས་པ་པོ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཡབ་སྲས་ཀྱི་ཡེ་ཤེས་རྡོ་རྗེའི་གཟི་བྱིན་རིག་སྟོང་དབྱིངས་ཀྱི་མཁའ་ལ་འདུ་འབྲལ་མེད་པའི་རིག་འཛིན་གྱི་བཙུན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེ་སྟེ་ཡི་གེ་པ་ནི་རྙིང་བཙུན་འཇིགས་མེད་ཚེ་མཆོག་རྡོ་རྗེས་བགྱིས་པ་འདིས་ཀྱང་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> | ||
Line 25: | Line 44: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 09:08, 1 June 2024
Wylie title | chos skyong gi gsol mchod 'dod 'byung dpal gyi rdzing bu'i rgyun gyi gtor chog nye bar bsdus pa phrin las thogs med | |
---|---|---|
Location | dil mgo mkhyen brtse bka' 'bum Volume 10, Text 46, Pages 207-224 (Folios 1a to 18b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Chos skyong gi gsol mchod 'dod 'byung dpal gyi rdzing bu'i rgyun gyi gtor chog nye bar bsdus pa phrin las thogs med. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 207-224. Delhi: Shechen Publications, 1994. | |
Genre | Protector Rituals - gsol mchod · Torma-offering Rituals - gtor chog | |
Deity | chos skyong | |
Colophon |
།དེ་ལ་སྤྱིར་༧འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས་སྔ་འགྱུར་བཀའ་གཏེར་གྱི་ཆོས་སྲུང་གཙོ་བོ་འདི་རྣམས་ལ་རྟག་པར་གསོལ་མཆོད་མཛད་པ་ཡིན་ལ། དེ་དག་གི་གསོལ་བསྐང་རྒྱས་པ་རྗེ་བླ་མ་མཆོག་གི་གསུང་མ་ཉམས་པ་ཆོས་སྐྱོང་གི་གསོལ་མཆོད་འདོད་འབྱུང་དཔལ་གྱི་རྫིང་བུར་དཀྱུས་གཅིག་ཏུ་བཞུགས་ཤིང༌། ཆོས་སྲུང་དབང་པོ་འདི་རྣམས་ཀྱི་གསོལ་མཆོད་ཕྲིན་བཅོལ་ལ་འབད་ན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ལ་མཆོག་ཏུ་ཕན་པར་ཀུན་མཁྱེན་བླ་མ་མཆོག་གིས་བཀའ་བསྩལ་བར་གསུངས་པས་སྔ་འགྱུར་པ་དག་ལ་དེ་བཞིན་གཡར་དམ་དུ་བཞེས་པ་གལ་ཆེ་བར་བསྐུལ་བ་དང༌། རང་འདྲའི་སྐལ་མཉམ་ལ་འཇུག་པ་བདེ་བའི་ཕྱིར་ཆོ་གའི་ལས་འགྲིགས་སྔ་འགྱུར་རྙིང་མའི་མཁས་གྲུབ་དངོས་གྲུབ་བརྙེས་པ་རྣམས་ཀྱི་ཕྱག་བཞེས་དང་སྒོ་བསྟུན་ནས་དཀྱུས་གཅིག་ཏུ་བཀོད་པ་ལས། འདོན་ཚིག་ཐམས་ཅད་རྡོ་རྗེའི་གསུང་ཁོ་ན་མ་ཉམས་པར་བསྡེབས་པ་པོ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཡབ་སྲས་ཀྱི་ཡེ་ཤེས་རྡོ་རྗེའི་གཟི་བྱིན་རིག་སྟོང་དབྱིངས་ཀྱི་མཁའ་ལ་འདུ་འབྲལ་མེད་པའི་རིག་འཛིན་གྱི་བཙུན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེ་སྟེ་ཡི་གེ་པ་ནི་རྙིང་བཙུན་འཇིགས་མེད་ཚེ་མཆོག་རྡོ་རྗེས་བགྱིས་པ་འདིས་ཀྱང་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག། | |
/de la spyir 7'jam mgon bla ma mi pham rin po ches snga 'gyur bka' gter gyi chos srung gtso bo 'di rnams la rtag par gsol mchod mdzad pa yin la/_de dag gi gsol bskang rgyas pa rje bla ma mchog gi gsung ma nyams pa chos skyong gi gsol mchod 'dod 'byung dpal gyi rdzing bur dkyus gcig tu bzhugs shing*/_chos srung dbang po 'di rnams kyi gsol mchod phrin bcol la 'bad na snga 'gyur gyi bstan pa rin po che la mchog tu phan par kun mkhyen bla ma mchog gis bka' bstsal bar gsungs pas snga 'gyur pa dag la de bzhin g.yar dam du bzhes pa gal che bar bskul ba dang*/_rang 'dra'i skal mnyam la 'jug pa bde ba'i phyir cho ga'i las 'grigs snga 'gyur rnying ma'i mkhas grub dngos grub brnyes pa rnams kyi phyag bzhes dang sgo bstun nas dkyus gcig tu bkod pa las/_'don tshig thams cad rdo rje'i gsung kho na ma nyams par bsdebs pa po 'jigs bral gyi slob dpon chen po yab sras kyi ye shes rdo rje'i gzi byin rig stong dbyings kyi mkha' la 'du 'bral med pa'i rig 'dzin gyi btsun pa 'gyur med theg mchog bstan pa'i rgyal mtshan rang byung 'od gsal thugs mchog rdo rje ste yi ge pa ni rnying btsun 'jigs med tshe mchog rdo rjes bgyis pa 'dis kyang snga 'gyur bka' gter gyi bstan pa phyogs dus gnas skabs kun tu 'phel rgyas brtan pa'i rgyur gyur cig/ |