DKR-KABUM-22-ZA-020: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-22-ZA-020
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=ZA | |||
|textnuminvol=020 | |||
|pdflink=File:DKR-KABUM-22-ZA-020.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|སྐྱ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སྲིད་ཞི་ཀུན་ཁྱབ་ཀུན་བཟང་འོད་མི་འགྱུར༔ བདེ་བ་ཆེན་པོ་རིགས་ལྔའི་ཐོད་ཕྲེང་རྩལ༔ མཁའ་ཁྱབ་འགྲོ་སྒྲོལ་ཐུགས་རྗེའི་ཕྲིན་ལས་རྒྱུན༔ ཕྱོགས་དུས་ཀུན་ཏུ་བསམ་མི་ཁྱབ་བརྡལ་ཞིང༔ ཁྱད་པར་གངས་ཅན་བོད་ཀྱི་གདུལ་བྱའི་ངོར༔ རྟག་ཏུ་མི་གཡེལ་མཛད་པ་གང་འདུལ་གྱི༔ ངོ་མཚར་སྣང་བ་བསམ་མི་ཁྱབ་གང་བས༔ ཤིན་ཏུ་སྙིགས་མ་རྩོད་དུས་འགྲོ་སྐྱོབ་ཕྱིར༔ སྦས་པའི་གནས་ལྗོངས་ལྷོ་མོན་འབྲས་མོ་གཤོང༔ རིག་འཛིན་ལྷ་དང་མཁའ་འགྲོའི་བསྟི་གནས་ཆེ༔ རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་བརླབས་པའི༔ ཆ་ཤས་ཡིད་འོང་མཆོག་གི་ས་འཛིན་ཁྱོན༔ པདྨའི་རྒྱལ་ཚབ་འགྲོ་སྒྲོལ་དེད་དཔོན་ཆེ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་མངའ་བདག་མཆོག༔ མཐོན་མཐིང་ཅོད་པན་འཆང་བའི་རོལ་གར་གྱིས༔ བྱིན་གྱིས་བརླབས་པའི་ཕོ་བྲང་པདྨ་འོད༔ སྐུ་གསུམ་འདུས་པའི་གཞལ་མེད་ཁང་ཆེན་པོ༔ ལུང་རྟོགས་ཆོས་ཀྱི་མཛོད་ཆེན་རང་བརྡོལ་ཞིང༔ མཁས་གྲུབ་རིག་འཛིན་ཀུན་ཏུ་ཚོགས་པའི་ཞིང༔ ཟངས་མདོག་དཔལ་གྱི་རི་མཆོག་དངོས་ཡིན་པས༔ རྡུལ་གཅིག་ཁྱོན་གནས་རྡུལ་སྙེད་རྒྱལ་བའི་ཞིང༔ སྐུ་གསུམ་བདེ་བ་ཆེན་པོའི་དཀྱིལ་འཁོར་ལ༔ ཡི་དམ་ཞི་ཁྲོ་རབ་འབྱམས་དངོས་སུ་བཞུགས༔ གནས་གསུམ་ཌཱ་ཀི་དཔའ་བོ་དུས་སུ་འདུ༔ རྒྱུད་གསུམ་ཆོས་སྲུང་སྤྱི་དང་ཁྱད་པར་དུ༔ རྡོ་རྗེ་བེར་ཆེན་ལྕམ་དྲལ་མགར་བ་ནག༔ སངས་རྒྱས་བསྟན་སྐྱོང་ཉམས་པ་རྩད་ནས་སྒྲོལ༔ གནས་འདི་འཕགས་ཆེན་སྤྲུལ་པ་རྒྱུན་མི་ཆད༔ ཁྱད་པར་རིགས་གསུམ་རྒྱལ་བའི་རྣམ་འཕྲུལ་འབྱུང༔ སངས་རྒྱས་བསྟན་པ་བཤད་སྒྲུབ་ལས་ཀྱིས་སྐྱོང༔ ཡི་དམ་གང་སྒྲུབ་དངོས་གྲུབ་ཕྲིན་ལས་མྱུར༔ ཁྱད་པར་འཕགས་མཆོག་འགྲོ་འདུལ་སྤྱན་རས་གཟིགས༔ པདྨ་ཞི་ཁྲོ་གྲུབ་པའི་རྣལ་འབྱོར་འབྱུང༔ དགོངས་པའི་རྩལ་སྦོར་ནང་གི་ས་ལམ་རྫོགས༔ འབྲེལ་ཚད་དོན་ལྡན་ཕྲིན་ལས་འགག་མེད་སྟོན༔ རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ་སོགས་པའི༔ ཞིང་སྔགས་ལྷན་སྐྱེས་མཁའ་འགྲོས་སྟོང་གྲོགས་བྱེད༔ ཁྱད་པར་ལྷ་སྨན་ཚེ་ཡི་དབང་ཕྱུག་དང༔ བརྟན་སྐྱོང་ཡ་མས་མེལ་ཚེའི་མི་གཡེལ་སྐྱོང༔ རྡོ་རྗེ་འབར་བ་སེང་ཆེན་དགྲ་ལྷའི་རྒྱལ༔ དཔའ་རྟུལ་དྭངས་སྨན་ཚོགས་ཀྱིས་བདུད་བགེགས་བསྒྲལ༔ དོན་གཉིས་ལྷུན་གྲུབ་ཕན་བདེ་འབྱུང་བའི་གནས༔ རྒྱལ་བའི་དཀྱིལ་འཁོར་ངེས་པར་ཡོངས་རྫོགས་བཞུགས༔ དད་མོས་ཡིད་ཆེས་ངེས་པས་གསོལ་བཏབ་སྟེ༔ འབྲེལ་ཚད་དོན་ལྡན་རྡོ་རྗེའི་གནས་ཡིན་པས༔ ངེས་ཤེས་བསྐྱེད་ལ་བཤད་སྒྲུབ་ཕྲིན་ལས་སྐྱོང༔ དད་མོས་ཕྱག་བསྐོར་རྩ་གསུམ་བསྙེན་སྒྲུབ་དང༔ མ་དང་མཁའ་འགྲོའི་ཚོགས་སྐོང་མེ་མཆོད་འབུལ༔ མ་མོའི་མདོས་ཆོག་གསོལ་མཆོད་འཁྲུགས་བསྐང་གཅེས༔ འབྲེལ་ཚད་དོན་ལྡན་ཚེ་འདིའི་བར་ཆད་སེལ༔ ནད་གདོན་ཀུན་ཞི་ཚེ་བསོད་རླུང་རྟ་འཕེལ༔ ལས་ཉོན་སྒྲིབ་སྦྱང་འདི་ཕྱིའི་བདེ་ལེགས་འབྱུང༔ དེ་ཕྱིར་དག་སྣང་གཙང་སྦྲ་ཤིན་ཏུ་གཅེས༔ ཉམས་ཆག་བསགས་ན་གནས་བདག་འཁྲུགས་ཤིང་མནོལ༔ མི་ཕྱུགས་ནད་ལྡང་གློ་བུར་བར་ཆད་འབྱུང༔ དེ་ཉིད་བཟློག་ཕྱིར་རྡོ་རྗེ་ཕུར་པ་ཡི༔ བསྙེན་སྒྲུབ་ལས་སྦྱོར་རྟག་པར་ཡང་ཡང་འབད༔ དུས་ཀུན་བག་ཡོད་སྤྱོད་པས་རྒྱུད་བསྡམ་ནས༔ ལས་བཞི་མཆོག་གི་དངོས་གྲུབ་འབད་མེད་འགྲུབ༔ སྐབས་སུ་ཞི་བ་བསང་དང་ཁྱད་པར་སྐྱེམས༔ དར་སྣ་རླུང་རྟས་མཆོད་ཅིང་རི་ཁྲུས་བྱ༔ མདོས་གླུད་མཁོ་དགུའི་རྫས་དང་ཚོགས་འཁོར་འབད༔ བཀྲ་ཤིས་དགེ་མཚན་འབྱུང་བར་གདོན་མི་ཟ༔ ས་མ་ཡ༔ ཞེས་སོ་སོའི་སྐྱེ་བོའི་འཁྲུལ་རྟོག་གི་སྣང་ཆ་ལ་ཡིད་རྟོན་མ་མཆིས་ཀྱང༌། སངས་རྒྱས་ཀརྨ་པ་ཆེན་པོའི་ཐུན་མིན་ཐུགས་བརྩེའི་བཀའ་ལུང་གསེར་གྱི་སྒྲོམ་བུ་ཚངས་གནས་སུ་ཕེབས་པ་དང༌། མཁྱེན་རྟོགས་རྨད་བྱུང་རྗེ་དབོན་རིན་པོ་ཆེས་ཀྱང་བཀའ་བསྩལ་བཞིན་རང་གི་འཁྲུལ་སྣང་གནས་མཆོག་འདི་ཉིད་ཟངས་མདོག་དཔལ་རིའི་ཞིང་ཁམས་སུ་ངེས་པ་རྙེད་པ་དང༌། བཀའ་སྲུང་ཚེ་རིང་མཆེད་ལྔའི་ཕྲིན་ལས་བཏང་བའི་སྐབས་ཡེ་ཤེས་ཌཱ་ཀི་ལྔས་རྡོ་རྗེའི་གླུ་ལས་ཇི་ལྟར་གསལ་བ་བཞིན་མཚོ་སྐྱེས་རྒྱལ་བ་གཉིས་པའི་ཕྲིན་ལས་ཀྱི་གདུགས་དཀར་པོར་ངལ་འཚོ་ཐོབ་པའི་རིག་པ་འཛིན་པ་པདྨ་གར་དབང་མདོ་སྔགས་གླིང་པས་བཤད་སྒྲུབ་ཆོས་འཁོར་སྒང་དུ་བྲིས་པ་སྲིད་ཞིའི་གཙུག་རྒྱན་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་ཀྱི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་འབྱུང་བའི་རྟེན་འབྲེལ་མཆོག་ཏུ་དགེ་བར་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-22-ZA]] | [[Category:DKR-KABUM-Volume-22-ZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:37, 7 November 2022
🚧 This website is under continued development. We appreciate your patience!
Previous Text"ZA" is not a number. Back to Volume Page"ZA" is not a number.Next Text "ZA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "za"., Text 20, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "ZA" is not a number. |
"ZA" is not a number.