DKR-KABUM-23-'A-007: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-23-'A-007
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber='A | |||
|textnuminvol=007 | |||
|pdflink=File:DKR-KABUM-23-'A-007.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|དུས་ཀྱི་རྒུད་པ་ཞི་བའི་སྨོན་ལམ་བཀྲ་ཤིས་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི། གྲངས་མེད་བསྐལ་པར་གོམས་པའི་ཐུགས་བསྐྱེད་ཀྱིས། །ལྔ་བདོའི་འགྲོ་ལ་ཡོངས་བཟུང་ཤཱཀྱའི་ཏོག །རྨད་བྱུང་པད་དཀར་ལྟར་བསྔགས་ཐུགས་རྗེ་ཡི། །བྱམས་པའི་ཕྱག་གིས་འཛིན་པའི་དུས་ལ་བབ། །མགོན་པོ་ཁྱེད་ཀྱི་བརྩེ་བའི་དམ་བཅའ་ཡི། །ཡུལ་དུ་གྱུར་པའི་རྗེས་འཇུག་སྡུག་བསྔལ་ལ། །ཡབ་གཅིག་བཀའ་དྲིན་ཅན་གྱི་ཕྲིན་ལས་ཤུགས། །དེང་འདིར་མངོན་གསུམ་སྩོལ་ཅིག་ཟས་གཙང་སྲས། །དཔའ་བོའི་རྣམ་ཐར་བདུད་རྩིའི་སྤྲིན་ཕྲེང་མཐུ། །འདྲེན་དང་སྤེལ་བར་ཞལ་བཞེས་སྙིང་རྗེའི་བདག །རིགས་གསུམ་མགོན་པོ་ཉེ་བའི་སྲས་མཆོག་གི །ཐུགས་དམ་རྩལ་སྤྲུགས་མཛད་པའི་དུས་ལ་བབ། །སྐད་ཅིག་མི་བསྙེལ་སྡུག་བསྔལ་ཅན་གྱི་འགྲོ། །རྟག་ཏུ་དགོངས་པའི་ཐུགས་བསྐྱེད་དམ་བཅའི་མཐུ། །རྩོད་དུས་འགྲོ་བས་དངོས་སུ་ལོངས་སྤྱད་ནས། །ཕན་བདེའི་དབུགས་དབྱུང་སྩོལ་ཅིག་རྒྱལ་སྲས་ཚོགས། །ཐུབ་པ་མཆོག་གི་རིང་ལུགས་རྗེས་འཇུག་བཅས། །སྐྱོང་ཞིང་བཤད་དང་སྒྲུབ་པའི་དགའ་སྟོན་སྒོ། །སྤེལ་ལ་མཚུངས་མེད་གནས་བརྟན་གཏད་རབས་སོགས། །མཐུ་ལྡན་འཕགས་ཚོགས་ཞལ་བཞེས་དུས་ལ་བབ། །སྡུག་བསྔལ་གསུམ་གྱི་ཟུག་རྔུ་འབུམ་ཕྲག་གིས། །ཐར་པའི་སྲོག་རྩ་ཆད་ཉེ་རྗེས་འཇུག་ཀུན། །དབུགས་འབྱིན་ཕྱག་གིས་བསླབ་གསུམ་ངལ་སྟེགས་སུ། །སྦྱོར་བའི་སྐལ་བཟང་སྩོལ་ཅིག་འཕགས་པའི་ཚོགས། །མི་སློབ་འབྲས་བུའི་གསང་བར་དགྱེས་སྤྱོད་ཀྱང༌། །རྣམ་པར་འདྲེན་མཆོག་སྤྲུལ་པའི་སྐྱེས་བུའི་ཚུལ། །ཛམ་གླིང་རྒྱན་མཆོག་རྒྱུད་སྡེ་རྣམ་པ་བཞིའི། །གྲུབ་བརྙེས་རྒྱ་མཚོའི་ཐུགས་བསྐྱེད་དུས་ལ་བབ། །ཡང་དག་རྒྱལ་བསྟན་ཉིན་བྱེད་ནུབ་རིར་ཕྱོགས། །སྤང་ཀློག་སྣང་བ་ཀུན་གསལ་དབྱིངས་སུ་སྡུད། །མི་ཤེས་བླུན་པོའི་ཅ་ཅོ་འདི་གཟིགས་ལ། །ཕྱི་མའི་འགྲོ་ལ་དགོངས་ཤིག་ཤིང་རྟ་ཆེ། །ཁྱད་པར་གངས་ཅན་སྙིགས་མར་གྱུར་པའི་སྐྱབས། །རབ་འབྱམས་རྒྱལ་བའི་སྤྱི་མེས་ཨོ་རྒྱན་རྗེ། །དཔག་ཡས་སྒྱུ་འཕྲུལ་རྒྱ་མཚོའི་ཁྱབ་བདག་ཆེ། །མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་དུས་ལ་བབ། །ཐོགས་མེད་མཁྱེན་བརྩེ་ནུས་སྟོབས་གློག་ལས་མྱུར། །གདུལ་དཀའ་རྗེས་འཛིན་བྱིན་རླབས་བདེན་པའི་ཚིག །ཕ་ཡི་ཞལ་ཆེམས་བུ་ལ་དགོས་དུས་བབ། །དབུགས་འབྱིན་མྱུར་དུ་སྩོལ་ཅིག་བཀའ་དྲིན་ཅན། །མཐའ་ཁོབ་མུན་པའི་གླིང་དུ་སངས་རྒྱས་ཀྱི། །བསྟན་མཆོག་སྣང་བས་ཐར་པར་དབུགས་འབྱིན་མཐུས། །སངས་རྒྱས་ལས་ལྷག་དྲིན་ཅན་མཁན་སློབ་ཆོས། །ཐ་མའི་གདུལ་བྱ་རྗེས་འཛིན་དུས་ལ་བབ། །ལས་ཉོན་འདམ་བྱིང་ངན་སྤྱོད་དྲི་ངས་གདུང༌། །ཐར་པའི་དུས་མེད་སྡུག་བསྔལ་ཚོར་བ་རགས། །རང་བྱས་འབྲས་བུས་རང་ཕུང་དུས་གཟིགས་ནས། །ཡལ་བར་མ་དོར་རིགས་གསུམ་སྤྲུལ་པའི་སྐུ། །ལུས་སྲོག་ལྟོས་མེད་དཀའ་བས་དམ་ཆོས་བརྩལ། །ལོག་སྒྲུབ་སྐྱོ་ངལ་བཟོད་ལྡན་མཆོག་བསྟན་སྤེལ། །གངས་ཅན་ཕན་བདེའི་སྒོ་འབྱེད་ལོ་པཎ་ཚོགས། །རྗེ་འབངས་འདུས་པའི་ཐུགས་དམ་དུས་ལ་བབ། །ཟབ་རྒྱས་ཆོས་ཀྱི་རིན་ཐང་ཡལ་བར་དོར། །ཚེ་འདིའི་འདོད་པས་མི་ཚེ་ཕལ་ཆེར་གྲོན། །འཁྲུལ་ལས་ཡང་འཁྲུལ་ཉམ་ཐག་འདི་ལ་གཟིགས། །ལས་ངན་འཆིང་བ་བཀྲོལ་མཛོད་མཁས་གྲུབ་ཚོགས། །སྨོན་ལམ་གཏད་རྒྱས་མཁའ་འགྲོའི་གསང་མཛོད་འབྱེད། །ཐུགས་བསྐྱེད་དུས་བབ་ཕྲིན་ལས་ནུས་རྩལ་མྱུར། །གངས་ཅན་མགོན་གྱུར་ཟབ་གཏེར་འཁོར་ལོས་བསྒྱུར། །སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་དུས་ལ་བབ། །གང་འདུལ་ཕྲིན་ལས་ཟབ་མོའི་རྩལ་དང་ལྡན། །བསྟན་འགྲོའི་རྒུད་སེལ་སྨོན་ལམ་མཐུ་བཙན་པས། །བོད་ཡུལ་དབུགས་འབྱིན་ཐུགས་བསྐྱེད་བདེན་པའི་འབྲས། །མངོན་གྱུར་སྣང་བར་མཛོད་ཅིག་རིག་འཛིན་ཚོགས། །གཟོད་ནས་རབ་ཞི་བདུད་རྩིའི་མཆོག་བརྙེས་ཀྱང༌། །འགྲོ་ཕྱིར་སྲིད་པར་སྒྱུ་མའི་གར་རྩེན་པས། །ཐུབ་བསྟན་སྙིང་པོ་བཤད་དང་སྒྲུབ་པ་ཡིས། །སྣང་མཛད་ཤིང་རྟ་བཅོ་བརྒྱད་དུས་ལ་བབ། །སྲིད་ཞིའི་དགེ་ལེགས་འབྱུང་གནས་རྒྱལ་བའི་བསྟན། །ཉིན་རེ་བཞིན་ཡང་ཉམས་ཞིང་རྒུད་པ་ལ། །བཟོད་མེད་རྡོ་རྗེའི་གོ་ཆ་རྩལ་སྤྲུགས་ནས། །ལུང་རྟོགས་འཕེལ་རྒྱས་བརྟན་མཛོད་པཎ་གྲུབ་ཚོགས། །མཚན་དང་རིག་པའི་གསང་སྔགས་འཛིན་ཙམ་གྱིས། །ལས་ཉོན་རྒུད་སྐྱོབས་ཕན་བདེའི་དཔལ་གཏེར་མཛད། །རིམ་དགུའི་ཐེག་པའི་རྒྱུད་སྡེ་ཡི་དམ་ལྷ། །སྒྱུ་ཕྲུལ་དྲྭ་བའི་ཐུགས་དམ་དུས་ལ་བབ། །མི་ཤེས་མུན་ཀློང་སྡུག་བསྔལ་ཚེར་མའི་ནགས། །བྱིངས་ཏེ་སྐྱབས་བྲལ་ངན་འགྲོའི་འབབ་སྟེགས་ཅན། །ཤིན་ཏུ་རྒུད་པའི་གནས་སོན་ཡིད་ཅན་ལ། །གཟིགས་ནས་ཐུགས་རྗེས་ཟུངས་ཤིག་དཀྱིལ་འཁོར་ལྷ། །ཁྱད་པར་སྒྱུ་ཕྲུལ་དྲྭ་བ་རྡོ་རྗེ་དབྱིངས། །ཞི་ཁྲོའི་འཁོར་ལོ་བདེ་གཤེགས་སྒྲུབ་སྡེ་བརྒྱད། །བཀའ་འདུས་ཚོམ་བུ་ཉེར་གཅིག་མདོ་ཚོགས་ཆེན། །རབ་འབྱམས་དཀྱིལ་འཁོར་ཐུགས་དམ་དུས་ལ་བབ། །བདེ་ཆེན་ཉམས་བརྒྱས་སྒེག་པའི་ཡེ་ཤེས་སྟོབས། གདུལ་དཀའི་གཡུལ་ངོར་ལྷག་པར་དཔའ་བའི་སྟོབས། །ཟོལ་མེད་བསྙེན་ཅིང་སྒྲུབ་པས་བསྐུལ་ལགས་ན། །ཐུགས་རྗེས་སྐྱོབ་པར་མཛོད་ཅིག་ཡི་དམ་ཚོགས། །སྒྱུ་འཕྲུལ་ཆེན་པོའི་བདེ་མཆོག་གར་གྱི་རྩེན། །ཕྲིན་ལས་རོལ་པས་གྲུབ་གཉིས་གློག་ལྟར་སྩོལ། །བསྟན་དང་རྣལ་འབྱོར་དགྱེས་སྐྱོང་མ་མ་ཆེ། །འབུམ་ཕྲག་ཡངས་པའི་ཌཱ་ཀིའི་དུས་ལ་བབ། །ཕྱི་ནང་གཞན་གསུམ་གཉིས་མེད་རྟེན་འབྲེལ་ཆོས། །མི་མཐུན་ལོག་པས་སྣོད་བཅུད་ཉམས་ཉེས་ཚེ། །བདེ་སྟོང་ཀློང་ལྔའི་ནུས་པའི་མཐུ་སྟོབས་ཀྱིས། །ལེགས་དགུའི་དཔལ་ཡོན་སྩོལ་ཅིག་མཁའ་འགྲོའི་ཚོགས། །གཏུམ་ཆེན་རབ་འབར་མི་སྡུག་དྲག་ཤུལ་མཐུ། །སྡིག་ཅན་སྙིང་རྗེས་སྒྲོལ་བའི་ཐུགས་དམ་ཅན། །ཉམས་པའི་གཤེད་གྱུར་རྒྱུད་གསུམ་དྲེགས་པའི་གཙོ། །དམ་ཅན་རྒྱ་མཚོའི་ཡལ་གམ་དུས་ལ་བབ། །རིག་འཛིན་མཁའ་འགྲོ་ཡོངས་ཀྱི་སྲོག་གི་སྙིང༌། །ས་གསུམ་དཔལ་འབྱོར་ལས་ལྷག་རྒྱལ་བའི་བསྟན། །དེ་འཛིན་བཅས་པའི་དབུ་འཕང་སྨད་པའི་དུས། །སྙིགས་མའི་རང་གཟུགས་གཟིགས་ཤིག་ཆོས་སྐྱོང་རྣམས། །རྒྱལ་ཀུན་ཞལ་སྐྱིན་གྲུབ་པས་བཀའ་བསྒོས་ཤིང༌། །ཟབ་མོའི་བསྟན་དང་བསྟན་འཛིན་མེལ་ཚེས་སྐྱོང༌། །རབ་འབྱམ་དཀྱིལ་འཁོར་རྒྱ་མཚོའི་བཀའ་སྡོད་ཆེ། །མཐུ་ཆེན་གཏེར་གཞིའི་གཉེར་འཛིན་དུས་ལ་བབ། །རྡོ་རྗེའི་ལམ་སྲོལ་སྟོན་པ་རྗེས་འཇུག་གིས། །རིན་ཐང་མི་ཤེས་བླུན་པོའི་གཡམ་ལ་རྒྱུག །ཟབ་མོའི་ཆོས་ཀྱི་མངའ་ཐང་སྨད་འདི་གཟིགས། །ཚར་གཅོད་རྗེས་འཛིན་མཛོད་ཅིག་མཐུ་རྩལ་ཅན། །མཁྱེན་བརྩེ་ནུས་པའི་མཐུ་སྟོབས་ན་ཕྲ་ཞིང༌། །ཕུལ་བྱུང་སྤང་རྟོགས་ཡོན་ཏན་ནོར་དབུལ་ཡང༌། །ལྷག་བསམ་དད་པའི་གདུང་བས་སྐྱབས་མཆོག་རྣམས། །རྡོ་རྗེའི་ཐུགས་དམ་བསྐུལ་ལ་མ་གཡེལ་དགོངས། །སྲིད་ཞིའི་ལེགས་ཚོགས་ཐུབ་བསྟན་མཆོག་ལ་རག །དེ་ཉིད་འཛིན་སྤེལ་སྐྱེས་ཆེན་ཁོ་ནའི་མཐུ། །ཡིན་ཀྱང་མི་ཤེས་དཀོན་མཆོག་དབུ་འཕང་སྨད། །ལས་ངན་ཁུར་དུ་ཐོགས་པའི་འགྲོ་འདི་གཟིགས། །བློ་གྲོས་ཆུང་བས་ཚེ་འདིའི་འདོད་པས་གདུང༌། །སྒྲིབས་ཚོགས་ཤུགས་དྲག་ཉོན་མོང་ཆུ་ཀླུང་བརྡོལ། །རང་བྱས་ལས་ངན་རང་གཤེད་འབེབས་པ་ཡི། །དུས་ངན་འགྲོ་འདིའི་གནས་ལ་ད་གཟིགས་ཤིག །སྡིག་སྡུག་མཐོར་རླུང་གཡོ་བས་རང་སྲོག་རྒོལ། །ཡང་དག་ལམ་དང་སྟོན་པ་ཚད་མ་སྤང༌། །སྐྱབས་བྲལ་ཡིད་ཆད་ངན་འགྲོའི་གཡང་གཞོལ་ཏེ། །གདུང་བའི་འོ་འདོད་འབོད་པ་ཅང་གསན་ནམ། །ཆོས་ཉིད་གཞི་ཀློང་མཚན་མའི་རྟོགས་བྲལ་ཡང༌། །ཆོས་ཅན་སློབ་པ་ལམ་གྱི་ཐུགས་བསྐྱེད་ཀྱིས། །རྗེས་འཇུག་སྐྱོང་བའི་རྡོ་རྗེའི་ཞལ་བཞེས་རྣམས། །རས་སུ་མ་བོར་དགོས་པའི་དུས་འདིར་དགོངས། །མགོན་པོ་ཁྱེད་རྣམས་གྲངས་མེད་བསྐལ་པ་རུ། །སྐུ་དང་སྲོག་གི་རིན་ཐང་གིས་བསྒྲུབས་པའི། །བསགས་པའི་གཅེས་ནོར་རྡུལ་ཁྲོད་འདོར་དུ་ཆས། །མ་བཟོད་ཉམ་ཐག་སྨྲེ་ངག་འབོད་འདི་གསོན། །གང་དུ་སྡུག་བསྔལ་ཁུར་དུ་བརྩེགས་པའི་འགྲོ། །བསྟན་མཆོག་རྒུད་ཚེ་ལྷག་པར་བདེན་པའི་འབྲས། །ལེགས་བྲིས་ཚལ་ན་ལྷ་ཡི་རྔ་གསང་བཞིན། །མངོན་སུམ་མཐོང་བར་མཛོད་ཅིག་རིན་པོ་ཆེ། །བསྐལ་བཟང་རྣམ་འདྲེན་སྟོང་དང་ཁྱད་པར་དུ། །རྩོད་དུས་མགོན་གྱུར་ཤཱཀྱའི་དབང་པོ་དེའི། །ཐུགས་བསྐྱེད་སྨོན་ལམ་ལྔ་བརྒྱས་བཟུང་བ་ཡི། །མི་མཇེད་ཞིང་འདིར་གཟིགས་པའི་དུས་ལ་བབ། །པད་དཀར་འཆང་བས་བརྩེ་ཆེན་ཕྱག་གིས་འཁྱུད། །རྗེ་བཙུན་སྒྲོལ་མས་འཇིགས་པ་ཀུན་སྐྱོབ་ཅིང༌། །ཞིང་འདི་ཕྱག་མཚན་བཞེས་པའི་ཐུགས་བསྐྱེད་ཀྱིས། །སྙིགས་མའི་སྐལ་ངན་བཟློག་ལ་དབུགས་འབྱིན་སྩོལ། །སྨོན་ལམ་རྒྱ་ཆེན་བདེ་བར་གཤེགས་པ་བརྒྱད། །མི་འཁྲུགས་མགོན་དང་འོད་དཔག་མེད་སོགས་ཀྱིས། །ཐུགས་བསྐྱེད་བདེན་མཐུས་ལས་ངན་ཕོངས་རྒུད་བྱང༌། །མངོན་མཐོ་ངེས་ལེགས་བདེ་དགས་འབྱོར་བར་མཛོད། །འཇམ་མགོན་མཁྱེན་རབ་གསང་བདག་ནུས་པའི་སྟོབས། །ཀུན་བཟང་སྨོན་ལམ་བྱམས་མགོན་ཚུལ་ཁྲིམས་སོགས། །རྒྱལ་སྲས་སེམས་དཔའི་རྣམ་ཐར་ཡིད་ཅན་གྱིས། །མངོན་སུམ་སྤྱོད་པས་གདུལ་དཀའ་ཀུན་འདུལ་ཤོག །སངས་རྒྱས་ལས་ཀྱང་བཀའ་དྲིན་རྨད་བྱུང་བ། །མཁན་སློབ་ཆོས་ཀྱི་རྒྱལ་པོ་མེས་དབོན་གསུམ། །པཎ་གྲུབ་ལོ་ཙཱའི་རྣམ་ཐར་རྗེས་སློབ་པས། །དྲིན་བཟོ་བཤད་སྒྲུབ་ལས་གསུམ་སྤེལ་ནུས་ཤོག །ཤིན་ཏུ་རྙེད་དཀའི་ཐུབ་བསྟན་ཡིད་བཞིན་ནོར། །རིན་ཐང་ཤེས་པས་སྙིང་དང་མིག་ལས་ཀྱང༌། །གཅེས་པར་འཛིན་པས་མཆོད་ཅིང་སྤེལ་བ་ལ། །ལུས་སྲོག་ཡལ་བར་དོར་ནུས་བྱིན་གྱིས་རློབས། །ཐུགས་བསྐྱེད་ཡོན་ཏན་འཕགས་ཤིང་སྤང་རྟོགས་ཕྱུག །མཛད་པ་ཕྲིན་ལས་རྨད་བྱུང་ཀུན་ཕན་པའི། །བསྟན་འཛིན་ཇི་སྙེད་བར་ཆད་གཡུལ་ལས་རྒྱལ། །མཐའ་དག་བསྟན་ལ་སྨན་ནུས་རྟག་འབྱོར་ཤོག །ངེས་འབྱུང་བདུད་རྩིའི་སྙིང་གི་པདྨོ་སིམ། །གཞན་ཕན་གེ་སར་ཚོགས་གཉིས་སྦྲང་རྩིའི་མཛེས། །ཐབས་མཆོག་རྫི་ཕྱོགས་དྲི་ཡིས་དངོས་གྲུབ་བཅུད། །འགུགས་པས་ཀུན་ཀྱང་སྡོམ་གསུམ་དག་པར་མཛོད། །ཐོས་པས་རྒྱུད་གྲོལ་ཕྱོགས་རིས་ལོག་ལྟ་སྤངས། །ངེས་དོན་གནས་རྟོགས་རང་ལྟ་མཆོག་འཛིན་དག །ས་ལམ་མྱུར་རྫོགས་སྒོམ་པའི་ཡོན་ཏན་གྱིས། །བསླབ་གསུམ་དྲི་མེད་འཕེལ་རྒྱས་བརྟན་པར་མཛོད། །མཁས་དང་གྲུབ་པའི་རྣམ་ཐར་ནོར་བུའི་རྒྱན། །ཐུགས་བསྐྱེད་སྐྱེས་སྦྱང་སྟོབས་ཀྱིས་བདག་གིར་མཛད། །མ་ལུས་སྐྱེ་དགུའི་མགོན་གྱུར་དུ་མ་ཡིས། །རྒྱལ་བསྟན་འཛིན་སྐྱོང་སྤེལ་ཞིང་སྲུང་བར་མཛོད། །རྒྱ་ཆེའི་བསོད་ནམས་ཤེ་མོང་ཆེས་དར་བས། །མཆོག་གསུམ་རིན་ཆེན་ཁུར་ལྕི་འདེགས་ལ་བརྩོན། །བློ་གྲོས་ཅང་ཤེས་འབྱོར་ལྡན་སྦྱིན་བདག་གིས། །བསྟན་པའི་མངའ་ཐང་སྤེལ་ཞིང་སྲུང་བར་མཛོད། །རི་ཡི་ངོགས་ཀུན་བསམ་གཏན་སྒོམ་པས་ཁེངས། །ཀླུང་རྣམས་ཀློག་པ་ཐོས་བསམ་འཛིན་གྲྭ་རྒྱས། །ཀུན་གྱི་ལྟ་སྤྱོད་རྒྱལ་བ་དགྱེས་པའི་ལམ། །ཞུགས་པས་རྣམ་དཀར་སྣང་བ་འཕེལ་རྒྱས་མཛོད། །སྐྱེ་དགུ་ཀུན་ཀྱང་སྒོ་གསུམ་དགེ་ལ་བརྩོན། །མཐའ་དག་དཀོན་མཆོག་གསུམ་ལ་བླ་མར་བསྐུར། །བསོད་ནམས་དཔལ་ལྡན་ཡིད་མཐུན་ཉོན་མོངས་མེད། །རྫོགས་ལྡན་དགའ་སྟོན་མཐུན་པས་སྤྱོད་པར་མཛོད། །འཇིག་རྟེན་ཁམས་ཀུན་འཐབ་རྩོད་ཕུང་དཀྲོལ་བྲལ། །ངན་སོང་གནས་སྟོང་མཐོ་རིས་བདེ་བས་དར། །ནད་མུག་མཚོན་གྱི་བསྐལ་ངན་རྒྱུན་ཆད་དེ། །ཀུན་ཀྱང་རྣམ་གྲོལ་དཔལ་ལ་སྤྱོད་པར་མཛོད། །ཁྱད་པར་གངས་རིའི་ལྗོངས་ཀྱི་ཁྱོན་མཐའ་དག །ནད་མུག་མཚོན་འཁྲུགས་དུས་ཀྱི་རྒུད་པ་ཞི། །མཐའ་མི་འབྱུང་པོས་གླག་ལྟ་མི་ནུས་པར། །ཆོས་རྒྱལ་མེས་དབོན་དུས་བཞིན་བདེ་བར་མཛོད། གངས་ཅན་ལྟེ་བ་ར་ས་འཕྲུལ་སྣང་ཞིང༌། །ལུགས་གསུམ་མི་འགྱུར་ཟབ་ཡངས་ཆོས་འཁོར་ཆེ། །ཁྲ་འབྲུག་བྱམས་སྙོམས་ལ་སོགས་འཕགས་པའི་ཚོགས། །དངོས་བཞུགས་ཆོས་འཁོར་གཙུག་ལག་རྒྱས་བརྟན་མཛོད། །དེ་ཡང་ལྷ་དང་བཅས་པའི་སྐྱེ་དགུ་ཡིས། །མཆོད་དང་བཀུར་སྟིས་ཚོགས་གཉིས་དཔལ་འབྱོར་སྡུད། །ཞི་དུལ་ངུར་སྨྲིག་འཛིན་པས་ལེགས་ཁེངས་ཏེ། །ལོག་འཚོ་བྲལ་བའི་རྙེད་བཀུར་རྒྱས་པར་མཛོད། །ཡེར་པ་མཆིམས་ཕུ་བསམ་གྲུབ་ཤེལ་བྲག་སོགས། །གྲུབ་བརྙེས་རིག་པ་འཛིན་པའི་དབེན་གནས་ཀུན། །ཏིང་འཛིན་དཀའ་ཐུབ་ལྷུར་བཞེས་སྤོང་བ་པས། །ལེགས་བསྙེན་དངོས་གྲུབ་བརྙེས་པས་བརྟེན་པར་མཛོད། །ཕྱོགས་ཀུན་རིས་མེད་དགེ་འདུན་སྡེ་རྒྱས་ཤིང༌། །ཀུན་ཀྱང་ངེས་འབྱུང་བསླབ་གསུམ་དོན་དུ་གཉེར། །རིས་མེད་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱིས། །ཕྱོགས་རིས་སྡེ་འཁྲུག་ཞི་བས་མཛེས་པར་མཛོད། །རྒྱལ་བློན་ཁྱིམ་བདག་གཉུག་མར་གནས་ཀུན་ཀྱང༌། །ལེགས་བྱས་རྣམ་དཀར་འབའ་ཞིག་བརྩོན་པས་སྒྲུབ། །དཀོན་མཆོག་མཆོད་དང་དགེ་བཅུའི་ཁྲིམས་གནས་པས། །སྡུག་བསྔལ་འཐབ་རྩོད་ཞི་ཞིང་འབྱོར་བར་མཛོད། །སྨོན་ལམ་ལོག་པའི་བོད་ཕུང་དམ་སྲི་དང༌། །ནག་པོའི་ཕྱོགས་གྱུར་གདུག་པའི་ཀླ་ཀློ་ཡིས། །བསམ་སྦྱོར་ངན་པས་ནམ་ཡང་མི་བརྫི་བར། །ཆོས་སྲིད་ཉི་ཟླའི་སྣང་བས་མཛེས་པར་མཛོད། །རིགས་གསུམ་མགོན་སོགས་རྒྱལ་དང་དེ་སྲས་ཀྱི། །སྤྲུལ་པའི་སྐྱེས་བུ་ངོ་མཚར་ཅན་དུ་མས། །བོད་ཡུལ་བསྟན་དང་ཆབ་སྲིད་ལེགས་བསྐྱངས་ནས། །མངོན་མཐོ་ངེས་ལེགས་དཔལ་གྱིས་དར་བར་མཛོད། །བོད་ཁམས་གཉེར་གཏད་བརྟན་མ་བཅུ་གཉིས་དང༌། །མགུར་ལྷ་དགེ་བསྙེན་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །གུ་རུའི་རྡོ་རྗེའི་ཐ་ཚིག་ཇི་བཞིན་དུ། །གངས་ཅན་བསྟན་དང་ལུས་ཅན་སྐྱོངས་མཛོད་ཀྱཻ། །མདོར་ན་བསྟན་དང་འགྲོ་ལ་ཕན་པའི་སྒོ། །མཐའ་དག་མ་འབད་པར་ཡང་ངང་གི་འདུ། །གནོད་པའི་ཕྱོགས་ཀུན་མིང་ཡང་མི་གྲགས་པས། །བཀྲ་ཤིས་དགེ་ལེགས་སྣང་བ་རྟག་འཆར་མཛོད། །ཅེས་པའང་སྙིགས་དུས་བསྐལ་ངན་གྱི་མུན་རུམ་ཆེས་ཆེར་ཤུགས་བདོ་བའི་ཚེ་སྦྱོར་བའི་ནུས་སྟོབས་ནམ་མཁའི་ཨུཏྤལ་ལའི་རྗེས་སུ་སྙེགས་ཀྱང་ལྷག་བསམ་གྱི་འཇུག་པ་ཡངས་ཤིང་དཀར་བའི་རྒྱལ་ཁམས་ཀྱི་ཀུ་སཱ་ལི་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་པདྨ་འོད་གསལ་མདོ་སྔགས་གླིང་པར་ཡང་འབོད་པ་གང་དབུས་གཙང་ལོངས་སྤྱོད་རྫོགས་པའི་རྡོ་རྗེའི་གནས་རྟེན་རྣམས་དད་པའི་འདྲེན་བྱེད་ཀྱི་སྤྱོད་ཡུལ་དུ་གྱུར་པའི་སྐབས་བདེན་བརྗོད་འདི་ལྟར་བགྱིས་པའི་ཚེ་དད་སློབ་མཚུངས་མེད་ངག་དབང་བསྟན་འཛིན་ནས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་ཆེད་དུ་བསྐུལ་བ་བཞིན་གངས་ཅན་བོད་ཀྱི་རྡོ་རྗེ་གདན་སྟོན་མཆོག་དོན་ཀུན་གྲུབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དངོས་སུ་བཞུགས་པའི་སྤྱན་སྔར་མེ་བྱ་གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་ཆེན་མོའི་མཆོད་པའི་སྐབས་བསག་སྦྱང་ཅུང་ཟད་བགྱིས་པའི་ཚེ་རྩེ་གཅིག་གུས་པས་བྲིས་ཤིང་སྨོན་པ་འདིས་ཀྱང་རྩོད་དུས་ཀྱི་བསྟན་འགྲོ་ལ་དབུགས་དབྱུང་མཐོང་བའི་ཆོས་སུ་ངེས་པར་ཐོབ་པའི་རྒྱུ་ཁོ་ནར་གྱུར་ཅིག ༈ དུས་ཀྱི་རྒུད་མུན་ཞི་བའི་སྨོན་ལམ་ཟླ་བའི་བདུད་རྩིའི་ཟིལ་དངར་བཞུགས། ཨོཾ་སྭསྟི། རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །འཆི་མེད་རིག་འཛིན་པདྨ་ཀུན་ཏུ་འཆང༌། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྟོན་པ་ཆེའི། །ཐུགས་བསྐྱེད་མཐུ་ཡིས་ལྔ་བརྒྱའི་འགྲོ་འདི་སྐྱོབས། །དགོངས་ཀློང་ཧེ་རུ་ཀ་དང་གཉིས་སུ་མེད། །རྣམ་འཕྲུལ་བཀའ་འདུས་རྒྱ་བོད་རིག་འཛིན་ཚུལ། །མཁྱེན་བརྩེ་ནུས་པ་བསམ་མི་ཁྱབ་པའི་མཐུས། །སྙིགས་མའི་བསྟན་འགྲོ་མྱུར་དུ་སྐྱོབ་པར་མཛོད། །ངོ་བོ་བདེ་ཆེན་ཐིག་ལེ་གཅིག་ཏུ་བཟླུམ། །བྱང་ཆུབ་ཉེར་གཅིག་སྒྱུ་འཕྲུལ་རྡོ་རྗེའི་གར། །བཀའ་འདུས་དཀྱིལ་འཁོར་ཉེར་གཅིག་ཡི་དམ་ལྷ། །སྡུག་བསྔལ་ལྔ་བརྒྱའི་འགྲོ་ལ་སྨན་པར་མཛོད། །ཆོས་ཉིད་རྣམ་ཀུན་མཆོག་ལྡན་ཀློང་ཞི་ཡང༌། །ཆོས་ཅན་ཕྲིན་ལས་མྱུར་མགྱོགས་གློག་ལྟར་འཁྱུགས། བཀའ་འདུས་མཁའ་འགྲོ་ཡུམ་མཆོག་ཉེར་གཅིག་གིས། རྩོད་པའི་དུས་ཀྱི་འཁྲུག་པ་ཞི་བར་མཛོད། །དུས་གསུམ་བདེ་གསལ་མི་རྟོག་ཡེ་ཤེས་ཤར། །བཀའ་འདུས་ཆོས་སྲུང་མ་མགོན་འདུས་པའི་ཚོགས། །རྡོ་རྗེའི་ཆོས་སྲུང་གཉན་པོས་བསྟན་འགྲོ་ལ། །མེལ་ཚེས་ནག་ཕྱོགས་འབྱུང་པོ་ཆམ་ལ་ཕོབ། །ཧེ་རུ་ཀ་ཡི་གསང་མཛོད་དབང་བསྒྱུར་བའི། །རྡོ་རྗེའི་རིགས་ཅན་ཆོས་ཀྱི་རྒྱལ་པོ་ཆེ། །བཀའ་འདུས་ལས་ལྡན་མངའ་བདག་ཁུ་དབོན་གྱི། །སྨོན་ལམ་མཐུ་ཡིས་བོད་ཡུལ་མཐའ་དབུས་སྐྱོབས། །ཐུགས་བསྐྱེད་དུས་བབ་ངོ་མཚར་སྤྲུལ་པའི་སྐུ། །བཀའ་འདུས་ཟབ་གཏེར་གངས་ཅན་འཛིན་མ་རུ། །སྤེལ་མཛད་ཨོ་རྒྱན་གླིང་དང་མདོ་སྔགས་གླིང༌། །རྟེན་འབྲེལ་བདེན་པས་དུས་ཀྱི་རྒུད་པ་སོལ། །གུ་རུའི་ཐུགས་དམ་གངས་ཅན་སྐྱོབ་པའི་བཙས། །བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འདི་གཅིག་ཅེས། །རྡོ་རྗེའི་ལུང་གིས་བསྔགས་པའི་བདེན་དོན་གང༌། །དེང་དུས་འགྲོ་བས་མངོན་སུམ་སྤྱོད་པར་མཛོད། །རབ་འབྱམས་རྒྱུད་སྡེའི་སྙིང་པོ་འདི་ཉིད་ཀྱི། །བསྙེན་སྒྲུབ་ནུས་པས་ལུང་རྟོགས་བསྟན་པ་འཕེལ། །བསྟན་འཛིན་ཞབས་བརྟན་ཕྱི་ནང་བར་ཆད་སོལ། བསྟན་གཉིས་ཉི་ཟླའི་སྣང་བ་འཆར་བར་མཛོད། །ཐུབ་བསྟན་ཡོངས་རྫོགས་ཆོས་ཀྱི་རྒྱལ་མཚན་འདི། །ཞལ་ཕྱེས་ཙམ་གྱིས་ནད་མུག་འཁྲུག་རྩོད་ཞི། །ལྷ་མིན་མཐར་བྱས་དཀར་ཕྱོགས་རུ་མཚོན་གྱིས། །ཕན་བདེའི་རྒྱལ་ཁབ་མཛེས་ཤིང་བརྟན་གྱུར་ཅིག །བཀའ་འདུས་གྲུབ་པའི་རིག་འཛིན་བར་མ་ཆད། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ཐོགས་མེད་མཐུས། །གུ་རུའི་གདུལ་བྱ་མཐའ་དག་དབུགས་དབྱུང་བའི། །རྫོགས་ལྡན་གསར་པའི་དགའ་སྟོན་དར་བར་མཛོད། །བཀའ་འདུས་སྨིན་གྲོལ་ཐང་མལ་བརྡལ་བའི་ཞིང༌། །བཀའ་འདུས་དཀྱིལ་འཁོར་གྲུབ་པའི་སྨོན་ལམ་དུ། །བཀའ་གསང་རྡོ་རྗེ་རྒྱ་ཡིས་ཉེར་བསྐུལ་ནས། །བཀའ་གཏེར་བསྟན་པ་རྟག་ཁྱབ་ལྷུན་གྲུབ་ཤོག །ཅེས་པའང་ལྷག་བསམ་འོ་མའི་ཆུ་གཏེར་མཚོ་སྐྱེས་བདུད་རྩིའི་རེག་པས་རྟག་ཏུ་སྐྱོང་བའི་རྒྱལ་ཁམས་པ་པདྨ་གར་དབང་མདོ་སྔགས་གླིང་པས་ཨོ་རྒྱན་དྷརྨ་གཉྫིའི་གྲོང་ཁྱེར་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོགས་མཆོད་འབུམ་ཕྲག་ཕུལ་སྐབས་ས་ཟླའི་དཀར་ཕྱོགས་ཀྱི་འཕེལ་ཚེས་བཅོ་ལྔའི་ཉིན་བྲིས་ཤིང་སྨོན་ལམ་དུ་བྱས་པ་དགེ་ལེགས་རྒྱ་ཆེར་འཕེལ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-23-'A]] | [[Category:DKR-KABUM-Volume-23-'A]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:38, 7 November 2022
🚧 This website is under continued development. We appreciate your patience!
Previous Text"'A" is not a number. Back to Volume Page"'A" is not a number.Next Text "'A" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized punctuation character "'"., Text 7, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "'A" is not a number. |
"'A" is not a number.