DKR-KABUM-10-THA-049: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-049
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=THA | |||
|textnuminvol=049 | |||
|pdflink=File:DKR-KABUM-10-THA-049.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། གཏེར་ཆེན་རྡོ་རྗེ་གླིང་པའི་བཀའ་གཏེར་སྲུང་མ་རྣམས་ཀྱི་གསོལ་མཆོད་འདོད་དགུའི་ཕྲིན་ལས་མྱུར་སྟེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཤྲཱི་མ་ཧཱ་ཧེ་རུ་ཀ་ས་པ་རི་ཝཱ་ར་བྷྱཿ བཀའ་གཏེར་སྲུང་མའི་གཏོར་མཆོད་བྱ་བར་འདོད་པས། བྷནྡྷ་ལ་སོགས་པའི་སྣོད་དུ་དམར་གཏོར་དཔུང་རོང་འཁོར་བརྒྱད་ཀྱིས་བསྐོར་བ་དང༌། གསེར་སྐྱེམས་ཁྲག་ཆང་གི་ཕུད་རྒོད། ཉེར་སྤྱོད་ལྔའི་མཆོད་པ། འབྲུ་སྨན་ཟས་སྣ་སོགས་ཅི་འབྱོར་བཤམས་ལ། རང་ཉིད་ལྷའི་ང་རྒྱལ་ལ་གནས་པས། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་བདུད་རྩིར་ཞུ་བ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་དཔལ་མགོན་མ་ནིང་ནག་པོ་མཆེད་གསུམ་སྔགས་སྲུང་ཨེ་ཀ་ཙ་ཊི། ཤན་པ་སྲོག་སྒྲུབ་ནག་མོ། མ་གཅིག་རེ་མ་ཏི། དྲང་སྲོང་ཁྱབ་འཇུག་ཆེན་པོ། དམ་ཅན་རྡོ་རྗེ་ལེགས་པ་སོགས་བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ། །མ་ནིང་ནག་པོ་འཁོར་དང་བཅས། །ཡུམ་མཆོག་ཨེ་ཀ་ཛ་ཊི་མ། །ཤན་པ་སྲོག་སྒྲུབ་ནག་མོ་དང༌། །དཔལ་ལྡན་ལྷ་མོ་རེ་མ་ཏི། །ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན། །དམ་ཅན་སྐྱེས་བུ་ཐིག་ལེ་རྩལ། །བཀའ་དང་གཏེར་གྱི་བྱ་ར་བ། །བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །དགྱེས་ཤིང་བརྟན་བཞུགས་དམ་ལ་དགོངས། །ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ས་པ་རི་ཝཱ་ར་སོགས་གཏོར་སྔགས་བཏགས་པ་ལན་གསུམ། ཏྲག་རཀྴ་རུ་རུ་ཨ་ཤུག་མེ་བྷྱོ་བྷྱོ་ཛཿཛཿཨཿ ས་པ་རི་ཝཱ་ར་སོགས། ཨོཾ་བཛྲ་རེ་མ་ཏི་མ་བྷྱོ་ཛཿ ས་པ་རི་ཝཱ་ར་སོགས། ཧྲི་ཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ ས་པ་རི་ཝཱ་ར་སོགས། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བྃ་ཧོཿ ས་པ་རི་ཝཱ་ར་སོགས། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ནཱི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་སོགས་གཏོར་སྔགས་བཏགས་པ་ལན་གསུམ་རེས་སོ་སོར་འབུལ། བསྟན་པའི་བཀའ་སྲུང་ཆེན་པོ། དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་སྲུང་རྡོ་རྗེ་རལ་གཅིག་མ། ཤན་པ་སྲོག་སྒྲུབ་མཆེད་གསུམ། མ་གཅིག་རེ་མ་ཏི། ཁྱབ་འཇུག་དུག་གི་སྤུ་གྲི། དམ་ཅན་རྡོ་རྗེ་ལེགས་པ་ལ་སོགས་བཀའ་གཏེར་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། ཧཱུྃ། འཇིག་རྟེན་འདས་པའི་དུས་ནས་སྔོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩའི་བདག་འཛིན་རུ་ཏྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད། །ཀུན་བཟང་ཐུགས་ཀྱི་སྤྲུལ་པ་ཁྲག་འཐུང་ཡུམ། །ཡེ་ཤེས་མ་མོ་རྡོ་རྗེ་རལ་གཅིག་མ། །གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ། །སྡེ་ལྔ་འཁོར་ཚོགས་ཕོ་ཉར་བཅས་ལ་བསྟོད། །ཁམས་གསུམ་དབང་སྡུད་སྒྲུབ་པ་པོ་ལ་གཟིགས། །དམ་ཉམས་རུ་ཏྲ་སྒྲོལ་མཛད་མ་གཅིག་མ། །གསང་སྔགས་བཀའ་ཡི་བྱ་ར་གཉན་མཛད་པའི། །ཤན་པ་སྲོག་སྒྲུབ་མཆེད་གསུམ་ཕྱག་འཚལ་བསྟོད། །མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་སྟེ། །ནག་མོ་ཟ་བྱེད་རྔམས་པའི་མཆེ་བ་ཅན། །དཔལ་ལྡན་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །ཧེ་རུ་ཀ་དཔལ་ཐུགས་ལས་སྤྲུལ་པའི་སྲས། །འཇིགས་བྱེད་མི་བཟད་སྡེ་བརྒྱད་དྲེགས་པའི་གཙོ། །དྲག་ཤུལ་ཕྲིན་ལས་ཀུན་སྒྲུབ་རཱ་ཧུ་ལ། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །བསྟན་པ་སྲུང་ཞིང་ལེགས་ཉེས་སྟངས་འཛིན་པའི། །དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་སྟེ། །འཇིག་རྟེན་སྐྱོང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ལས་གྲུབ་མངོན་ཤེས་མཐུ་རྩལ་ཅན། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པ། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་སྤྱིར་མཆོད་ནས། ཆོས་སྲུང་སོ་སོའི་སྒེར་གསོལ་བྱ་བར་འདོད་ན་རྒྱས་པ་གཏེར་གཞུང་ལྟར་དང་བསྡུ་ན། མགོན་པོ་མ་ནིང་གསོལ་མཆོད་ནི། ཧཱུྃ། དཔལ་མགོན་མ་ནིང་ནག་པོ་ཆེ། །ཡུམ་ཆེན་དཔལ་འབར་སྲོག་བདུད་ནག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །མགོན་པོ་སྡེ་ལྔ་འདོད་ཁམས་དབང༌། །འཁོར་དང་སྤྲུལ་པ་བཅས་རྣམས་ལ། །ཕྱི་ནང་གསང་མཆོད་འདི་ཕུལ་བས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་གདོན་རྣམ་རྟོག་ཞི་བ་དང༔ ཚེ་དབང་བསོད་ནམས་རྒྱས་པ་དང༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ དགྲ་བགེགས་ཐམས་ཅད་ཚར་ཆོད་ལ༔ མི་མཐུན་ཕྱོགས་རྣམས་ཞི་བར་མཛོད༔ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ གནས་དང་ཡུལ་སྲུང་འཁོར་དང་གང་ཟག་སྐྱོངས༔ འབྲུ་དང་རིན་ཆེན་མི་བརྒྱུད་ལོངས་སྤྱོད་སྤེལ༔ ལྷ་འདྲེ་མི་དང་འབྱུང་པོ་དབང་དུ་སྡུད༔ དཀོར་ལ་རྐུ་འཕྲོག་བྱེད་པ་ཐམས་ཅད་ཁྱེད་ཀྱིས་ཐུལ༔ འགྲོ་བ་ལམ་གྱིས་འཇིགས་འཕྲང་བསྲུང་ཞིང་སྒྲོལ༔ རྦད་འདྲེ་མཐུ་གཏད་ངན་པ་ཐམས་ཅད་ཁྱེད་ཀྱིས་ཕྱིར་ལ་བཟློག༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཐམས་ཅད་ཀྱི༔ ནད་དང་གདོན་དང་དགྲ་རྣམས་ཞི་བར་མཛོད༔ ཚེ་དབང་ལོངས་སྤྱོད་བསོད་ནམས་རྒྱས་པ་དང༔ སྙན་པ་གྲགས་པས་ཕྱོགས་བཅུ་ཀུན་ཏུ་སྒྲོགས༔ ཐུགས་དམ་མ་གཡེལ་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ སྔགས་སྲུང་གསོལ་མཆོད་ནི། བྷྱོཿ བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་ལུས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་བར་འགེམས། །འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་ན་མི་གཅིག་སྲིད་གསུམ་ཁོངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོངས། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་དགྱེས་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་པོ་ས་མ་ཡ། །ཨོཾ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ཤན་པ་སྲོག་སྒྲུབ་ནག་མོ་ནི། བྷྱོ། མ་གཅིག་ཤན་པ་སྲོག་སྒྲུབ་ནག་མོ་ནི༔ སྐུ་མདོག་མཐིང་ནག་གནམ་ལྕགས་རལ་པ་ཅན༔ ཕྱིན་ལོག་ལྕགས་ཀྱི་དྲེལ་རྟ་རྐང་གསུམ་ཆིབ༔ ཕྱག་ན་སྤུ་གྲི་སྙིང་དང་ནད་རྐྱལ་ཐོགས༔ གཡུ་སྤྱང་སྔོན་མོ་དགྲ་ལ་ཆོ་འཕྲུལ་འགྱེད༔ བླ་མེད་བདག་མོ་ཨ་ཏིའི་སྲུང་མ་ཁྱེད༔ དམ་རྫས་སྨན་རཀ་གཏོར་མ་མཐུན་རྫས་ཚོགས༔ དཔག་ཡས་ནམ་མཁའ་གང་བས་ཐུགས་དམ་བསྐང༔ ཕྲིན་ལས་སྒྲུབ་ཕྱིར་དགྱེས་པར་བཞེས་ནས་ཀྱང༔ ཐུགས་དམ་དུས་ལ་བབ་པོ་ལས་མཛོད་ཅིག༔ སངས་རྒྱས་བསྟན་སྲུང་རྣལ་འབྱོར་བུ་བཞིན་སྐྱོངས༔ སེམས་ཅན་བདེ་སྐྱིད་རྣམ་དཀར་ལས་ལ་བསྐུལ༔ ནད་གདོན་འཇིགས་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །འདོད་པའི་ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ ཏྲག་རཀྴ་རུ་རུ་ཨ་ཤུག་མེ་བྷྱོ་བྷྱོ་ཛཿཛཿཨཿ ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ལྷ་མོ་རེ་མ་ཏིའི་གསོལ་བྱང་ནི། བྷྱོ། གསང་བདག་པདྨཱ་ཀ་རའི་སྤྱན་སྔ་རུ། །དམ་མནོས་སྲིན་མོའི་གཟུགས་སུ་སྐུར་བཞེངས་ནས། །སངས་རྒྱས་བསྟན་པ་སྲུང་བའི་མཐུ་མོ་ཆེ། །མ་གཅིག་དཔལ་ལྡན་ལྷ་མོ་གནས་འདིར་བྱོན། །ཁྱོད་ལ་མཐུན་རྫས་དམ་ཉམས་དགྲ་བགེགས་ཀྱི། །ཤ་ཁྲག་ལས་འགྲུབ་དམར་ཆེན་གཏོར་མ་དང༌། །བདུད་རྩི་སྨན་རཀ་ཕྱི་ནང་གསང་མཆོད་རྣམས། །འབུལ་གྱིས་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །སྔོན་ཚེ་རིག་འཛིན་གོང་མས་གསན་བསྒྲུབས་བཞིན། །ད་ལྟ་བདག་གིས་གདུང་བས་ཁྱོད་བསྒྲུབ་ན། །དམ་ཚིག་དགོངས་ལ་མ་སྲིང་མཛའ་མོ་དང༌། །བྲན་མོ་བཞིན་དུ་རྣལ་འབྱོར་འདོད་དོན་སྒྲུབས། །ཧེ་རུ་ཀ་དཔལ་དཔའ་བོ་རྣལ་འབྱོར་མ། །སྣང་སྲིད་མ་མོའི་དཀྱིལ་འཁོར་ཆེན་པོ་ཡི། །ཕྲིན་ལས་དབང་བསྒྱུར་དཔལ་ལྡན་རེ་མ་ཏིས། །མཆོག་ཐུན་དངོས་གྲུབ་མ་ལུས་བདག་ལ་སྩོལ། །ཨོཾ་བཛྲ་རེ་མ་ཏི་མ་བྷྱོ་ཛཿ ཨི་དཾ་བ་ལིངྟ་ཁཱ་ཧི། གཟའ་བདུད་ཀྱི་གསོལ་བྱང་ནི། ཧཱུྃ། མཁའ་མཉམ་དྲག་པོ་ཨེ་ཡི་ཞིང་ཁམས་ནས། །དྲག་པོའི་ལས་ལ་བཞེངས་པའི་མགོན་པོ་ནི། །སྐུ་མདོག་དུད་ཁ་དབུ་དགུ་ཕྱག་བཞི་པ། །སྤྱན་སྟོང་སྡང་མིག་བསྐལ་པའི་མེ་ལྟར་འབར། །ཆུ་སྲིན་རྒྱལ་མཚན་ཞགས་པ་མདའ་གཞུ་འཛིན། །འཇིགས་པའི་གད་རྒྱངས་རི་རབ་བསྙིལ་མཛད་ཅིང༌། །གདུག་པའི་དུག་རླངས་མེ་རི་དམར་ནག་འབར། །སྡེ་བརྒྱད་དྲེགས་པའི་ཚྭ་ཚྭ་སྐར་ལྟར་འཕྲོ། །ལྟོ་ཞལ་འཇིགས་རུང་སྲིད་གསུམ་ཟས་སུ་ཟ། །གནམ་ས་བར་སྣང་རི་གླིང་ཀུན་ཏུ་རྒྱུ། །གང་ལ་རྦད་ན་ཐོག་ལྟར་མྱུར་དུ་རྒྱུག །དོ་ནུབ་བསྐུལ་བའི་ལས་ལ་མ་གཡེལ་ཅིག །བརྒྱུད་གསུམ་བླ་མའི་དམ་ཚིག་དགོངས་མཛོད་ལ། །དམ་རྫས་ཤ་ཁྲག་རུས་པའི་གཏོར་མ་བཞེས། །བསྐུལ་ལོ་རྦད་དོ་དྲེགས་པ་མཐུ་བོ་ཆེ། །བདག་ལ་སྡང་བའི་གནོད་བྱེད་དགྲ་བོ་འདི། །འཇིགས་རུང་ཆོ་འཕྲུལ་དྲག་པོས་དཔའ་བཀོང་ལ། །སོད་ཅིག་སྒྲོལ་ཅིག་བདུན་རྒྱུད་རྩ་བ་ཕྱུངས། །རྟགས་དང་མཚན་མ་གཉན་པོ་མངོན་དུ་སྟོན། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རཱ་ཧུ་ལ་ཤ་ཏྲཱུཾ་མཱ་ར་ཡ་བ་ལིཾ་ཏ་ཁཱ་ཧི། དམ་ཅན་གསོལ་བྱང་ནི། ཧཱུྃ། ནུབ་ཕྱོགས་གཙང་གི་འོ་ཡུག་ན། །དམ་ཅན་ཨ་ཇོ་ཆེན་པོ་བཞུགས། །རྒྱ་བོད་མདོ་གཙང་ཀུན་གྱི་བདག །རྡོ་རྗེ་ལེགས་པ་མཐུ་བོ་ཆེ། །བསྟན་སྲུང་ཆེན་པོ་དགྲ་བླའི་རྒྱལ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་བསྐོར། །སྐད་ཅིག་ཉིད་ལ་འདིར་གཤེགས་ལ། །དམ་རྫས་གཏོར་མ་སྐྱེམས་ཕུད་སོགས། །འདོད་ཡོན་བདུད་རྩིའི་མཆོད་པ་བཞེས། །ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས། །ལུས་དང་གྲིབ་བཞིན་མི་འབྲལ་བས། །སྲུང་སྐྱོབས་སྡོང་གྲོགས་འདོད་དོན་སྒྲུབས། །སངས་རྒྱས་བསྟན་པ་སྲུང་ཞིང་སྤེལ། །བསྟན་འཛིན་སྐྱེས་བུའི་བཞེད་པ་སྒྲུབས། །མདོར་ན་ཇི་ལྟར་འདོད་པའི་དོན། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། །ཏྲི་བཛྲ་སཱ་དྷུ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་དག་ནི་རྒྱུན་གྱི་གསོལ་བསྐང་ཅུང་ཟད་རྒྱས་པའམ། གྲངས་གསོག་སོགས་ཀྱིས་བཀོད་པ་ལས། བསྡུ་ན་སྒེར་གསོལ་འདི་དག་མ་བཏང་བར་གཏོར་འབུལ་ལ་འཇུག་པས་ཀྱང་རུང་ངོ༌། །མཐར་འབུལ་གཏོར་རྣམས་དཔལ་འབར་བཙུགས། རཀྟ་བྲན་ནས་དགྲ་བགེགས་འགུགས་བསྟིམ་བྱ། བདུད་རྩི་བྲན་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ་ལ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཧཱུྃ། ལྷ་ཆེན་དཔལ་འབར་མ་ནིང་ནག །ཡུམ་ཆེན་ཨེ་ཀ་ཛ་ཊི་མ། །སྲོག་སྒྲུབ་ནག་མོ་རེ་མ་ཏི། །ཁྱབ་འཇུག་ཆེན་པོ་རྡོར་ལེགས་སོགས། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །སྔར་བཅོལ་ལེགས་པའི་གཏའ་རུ་འབུལ། །ཕྱི་བཅོལ་ལས་ཀྱི་གསོས་སུ་འབུལ། །དགྱེས་ཤིང་ཚིམ་པར་དགོངས་ནས་ཀྱང༌། །བཀའ་དང་བསྟན་པ་ཁྱེད་ཀྱིས་སྲུངས། །ནད་གདོན་འཇིགས་ཚོགས་ཞི་བ་དང༌། །ཚེ་དང་དབང་ཕྱུག་རྒྱས་པར་སྤེལ། །དཔལ་དང་འབྱོར་ཚོགས་གྲགས་པ་སྒྲུབས། །དགོན་གནས་འཁོར་དང་གང་ཟག་སྐྱོངས། །སྲིད་ཞིའི་འདོད་དགུ་དབང་དུ་སྡུས། །བདུད་དཔུང་བར་ཆད་དབྱིངས་སུ་སྒྲོལ། །བདག་གིས་བཅོལ་བའི་ལས་རྣམས་ཀུན། །ཐོགས་པ་མེད་པར་འགྲུབ་པར་མཛོད། རྗེས་སུ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་ཧཱུྃ། ཧེ་རུ་ཀ་དཔལ་སྤྱན་སྔ་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་སོགས། ཡིག་བརྒྱས་ནོངས་པ་བཤགས། འདིར་ནི་གཟུགས་དང་སོགས་ཀྱིས་ཡེ་ཤེས་པ་རྟེན་ལ་བསྟིམ། འཇིག་རྟེན་པ་རྣམས། གཙྪ་གཙྪ་སྭ་བྷཱ་ཝ་ནཾ་གྱིས་སེ་གོལ་བཅས་གཤེགས་སུ་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་བསྔོ་སྨོན་དང༌། ཧཱུྃ། ཀུན་ཁྱབ་འགྱུར་མེད་དོན་དམ་བདེ་བ་ཆེ། །མཐའ་ཀླས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས། །དོན་གཉིས་འདོད་རྒུ་ཡིད་བཞིན་སྩོལ་མཛད་པ། །རྩ་གསུམ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་སོགས་མཐའ་རྒྱས་སུ་བྱའོ། །ཞེས་པའང་མཆོག་གི་དངོས་གྲུབ་བརྙེས་པའི་རིག་འཛིན་གྱི་གདུང་ལས་འཁྲུངས་ཤིང་མཁྱེན་རྟོགས་ཡོན་ཏན་བདུད་རྩིས་ཐུགས་རྒྱུད་ཕྱུག་པའི་རྗེ་མཁན་ཆེན་འཇམ་དབྱངས་ཡེ་ཤེས་སེང་གེའི་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར་གྱི་སྨིན་གྲོལ་ཡོངས་རྫོགས་བསྩལ་བའི་སྐབས་བཀའ་སྲུང་གི་ཚོགས་ལ་གསོལ་མཆོད་འདི་ལྟར་བྲིས་ཞེས་བཀའ་བསྩལ་བ་བཞིན་མདོ་ཁམས་སུ་སྐྱེས་པའི་སྔགས་བན་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་འབྲུག་གི་རྒྱས་ས་བདེ་ཆེན་ཆོས་གླིང་གི་སྐྱེད་མོའི་ཚལ་ནས་བྲིས་པ་འདིས་ཀྱང་ངེས་དོན་སྙིང་པོའི་བསྟན་པ་དར་རྒྱས་ཡུན་དུ་གནས་པའི་རྟེན་འབྱུང་དུ་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:40, 4 November 2022
🚧 This website is under continued development. We appreciate your patience!
Previous Text"THA" is not a number. Back to Volume Page"THA" is not a number.Next Text "THA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tha"., Text 49, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "THA" is not a number. |
"THA" is not a number.