DKR-KABUM-02-KHA-040: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-040
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(10 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཟབ་ལམ་སྙིང་ཐིག་གསལ་སྒྲོན་གྱི་དབང་ཆོག་བདུད་རྩིའི་བུམ་བཟང་། | |||
|fulltitle=zab lam snying thig gsal sgron gyi dbang chog bdud rtsi'i bum bzang | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''Zab lam snying thig gsal sgron gyi dbang chog bdud rtsi'i bum bzang''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 2: 208-211. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author='jam dbyangs mkhyen brtse chos kyi blo gros | |||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |||
|associatedpeople='jam dbyangs mkhyen brtse chos kyi blo gros | |||
|associatedpeopletib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |||
|tibgenre=Empowerment Ritual - dbang chog - dbang skur, Guru Yoga Texts - bla ma'i rnal 'byor | |||
|terma=No | |||
|dkroutline=Two | |||
|cycle=zab lam snying thig gsal sgron | |||
|cycletib=ཟབ་ལམ་སྙིང་ཐིག་གསལ་སྒྲོན་ | |||
|language=Tibetan | |||
|volumenumber=002 | |||
|volnumtib=༢ | |||
|volyigtib=ཁ་ | |||
|totalvolumes=25 | |||
|textnuminvol=040 | |||
|pagenumbers=208-211 | |||
|totalpages=7 | |||
|beginfolioline=1a | |||
|endfolioline=4a4 | |||
|totalfolios=4 | |||
|multivolumework=No | |||
|rectonotes=gter gzhung | |||
|versonotes=nying thig gsal sgron | |||
|recensionlink=JKCL-KABUM-10-THA-018 | |||
|pdflink=File:DKR-KABUM-02-KHA-040.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|ཟབ་ལམ་སྙིང་ཐིག་གསལ་སྒྲོན་གྱི་དབང་ཆོག་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། | |||
རང་རིག་བླ་མར་གུས་བཏུད་ནས། །ཟབ་མོ་བླ་མའི་སྒྲུབ་པ་ཡི། །དབང་བསྐུར་ཡེ་ཤེས་ཆུ་རྒྱུན་ནི། །སྒྲུབ་པར་འདོད་པས་སྟེགས་བུ་ལ། །མཎྜལ་ཆོས་འབྱུང་དམར་པོའི་དབུས། །པད་འདབ་བཞི་དང་མཐའ་སྐོར་དུ། །པད་ཕྲེང་རྡོ་ར་མེ་རིས་མཛེས། །མེ་ལོང་སྔགས་མཚན་མན་ཤེལ་བཤམས། །ཕྱི་ནང་མཆོད་པ་ཚོགས་བྱས་ཏེ། །རྣལ་འབྱོར་བདེ་བའི་སྟན་ལ་འདུག །བླ་མའི་སྒྲུབ་པ་གཞུང་བསྲངས་ཤིང༌། །བུམ་ཐོད་དབྱངས་གསལ་རྟེན་སྙིང་གིས། །བྱིན་གྱིས་བརླབས་ཤིང་ཚོགས་མཆོད་བྱ། །སློབ་དཔོན་དགོངས་པ་གཡོ་མེད་ངང༌། །སྣོད་ལྡན་སློབ་མ་ཁྲུས་ནས་དབྱུང༌། །བགེགས་བསྐྲད་སྲུང་བའི་འཁོར་ལོས་བཅིངས། །ངེས་འབྱུང་ཆོས་བཤད་སྤྲོ་བ་བསྐྱེད། །མཎྜལ་ཕུལ་ལ་གསོལ་བ་གདབ། །རྩ་གསུམ་རྒྱ་མཚོ་འདུས་པའི་དངོས། །རྡོ་རྗེའི་བླ་མ་དགོངས་སུ་གསོལ། །བདག་ཅག་སྐལ་ལྡན་བུ་རྣམས་ལ། །སྙིང་པོ་དོན་གྱི་དབང་མཆོག་སྩོལ། །གསོལ་གདབ་གནང་བ་སྦྱིན་པ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །དད་དང་དམ་ཚིག་མོས་ལྡན་ན། །ཡང་གསང་བླ་མའི་སྒྲུབ་པ་ཡི། །སྙིང་པོ་དོན་གྱི་དབང་བསྐུར་སྦྱིན། །དེ་ནས་རྒྱུད་སྦྱོང་རིམ་པ་ནི། དམ་ཆུ་བྱིན་ཞིང་དམ་བསྒྲགས་ཏེ། ཧོཿ འདི་ནི་རྡོ་རྗེའི་དམ་ཚིག་ཆུ། །བསྲུངས་ན་ཚེ་འདིར་དངོས་གྲུབ་ཐོབ། །མ་བསྲུངས་ཉམས་ན་དམྱལ་བར་ལྟུང༌། །དེ་བས་ཁེ་ཉེན་ཤེས་པར་བྱོས། །བཛྲ་ས་མ་ཡ་ན་ར་ཀན། །ཞེས་བརྗོད་རྡོ་རྗེ་སྤྱི་བོར་བཞག །ཡེ་ཤེས་དབབ་ཕྱིར་ལུས་བསྲངས་ཤིང༌། རླུང་བཟུང་དམིགས་པ་རྩེ་གཅིག་གཏོད། །བླ་མ་ཧེ་རུ་ཀར་གསལ་བའི། །ཐུགས་ནས་མེ་འོད་འཕྲོས་པ་ཡིས། །སློབ་མའི་ཕུང་ཁམས་བསྲེགས་ཤིང་སྦྱངས། །དེ་ལས་སྐད་ཅིག་དྲན་རྫོགས་སུ། །རྡོ་རྗེ་ཕག་མོ་སྐུ་མདོག་དམར། །གྲི་གུག་ཐོད་ཁྲག་དོར་སྟབས་འགྱིངས། །དར་དང་རིན་ཆེན་རུས་པས་བརྒྱན། །ཐུགས་ཀར་བདེ་བའི་ཐིག་ལེ་ནི། །དགའ་བ་འཁྱིལ་པ་དཀར་དམར་དབུས། །བྃ་དང་ཡན་ལག་བཞི་ལ་ནི། །ཧ་རི་ནི་སས་མཚན་པར་བསྒོམ། །སྤྱི་བོར་བླ་མ་ཧེ་རུ་ཀཿ ཅང་ཏེའུ་ཐོད་པ་བསྣམས་པ་ནི། །བདེ་བའི་ཉམས་དང་ལྡན་པར་གསལ། །ཐུགས་ནས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་དབྱེར་མེད་ཐིམ་པར་བསམ། །ཡེ་ཤེས་ཕེབས་པའི་སྔགས་ཀྱིས་དབབ། །ཡེ་ཤེས་འབེབས་པའི་རྟགས་བྱུང་ན། །ཉམས་ནི་བྱུང་རྒྱལ་དག་ཏུ་བསྐྱངས། །མ་ཕེབས་བླ་མར་མོས་གུས་བསྐྱེད། །རྗེས་ཆགས་འོད་ཀྱིས་བསྐུལ་བྱས་ཏེ། །སྙིང་གའི་དགའ་འཁྱིལ་གཡོན་དྲག་འཁོར། །དགོངས་པས་གཟིར་ཞིང་དབྱིངས་རིག་བསྲེ། །ཛྙཱ་ན་བཛྲ་ཏིཥྛ་ས་མ་ཡ། ཞེས་བརྗོད་རྡོ་རྗེ་རྒྱ་གྲམ་འཇོག །དངོས་གཞིའི་དབང་བསྐུར་སྦྱིན་པ་ལ། །བླ་མའི་དཔྲལ་བའི་ཨོཾ་དཀར་ལས། །ཨོཾ་དང་རང་འདྲ་དཔག་མེད་འཕྲོས། །དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་པའི་དབང་བསྐུར་ཐོབ་པར་བསམ། ཨོཾ་གྱི་གླུ་དབྱངས་བརྗོད་པ་དང༌། །བརྟན་བྱེད་བུམ་པའི་ཆུ་དབང་བསྐུར། ཨོཾ། སྣོད་བཅུད་ཡོངས་རྫོགས་བུམ་པ་ནས། །རིག་འཛིན་རྒྱལ་བའི་དཀྱིལ་འཁོར་བཞུགས། །སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས། །ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག །བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་བླུད་ཅིང་གནས་བཞིར་གཏོར། དབང་དོན་ངོ་སྤྲོད་རྟོགས་པ་བརྗོད། དེ་ནས་གསང་བའི་དབང་བསྐུར་ནི། །བླ་མའི་མགྲིན་པའི་ཨཱཿདམར་ལས། །འོད་འཕྲོས་སྔགས་ཕྲེང་དཔག་མེད་འཕྲོས། །མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་བའི་དབང་བསྐུར་ཐོབ་པར་དམིགས། །ཨཱཿཡི་གླུ་དབྱངས་སྒྲོགས་པ་དང༌། ཱབྷནྡྷའི་བདུད་རྩི་སྦྱིན་བྱས་ཏེ། ཨཱཿ རང་བྱུང་བྷནྡྷའི་སྣོད་ནང་དུ། །བླ་མ་ཡབ་ཡུམ་སྙོམས་ཞུགས་པའི། །བྱང་སེམས་བདུད་རྩིའི་རྒྱུན་དབང་བསྐུར། །ངག་རླུང་དབུ་མར་ཐིམ་པར་ཤོག །བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཞེས་མྱོང་བདེ་སྟོང་ངང་ལ་བཞག །དོན་ངོ་སྤྲོད་ཅིང་རྟོགས་པ་བསྐྱེད། །ཤེར་དབང་ཕོ་ཉའི་དབང་ཆོག་ནི། བླ་མའི་ཐུགས་ཀའི་ཧཱུྃ་སྔོན་ལས། །འོད་སྔོན་ཕྱག་མཚན་ཚོགས་སྤྲོས་པས། །སློབ་མའི་སྙིང་གར་ཐིམ་པ་དང༌། །ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ། །དམ་ཚིག་ཕྱག་རྒྱའི་རྟེན་མཚོན་པར། །མེ་ལོང་སྔགས་ཀྱིས་བརྒྱན་པ་གཏད། །ཧཱུྃ་གི་གླུ་དབྱངས་སྒྲོགས་པ་དང༌། ཨེ་མ་ཧོཿམཆོག་ཏུ་བདེ་བ་ཆེ། །བདེ་བ་འདི་ནི་རྨད་དུ་བྱུང༌། །སངས་རྒྱས་ཀུན་གྱིས་དགྱེས་རོལ་པའི། །བདེ་མཆོག་ཐར་པ་སྤྱོད་པར་གྱིས། །ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་ཧོཿ ཨ་ནུ་རཱ་ག་ཡ་མི། ཛཿཧཱུྃ་བྃ་ཧོཿ ཛྙཱ་ན་བཛྲ་མ་ཧཱ་སུ་ཁ་ཨཏྨ་ཀོ྅ཧྃཿ ཞེས་བརྗོད་བདེ་བའི་ཡེ་ཤེས་བསྐྱངས། །དོན་ངོ་སྤྲོད་ཅིང་དག་པ་བརྗོད། །དེ་ནས་བཞི་པའི་དབང་བསྐུར་སྦྱིན། བླ་མའི་ལྟེ་བའི་ཧོཿཡིག་ལས། །འོད་ཟེར་སེར་པོ་གསེར་མདོག་དང༌། །བཻཌཱུརྻ་མདོག་ནོར་བུ་སྤྲོས། །སློབ་མའི་ལྟེ་བར་ཐིམ་པ་དང༌། །བཞི་པའི་དབང་ཐོབ་སྒྲིབ་དག་དམིགས། ཧོཿཡིས་གླུ་ལེན་མན་ཤེལ་ཐོགས། ཧོཿ ཤིན་ཏུ་རྣམ་པར་དག་པ་ཡི། །ཡེ་ཤེས་མཆོག་གིས་ཀུན་ཏུ་ཁྱབ། །མཚན་མཆོག་བརྗོད་པ་ལས་འདས་པའི། །རང་བྱུང་ཡེ་ཤེས་ངོ་མཚར་ཆེ། །དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཏི་ཧོཿ དབྱིངས་རིག་དབྱེར་མེད་ངང་དུ་བཞག །དེ་ནས་རིག་པ་རྩལ་གྱི་དབང༌། སློབ་དཔོན་དགོངས་པ་མི་གཡོའི་ངང༌། །ཐུགས་ཀར་ཨ་ཡིག་གསལ་བ་ལ། །སློབ་མ་རྟོག་པ་ཐམས་ཅད་སྤངས། །རིག་པ་དེ་ལ་གཏད་པ་དང༌། །ཨ་ཞེས་དགོངས་པའི་དྲོད་བསྐྱེད་དོ། །ཕཊ྄་ཀྱིས་རིག་པའི་རྩལ་ཆེན་སྤར། ཨ་ཧོཿ སངས་རྒྱས་ཀུན་གྱི་གསང་བ་ཆེ། །རང་བྱུང་རིག་པ་ལྷུན་གྱིས་གྲུབ། །འོད་གསལ་ཆེན་པོའི་དགོངས་པ་ལ། །མི་གཡོ་རྟག་ཏུ་མཉམ་པར་སྤྱོད། །ཨ་ལ་ལ་ཧོཿ ཞེས་བརྗོད་ལྟ་སྟངས་དབྱིངས་ལ་གཟིར། དོན་ངོ་སྤྲོད་ཅིང་རྟོགས་པ་བརྗོད། རྗེས་ལ་དམ་ཚིག་རྒྱ་ཡིས་གདབ། ཧོཿ འདི་ནི་གསང་བ་ཆེན་པོ་སྟེ། །གསང་བ་གཞན་ལ་སྨྲ་མི་བྱ། །འདས་ན་དམ་ཚིག་ཉམས་འགྱུར་ཞིང༌། །བསྒྲུབས་པས་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་བསྒྲགས་དམ་ཚིག་ཁས་བླངས་སོགས། །དབང་རྗེས་རིམ་པ་སྤྱི་ལྟར་བྱ། ས་མ་ཡཿ ཞེས་པའང་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་དང༌། ཌཱ་ཀི་ཚེ་རིང་ཆོས་སྒྲོན། སྤར་སྐོས་ཆོས་འཕེལ་སོགས་ཀྱིས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བས་རྐྱེན་བྱས་ཏེ་ཤིང་ལུགས་ས་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་ཤར་མར་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་རང་སློབ་བློ་གྲོས་མཆོག་ལྡན་གྱིས་བགྱིས་པ་འདི་ཡང་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལམ།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
<headertabs/> | |||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-02-KHA]] | [[Category:DKR-KABUM-Volume-02-KHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 08:00, 1 June 2024
🚧 This website is under continued development. We appreciate your patience!
Wylie title | zab lam snying thig gsal sgron gyi dbang chog bdud rtsi'i bum bzang | |
---|---|---|
Location | dil mgo mkhyen brtse bka' 'bum Volume 2, Text 40, Pages 208-211 (Folios 1a to 4a4) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Associated People | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros) | |
Citation | 'jam dbyangs mkhyen brtse chos kyi blo gros. Zab lam snying thig gsal sgron gyi dbang chog bdud rtsi'i bum bzang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 208-211. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur · Guru Yoga Texts - bla ma'i rnal 'byor | |
Cycle | ཟབ་ལམ་སྙིང་ཐིག་གསལ་སྒྲོན་ (zab lam snying thig gsal sgron) | |
Recension Link | Other Versions on this site: ཟབ་ལམ་སྙིང་ཐིག་གསལ་སྒྲོན་གྱི་དབང་ཆོག་བདུད་རྩིའི་བུམ་བཟང་། |