DKR-KABUM-17-TSA-025: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-17-TSA-025
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=
|fulltitle=
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: . Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Khyentse, Dilgo
|sourceauthor=
|sourceauthortib=
|associatedpeople=
|associatedpeopletib=
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|dkroutline=Six
|language=Tibetan
|language=Tibetan
|pagestatus=Temporary stub only
|deity=
|volumenumber=TSA
|cycle=rang byung pad+ma snying thig
|cycletib=རང་བྱུང་པདྨ་སྙིང་ཐིག་
|parentcycle=
|parentcycletib=
|volumenumber=017
|volnumtib=༡༧
|volyigtib=ཙ་
|totalvolumes=25
|beginfolioline=1a
|rectonotes=
|versonotes=rang byung pad+ma snying thig
|textnuminvol=025
|textnuminvol=025
|pdflink=File:DKR-KABUM-17-TSA-025.pdf
|pdflink=File:DKR-KABUM-17-TSA-025.pdf

Revision as of 15:28, 7 December 2022

Wylie title ' DKR-KABUM-17-TSA-025.pdf
Location dil mgo mkhyen brtse bka' 'bum
Volume 17, Text 25, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig)
[edit]
སྐྱ རང་བྱུང་པདྨའི་སྙིང་ཐིག་ལས༔ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས་གདུག་ཅན་མཐར་བྱེད་རྡོ་རྗེའི་གོ་ཆ་བཞུགས༔


སྐྱ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཤིན་ཏུ་རྣམ་དག་ཡེ་ཤེས་དབྱིངས༔ རང་བྱུང་ཐུགས་རྗེས་ཁྲོས་པ་ལས༔ མཐར་བྱེད་པདྨ་ཧེ་རུ་ཀ༔ རྡོ་རྗེ་ཁྲོ་བོའི་སྒྲུབ་ཐབས་བསྟན༔ ཧཱུྃ་ཧཱུྃ་ཧཱུྃ༔ དབྱིངས་ཀྱི་ཁྲོ་མཆོག་ཀུན་ཏུ་བཟང༔ འོད་གསལ་ཐུགས་རྗེ་འབར་བའི་སྐུ༔ བདུད་འདུལ་ཁྲོ་རྒྱལ་ཆེན་པོ་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཧཱུྃ་ཧཱུྃ་ཧཱུྃ༔ གནས་ལུགས་མ་རྟོགས་འཁྲུལ་པའི་འགྲོ༔ དུག་ལྔ་རང་རྒྱུད་སྡུག་བསྔལ་གྱིས༔ མནར་བའི་འགྲོ་ཀུན་བསྒྲལ་བའི་ཕྱིར༔ ཁྲོ་རྒྱལ་སྒྲུབ་པར་སེམས་བསྐྱེད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་རིག་ལྷ་ལ་ཕྱག་འཚལ་ལོ༔ བདེ་ཆེན་མཆོད་པ་ཆེན་པོ་འབུལ༔ མཚན་རྟོག་གཟུང་འཛིན་དབྱིངས་སུ་བཤགས༔ ཟབ་གསལ་གཉིས་མེད་རྗེས་ཡི་རང༔ རང་རྩལ་ཆོས་འཁོར་བསྐོར་བར་བསྐུལ༔ འཕོ་མེད་རྟག་པར་བཞུགས་གསོལ་འདེབས༔ གཞན་དོན་རྒྱུན་ཆད་མེད་པར་བསྔོ༔ སྐུ་གསུམ་བླ་མའི་གནས་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ གཟུང་འཛིན་འཁྲུལ་པའི་གདོན་བགེགས་ཀུན༔ ཤར་གྲོལ་རིག་པའི་གཏོར་མ་ལོངས༔ ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ལས༔ ནམ་ཡང་འདའ་བར་མ་བྱེད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ འཁོར་འདས་ཆོས་རྣམས་མ་ལུས་པ༔ གདོད་ནས་འོད་གསལ་འཁོར་ལོར་རྫོགས༔ ལྷ་སྔགས་གཉུག་མའི་ཡེ་ཤེས་ཀྱི༔ སྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱོགས་དུས་སྲས་བཅས་རྒྱལ་བ་ཀུན༔ ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་བཞེངས༔ སྣང་སྲིད་དག་པ་ཆེན་པོ་ཡི༔ རྡོ་རྗེའི་ཡེ་ཤེས་བྱིན་ཆེན་ཕོབ༔ ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་ཀུན་ཁྱབ་མཆོད་པའི་སྤྲིན༔ གཟོད་མ་ཉིད་ནས་ལྷུན་གྱིས་གྲུབ༔ བདེ་ཆེན་གདལ་བ་ཆེན་པོ་ཡི༔ ཀུན་བཟང་རྡོ་རྗེའི་ལོངས་སྤྱོད་ཤར༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀ་དག་དེ་བཞིན་ཉིད་ཀྱི་དབྱིངས༔ ཆོས་སྐུ་འོད་མི་འགྱུར་བའི་ཀློང༔ ལྷུན་གྲུབ་ཐུགས་རྗེའི་ཡེ་གདངས་ལས༔ རིགས་ལྔ་རྒྱལ་བ་གངས་ཆེན་མཚོའི༔ སྐུ་དང་ཞིང་ཁམས་བཀོད་པ་ཆེ༔ ཆོས་ཀྱི་དབྱིངས་དང་མཉམ་པ་ལས༔ རང་སྣང་འོག་མིན་ཨོ་རྒྱན་ཡུལ༔ དྷཱ་ན་ཀོ་ཤའི་རྒྱ་མཚོའི་གླིང༔ ཡིད་འོང་བཀོད་པ་བསམ་མི་ཁྱབ༔ ཡན་ལག་བརྒྱད་ལྡན་བདུད་རྩིའི་མཚོ༔ ཆོས་དབྱིངས་རྣམ་ཐར་གསུམ་དུ་རྫོགས༔ དབུས་སུ་རང་བྱུང་པདྨའི་སྡོང༔ ཁ་དོག་ལྔ་ལྡན་ཡལ་འདབ་རྒྱས༔ ཟེའུ་འབྲུར་ཉི་ཟླས་མཚན་པའི་སྟེང༔ རྒྱུ་རྐྱེན་ལས་འདས་ཡི་གེ་ཧྲཱིཿ དཀར་གསལ་འོད་ཀྱི་ཕུང་པོར་ཤར༔ ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང༔ དཀར་དམར་ཁྱེའུ་གཞོན་ནུའི་ཚུལ༔ མཛེས་སྡུག་མཚན་དཔེའི་གཟི་བྱིན་འབར༔ སྐུ་ལ་གསང་ཕོད་ཆོས་གོས་གསུམ༔ ཟ་འོག་བེར་སྨུག་བརྗིད་པར་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཕྱར༔ ས་གསུམ་འཇིག་རྟེན་ཟིལ་གྱིས་གནོན༔ གཡོན་པ་མཉམ་བཞག་ཀ་པཱ་ལ༔ ཚེ་བུམ་བདུད་རྩིས་བཀང་བ་རུ༔ འཆི་མེད་ཡེ་ཤེས་ཌཱ་ཀི་ནིས༔ འཁོར་འདས་སྲིད་ཞིའི་ཚེ་བཅུད་འབེབས༔ ཞབས་ཟུང་རྒྱལ་པོ་རོལ་སྟབས་ཀྱིས༔ ས་གསུམ་དྲེགས་ཚོགས་རུ་ཏྲ་མནན༔ དབུ་སྐྲ་མཐོན་མཐིང་སྐུ་རྒྱབ་འཕྱང༔ ཤེའུའི་སྙན་ཞུ་བརྗིད་པར་གསོལ༔ མཆན་ཁུང་གཡོན་ན་ཁ་ཊྭཱྃ་ག༔ ཤེས་རབ་ཡུམ་གྱི་ཕྱག་རྒྱར་རྫོགས༔ སྐུ་ལས་སྐྱེས་པའི་ཡེ་ཤེས་འོད༔ འཇའ་ཟེར་ཐིག་ལེའི་དྲྭ་བར་འཁྱིལ༔ ཕྱི་ལྟར་དཀོན་མཆོག་ཀུན་འདུས་དངོས༔ ནང་དུ་རྩ་གསུམ་རྒྱ་མཚོའི་བདག༔ སྐུ་གསུམ་ཕྱོགས་དུས་རྒྱལ་བ་ཡི༔ ཡེ་ཤེས་སྤྱི་གཟུགས་ཐོད་ཕྲེང་རྩལ༔ རེ་ལྟོས་སྐྱབས་ཀུན་འདུས་པར་གསལ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ཡིས༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས༔ ཡེ་ཤེས་འཁོར་ལོ་མ་ལུས་པ༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་རྩ་གསུམ་རྒྱ་མཚོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས༔ ཕྱོགས་དུས་སྐྱབས་གནས་མ་ལུས་པ༔ རྡོ་རྗེ་ཐོད་ཕྲེང་རྩལ་ཆེན་པོའི༔ སྐུ་སྔགས་ཕྱག་མཚན་རྣམ་པ་ཡི༔ ནམ་མཁའ་བར་སྣང་ས་གཞིའི་ཁྱོན༔ ཁ་བ་བུ་ཡུག་བཞིན་དུ་འཚུབས༔ བདག་ཐིམ་བྱིན་རླབས་གཟི་བྱིན་འབར༔ དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག༔ ལམ་བཞིས་རྒྱུད་སྨིན་སྐུ་བཞིའི་དབྱིངས༔ རང་བྱུང་པདྨའི་གསང་གསུམ་དང༔ གཉིས་སུ་མེད་པར་བྱིན་རླབས་གྱུར༔ རྡོ་རྗེའི་ཚིག་བདུན་གསོལ་འདེབས་དང༔ ཐོད་ཕྲེང་རྩལ་གྱི་ཛཔ་དབྱངས་བྱ༔ མོས་གུས་དྲག་པོས་ཐུགས་རྒྱུད་བསྐུལ༔ རེ་ལྟོས་བླ་མར་ཁོ་ཐག་བཅད༔ ཡིད་ཆེས་དད་པས་གསོལ་འདེབས་བྱ༔ དངོས་ཉམས་རྨི་ལམ་བྱིན་རླབས་རྟགས༔ མཐོང་བར་ངེས་སོ་ས་མ་ཡ༔ དེ་ནི་བླ་མར་བསྙེན་པ་སྟེ༔ ཕྱི་ལྟར་ཞི་བར་སྒྲུབ་པའོ༔ ས་མ་ཡ༔ ཚིག་བདུན་ལན་གསུམ་བསྐུལ་བྱས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ གནམ་ས་བར་སྣང་ཀུན་ཁྱབ་པའི༔ རྩ་གསུམ་ལྷ་ཚོགས་བདག་ལ་ཐིམ༔ བདག་ཉིད་འོད་གསལ་དབྱིངས་སུ་ཡལ༔ སྐད་ཅིག་ཡེ་ཤེས་རོལ་པའི་ཞིང༔ ཕྱི་སྣོད་དབང་དྲག་དུར་ཁྲོད་ཆེ༔ རྡོ་རྗེའི་བྲག་གིས་ཀུན་ནས་བསྐོར༔ རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས༔ དུག་གི་མེ་རླུང་སྤྲིན་གྱིས་ཁྱབ༔ གནམ་ལྕགས་ཐོག་གི་ཟེར་མ་འཁྲུགས༔ དཔའ་བོ་ཌཱ་ཀིས་བཤུག་གླུ་ལེན༔ གིང་ལང་དབང་ཕྱུག་ཕོ་ཉར་འགྱེད༔ ལས་བྱེད་ཡཀྴ་སྐར་ལྟར་འཁྱུགས༔ བདུད་བཞི་དྲེགས་པ་བསྣོལ་བའི་སྟེང༔ གནམ་ལྕགས་ཙཀྲ་རྩིབས་བརྒྱད་འབར༔ ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ དབུས་སུ་གྲུ་གསུམ་ཨེ་ཡི་ཀློང༔ རྡོ་རྗེ་བྲག་ཆེན་བརྩེགས་པའི་ཁྲིར༔ བདུད་བཞི་པདྨ་ཉི་མའི་སྟེང༔ རྒྱལ་བསེན་ཕོ་མོ་བསྣོལ་བའི་དབུས༔ ཡེ་ཤེས་སོ་སོར་ཀུན་ཏུ་རྟོག༔ ཧཱུྃ་ཆེན་བསྐལ་པའི་མེ་ལྟར་འབར༔ སྤྲོ་བསྡུས་རྒྱལ་ཀུན་བྱིན་ནུས་བསྡུས༔ གདུག་པའི་སེམས་ཅན་ཐམས་ཅད་བསྒྲལ༔ སྣོད་བཅུད་དག་པའི་འཁོར་ལོར་སད༔ ཡོངས་གྱུར་རྡོ་རྗེ་རྩེ་དགུར་གྱུར༔ དེ་ཉིད་གནས་གྱུར་སྐད་ཅིག་གི༔ རང་བྱུང་པདྨ་ཧེ་རུ་ཀ༔ རིག་འཛིན་བླ་མ་དྲག་པོའི་སྐུ༔ འཆོལ་བའི་ཁྲོ་རྒྱལ་གྲོ་བོ་ལོད༔ དམར་ནག་རྔམས་པའི་གཟི་བྱིན་ཅན༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིར༔ སྨར་སྨིན་བསྐལ་པའི་མེ་ལྟར་འབར༔ དབུ་སྐྲ་ཁམ་ནག་འཁྱིལ་ཞིང་འཁྲུགས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཨམ་གཙིགས་མཆེ་བ་དྲག་ཏུ་གཙིགས༔ སྙན་ཆ་དུང་གི་ཝང་མིག་འཁྱིལ༔ སྐུ་ལ་རྡོ་རྗེའི་གསང་གོས་དཀར༔ བེར་ཕོད་མཐིང་ནག་ལྷུབས་སུ་བཀླུབས༔ དམར་སེར་ཆོས་གོས་རླུང་གིས་གཡེངས༔ མགོ་ཕྲེང་ཚར་གསུམ་རུས་རྒྱན་བརྗིད༔ ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས༔ སྟག་མོ་གྲུས་མ་ཁྲོས་སྟེང་འགྱིང༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་འཕྱར༔ ཧཱུྃ་ཕཊ྄་རཾ་གྱི་ཚྭ་ཚྭ་འཕྲོ༔ གཡོན་པས་གནམ་ལྕགས་ཕུར་བུ་འདྲིལ༔ ཕུར་ཐུན་འཕྲོ་བས་དམ་སྲི་བསྒྲལ༔ སྡིགས་མཛུབ་རྩེ་ལས་ལྕགས་སྡིག་འགྱེད༔ རྒྱལ་བསེན་གསར་སྐྱེས་འབྱུང་པོ་བསྒྲལ༔ སྤྱི་གཙུག་རྡོ་རྗེའི་བྱ་ཁྱུང་ལྡིང༔ སྡེ་བརྒྱད་དྲེགས་པ་ཟིལ་གྱིས་གནོན༔ རིགས་ཀྱི་བདག་པོ་སྣང་མཐའ་ཡས༔ མཉམ་གཞག་སྐྱིལ་ཀྲུང་སྤྲུལ་སྐུའི་ཆས༔ སྐུ་ལས་ཧཱུྃ་རཾ་ཕཊ྄་བྷྱོ་ཡི༔ ཚྭ་ཚྭ་འཕྲོ་བས་ཕྱོགས་ཀུན་ཁྱབ༔ སྣོད་བཅུད་འཇིག་རྟེན་གཡོ་ཞིང་བརྡེག༔ ཧཱུྃ་སྒྲ་དྲག་པོས་སྟོང་གསུམ་འགེངས༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་འཁོར་ལོ་བསྣམས༔ མགྲིན་པར་དབང་ཆེན་རྟ་ཡི་རྒྱལ༔ པདྨའི་དབྱུག་ཏོ་དུང་ཁྲག་བསྣམས༔ ཐུགས་ཀར་གསང་བདག་ནམ་མཁའི་མདོག༔ རྡོ་རྗེ་སྡིགས་མཛུབ་ཐུགས་ཀར་གཏོད༔ ལྟེ་བར་དབྱིངས་ཕྱུག་མཁའ་འགྲོ་དམར༔ རང་རྟགས་གྲི་གུག་ཐོད་ཁྲག་བསྣམས༔ གསང་གནས་མེ་དབལ་དུད་ཁའི་མདོག༔ རྡོ་རྗེའི་ཐོ་བ་ལྕགས་ཀྱུ་བསྣམས༔ སྐུ་ཡི་གནས་བཅུར་ཁྲོ་རྒྱལ་བཅུ༔ ཕྱག་གཉིས་རྡོ་རྗེ་ཕུར་པ་འདྲིལ༔ སྐུ་སྨད་ཟུར་གསུམ་དབལ་རྣོན་པོས༔ ཕྱོགས་བཅུའི་གདོན་གྱི་སྙིང་གར་གཟིར༔ པདྨ་ཉི་མ་བདུད་བཞིའི་སྟེང༔ སྐུ་ཡི་ཁྲོ་རྒྱལ་ལྷ་ཚོགས་བསྒོམ༔ ཤར་དུ་ཡང་དག་ཧཱུྃ་ཀཱ་ར༔ ལྷོ་རུ་འཇམ་དཔལ་མཉྫུ་ཤྲཱི༔ ནུབ་ཏུ་དབང་ཆེན་ནཱ་གརྫུ༔ བྱང་དུ་ཕུར་པ་པྲ་བྷ་ཧ༔ ཤར་ལྷོར་མངོན་རྫོགས་དྷཱ་ན་སཾ༔ ལྷོ་ནུབ་ཆེ་མཆོག་བི་མ་ལ༔ ནུབ་བྱང་དྲེགས་འདུལ་རོམ་བུ་གུ༔ བྱང་ཤར་དྲག་སྔགས་ཤིནྟཾ་གྷར༔ ཕྱོགས་བཞིའི་ཁྲོ་རྒྱལ་རིགས་བཞིའི་མདོག༔ མཚམས་བཞི་དམར་ནག་མེ་ལྟར་འབར༔ ཕྱོགས་མཚམས་གནམ་ལྕགས་རྩིབས་བརྒྱད་སྟེང༔ པདྨ་ཉི་མ་སྡེ་བརྒྱད་དང༔ རྒྱལ་བསེན་བསྣོལ་བའི་གདན་ལ་འགྱིང༔ གཙོ་དང་ཕྱོགས་མཚམས་ཁྲོ་རྒྱལ་གྱི༔ མདུན་དུ་སྤྲུལ་པའི་ཕོ་ཉའི་ཚུལ༔ རྗེ་འབངས་སྙིང་གི་བུ་དགུ་པོ༔ ལས་བྱེད་འཆོལ་བའི་ཁྲོ་རྒྱལ་ཆེ༔ སྐར་ལྟར་འཕྲོ་ཞིང་སེར་ལྟར་འབེབས༔ སྟེང་གི་ནམ་མཁར་རིགས་མཆོག་ལྔ༔ ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་ཚུལ༔ ཁྲོ་འཛུམ་ལོངས་སྐུ་ཞི་མ་ཁྲོ༔ བེར་ཕོད་རུས་པ་རིན་ཆེན་བརྒྱན༔ གཡས་པས་རང་རྟགས་གཡོན་བྷཉྫ༔ རང་འོད་ཡུམ་དང་གཉིས་མེད་པར༔ པད་ཟླ་འོད་ཀྱི་ཐིག་ལེར་འགྱིང༔ མེ་རླུང་ནང་དུ་ལས་བྱེད་ཀྱི༔ ཆོས་སྲུང་དམ་ཅན་སྤྲིན་ལྟར་འཁྲིགས༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་ལྷ༔ རིག་འཛིན་བླ་མའི་དཀྱིལ་འཁོར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཿ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུའི་ཞིང་དུ་སྣང་མཐའ་ཡས༔ རང་བྱུང་ལོངས་སྐུ་ཐུགས་རྗེའི་གཏེར༔ སྤྲུལ་སྐུ་ཆེ་མཆོག་ཐོད་ཕྲེང་རྩལ༔ འཆོལ་བའི་ཁྲོ་རྒྱལ་གྲོ་བོ་ལོད༔ སྤྱི་དཔལ་ཆེན་པོ་དབྱིངས་ནས་བཞེངས༔ རྡོ་རྗེའི་སྐུ་ཡིས་ས་གསུམ་གཡོ༔ གྲགས་སྟོང་གསུང་གིས་སྲིད་གསུམ་བསྔངས༔ རིག་སྟོང་ཐུགས་ཀྱིས་འཁོར་འདས་ཁྱབ༔ ཡོན་ཏན་སངས་རྒྱས་ཀུན་དང་མཉམ༔ ཕྲིན་ལས་སྙིགས་མའི་འགྲོ་ལ་མྱུར༔ སྔོན་གྱི་ཞལ་བཞེས་དམ་བཅས་བཞིན༔ གདུལ་དཀའ་འདུལ་བའི་དུས་ལ་བབས༔ ད་ལྟ་སྙིགས་མ་ལྔ་ཡི་དུས༔ འགྲོ་ཀུན་ཉོན་མོངས་དུག་ལྔ་རགས༔ འདྲེ་གདོན་བགེགས་ཀྱི་བར་དུ་གཅོད༔ ནད་མུག་མཚོན་གྱི་བསྐལ་པ་ལྡང༔ སེམས་ཅན་སྡུག་བསྔལ་ཉམས་ཐག་པར༔ ཐུགས་རྗེས་གཟིགས་པའི་དུས་ལ་བབ༔ རྡོ་རྗེའི་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་སརྦ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཧཱུྃ་ཧཱུྃ་ཧཱུྃ༔ དབྱིངས་ནས་ཡེ་ཤེས་ཕྱག་རྒྱའི་གཟུགས༔ སྤྲུལ་པའི་དམ་ཚིག་དཀྱིལ་འཁོར་དང༔ གདོད་ནས་གཉིས་སུ་མེད་པའི་ངང༔ འདུ་འབྲལ་མེད་པར་རྟག་བཞུགས་གསོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐྱེ་འགག་གཉིས་མེད་སྐུ་གསུམ་ཀློང༔ ཕྱོགས་དུས་རྩ་གསུམ་ཁྱབ་བདག་ཆེ༔ སྐྱབས་གནས་ཀུན་འདུས་བླ་མ་ལྷར༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ན་མོ་ན་མ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་རང་བྱུང་བདེ་བ་ཆེ༔ ཀུན་བཟང་རྡོ་རྗེའི་མཆོད་པའི་སྤྲིན༔ བདག་རྟོག་རུ་ཏྲ་བསྒྲལ་བ་ལས༔ ཁྲག་འཐུང་དགྱེས་པའི་ལོངས་སྤྱོད་ཆེ༔ དུར་ཁྲོད་རྔམ་པའི་དམ་ཚིག་རྫས༔ འབར་ཁྲོ་བརྗིད་པའི་བརྟུལ་ཞུགས་རྒྱན༔ ལྷུན་གྱིས་གྲུབ་པའི་འདོད་ཡོན་ལྔ༔ སྨན་གཏོར་རཀྟའི་དམ་ཚིག་རྫས༔ རྡོ་རྗེའི་ཏན་གན་བླ་ན་མེད༔ གཉིས་མེད་མཉམ་པ་ཆེན་པོ་ཡི༔ རྟག་ཏུ་མཆོད་ཅིང་མཉེས་པར་བགྱི༔ ཨོཾ་ཨཱཿཧཱུྃ་པདྨ་ཀྲོ་དྷ་དེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ས་པཱ་རི་ཝ་ར་རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་ཨཱཿཧཱུྃ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བཛྲ་ཏ་ན་ག་ན་པཱུ་ཛ་ཧོཿ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་སྤྲོས་མཚན་བྲལ་བའི་དབྱིངས༔ འོད་གསལ་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་འགྲོ་འདུལ་ཕྲིན་ལས་ཅན༔ སྐུ་གསུམ་བླ་མར་ཕྱག་འཚལ་བསྟོད༔ བྱིན་རླབས་ཐུགས་རྗེའི་སྣང་བས་གདལ༔ རིགས་ལྔ་བདེ་གཤེགས་ཞི་ཁྲོའི་ཚུལ༔ ཕྲིན་ལས་གནས་གསུམ་ཌཱ་ཀིའི་དལ༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་བསྟོད༔ ཕྱོགས་དུས་སྲས་བཅས་རྒྱལ་བ་དངོས༔ ལུང་རྟོགས་ཡོན་ཏན་ཕ་མཐར་སོན༔ ཉན་རང་བྱང་སེམས་འགྲོ་ཀུན་མགོན༔ སྲིད་ཞིའི་དཔལ་དུ་གྱུར་ལ་བསྟོད༔ ཁྱད་པར་གདུལ་དཀའ་མ་རུང་པའི༔ གདུལ་བྱ་སྒྲོལ་ཕྱིར་ཐུགས་རྗེའི་གཟུགས༔ བྱིན་རླབས་དངོས་གྲུབ་ཐོགས་མེད་སྩོལ༔ འཆོལ་བའི་ཁྲོ་རྒྱལ་ཆེ་ལ་བསྟོད༔ ཡེ་ཤེས་ཀློང་དགུའི་ཆོ་འཕྲུལ་ལས༔ ཚོགས་བརྒྱད་དབྱིངས་གྲོལ་ཧེ་རུ་ཀ༔ རིག་འཛིན་སྒྲུབ་སྡེ་ཆེན་པོ་བརྒྱད༔ ཐུགས་རྗེ་རྩལ་འཆང་ཀུན་ལ་བསྟོད༔ ཡེ་ཤེས་གཅིག་གི་རོལ་པ་ལས༔ མ་འགག་གཙོ་དང་འཁོར་གྱི་ཚུལ༔ དུ་མར་སྣང་ཡང་ངོ་བོ་གཅིག༔ དགོངས་པ་གཉིས་མེད་ཆེན་པོར་བསྟོད༔ བསྟོད་བྱ་བསྟོད་བྱེད་ལས་འདས་ཀྱང༔ ཀུན་རྫོབ་སྒྱུ་མའི་ཆོ་འཕྲུལ་གྱིས༔ གཉིས་མེད་མཉམ་པར་གུས་བསྟོད་ན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་བླ་མའི་ཐུགས་ཀ་རུ༔ གུ་རུ་ཞི་བ་རྡོ་རྗེ་འཆང༔ ནམ་མཁའི་མདོག་ཅན་ཡུམ་དང་སྦྱོར༔ རྡོ་རྗེ་དྲིལ་བསྣོལ་སྐྱིལ་ཀྲུང་ཅན༔ ཚོན་གང་པད་ཟླའི་གདན་ལ་འགྱིང༔ ཙིཏྟ་མཆོང་གུར་སྨུག་པོའི་དབུས༔ འོད་ལྔ་ཐིག་ལེ་ཟླུམ་འཁྱིལ་ཀློང༔ ཧཱུྃ་ཡིག་མཐིང་ནག་བཀྲག་ཏུ་འཚེར༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སུ༔ གདོད་ནས་འདུས་མ་བྱས་པར་རྫོགས༔ དབྱིངས་ཀྱི་ཡི་གེ་ཐུགས་སྲོག་ཧཱུྃ༔ རང་རིག་བླ་མར་གཉིས་སུ་མེད༔ འཕེལ་འགྲིབ་མེད་པའི་ཡེ་ཤེས་ཛཔ༔ རང་ངོ་ཤེས་པའི་ངང་ནས་བཟླ༔ ཧཱུྃ་ཧཱུྃ་ཧཱུྃ༔ རླུང་རིག་ཧཱུྃ་གསུམ་དབྱེར་མེད་པ༔ མི་རྟོག་ཆོས་སྐུའི་དགོངས་པ་བསྐྱང༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་གཙོ་འཁོར་ཐམས་ཅད་ཀྱི༔ ཐུགས་དབུས་དཔལ་ཆེན་སྒྲུབ་སྡེ་བརྒྱད༔ ཕྲ་ལ་བརྟགས་དཀའ་འོད་ཀྱི་སྐུའི༔ ཐུགས་ཀློང་རང་མདོག་ཧཱུྃ་གིས་མཚན༔ སྤྲོ་བསྡུའི་འོད་ཀྱིས་སྣང་སྲིད་འགུལ༔ སྣོད་བཅུད་ཡོམ་ཡོམ་ཤིག་ཤིག་རྡེག༔ དངོས་འཛིན་མཚན་མའི་རྟོག་པ་བཤིག༔ དག་པ་ཡེ་ཤེས་ཕྱག་རྒྱར་ཤར༔ སྣང་བ་རྡོ་རྗེ་རྟག་པའི་རྒྱལ༔ འཇམ་དཔལ་ཟིལ་གནོན་ཕྱག་རྒྱར་ཤར༔ སྒྲ་གྲགས་མ་ཆགས་པདྨའི་གསུང༔ དབང་ཆེན་རྟ་གདོང་རྔམ་བཞད་འཚེར༔ དྲན་རྟོག་འོད་གསལ་ཆོས་ཀྱི་དབྱིངས༔ ཡང་དག་གྲུབ་པ་ཕྱག་རྒྱ་ཆེ༔ སྲིད་ཞི་ཡོན་ཏན་ཆེ་བའི་མཆོག༔ རྡོ་རྗེ་ཉི་མ་རིན་ཆེན་འབྱུང༔ བྱ་བྱེད་ལས་ཀུན་ཀཱི་ལ་ཡ༔ ཕྲིན་ལས་དོན་ཡོད་གྲུབ་པའི་ཚུལ༔ རྩ་རླུང་ཐིག་ལེ་མངོན་རྫོགས་རྒྱལ༔ ཉོན་མོངས་དྲེགས་འདུལ་སྟོབས་པོ་ཆེ༔ རྡོ་རྗེ་ཡེ་ཤེས་རྔམ་པའི་སྤྲིན༔ འཁོར་འདས་སྣང་སྲིད་མ་ལུས་པ༔ དྲག་པོ་སྔགས་ཀྱི་དཀྱིལ་འཁོར་དུ༔ གདོད་ནས་སྐྱེ་འགག་བྲལ་བའི་གནས༔ རང་བྱུང་ཁྲག་འཐུང་ཆེན་པོ་ཡི༔ རྡོ་རྗེའི་གསང་བ་གསུམ་དུ་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་གི་བཟླས་པ་ནི༔ འཇམ་མཉེན་རྔམ་བརྗིད་བཞད་ཆགས་གཏུམ༔ ལས་བཞིའི་སྒྲ་དང་ལྡན་པར་བཟླ༔ བརྟན་གཡོ་སྣང་གྲགས་རིག་པའི་ཆོས༔ ལྷ་སྔགས་ཆོས་སྐུའི་རོལ་པར་བལྟ༔ རྣམ་པ་མ་འགག་ཆུ་ཟླ་བཞིན༔ ངོ་བོ་ཡེ་ཤེས་སྲོག་དང་ལྡན༔ གཅིག་དང་དུ་མ་ལས་འདས་པའི༔ དགོངས་པ་མི་འགྱུར་གཟེར་གྱིས་གདབ༔ དེ་ནི་བླ་མ་ཡི་དམ་གྱི༔ བྱིན་རླབས་དགོངས་པའི་རྩལ་བསྐྱེད་པས༔ མཆོག་ཐུན་དངོས་གྲུབ་ཀུན་གྱི་གནས༔ ནང་ལྟར་སྒྲུབ་པའི་རིམ་པའོ༔ ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་དཔྲལ་བའི་གཤིན་རྗེ་ལས༔ ཧཱུྃ་དཀར་སྤྲོས་པས་བརྟན་གཡོ་ཁྱབ༔ སྣོད་བཅུད་ཐ་མལ་ཞེན་རྟོག་སྦྱང༔ ལུས་ཀྱི་ནད་གདོན་བར་ཆད་བསལ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཇམ་པའི་དཔལ་དང་གཉིས་མེད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ མགྲིན་པའི་རྟ་མགྲིན་ཐུགས་སྲོག་ལས༔ ཧཱུྃ་དམར་སྤྲོས་པས་ཞིང་ཀུན་ཁྱབ༔ ཐ་མལ་སྒྲ་ཚིག་ཞེན་རྟོག་སྦྱང༔ ངག་གི་ནད་གདོན་བར་ཆད་བསལ༔ རྒྱལ་ཀུན་གསུང་གི་རྡོ་རྗེ་ཆེ༔ གར་དབང་པདྨའི་ལྗགས་ཐོབ་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་བདག་ཐུགས་ལས་ཧཱུྃ་མཐིང་འཕྲོས༔ སྲིད་ཞིའི་ཁྱོན་ཀུན་ཁྱབ་པར་གདལ༔ གཟུང་འཛིན་ཐ་མལ་འཁྲུལ་རྟོག་སྦྱང༔ ཡིད་ཀྱི་ནད་གདོན་བར་ཆད་བསལ༔ ཡེ་ཤེས་གསང་བ་རྨད་བྱུང་བ༔ རྡོ་རྗེ་ཅན་གྱི་གནས་ཐོབ་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྟེ་བའི་དབྱིངས་ཕྱུག་རིགས་ལྔ་ལས༔ ཡེ་ཤེས་ལྔ་ལྡན་ཧཱུྃ་ལྔ་འཕྲོས༔ བདེ་སྟོང་ཆོ་འཕྲུལ་རྨད་བྱུང་བའི༔ རྒྱལ་ཀུན་ཡོན་ཏན་དཔལ་ཀུན་བསྡུས༔ སྣོད་བཅུད་རྒྱུད་གསུམ་ཞེན་འཁྲུལ་སྦྱངས༔ སྐུ་གསུང་ཐུགས་གསུམ་མི་ཕྱེད་པ༔ ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་གནས་མེ་དབལ་ཐུགས་ལས་ཧཱུྃ༔ རྡོ་རྗེའི་མེ་ཟེར་འཕྲོ་བ་སྤྲོས༔ རབ་འབྱམས་ཞིང་ཀུན་ཤིག་ཤིག་གཡོས༔ རྩ་གསུམ་ལྷ་ཡི་བྱིན་རླབས་བསྐུལ༔ སྣང་སྲིད་དྲེགས་ཚོགས་འདར་ཞིང་བསྔངས༔ མ་མོ་མཁའ་འགྲོ་ལས་ལ་འགྱེད༔ ཆོས་སྐྱོང་དམ་ཅན་དཔའ་རྩལ་བསྐྱེད༔ ནག་ཕྱོགས་འབྱུང་པོ་ཟིལ་གྱིས་གནོན༔ རྡོ་རྗེ་ཁྲོས་པའི་ནུས་སྟོབས་ཀྱིས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱག་མཚན་གཡས་ཀྱི་རྡོ་རྗེ་ལས༔ ཧཱུྃ་གི་ཐོག་ཆར་སྟེང་དུ་སྤྲོས༔ གཟའ་དང་རྒྱུ་སྐར་ནད་གདོན་གཞོམ༔ ཡེ་ཤེས་དགོངས་པ་རྩལ་རྫོགས་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ སྤྱི་བོའི་ཁྱུང་ཆེན་ཐུགས་ལས་ཧཱུྃ༔ དཔག་མེད་སྤྲོས་པས་ས་འོག་ཁྱབ༔ ཀླུ་གདོན་གཏད་ཁྲམ་ནུས་པ་བཤིག༔ འོད་གསལ་ཁྱབ་གདལ་དགོངས་པར་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱག་གཡོན་ཕུར་བུ་ལས་སྤྲོས་པའི༔ ཧཱུྃ་གི་བུ་ཡུག་བར་མེད་པས༔ བར་གདོན་སྡེ་བརྒྱད་གནོད་པ་བསལ༔ དབང་བཅུའི་ཡེ་ཤེས་མངོན་དུ་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ སྡིགས་མཛུབ་ལྕགས་སྡིག་ལས་སྤྲོས་ཧཱུྃ༔ རྒྱལ་བསེན་འབྱུང་པོའི་སྟེང་དུ་ཕབ༔ དཔའ་བཀོང་སྲོག་འཕྲོག་དམ་ལ་གཅུན༔ བཀའ་ཡི་བྲན་དུ་བཀོལ་བར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་ཡི་གནས་བཅུའི་ཁྲོ་བོ་ལས༔ ཧཱུྃ་སྤྲོས་སྟེང་འོག་ཕྱོགས་མཚམས་ཁྱབ༔ མི་མཐུན་བར་ཆད་ཀུན་སྲུང་བའི༔ རྡོ་རྗེ་ཧཱུྃ་གི་གུར་དུ་འཁྲིགས༔ ཧཱུྃ་ཧཱུྃ་ཧཱུྃ༔ གཙོ་བོ་ལུས་དཀྱིལ་ལྷ་བཅས་པས༔ ཧཱུྃ་ཆེན་བསྐལ་པའི་མེ་རླུང་སྤྲོས༔ བར་ཆད་གདོན་བགེགས་མི་མཐུན་ཕྱོགས༔ རྩ་སྦུར་རླུང་གིས་བདས་བཞིན་བཟློག༔ ཧཱུྃ་ཧཱུྃ་ཧཱུྃ༔ རྒྱ་སྟག་ལས་སྤྲོས་ཧཱུྃ་ལྕགས་ཀྱུས༔ གདུག་པའི་དགྲ་བགེགས་ཚོགས་ཀུན་བཀུག༔ སྡེར་མོས་གཟིར་ཞིང་མཆེ་བས་གཅུན༔ རྣམ་ཤེས་དབྱིངས་སྤར་བསད་པར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྱུང་ཆེན་རིགས་བདག་སྣང་མཐའ་ལས༔ ཧཱུྃ་དམར་སྤྲོས་པས་ཚེ་བཅུད་བསྡུས༔ ཕྱག་གི་ལྷུང་བཟེད་ལས་བྱུང་བའི༔ བདུད་རྩིའི་རྒྱུན་གྱིས་དབང་བསྐུར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ དོན་དམ་སྤྲོས་མཚན་ལས་འདས་པའི༔ ཆོས་ཉིད་དགོངས་པའི་གདེང་སྐྱེད་ཅིང༔ རིག་རྩལ་ཐུགས་རྗེའི་གདུང་ཤུགས་ནི༔ གདུལ་དཀའི་འགྲོ་ལ་ལྷག་པར་བསྐྱེད༔ རྣམ་པ་གང་འདུལ་ཕྲིན་ལས་ཀྱིས༔ དོན་གཉིས་ཡིད་བཞིན་འགྲུབ་བྱེད་པ༔ ཏིང་འཛིན་ཐུགས་སྲོག་ཧཱུྃ་གཅིག་གིས༔ སྒྲུབ་པའི་ཐབས་ཚུལ་རྨད་བྱུང་བ༔ ལས་བཞིའི་ཕྲིན་ལས་ལྷུན་གྲུབ་པ༔ གསང་སྒྲུབ་ཐུགས་ཀྱི་ཏི་ཀའོ༔ ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ནི་ཡེ་ཤེས་སྲོག་ཆེན་པོ༔ འཁོར་འདས་ཆོས་རྣམས་ཡོངས་ལ་ཁྱབ༔ གང་དུའང་མི་གནས་དུ་མར་སྣང༔ ཐུགས་སྲོག་ཡི་གེ་འབྲུ་གཅིག་པོ༔ ངོ་བོ་ཡེ་ཤེས་སྲོག་དང་ལྡན༔ རྣམ་པ་སྐུ་གསུང་ཐུགས་ཆེན་པོ༔ ཕྱི་ལྟར་གསང་བ་གསུམ་གྱིས་གཟུགས༔ ནང་དུ་བདེ་གསལ་མི་རྟོག་པའི༔ ལྷན་སྐྱེས་ཡེ་ཤེས་དཔྱིད་ཀྱི་ཐིག༔ གཞན་དུ་གསལ་རིག་སྟོང་གསུམ་གྱི༔ སྐུ་གསུམ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ དོན་དེ་རྟོགས་པའི་རྣལ་འབྱོར་པས༔ དུག་ལྔའི་མཚན་རྟོགས་དབྱིངས་སྦྱང་ཕྱིར༔ ཞེ་སྡང་ང་རྒྱལ་རང་རྒྱུད་གཟུགས༔ རྒྱལ་བསེན་དམ་སྲིའི་གནོད་པ་ལྡང༔ སྙིང་རླུང་སྨྱོ་འབོག་བྱུང་བའི་ཚེ༔ གནོད་བྱེད་གདོན་བགེགས་ནད་ཉོན་མོངས༔ ངོ་བོ་མེ་ལོང་ཡེ་ཤེས་ཏེ༔ དོན་ལ་སྐྱེ་འགག་གནས་པ་བྲལ༔ མཁའ་ལྟར་དག་པའི་དགོངས་པར་གནས༔ རྣམ་པ་དག་ཆེན་ཡེ་ཤེས་ལྷ༔ ཐབས་ཀྱི་རྡོ་རྗེ་སྲིན་པོར་ཤར༔ གསལ་སྟོང་རྣམ་པར་མི་རྟོག་པའི༔ ཡེ་ཤེས་ཧཱུྃ་ཆེན་མེ་ལྟར་འབར༔ གནོད་བྱ་གནོད་བྱེད་གཉེན་པོར་བཅས༔ ཆོས་དབྱིངས་ཀློང་དུ་ཡེ་དག་བསམ༔ ཧཱུྃ་གླུ་ལེན་ཞིང་རིག་པས་གཟིར༔ ཁྱད་པར་གང་དུ་ན་བའི་སར༔ ལྷ་སྔགས་ཆོས་ཉིད་དབྱེར་མེད་པའི༔ ཧཱུྃ་གི་ཐོག་གིས་རྡུལ་དུ་བཤིག༔ ཆོས་ཉིད་གང་དུའང་མི་གནས་པའི༔ ཡེ་ཤེས་དབྱིངས་སུ་སྦྱོངས་པར་བསམ༔ འདོད་ཆགས་ཕྲག་དོག་རྒྱུ་འབྲས་ཀྱི༔ ནད་གདོན་བགེགས་ཀྱི་མཚན་རྟོག་ཀུན༔ སོ་སོར་རྟོག་པའི་ཡེ་ཤེས་དབྱིངས༔ བདེ་ཆེན་དགྱེས་མ་རྣལ་འབྱོར་མར༔ གཉིས་སུ་མེད་པའི་ངེས་ཤེས་ཀྱིས༔ རིག་པ་སྐྱེ་མེད་དབྱིངས་སུ་གཏད༔ ཧཱུྃ་གླུ་ལེན་ཞིང་རྩལ་སྦྱོང་བྱ༔ གཏི་མུག་རྒྱུ་འབྲས་སྦྱོང་བའི་ཕྱིར༔ སྙིང་གར་ཧཱུྃ་མཐིང་འོད་གསལ་བ༔ ཆོས་དབྱིངས་ཡེ་ཤེས་ཐོད་ཕྲེང་རྩལ༔ གཉིས་མེད་རིགས་རྣམས་ཀུན་བདག་སྐུའི༔ འོད་ཀྱིས་སྣོད་བཅུད་དབྱིངས་སུ་བསྡུ༔ ཤིན་ཏུ་ཕྲ་བའི་ཧཱུྃ་ལ་བསྟིམས༔ དེ་ཡང་སྐྱེ་མེད་དབྱིངས་སུ་ཡལ༔ མི་རྟོག་ཆོས་སྐུའི་དགོངས་པ་བསྐྱངས༔ ཧཱུྃ་གླུ་ལེན་ཞིང་རིག་རྩལ་སྦར༔ ཐབས་ཀྱི་མྱུར་ལམ་རྨད་བྱུང་བ༔ སྙིང་པོའི་རྫོགས་རིམ་ཀུན་གྱི་སྲོག༔ དུག་གསུམ་ལམ་ཁྱེར་རྣལ་འབྱོར་མཆོག༔ ཚུལ་བཞིན་ཉམས་སུ་བླང་བ་ཡིས༔ བར་ཆད་གེགས་ཞི་ཡེ་ཤེས་ཀྱི༔ འགལ་རྐྱེན་ལམ་སློང་གྲོགས་སུ་འཆར༔ ཡེ་ཤེས་རྩལ་ཆེན་རྫོགས་པར་བྱེད༔ ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉམས་སུ་ལེན་པའི་གང་ཟག་ལ༔ དབང་གིས་སྨིན་པར་བྱ་བའི་ཕྱིར༔ དཀྱིལ་འཁོར་གཞུང་བཞིན་བཤམས་ལ་སྒྲུབ༔ བདག་ཉིད་འཇུག་ཅིང་གནང་བ་ཞུ༔ གུས་ལྡན་སློབ་མ་ཁྲུས་ནས་དབྱུང༔ བགེགས་བསལ་སྲུང་བའི་འཁོར་ལོ་བསྒོམ༔ ཧོཿ ཕྱོགས་དུས་རྒྱལ་བའི་ཡེ་ཤེས་ཀྱི༔ རང་གཟུགས་དཔལ་མགོན་བླ་མ་རྗེ༔ ཐུགས་རྗེས་ཁྲོས་པའི་སྐུར་བཞེངས་པའི༔ དབང་དང་བྱིན་རླབས་བསྩལ་དུ་གསོལ༔ སྐྱབས་སེམས་རྒྱུད་སྦྱང་སྡོམ་པ་བཟུང༔ སློབ་མ་ལྷ་ཡི་སྐུར་གསལ་བའི༔ ལྟེ་བར་འོད་ཀྱི་གཡུང་དྲུང་དབུས༔ རྟ་མཆོག་དཔལ་ལ་རིགས་བཞི་ཡི༔ མཁའ་འགྲོས་བསྐོར་བར་རང་ཐུགས་ཀྱི༔ ས་བོན་ལས་བྱུང་འོད་ཟེར་གྱིས༔ གཡུང་དྲུང་རེག་པས་གཡོན་དུ་འཁོར༔ ལྷ་ཚོགས་གར་མཛད་བདེ་བས་ཁྱབ༔ སྐུ་ལས་བྱུང་བའི་འོད་ཟེར་གྱིས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔ སྤྱན་དྲངས་གཉིས་མེད་ཐིམ་པ་ཡིས༔ རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི༔ བྱིན་ཆེན་དངོས་སུ་བབས་པར་བསམ༔ ཧཱུྃ་གླུ་ལེན་ཅིང་སྤོས་རོལ་བཅས༔ ཚིག་བདུན་གསོལ་འདེབས་ཐོད་ཕྲེང་རྩལ༔ ཛཔ་དབྱངས་བྱ་ཞིང་དམིགས་པས་གཟིར༔ ཕེབས་ན་དགོངས་པ་དབྱིངས་སུ་གཏད༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་བྱུང་བུམ་པ་གཞལ་ཡས་ཁང༔ བདུད་རྩིའི་སྙིང་པོ་ཡེ་ཤེས་བཅུད༔ ལྷ་དང་གཉིས་སུ་མེད་པ་ཡི༔ རྡོ་རྗེའི་བྱིན་རླབས་ཡོངས་རྫོགས་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ༔ ཁྲོ་རྒྱལ་ཆེན་པོ་རིགས་ཀུན་བདག༔ དཔལ་གྱི་ཕྱག་རྒྱས་དབང་བསྐུར་བས༔ བྱིན་རླབས་མཐུ་སྟོབས་ཡོངས་རྫོགས་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱད༔ དོན་ལ་སྒྲུབ་པ་བཀའ་བརྒྱད་ལྷ༔ དྲག་པོ་འཆོལ་བའི་སྐུར་བཞེངས་པས༔ དབང་བསྐུར་ཡེ་ཤེས་ཀློང་གྲོལ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདེ་སྟོང་གཉིས་མེད་ཡེ་ཤེས་བཅུད༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ གཉིས་མེད་སྦྱོར་བས་དབང་བསྐུར་བ༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ གུ་ཧྱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ནི་ཡེ་ཤེས་ཆེན་པོའི་སྲོག༔ དངོས་གྲུབ་མ་ལུས་འབྱུང་བའི་གནས༔ སྙིང་པོ་སྔགས་ཀྱི་དབང་བསྐུར་བས༔ མཐུ་སྟོབས་ནུས་པའི་རྩལ་རྫོགས་ཤོག༔ གུ་ཧྱ་མནྟ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ་ཧཱུྃ་ཧཱུྃ༔ དོན་གྱི་ཡེ་ཤེས་བླ་ན་མེད༔ མཆོག་ཏུ་མི་འགྱུར་བདེ་བའི་དབྱིངས༔ མངོན་སུམ་ལམ་བྱེད་ཐབས་ཆེན་པོ༔ སྣ་ཚོགས་གཟུགས་ཀྱི་དབང་བསྐུར་སྦྱིན༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་ཐབས་ཀྱི་མཚོན་ཆེན་པོ༔ ཕུར་བུ་ལྕགས་སྡིག་ཤེས་རབ་མཚོན༔ གཉིས་མེད་ཡེ་ཤེས་ཕྱག་རྒྱ་ཡིས༔ དབང་བསྐུར་གཟུང་འཛིན་ཀ་དག་ཤོག༔ ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བ་ལིཾ་ཏ༔ ཟུར་གསུམ་སྐུ་གསུམ་དཔལ་དང་ལྡན༔ འདོད་ཡོན་རྒྱན་གྱིས་དབང་བསྐུར་བས༔ ཡོན་ཏན་མཐའ་དག་ཡོངས་རྫོགས་ཤོག༔ བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧོཿ ཧཱུྃ་ཧཱུྃ་ཧཱུྃ༔ ཐེག་གསུམ་ཡོངས་རྫོགས་བེར་ཆོས་གོས༔ ཡེ་ཤེས་ཀློང་དགུའི་དཔལ་གྱི་ཆས༔ ཚོགས་བརྒྱད་དག་པའི་དུར་ཁྲོད་རྒྱན༔ ཆེ་བའི་རྟགས་ཀྱིས་དབང་བསྐུར་རོ༔ ཧེ་རུ་ཀ་ཨ་ལངྐ་ར་ཨ་བྷི་ཥིཉྩ་ཧོཿ ཧཱུྃ་ཧཱུྃ་ཧཱུྃ༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱི༔ ནུས་རྩལ་ཐོགས་མེད་ཤེས་རབ་ཡུམ༔ རྒྱ་སྟག་གྲུས་མས་དབང་བསྐུར་བས༔ དོན་གཉིས་ཡོངས་སུ་རྫོགས་པར་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ་ཧཱུྃ་ཧཱུྃ༔ གདུག་ཅན་འཇོམས་བྱེད་རྡོ་རྗེའི་ཟེར༔ བདུད་བགེགས་མནན་དང་བསྐྲད་གཟིར་ཆས༔ སྲུང་ཟློག་བསད་པའི་མཚོན་ཆ་ཡིས༔ དབང་བསྐུར་ནུས་སྟོབས་ཡོངས་རྫོགས་ཤོག༔ ཨོཾ་ཤནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ་ཧཱུྃ་ཧཱུྃ༔ དྲི་མེད་དབྱིངས་ནི་ཤེལ་ལྟ་བུ༔ ལྷུན་གྲུབ་འོད་ལྔའི་ཟེར་དང་ལྡན༔ ཀུན་ཁྱབ་ཆེན་པོའི་ཡེ་ཤེས་སྲོག༔ མཚོན་བྱེད་བརྡ་ཡིས་དབང་བསྐུར་རོ༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཿ དགོངས་པས་གཟིར་ཞིང་དོན་ངོ་སྤྲད༔ ཆོས་ཉིད་མཉམ་པའི་རང་ངོ་སྐྱོང༔ མཚན་མཚོན་བརྗོད་པ་བྲལ་བའི་ངང༔ ཧཱུྃ་གླུ་ལེན་པས་དགོངས་རྒྱུད་འཕོ༔ དོན་གྱི་སྙིང་པོ་དབང་བཞིའི་མཆོག༔ བྱིན་རླབས་ནུས་རྩལ་ཐོགས་མེད་འབེབས༔ ལམ་གྱི་སྔོན་འགྲོ་མེད་མི་རུང༔ གསང་ཆེན་མཆོག་གི་མྱུར་ལམ་ཟབ༔ དམ་ཚིག་ཁས་བླངས་གཏང་རག་འབུལ༔ རྗེས་ཀྱི་ལས་རིམ་སྤྱི་ལྟར་བྱ༔ ས་མ་ཡ༔ ཤིན་ཏུ་སྙིགས་མའི་དུས་ཀྱི་ཚེ༔ འགལ་རྐྱེན་སྐྱོབ་པའི་ཐབས་ཀྱི་མཆོག༔ འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀ༔ བླ་མ་དྲག་པོའི་སྲོག་སྒྲུབ་འདི༔ པད་འབྱུང་ཐུགས་ཀྱི་ཐིག་ལེའི་བཅུད༔ གདུལ་དཀའི་འགྲོ་ལ་སྙིང་བརྩེ་བས༔ ཡེ་ཤེས་དགོངས་པའི་གཏེར་དུ་སྦས༔ ནམ་ཞིག་དུས་ཀྱི་ཐ་མའི་ཚེ༔ མངའ་བདག་ཆེན་པོའི་ཡེ་ཤེས་གཟུགས༔ བི་མ་མི་ཏྲས་བྱིན་བརླབས་པའི༔ རིག་པ་འཛིན་དང་འཕྲད་ནས་ཀྱང༔ སྐལ་ལྡན་དུ་མའི་བཙས་སུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཅེས་འདི་འཇྃམ་མགོྃན་བླྃ་མའིྃ་རྡོ་རྗེའི་བཀྃའ། །མདོ་རྒྱུད་བཀའ་གཏེར་འཆད་རྩོད་རྩོམ་པ་ཡི། །ངགྃ་ལ་དབྃང་ཐོབ་མཁྱེནྃ་བརྩེྃའི་ཡེ་ཤེས་ཀྱི། །ནོརྃ་བུྃ་སྣང་མཛད་ལོ་ཙཱ་མཁནྃ་ཆེནྃ་གསུང༌། །ཨོྃ་རྒྱནྃ་བརྒྱུད་པར་བཅས་ལ་རབ་དད་ཅིང༌། །གཞནྃ་ཕནྃ་དད་བློ་ལྡན་པས་ཉེར་བསྐུལྃ་ཚེ། །རྩ་རླུང་ཐིག་ལེའི་ལང་ཚོ་སྨིན་པ་ཡིས། །མགོ་སྐྱེས་ཙམ་པ་ཀ་ཡི་ཐོད་བཅིངས་པ། །པདྨ་གར་དབང་མདོ་སྔགས་གླིང་པའི་སྡེས། །རིག་རྩལ་ཡེ་ཤེས་ཆོས་གཏེར་སྤྲོ་བའི་གནས། །གངས་ཅན་སྐྱབས་གཅིག་མཚོ་སྐྱེས་རྒྱལ་བའི་དབང༌། །འཆོལ་བའི་ཁྲོ་རྒྱལ་སྐུར་བཞེངས་རྡོ་རྗེའི་བྲག །སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་ནས། །གཏན་ལ་ཕབ་འདིས་པདྨའི་ཐུགས་བསྐྱེད་མཐུ། །རྗེས་སུ་སྐུལ་བའི་ཕོ་ཉར་གྱུར་ནས་ཀྱང༌། །བསྟན་འགྲོའི་དཔལ་ཡོན་སྙིགས་དུས་རྙོག་པ་ཡིས། །མ་བསླད་ཕན་བདེའི་པད་ཚལ་རྒྱས་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།། །།
[edit]

skya_rang byung pad+ma'i snying thig las:_gu ru rdo rje gro lod kyi sgrub thabs gdug can mthar byed rdo rje'i go cha bzhugs:


skya__rtsa gsum lha la phyag 'tshal lo:_shin tu rnam dag ye shes dbyings:_rang byung thugs rjes khros pa las:_mthar byed pad+ma he ru ka:_rdo rje khro bo'i sgrub thabs bstan:_hU~M hU~M hU~M:_dbyings kyi khro mchog kun tu bzang:_'od gsal thugs rje 'bar ba'i sku:_bdud 'dul khro rgyal chen po la:_rang ngo shes pas skyabs su mchi:_hU~M hU~M hU~M:_gnas lugs ma rtogs 'khrul pa'i 'gro:_dug lnga rang rgyud sdug bsngal gyis:_mnar ba'i 'gro kun bsgral ba'i phyir:_khro rgyal sgrub par sems bskyed do:_hU~M hU~M hU~M:_rang rig lha la phyag 'tshal lo:_bde chen mchod pa chen po 'bul:_mtshan rtog gzung 'dzin dbyings su bshags:_zab gsal gnyis med rjes yi rang:_rang rtsal chos 'khor bskor bar bskul:_'pho med rtag par bzhugs gsol 'debs:_gzhan don rgyun chad med par bsngo:_sku gsum bla ma'i gnas thob shog:_hU~M hU~M hU~M:_gzung 'dzin 'khrul pa'i gdon bgegs kun:_shar grol rig pa'i gtor ma longs:_ye shes chen po'i phyag rgya las:_nam yang 'da' bar ma byed cig:_hU~M hU~M hU~M:_'khor 'das chos rnams ma lus pa:_gdod nas 'od gsal 'khor lor rdzogs:_lha sngags gnyug ma'i ye shes kyi:_srung ba'i 'khor lor lhun gyis grub:_hU~M hU~M hU~M:_phyogs dus sras bcas rgyal ba kun:_ye shes sgyu ma'i phyag rgyar bzhengs:_snang srid dag pa chen po yi:_rdo rje'i ye shes byin chen phob:_dz+nyA na a be sha ya a a:_hU~M hU~M hU~M:_chos dbyings kun khyab mchod pa'i sprin:_gzod ma nyid nas lhun gyis grub:_bde chen gdal ba chen po yi:_kun bzang rdo rje'i longs spyod shar:_oM sarba pU dza me g+ha AHhU~M:_hU~M hU~M hU~M:_ka dag de bzhin nyid kyi dbyings:_chos sku 'od mi 'gyur ba'i klong:_lhun grub thugs rje'i ye gdangs las:_rigs lnga rgyal ba gangs chen mtsho'i:_sku dang zhing khams bkod pa che:_chos kyi dbyings dang mnyam pa las:_rang snang 'og min o rgyan yul:_d+hA na ko sha'i rgya mtsho'i gling:_yid 'ong bkod pa bsam mi khyab:_yan lag brgyad ldan bdud rtsi'i mtsho:_chos dbyings rnam thar gsum du rdzogs:_dbus su rang byung pad+ma'i sdong:_kha dog lnga ldan yal 'dab rgyas:_ze'u 'brur nyi zlas mtshan pa'i steng:_rgyu rkyen las 'das yi ge hrIH_dkar gsal 'od kyi phung por shar:_yongs gyur skad cig dran rdzogs su:_snang srid zil gnon pad+ma 'byung:_dkar dmar khye'u gzhon nu'i tshul:_mdzes sdug mtshan dpe'i gzi byin 'bar:_sku la gsang phod chos gos gsum:_za 'og ber smug brjid par gsol:_phyag g.yas rdo rje rtse lnga phyar:_sa gsum 'jig rten zil gyis gnon:_g.yon pa mnyam bzhag ka pA la:_tshe bum bdud rtsis bkang ba ru:_'chi med ye shes DA ki nis:_'khor 'das srid zhi'i tshe bcud 'bebs:_zhabs zung rgyal po rol stabs kyis:_sa gsum dregs tshogs ru tra mnan:_dbu skra mthon mthing sku rgyab 'phyang:_she'u'i snyan zhu brjid par gsol:_mchan khung g.yon na kha T+wA~M ga:_shes rab yum gyi phyag rgyar rdzogs:_sku las skyes pa'i ye shes 'od:_'ja' zer thig le'i drwa bar 'khyil:_phyi ltar dkon mchog kun 'dus dngos:_nang du rtsa gsum rgya mtsho'i bdag:_sku gsum phyogs dus rgyal ba yi:_ye shes spyi gzugs thod phreng rtsal:_re ltos skyabs kun 'dus par gsal:_gnas gsum yi ge'i 'phro 'du yis:_sku gsum rgyal ba'i zhing khams nas:_ye shes 'khor lo ma lus pa:_skad cig nyid la spyan drangs gyur:_hU~M hU~M hU~M:_o rgyan yul gyi nub byang mtshams:_pad+ma ge sar sdong po la:_ya mtshan mchog gi dngos grub brnyes:_pad+ma 'byung gnas zhes su grags:_'khor du rtsa gsum rgya mtshos bskor:_khyed kyi rjes su bdag sgrub kyis:_byin gyis brlab phyir gshegs su gsol:_gnas mchog 'di ru byin phob la:_sgrub mchog bdag la dbang bzhi bskur:_bgegs dang log 'dren bar chad sol:_mchog dang thun mong dngos grub stsol:_oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHdzaHsid+d+hi pha la hU~M AH_sku gsum rgyal ba'i zhing khams nas:_phyogs dus skyabs gnas ma lus pa:_rdo rje thod phreng rtsal chen po'i:_sku sngags phyag mtshan rnam pa yi:_nam mkha' bar snang sa gzhi'i khyon:_kha ba bu yug bzhin du 'tshubs:_bdag thim byin rlabs gzi byin 'bar:_dbang bzhi thob cing sgrib bzhi dag:_lam bzhis rgyud smin sku bzhi'i dbyings:_rang byung pad+ma'i gsang gsum dang:_gnyis su med par byin rlabs gyur:_rdo rje'i tshig bdun gsol 'debs dang:_thod phreng rtsal gyi dzapa dbyangs bya:_mos gus drag pos thugs rgyud bskul:_re ltos bla mar kho thag bcad:_yid ches dad pas gsol 'debs bya:_dngos nyams rmi lam byin rlabs rtags:_mthong bar nges so sa ma ya:_de ni bla mar bsnyen pa ste:_phyi ltar zhi bar sgrub pa'o:_sa ma ya:_tshig bdun lan gsum bskul byas te:_hU~M hU~M hU~M:_gnam sa bar snang kun khyab pa'i:_rtsa gsum lha tshogs bdag la thim:_bdag nyid 'od gsal dbyings su yal:_skad cig ye shes rol pa'i zhing:_phyi snod dbang drag dur khrod che:_rdo rje'i brag gis kun nas bskor:_rak+ta'i rgya mtsho rba rlabs 'khrugs:_dug gi me rlung sprin gyis khyab:_gnam lcags thog gi zer ma 'khrugs:_dpa' bo DA kis bshug glu len:_ging lang dbang phyug pho nyar 'gyed:_las byed yak+sha skar ltar 'khyugs:_bdud bzhi dregs pa bsnol ba'i steng:_gnam lcags tsakra rtsibs brgyad 'bar:_zla gam gsum la khrag mtsho 'khyil:_dbus su gru gsum e yi klong:_rdo rje brag chen brtsegs pa'i khrir:_bdud bzhi pad+ma nyi ma'i steng:_rgyal bsen pho mo bsnol ba'i dbus:_ye shes so sor kun tu rtog:_hU~M chen bskal pa'i me ltar 'bar:_spro bsdus rgyal kun byin nus bsdus:_gdug pa'i sems can thams cad bsgral:_snod bcud dag pa'i 'khor lor sad:_yongs gyur rdo rje rtse dgur gyur:_de nyid gnas gyur skad cig gi:_rang byung pad+ma he ru ka:_rig 'dzin bla ma drag po'i sku:_'chol ba'i khro rgyal gro bo lod:_dmar nag rngams pa'i gzi byin can:_spyan gsum sdang mig phyogs bcur gzir:_smar smin bskal pa'i me ltar 'bar:_dbu skra kham nag 'khyil zhing 'khrugs:_thod skam lnga yis dbu la brgyan:_am gtsigs mche ba drag tu gtsigs:_snyan cha dung gi wang mig 'khyil:_sku la rdo rje'i gsang gos dkar:_ber phod mthing nag lhubs su bklubs:_dmar ser chos gos rlung gis g.yengs:_mgo phreng tshar gsum rus rgyan brjid:_zhabs gnyis gyad kyi dor stabs kyis:_stag mo grus ma khros steng 'gying:_phyag g.yas rdo rje rtse dgu 'phyar:_hU~M phaTa? raM gyi tshwa tshwa 'phro:_g.yon pas gnam lcags phur bu 'dril:_phur thun 'phro bas dam sri bsgral:_sdigs mdzub rtse las lcags sdig 'gyed:_rgyal bsen gsar skyes 'byung po bsgral:_spyi gtsug rdo rje'i bya khyung lding:_sde brgyad dregs pa zil gyis gnon:_rigs kyi bdag po snang mtha' yas:_mnyam gzhag skyil krung sprul sku'i chas:_sku las hU~M raM phaTa? b+h+yo yi:_tshwa tshwa 'phro bas phyogs kun khyab:_snod bcud 'jig rten g.yo zhing brdeg:_hU~M sgra drag pos stong gsum 'gengs:_dpral bar 'jam dpal gshin rje gshed:_ser nag be con 'khor lo bsnams:_mgrin par dbang chen rta yi rgyal:_pad+ma'i dbyug to dung khrag bsnams:_thugs kar gsang bdag nam mkha'i mdog:_rdo rje sdigs mdzub thugs kar gtod:_lte bar dbyings phyug mkha' 'gro dmar:_rang rtags gri gug thod khrag bsnams:_gsang gnas me dbal dud kha'i mdog:_rdo rje'i tho ba lcags kyu bsnams:_sku yi gnas bcur khro rgyal bcu:_phyag gnyis rdo rje phur pa 'dril:_sku smad zur gsum dbal rnon pos:_phyogs bcu'i gdon gyi snying gar gzir:_pad+ma nyi ma bdud bzhi'i steng:_sku yi khro rgyal lha tshogs bsgom:_shar du yang dag hU~M kA ra:_lho ru 'jam dpal many+dzu shrI:_nub tu dbang chen nA gardzu:_byang du phur pa pra b+ha ha:_shar lhor mngon rdzogs d+hA na saM:_lho nub che mchog bi ma la:_nub byang dregs 'dul rom bu gu:_byang shar drag sngags shin+taM g+har:_phyogs bzhi'i khro rgyal rigs bzhi'i mdog:_mtshams bzhi dmar nag me ltar 'bar:_phyogs mtshams gnam lcags rtsibs brgyad steng:_pad+ma nyi ma sde brgyad dang:_rgyal bsen bsnol ba'i gdan la 'gying:_gtso dang phyogs mtshams khro rgyal gyi:_mdun du sprul pa'i pho nya'i tshul:_rje 'bangs snying gi bu dgu po:_las byed 'chol ba'i khro rgyal che:_skar ltar 'phro zhing ser ltar 'bebs:_steng gi nam mkhar rigs mchog lnga:_thod phreng sde lnga yab yum tshul:_khro 'dzum longs sku zhi ma khro:_ber phod rus pa rin chen brgyan:_g.yas pas rang rtags g.yon b+hany+dza:_rang 'od yum dang gnyis med par:_pad zla 'od kyi thig ler 'gying:_me rlung nang du las byed kyi:_chos srung dam can sprin ltar 'khrigs:_snang srid gzhir bzhengs phyag rgya'i lha:_rig 'dzin bla ma'i dkyil 'khor rdzogs:_oM AHhU~M:_hrIHhU~M trAM oM aH_hU~M hU~M hU~M:_chos sku'i zhing du snang mtha' yas:_rang byung longs sku thugs rje'i gter:_sprul sku che mchog thod phreng rtsal:_'chol ba'i khro rgyal gro bo lod:_spyi dpal chen po dbyings nas bzhengs:_rdo rje'i sku yis sa gsum g.yo:_grags stong gsung gis srid gsum bsngangs:_rig stong thugs kyis 'khor 'das khyab:_yon tan sangs rgyas kun dang mnyam:_phrin las snyigs ma'i 'gro la myur:_sngon gyi zhal bzhes dam bcas bzhin:_gdul dka' 'dul ba'i dus la babs:_da lta snyigs ma lnga yi dus:_'gro kun nyon mongs dug lnga rags:_'dre gdon bgegs kyi bar du gcod:_nad mug mtshon gyi bskal pa ldang:_sems can sdug bsngal nyams thag par:_thugs rjes gzigs pa'i dus la bab:_rdo rje'i ye shes byin chen phob:_phyi nang gsang ba'i bar chad sol:_mchog dang thun mong dngos grub stsol:_oM AHhU~M ma hA gu ru pad+ma kro d+ha de wa DA ki ni d+harma pA la sarba sa ma ya hrIM hrIM dzaHdzaH_hU~M hU~M hU~M:_dbyings nas ye shes phyag rgya'i gzugs:_sprul pa'i dam tshig dkyil 'khor dang:_gdod nas gnyis su med pa'i ngang:_'du 'bral med par rtag bzhugs gsol:_sarba sa ma ya tiSh+Tha lhan:_hU~M hU~M hU~M:_skye 'gag gnyis med sku gsum klong:_phyogs dus rtsa gsum khyab bdag che:_skyabs gnas kun 'dus bla ma lhar:_gnyis med gus pas phyag 'tshal lo:_na mo na ma hU~M:_hU~M hU~M hU~M:_snang srid rang byung bde ba che:_kun bzang rdo rje'i mchod pa'i sprin:_bdag rtog ru tra bsgral ba las:_khrag 'thung dgyes pa'i longs spyod che:_dur khrod rngam pa'i dam tshig rdzas:_'bar khro brjid pa'i brtul zhugs rgyan:_lhun gyis grub pa'i 'dod yon lnga:_sman gtor rak+ta'i dam tshig rdzas:_rdo rje'i tan gan bla na med:_gnyis med mnyam pa chen po yi:_rtag tu mchod cing mnyes par bgyi:_oM AHhU~M pad+ma kro d+ha de wa d+hA ki ni d+harma pA la sa pA ri wa ra rU pa shab+da g+han+d+he rA sa spar+she d+harma d+hA tu AHhU~M:_ma hA pany+tsa rak+ta ba liM ta khA hi:_badz+ra ta na ga na pU dza hoH_hU~M hU~M hU~M:_chos sku spros mtshan bral ba'i dbyings:_'od gsal ye shes longs spyod rdzogs:_thugs rjes 'gro 'dul phrin las can:_sku gsum bla mar phyag 'tshal bstod:_byin rlabs thugs rje'i snang bas gdal:_rigs lnga bde gshegs zhi khro'i tshul:_phrin las gnas gsum DA ki'i dal:_rtsa gsum rgya mtsho'i tshogs la bstod:_phyogs dus sras bcas rgyal ba dngos:_lung rtogs yon tan pha mthar son:_nyan rang byang sems 'gro kun mgon:_srid zhi'i dpal du gyur la bstod:_khyad par gdul dka' ma rung pa'i:_gdul bya sgrol phyir thugs rje'i gzugs:_byin rlabs dngos grub thogs med stsol:_'chol ba'i khro rgyal che la bstod:_ye shes klong dgu'i cho 'phrul las:_tshogs brgyad dbyings grol he ru ka:_rig 'dzin sgrub sde chen po brgyad:_thugs rje rtsal 'chang kun la bstod:_ye shes gcig gi rol pa las:_ma 'gag gtso dang 'khor gyi tshul:_du mar snang yang ngo bo gcig:_dgongs pa gnyis med chen por bstod:_bstod bya bstod byed las 'das kyang:_kun rdzob sgyu ma'i cho 'phrul gyis:_gnyis med mnyam par gus bstod na:_mchog dang thun mong dngos grub stsol:_hU~M hU~M hU~M:_bdag nyid bla ma'i thugs ka ru:_gu ru zhi ba rdo rje 'chang:_nam mkha'i mdog can yum dang sbyor:_rdo rje dril bsnol skyil krung can:_tshon gang pad zla'i gdan la 'gying:_tsit+ta mchong gur smug po'i dbus:_'od lnga thig le zlum 'khyil klong:_hU~M yig mthing nag bkrag tu 'tsher:_sangs rgyas kun gyi ye shes su:_gdod nas 'dus ma byas par rdzogs:_dbyings kyi yi ge thugs srog hU~M:_rang rig bla mar gnyis su med:_'phel 'grib med pa'i ye shes dzapa:_rang ngo shes pa'i ngang nas bzla:_hU~M hU~M hU~M:_rlung rig hU~M gsum dbyer med pa:_mi rtog chos sku'i dgongs pa bskyang:_hU~M hU~M hU~M:_khro rgyal gtso 'khor thams cad kyi:_thugs dbus dpal chen sgrub sde brgyad:_phra la brtags dka' 'od kyi sku'i:_thugs klong rang mdog hU~M gis mtshan:_spro bsdu'i 'od kyis snang srid 'gul:_snod bcud yom yom shig shig rdeg:_dngos 'dzin mtshan ma'i rtog pa bshig:_dag pa ye shes phyag rgyar shar:_snang ba rdo rje rtag pa'i rgyal:_'jam dpal zil gnon phyag rgyar shar:_sgra grags ma chags pad+ma'i gsung:_dbang chen rta gdong rngam bzhad 'tsher:_dran rtog 'od gsal chos kyi dbyings:_yang dag grub pa phyag rgya che:_srid zhi yon tan che ba'i mchog:_rdo rje nyi ma rin chen 'byung:_bya byed las kun kI la ya:_phrin las don yod grub pa'i tshul:_rtsa rlung thig le mngon rdzogs rgyal:_nyon mongs dregs 'dul stobs po che:_rdo rje ye shes rngam pa'i sprin:_'khor 'das snang srid ma lus pa:_drag po sngags kyi dkyil 'khor du:_gdod nas skye 'gag bral ba'i gnas:_rang byung khrag 'thung chen po yi:_rdo rje'i gsang ba gsum du rdzogs:_hU~M hU~M hU~M gi bzlas pa ni:_'jam mnyen rngam brjid bzhad chags gtum:_las bzhi'i sgra dang ldan par bzla:_brtan g.yo snang grags rig pa'i chos:_lha sngags chos sku'i rol par blta:_rnam pa ma 'gag chu zla bzhin:_ngo bo ye shes srog dang ldan:_gcig dang du ma las 'das pa'i:_dgongs pa mi 'gyur gzer gyis gdab:_de ni bla ma yi dam gyi:_byin rlabs dgongs pa'i rtsal bskyed pas:_mchog thun dngos grub kun gyi gnas:_nang ltar sgrub pa'i rim pa'o:_sa ma ya:_hU~M hU~M hU~M:_khro rgyal dpral ba'i gshin rje las:_hU~M dkar spros pas brtan g.yo khyab:_snod bcud tha mal zhen rtog sbyang:_lus kyi nad gdon bar chad bsal:_sangs rgyas kun gyi ye shes sku:_'jam pa'i dpal dang gnyis med gyur:_hU~M hU~M hU~M:_mgrin pa'i rta mgrin thugs srog las:_hU~M dmar spros pas zhing kun khyab:_tha mal sgra tshig zhen rtog sbyang:_ngag gi nad gdon bar chad bsal:_rgyal kun gsung gi rdo rje che:_gar dbang pad+ma'i ljags thob gyur:_hU~M hU~M hU~M:_gsang bdag thugs las hU~M mthing 'phros:_srid zhi'i khyon kun khyab par gdal:_gzung 'dzin tha mal 'khrul rtog sbyang:_yid kyi nad gdon bar chad bsal:_ye shes gsang ba rmad byung ba:_rdo rje can gyi gnas thob gyur:_hU~M hU~M hU~M:_lte ba'i dbyings phyug rigs lnga las:_ye shes lnga ldan hU~M lnga 'phros:_bde stong cho 'phrul rmad byung ba'i:_rgyal kun yon tan dpal kun bsdus:_snod bcud rgyud gsum zhen 'khrul sbyangs:_sku gsung thugs gsum mi phyed pa:_ye shes rdo rje'i srog 'grub gyur:_hU~M hU~M hU~M:_gsang gnas me dbal thugs las hU~M:_rdo rje'i me zer 'phro ba spros:_rab 'byams zhing kun shig shig g.yos:_rtsa gsum lha yi byin rlabs bskul:_snang srid dregs tshogs 'dar zhing bsngangs:_ma mo mkha' 'gro las la 'gyed:_chos skyong dam can dpa' rtsal bskyed:_nag phyogs 'byung po zil gyis gnon:_rdo rje khros pa'i nus stobs kyis:_tshar gcod rjes 'dzin phrin las rdzogs:_hU~M hU~M hU~M:_phyag mtshan g.yas kyi rdo rje las:_hU~M gi thog char steng du spros:_gza' dang rgyu skar nad gdon gzhom:_ye shes dgongs pa rtsal rdzogs gyur:_hU~M hU~M hU~M:_spyi bo'i khyung chen thugs las hU~M:_dpag med spros pas sa 'og khyab:_klu gdon gtad khram nus pa bshig:_'od gsal khyab gdal dgongs par shar:_hU~M hU~M hU~M:_phyag g.yon phur bu las spros pa'i:_hU~M gi bu yug bar med pas:_bar gdon sde brgyad gnod pa bsal:_dbang bcu'i ye shes mngon du gyur:_hU~M hU~M hU~M:_sdigs mdzub lcags sdig las spros hU~M:_rgyal bsen 'byung po'i steng du phab:_dpa' bkong srog 'phrog dam la gcun:_bka' yi bran du bkol bar gyur:_hU~M hU~M hU~M:_sku yi gnas bcu'i khro bo las:_hU~M spros steng 'og phyogs mtshams khyab:_mi mthun bar chad kun srung ba'i:_rdo rje hU~M gi gur du 'khrigs:_hU~M hU~M hU~M:_gtso bo lus dkyil lha bcas pas:_hU~M chen bskal pa'i me rlung spros:_bar chad gdon bgegs mi mthun phyogs:_rtsa sbur rlung gis bdas bzhin bzlog:_hU~M hU~M hU~M:_rgya stag las spros hU~M lcags kyus:_gdug pa'i dgra bgegs tshogs kun bkug:_sder mos gzir zhing mche bas gcun:_rnam shes dbyings spar bsad par gyur:_hU~M hU~M hU~M:_khyung chen rigs bdag snang mtha' las:_hU~M dmar spros pas tshe bcud bsdus:_phyag gi lhung bzed las byung ba'i:_bdud rtsi'i rgyun gyis dbang bskur gyur:_hU~M hU~M hU~M:_don dam spros mtshan las 'das pa'i:_chos nyid dgongs pa'i gdeng skyed cing:_rig rtsal thugs rje'i gdung shugs ni:_gdul dka'i 'gro la lhag par bskyed:_rnam pa gang 'dul phrin las kyis:_don gnyis yid bzhin 'grub byed pa:_ting 'dzin thugs srog hU~M gcig gis:_sgrub pa'i thabs tshul rmad byung ba:_las bzhi'i phrin las lhun grub pa:_gsang sgrub thugs kyi ti ka'o:_sa ma ya:_hU~M hU~M hU~M:_hU~M ni ye shes srog chen po:_'khor 'das chos rnams yongs la khyab:_gang du'ang mi gnas du mar snang:_thugs srog yi ge 'bru gcig po:_ngo bo ye shes srog dang ldan:_rnam pa sku gsung thugs chen po:_phyi ltar gsang ba gsum gyis gzugs:_nang du bde gsal mi rtog pa'i:_lhan skyes ye shes dpyid kyi thig:_gzhan du gsal rig stong gsum gyi:_sku gsum dkyil 'khor lhun gyis grub:_don de rtogs pa'i rnal 'byor pas:_dug lnga'i mtshan rtogs dbyings sbyang phyir:_zhe sdang nga rgyal rang rgyud gzugs:_rgyal bsen dam sri'i gnod pa ldang:_snying rlung smyo 'bog byung ba'i tshe:_gnod byed gdon bgegs nad nyon mongs:_ngo bo me long ye shes te:_don la skye 'gag gnas pa bral:_mkha' ltar dag pa'i dgongs par gnas:_rnam pa dag chen ye shes lha:_thabs kyi rdo rje srin por shar:_gsal stong rnam par mi rtog pa'i:_ye shes hU~M chen me ltar 'bar:_gnod bya gnod byed gnyen por bcas:_chos dbyings klong du ye dag bsam:_hU~M glu len zhing rig pas gzir:_khyad par gang du na ba'i sar:_lha sngags chos nyid dbyer med pa'i:_hU~M gi thog gis rdul du bshig:_chos nyid gang du'ang mi gnas pa'i:_ye shes dbyings su sbyongs par bsam:_'dod chags phrag dog rgyu 'bras kyi:_nad gdon bgegs kyi mtshan rtog kun:_so sor rtog pa'i ye shes dbyings:_bde chen dgyes ma rnal 'byor mar:_gnyis su med pa'i nges shes kyis:_rig pa skye med dbyings su gtad:_hU~M glu len zhing rtsal sbyong bya:_gti mug rgyu 'bras sbyong ba'i phyir:_snying gar hU~M mthing 'od gsal ba:_chos dbyings ye shes thod phreng rtsal:_gnyis med rigs rnams kun bdag sku'i:_'od kyis snod bcud dbyings su bsdu:_shin tu phra ba'i hU~M la bstims:_de yang skye med dbyings su yal:_mi rtog chos sku'i dgongs pa bskyangs:_hU~M glu len zhing rig rtsal sbar:_thabs kyi myur lam rmad byung ba:_snying po'i rdzogs rim kun gyi srog:_dug gsum lam khyer rnal 'byor mchog:_tshul bzhin nyams su blang ba yis:_bar chad gegs zhi ye shes kyi:_'gal rkyen lam slong grogs su 'char:_ye shes rtsal chen rdzogs par byed:_sa ma ya:_hU~M hU~M hU~M:_nyams su len pa'i gang zag la:_dbang gis smin par bya ba'i phyir:_dkyil 'khor gzhung bzhin bshams la sgrub:_bdag nyid 'jug cing gnang ba zhu:_gus ldan slob ma khrus nas dbyung:_bgegs bsal srung ba'i 'khor lo bsgom:_hoH_phyogs dus rgyal ba'i ye shes kyi:_rang gzugs dpal mgon bla ma rje:_thugs rjes khros pa'i skur bzhengs pa'i:_dbang dang byin rlabs bstsal du gsol:_skyabs sems rgyud sbyang sdom pa bzung:_slob ma lha yi skur gsal ba'i:_lte bar 'od kyi g.yung drung dbus:_rta mchog dpal la rigs bzhi yi:_mkha' 'gros bskor bar rang thugs kyi:_sa bon las byung 'od zer gyis:_g.yung drung reg pas g.yon du 'khor:_lha tshogs gar mdzad bde bas khyab:_sku las byung ba'i 'od zer gyis:_rtsa gsum rgyal ba rab 'byams kun:_spyan drangs gnyis med thim pa yis:_rdo rje gsum gyi ye shes kyi:_byin chen dngos su babs par bsam:_hU~M glu len cing spos rol bcas:_tshig bdun gsol 'debs thod phreng rtsal:_dzapa dbyangs bya zhing dmigs pas gzir:_phebs na dgongs pa dbyings su gtad:_hU~M hU~M hU~M:_rang byung bum pa gzhal yas khang:_bdud rtsi'i snying po ye shes bcud:_lha dang gnyis su med pa yi:_rdo rje'i byin rlabs yongs rdzogs shog:_oM sarba ta thA ga ta a b+hi She ka te sa ma ya shrI hU~M:_hU~M hU~M hU~M:_snang stong gnyis med ye shes sku:_khro rgyal chen po rigs kun bdag:_dpal gyi phyag rgyas dbang bskur bas:_byin rlabs mthu stobs yongs rdzogs shog:_kA ya a b+hi Shiny+tsa oM:_hU~M hU~M hU~M:_dpal chen grub pa'i rig 'dzin brgyad:_don la sgrub pa bka' brgyad lha:_drag po 'chol ba'i skur bzhengs pas:_dbang bskur ye shes klong grol shog:_kA ya a b+hi Shiny+tsa oM:_hU~M hU~M hU~M:_bde stong gnyis med ye shes bcud:_bdud rtsi byang chub sems kyi sprin:_gnyis med sbyor bas dbang bskur ba:_rtog pa bral bas rol cig bu:_gu h+ya dz+nyA na a b+hi Shiny+tsa AH_hU~M hU~M hU~M:_hU~M ni ye shes chen po'i srog:_dngos grub ma lus 'byung ba'i gnas:_snying po sngags kyi dbang bskur bas:_mthu stobs nus pa'i rtsal rdzogs shog:_gu h+ya man+ta a b+hi Shiny+tsa AH_hU~M hU~M hU~M:_don gyi ye shes bla na med:_mchog tu mi 'gyur bde ba'i dbyings:_mngon sum lam byed thabs chen po:_sna tshogs gzugs kyi dbang bskur sbyin:_pra dz+nyA dz+nyA na a b+hi Shiny+tsa hU~M:_hU~M hU~M hU~M:_rdo rje thabs kyi mtshon chen po:_phur bu lcags sdig shes rab mtshon:_gnyis med ye shes phyag rgya yis:_dbang bskur gzung 'dzin ka dag shog:_dz+nyA na mu dra a b+hi Shiny+tsa hU~M:_hU~M hU~M hU~M:_snod bcud yongs rdzogs ba liM ta:_zur gsum sku gsum dpal dang ldan:_'dod yon rgyan gyis dbang bskur bas:_yon tan mtha' dag yongs rdzogs shog:_ba liM ta a b+hi Shiny+tsa hoH_hU~M hU~M hU~M:_theg gsum yongs rdzogs ber chos gos:_ye shes klong dgu'i dpal gyi chas:_tshogs brgyad dag pa'i dur khrod rgyan:_che ba'i rtags kyis dbang bskur ro:_he ru ka a lang+ka ra a b+hi Shiny+tsa hoH_hU~M hU~M hU~M:_tshar gcod rjes 'dzin phrin las kyi:_nus rtsal thogs med shes rab yum:_rgya stag grus mas dbang bskur bas:_don gnyis yongs su rdzogs par shog:_karma a b+hi Shiny+tsa AH_hU~M hU~M hU~M:_gdug can 'joms byed rdo rje'i zer:_bdud bgegs mnan dang bskrad gzir chas:_srung zlog bsad pa'i mtshon cha yis:_dbang bskur nus stobs yongs rdzogs shog:_oM shan+tiM puSh+TiM wA shaM mA ra ya a b+hi Shiny+tsa AH_hU~M hU~M hU~M:_dri med dbyings ni shel lta bu:_lhun grub 'od lnga'i zer dang ldan:_kun khyab chen po'i ye shes srog:_mtshon byed brda yis dbang bskur ro:_dz+nyA na d+hA tu a b+hi Shiny+tsa aH_dgongs pas gzir zhing don ngo sprad:_chos nyid mnyam pa'i rang ngo skyong:_mtshan mtshon brjod pa bral ba'i ngang:_hU~M glu len pas dgongs rgyud 'pho:_don gyi snying po dbang bzhi'i mchog:_byin rlabs nus rtsal thogs med 'bebs:_lam gyi sngon 'gro med mi rung:_gsang chen mchog gi myur lam zab:_dam tshig khas blangs gtang rag 'bul:_rjes kyi las rim spyi ltar bya:_sa ma ya:_shin tu snyigs ma'i dus kyi tshe:_'gal rkyen skyob pa'i thabs kyi mchog:_'chol ba'i khro rgyal he ru ka:_bla ma drag po'i srog sgrub 'di:_pad 'byung thugs kyi thig le'i bcud:_gdul dka'i 'gro la snying brtse bas:_ye shes dgongs pa'i gter du sbas:_nam zhig dus kyi tha ma'i tshe:_mnga' bdag chen po'i ye shes gzugs:_bi ma mi tras byin brlabs pa'i:_rig pa 'dzin dang 'phrad nas kyang:_skal ldan du ma'i btsas su shog:_sa ma ya:_rgya rgya rgya:_brda thim:_ces 'di 'ja~Mm mgo~Mn bla~M ma'i~M rdo rje'i bka~M'/_/mdo rgyud bka' gter 'chad rtsod rtsom pa yi/_/ngaga~M la dba~Mng thob mkhyena~M brtse~M'i ye shes kyi/_/nora~M bu~M snang mdzad lo tsA mkhana~M chena~M gsung*/_/o~M rgyana~M brgyud par bcas la rab dad cing*/_/gzhana~M phana~M dad blo ldan pas nyer bskula~M tshe/_/rtsa rlung thig le'i lang tsho smin pa yis/_/mgo skyes tsam pa ka yi thod bcings pa/_/pad+ma gar dbang mdo sngags gling pa'i sdes/_/rig rtsal ye shes chos gter spro ba'i gnas/_/gangs can skyabs gcig mtsho skyes rgyal ba'i dbang*/_/'chol ba'i khro rgyal skur bzhengs rdo rje'i brag_/stag tshang seng ge bsam 'grub ke'u tshang nas/_/gtan la phab 'dis pad+ma'i thugs bskyed mthu/_/rjes su skul ba'i pho nyar gyur nas kyang*/_/bstan 'gro'i dpal yon snyigs dus rnyog pa yis/_/ma bslad phan bde'i pad tshal rgyas gyur cig_/shrI bi dza yan+tu//_//

Footnotes

Other Information