DKR-KABUM-02-KHA-043: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-043
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=KHA | |||
|textnuminvol=043 | |||
|pdflink=File:DKR-KABUM-02-KHA-043.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །ངེས་དོན་བླ་མའི་རྣལ་འབྱོར་ཡེ་ཤེས་བཅུད་ཀྱི་ཐིག་ལེ་བཞུགས། ཨ། རང་བྱུང་རིག་པ་གཉུག་མའི་གཤིས། །སངས་རྒྱས་ཀུན་གྱི་ཡེ་ཤེས་དབྱིངས། །སྐྱབས་ཀུན་འདུས་ཞལ་བླ་མ་རྗེ། །རང་ངོ་ཤེས་པས་སྐྱབས་སུ་མཆི། ཨ། ཡིན་ལུགས་མ་རྟོགས་འཁྲུལ་པའི་ཆོས། །གློ་བུར་ཡིད་དཔྱོད་ཞེན་རྟོག་ཚོགས། །རང་གྲོལ་ཆེན་པོར་སངས་རྒྱས་ནས། །གཞན་དོན་བྱེད་པར་སེམས་བསྐྱེད་དོ། ཨ། སྣོད་བཅུད་མི་དམིགས་ཀ་དག་དབྱིངས། །མངོན་སུམ་ཆོས་ཉིད་ཡེ་ཤེས་རྩལ། །འོད་གསལ་ཉམས་སྣང་གོང་འཕེལ་གྱི། །འཇའ་ཟེར་ཐིག་ལེའི་བཀོད་པ་བརྡལ། །རིག་པ་ཚད་ཕེབས་ཚོམ་བུའི་སྤྲིན། །སྐུ་དང་ཡེ་ཤེས་འབྱམས་ཀླས་དབུས། །ཆོས་ཟད་མ་བཅོས་དོན་གྱི་ལྷ། །གང་ཤར་དབང་པོ་ཧེ་རུ་ཀ །ནག་པོ་སྤྱོད་པའི་རྡོ་རྗེ་དང༌། །གཉིས་མེད་བརྟུལ་ཞུགས་གྲུབ་པའི་ཚུལ། །གཅེར་བུ་རུས་རྒྱན་ཨང་རག་གསོལ། །བམ་ཆེན་རོ་ཡི་སྟེང་ན་རོལ། །ཕྱག་གཡས་སྡིག་མཛུབ་ཕུར་པ་གདེངས། །གཡོན་པས་བྷནྡྷ་བདུད་རྩིས་བཀང༌། །ཡེ་ཤེས་གཟི་བྱིན་དཔལ་དུ་འབར། །སྐུ་གཡོན་བདེ་སྟོང་རིག་མས་འཁྱུད། །རྗེས་ཆགས་གར་གྱིས་རོལ་ཞིང་རྩེ། །རྡོ་རྗེའི་ལྟ་སྟངས་དབྱིངས་ལ་གཟིར། །སྣང་དང་མི་སྣང་རྒྱ་མཚོའི་འཁོར། །མ་ངེས་སྒྱུ་འཕྲུལ་ཅིར་ཡང་སྟོན། །ལ་ལ་བདེ་བའི་གར་གྱིས་རོལ། །ལ་ལ་བརྟུལ་ཞུགས་སྒྲོལ་བ་ཆེ། །སྣ་ཚོགས་བཅོས་པའི་རྣམ་འགྱུར་གྱིས། །བློ་འདས་དགོངས་པ་དབྱིངས་སུ་སྐྱོང༌། ཨ། ངོ་བོ་ཆོས་སྐུའི་བླ་མ་ནི། །གཤེགས་བཞུགས་བྲལ་བའི་ཚུལ་གྱིས་བྱོན། །བློ་ལས་འདས་པའི་ཡེ་ཤེས་ཀྱི། །དགོངས་བརྒྱུད་བྱིན་རླབས་དབང་བསྐུར་སྩོལ། །རང་བཞིན་ལོངས་སྐུའི་བླ་མ་ནི། །བདེ་ཆེན་འདུ་འབྲལ་མེད་པས་བྱོན། །ཟག་པ་ཀུན་ཟད་ཆོས་ཉིད་ཀྱི། །འོད་གསལ་རྒྱན་འཆར་དངོས་གྲུབ་སྩོལ། །ཐུགས་རྗེ་སྤྲུལ་སྐུའི་བླ་མ་ནི། །གང་འདུལ་དེར་སྣང་བཀོད་པས་བྱོན། །འཁོར་འདས་གཉིས་མེད་ཆེན་པོའི་ཀློང༌། །གཞན་དོན་ལྷུན་གྲུབ་བྱིན་གྱིས་རློབས། །རིག་པ་རྩལ་གྱི་དབང་བསྐུར་ལ། །ཡིད་དཔྱོད་མཚན་རྟོག་འཁྲུལ་པ་སྦྱོངས། །རང་གནས་སྐུ་གསུམ་བླ་མའི་ཞལ། །མངོན་སུམ་ཉིད་དུ་འཆར་བར་མཛོད། །སརྦ་ས་མ་ཡ་ཛཿཛཿ ཨ། བདེ་ཆེན་ཆོས་ཉིད་བླ་མ་ལ། །ཡང་དག་དོན་གྱི་ཕྱག་འཚལ་ལོ། །སྣང་སྲིད་རང་སྣང་ཡེ་ཤེས་ཀྱི། །རོལ་པར་འཆར་བའི་མཆོད་པ་འབུལ། །མ་རྟོགས་བློ་ཡི་འཁྲུལ་པའི་ཆོས། །གཉིས་མེད་ངང་དུ་བཤགས་ཤིང་སྡོམ། །ཟག་མེད་ཡོན་ཏན་ལྷུན་རྫོགས་པ། །རང་ངོ་ཤེས་པས་རྗེས་ཡི་རང༌། །རྩོལ་བྲལ་དགོངས་ཀློང་མ་འཁྲུལ་པའི། །ཆོས་འཁོར་རྒྱུན་མི་ཆད་པར་བསྐོར། །སྐྱེ་འཆི་ཀ་ནས་དག་པའི་ངང༌། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །ལྷུན་གྲུབ་དགེ་བ་རྒྱ་མཚོའི་དཔལ། །ཟག་མེད་དབྱིངས་སུ་བསྔོ་བར་བགྱི། །སྐུ་བཞིའི་དབང་ཕྱུག་བླ་མ་རྗེའི། །གོ་འཕང་རྟེན་འདིར་མངོན་གྱུར་ཤོག ཨ། རང་རིག་དཔལ་མགོན་བླ་མ་ནི། །ཡེ་ཤེས་ཆེན་པོ་ཀུན་ཏུ་བཟང༌། །འོད་གསལ་སྣང་བ་རྒྱུན་ཆད་མེད། །ཆོས་རྣམས་ཀུན་གྱི་བྱེད་པོ་སྟེ། །འཁྲུལ་པ་གཞིར་སྤངས་ཡེ་ཤེས་རྒྱས། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །རིག་དང་གྲོལ་བ་མཐར་ཕྱིན་པ། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེ། །མ་ལུས་འགྲོ་ཀུན་ཁྱོད་ཀྱི་ངང༌། །གནས་ཀྱང་མི་ཤེས་འཁྲུལ་པས་གདུང༌། །རང་ངོ་ཤེས་པའི་སེམས་མཆོག་གིས། །བདག་གཞན་གཉིས་སུ་མེད་པར་བལྟ། །ཆོས་ཉིད་ངང་ལ་གཉིས་མེད་ཀྱང༌། །མ་རྟོགས་འགྲོ་ཀུན་འཁྲུལ་པས་གདུང༌། །རྩོལ་མེད་སྙིང་རྗེའི་ཡེ་གདངས་ནི། །དོན་དམ་བྱང་ཆུབ་སེམས་མཆོག་སྟེ། །ཀུན་གཞི་འོད་གསལ་རྒྱུ་ཡི་རྒྱུད། །མ་དག་ཉམས་ཀྱི་སྣང་བ་དང༌། །རབ་བྲལ་དག་པ་ཡེ་ཤེས་ཆེ། །ལམ་དང་འབྲས་བུ་གཞིར་རྫོགས་ཆོས། །འོད་གསལ་ཆོས་སྐུ་བདེ་བ་ཆེ། །ཐབས་གྲོལ་བྱེད་པས་མངོན་བྱས་པས། །གཉིས་མེད་ལྷན་ཅིག་སྐྱེས་པ་ནི། །འཁོར་འདས་ཕྱག་རྒྱ་ཆེན་པོར་རྫོགས། །གཏུམ་མོའི་མཐར་ཐུག་ཆོས་ཀྱི་དབྱིངས། །སྒྱུ་ལུས་འོད་གསལ་ལོངས་སྤྱོད་རྫོགས། །རྨི་ལམ་བསྲེ་འཕོ་སྤྲུལ་སྐུའི་ཚུལ། །སྐྱེ་ཤི་བར་དོའི་འཁྲུལ་ཆོས་དག །སྡུག་ཀུན་ལས་ཉོན་ཞི་བྱེད་སྨན། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །མྱ་ངན་འདས་ཞི་ཐར་པའི་ལམ། །རྟག་ཏུ་འཕོ་འགྱུར་མེད་པས་བཞུགས། །རྡོ་རྗེའི་ཡན་ལག་དྲུག་སྦྱོར་བས། །མཆོག་ཏུ་མི་འགྱུར་ཡེ་ཤེས་ཆེ། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་དངོས་ལས་འདས་ཡེ་ཤེས་གཟུགས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུ། །ཀུན་ཁྱབ་ཀུན་གྱི་དོན་སྟོན་གསུང༌། །རྟག་ཁྱབ་བདེ་སྟོང་གཉིས་མེད་ཐུགས། །བསྙེན་སྒྲུབ་ཡན་ལག་བཞི་ལྡན་པའི། །དོན་གྱི་དམ་པ་ཁྱོད་ཀྱི་དབྱིངས། །སྲིད་ཞི་ལས་འདས་སྲིད་ཞིའི་བདག །དངོས་པོ་ཀུན་གྱི་དེ་ཁོ་ན། །ངེས་པ་དོན་གྱི་བླ་མ་སྟེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །ཐབས་མཁས་ངག་གིས་གང་སྟོན་ཀྱང༌། །ཁྱོད་ཞལ་མཐོང་བའི་ཐབས་སུ་གཅིག །ངེས་པའི་བྱེད་ལས་དེ་ཁོ་ན། །མངོན་མཐོ་ངེས་པར་ལེགས་པ་ཡི། །ཡོན་ཏན་ཐམས་ཅད་ཁྱོད་ལས་བྱུང༌། །ཁྱོད་ནི་ནམ་མཁའ་ལྟ་བུ་སྟེ། །རྟོགས་ན་རང་ལ་ཡེ་ནས་བཞུགས། །གཞི་ཡི་བླ་མ་ལྟ་བས་རྟོགས། །ལམ་གྱི་བླ་མ་སྒོམ་པས་མཇལ། །སྤྱོད་པ་རྨད་དུ་བྱུང་དང་བཅས། །འབྲས་བུའི་བླ་མ་མངོན་གྱུར་ན། །སྣང་སྲིད་འཁོར་འདས་གངྃ་ཤརྃ་ཡང༌། །ཡེ་ཤེས་ཆེན་པོའི་དེ་ཉིད་དེ། །སོ་སོ་ཡང་དག་རིག་པ་ཡི། །དབྃང་པོའིྃ་ཡུལ་དུ་མངོན་སུམ་གྱུར། །ཡུལ་དང་ཤེས་པ་གཉིས་མེད་པའི། །མ་མཐོང་མཐོང་བ་ཆེན་པོ་ལ། །མངོན་སུམ་མཇལ་བའི་བློ་བདེའི་ངང༌། །གསོལ་བ་རྒྱུན་དུ་འདེབས་ལ་བྲོད། ཀྱེ་ཧོ། འགྱུར་མེད་ཆོས་སྐུའི་དབྱིངས་ན་འཕོ་མེད་དུ་བཞུགས་པའི། །མཐའ་བྲལ་རིག་པའི་བླ་མའི་ཐུགས་རྗེ་ཡི་ཡེ་གདངས། །མངོན་སུམ་ཐར་ལམ་སྟོན་པའི་འདྲེན་མཆོག་ཏུ་ཤར་བ། །ཕ་གཅིག་གང་ཤར་དབང་པོ་སྙིང་དབུས་ནས་དྲན་བྱུང༌། །ཁྱོད་ནི་བློ་འདས་ཁྱབ་བརྡལ་དམིགས་མེད་ཀྱི་ཐིག་ལེར། །རང་བྱུང་དགོངས་པའི་དབྱིངས་ན་དགྱེས་དགྱེས་ལྟར་བཞུགས་ཀྱང༌། །བདག་ཅག་མ་རྟོགས་འཁྲུལ་སྣང་ཀུན་རྟོག་གི་ཟུག་རྔུས། །འཁོར་བའི་གཡང་སར་འཕྱན་ལ་ཐུགས་རྗེ་ཡིས་གཟིགས་ཤིག །མ་རིག་མུན་པས་གཏིབས་པའི་ལས་ངན་གྱི་གཅོང་རོང༌། །བླང་དོར་ཤིན་ཏུ་འཆོལ་བའི་ནགས་ཁྲོད་དུ་འཁྱམས་ན། །རྗེ་བཙུན་ཀུན་མཁྱེན་ཡེ་ཤེས་ཉིན་བྱེད་དུ་བཞེངས་ནས། །ཐར་པའི་སྣང་བ་སྟོན་ཅིག་སྐྱབས་མཆོག་གི་བླ་མ། །འདོད་སྲེད་ཀུན་དཀྲིས་ཚན་པོའི་འཁྲི་ཤིང་གི་དབུས་སུ། །ཅོལ་ཆུང་ཡིད་ཀྱི་སྤྲེའུ་ཟློས་གར་གྱིས་གཡེངས་ན། །རྗེ་བཙུན་བདེ་ཆེན་རང་གྲོལ་རལ་གྲིའི་མཚོན་རྣོན་པོས། །བག་ཆགས་འཁྲི་ཤིང་སྙིལ་ཅིག་སྐྱབས་མཆོག་གི་བླ་མ། །ཞེ་སྡང་མེ་ལྕེ་འཁྲུགས་པས་རྣམ་དཀར་གྱི་སྲེག་ཤིང༌། །འབར་བའི་ཁོངས་སུ་ཚུད་པའི་སྡུག་བསྔལ་གྱིས་ཉེན་ན། །རྗེ་བཙུན་བྱམས་ཆེན་ཕྱག་རྩིའི་ཆུ་ཀླུང་གི་རྒྱུན་གྱིས། །ཁྲོ་འཁྲུག་དབྱིངས་སུ་ཆིལ་ཅིག་སྐྱབས་མཆོག་གི་བླ་མ། །ང་རྒྱལ་བྲག་གི་ལྷུན་པོས་སེམས་ཀྱི་རྒྱུད་ཁེངས་པས། །ཡོན་ཏན་ཉིན་བྱེད་འགྲིབ་པའི་སྒྲིབ་ཚོགས་ཀྱིས་མནར་ཚེ། །རྗེ་བཙུན་སྙེམ་བྲལ་ཡེ་ཤེས་རྡོ་རྗེ་ཡི་ཐོག་གིས། །འཁྲུལ་པའི་སྣང་བ་ཆོམས་ཤིག་སྐྱབས་མཆོག་གི་བླ་མ། །ཕྲག་དོག་འཐོར་རླུང་གཡོ་བས་ལེགས་བྱས་ཀྱི་སྤྲིན་ཚོགས། །དུམ་བུར་མཐོར་བར་ཉེ་བའི་རྨོངས་འཁྲུལ་གྱིས་གདུང་ཚེ། །རྗེ་བཙུན་ཁྱབ་བརྡལ་དགོངས་པ་གཡོ་མེད་ཀྱི་ནུས་པས། །ཉོན་མོངས་དབྱིངས་སུ་སོལ་ཅིག་སྐྱབས་མཆོག་གི་བླ་མ། །འདིར་སྣང་སྨིག་སྒྱུའི་ཆུ་ཡི་རྦ་རླབས་རྗེས་དེད་པས། །ཆོས་བརྒྱད་གཉེར་ཁ་འཛིན་པའི་ཕུགས་སྙིང་དུ་ཚུད་ཚེ། །རྗེ་བཙུན་འཁྲུལ་ཞིག་རྣལ་འབྱོར་དབང་ཕྱུག་གི་ནུས་པས། །སྐྱིད་སྡུག་རོ་སྙོམས་མཛོད་ཅིག་སྐྱབས་མཆོག་གི་བླ་མ། །རྟག་འཛིན་འགོང་པོ་ཁོང་དུ་ཞུགས་པ་ཡི་བྱེད་པས། །དལ་འབྱོར་རིན་ཆེན་གྲུ་གཟིངས་རྣམ་གཡེང་གིས་ཟད་ན། །རྗེ་བཙུན་མི་རྟག་སྟོན་པའི་མན་ངག་གི་བདུད་རྩིས། །འཁྲུལ་སྣང་ཟུག་རྔུ་སོལ་ཅིག་སྐྱབས་མཆོག་གི་བླ་མ། །དགྲ་གཉེན་གཉིས་སུ་འཛིན་པའི་ཉེར་ལེན་གྱི་ཟུག་རྔུས། །དལ་མེད་ལུས་སེམས་འཁྲུགས་པའི་ཚོར་བ་ཡིས་མནར་ཚེ། །རྗེ་བཙུན་ཀུན་ཕན་བྱང་སེམས་སྨན་མཆོག་གི་རྒྱལ་པོས། །ཆགས་སྡང་དབྱིངས་སུ་སོལ་ཅིག་སྐྱབས་མཆོག་གི་བླ་མ། །རང་ཉིད་འཁྲུལ་པ་མི་ཤེས་བྱ་སྤྱོད་ཀྱི་གོམ་འགྲོས། །བླང་དོར་འཆོལ་བའི་གཡང་སར་རྒྱུག་པ་ཡི་ཚེ་ན། །རྗེ་བཙུན་ཡེ་ཤེས་གཟིགས་པ་རྗེན་ཅེར་དུ་སྟོན་པས། །འཁྲུལ་མེད་ལམ་བཟང་སྟོན་ཅིག་སྐྱབས་མཆོག་གི་བླ་མ། །རང་དོན་ཡིད་བྱེད་ངན་པའི་ལྕགས་སྒྲོག་གིས་བསྡམས་པས། །ཐེག་དམན་བཙོན་རར་འཆིང་བའི་སྐལ་ཆད་དུ་གྱུར་ཚེ། །རྗེ་བཙུན་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་མཚོན་ཆས། །ཕྱོགས་ལྷུང་བློ་ངན་སྒྲོལ་ཅིག་སྐྱབས་མཆོག་གི་བླ་མ། །གཉིས་སྣང་གཟུང་འཛིན་འཁྲུལ་པའི་ཆུ་སྲིན་གྱི་མཆེ་བས། །ཉམ་ཆུང་ཐར་པའི་སྲོག་རྩ་འཕྲོག་པ་ལ་ཉེ་ཚེ། །རྗེ་བཙུན་རང་གྲོལ་ཆེན་པོའི་ཡེ་ཤེས་ཀྱི་འཁོར་ལོས། །རང་གནས་དགོངས་པ་སྟོན་ཅིག་སྐྱབས་མཆོག་གི་བླ་མ། །ཐོག་མེད་གོམས་པའི་བག་ཆགས་ཨ་འཐས་པའི་དབང་གིས། །དོན་དམ་རང་ཞལ་སྒྲིབ་པས་ནོངས་པ་ཡི་ཚེ་ན། །རྗེ་བཙུན་དགོངས་བརྒྱུད་ཉིན་བྱེད་ཡུད་ཙམ་དུ་འཕོ་བས། །གཉིས་སྣང་འཁྲུལ་པ་སོལ་ཅིག་སྐྱབས་མཆོག་གི་བླ་མ། །ཡིད་དཔྱོད་ཀུན་ཏུ་རྟོག་པའི་སྤྲིན་རིས་ཀྱི་རྒྱུ་བས། །བློ་བྲལ་ཡེ་ཤེས་རྗེན་པ་བསྒྲིབས་པ་ལྟར་གྱུར་ཚེ། །རྗེ་བཙུན་སྐུ་གསུམ་ཁྱབ་བརྡལ་མངོན་གྱུར་གྱི་དགོངས་པས། །འཁྲུལ་སྣང་མདུད་པ་ཁྲོལ་ཅིག་སྐྱབས་མཆོག་གི་བླ་མ། །བླ་མ་ཕྱི་ན་མི་བཞུགས་རང་རིག་གི་ཆོ་འཕྲུལ། །རང་བྱུང་ཡེ་ཤེས་རྗེན་པའི་བཞུགས་ཚུལ་ལ་མཇལ་བས། །སྐུ་གསུམ་དོན་གྱི་བླ་མ་རང་སེམས་དང་གཉིས་མེད། །ཡིད་ཆེས་དད་པའི་ངང་ནས་རྒྱང་གླུ་ཡིས་འབོད་དོ། །མོས་གུས་སྙིང་ནས་བྱས་སོ་དྲིན་ཆེན་གྱི་བླ་མ། །འཁྲུལ་པ་ཇི་ལྟར་ཤར་ཡང་ཀུན་རྟོག་གི་ཞེན་སྣང༌། །སྐྱེ་མེད་གནས་མེད་ཆོས་ཉིད་རང་གྲོལ་དུ་ཐོངས་ལ། །ཡེ་ཤེས་མངོན་སུམ་སྟོན་པའི་སྐལ་བཟང་ལ་སྦྱོར་མཛོད། །ཅིར་སྣང་དག་པ་ཆེན་པོ་བླ་མ་ཡི་མཛད་སྤྱོད། །ཞེན་མེད་འོད་གསལ་རྗེན་པའི་གཤིས་ལུགས་སུ་མཇལ་བས། །མ་བཅོས་རིག་སྟོང་དོན་གྱི་གསང་མཛོད་ན་བཞུགས་པས། །བློ་བདེའི་མོས་གུས་དག་པའི་དགའ་སྟོན་ལ་སྤྱོད་དོ། །བདེ་ཡང་ཞེན་མེད་བླ་མའི་བྱིན་རླབས་ཀྱི་དངོས་གྲུབ། །སྡུག་ཀྱང་ཆེད་དུ་མི་སྤང་སྒྲིབ་སྦྱང་གི་ཕྱགས་མ། །ཀུན་ཀྱང་བླ་མ་མཆོག་གི་རྣམ་རོལ་དུ་ཤར་བས། །ཟུང་འཇུག་ཆོས་དབྱིངས་དག་པའི་ལྟད་མོ་ལ་ཆས་སོང༌། །སྣང་སྤྱོད་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཤར་ན། །གང་བྱས་ཅི་ལྟར་སྤྱོད་ཀྱང་དམ་ཆོས་དང་མཐུན་པ། །དཔལ་མགོན་བླ་མ་མཆོག་གི་ཆོ་རོལ་དུ་མཐོང་བས། །སྐྱིད་པའི་ཉི་མ་རྒྱུན་ཆད་མེད་པ་རུ་སྐྱོལ་མཛོད། །ཀུན་རྫོབ་ཕྱི་ཡི་བླ་མ་སྤང་བྱ་རུ་མེད་དེ། །བདག་ལ་ཆོས་སྐུ་རྗེན་པ་ཇི་བཞིན་དུ་སྟོན་པའི། །དོན་དམ་ནང་གི་བླ་མ་ཕྱི་རོལ་དུ་མ་དམིགས། །རང་བྱུང་རིག་པའི་ཡེ་ཤེས་ངོ་བོ་རུ་དགྱེས་བཞུགས། །མཚོན་བྱ་མཚོན་བྱེད་གཉིས་མེད་དེ་ཉིད་ཀྱི་ངང་དུ། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་དཔའ་གདིང་གི་ངང་ནས། །ཡང་ཡང་གསོལ་བ་འདེབས་པའི་སྐལ་བཟང་གི་བུ་ལ། །བྱིན་རླབས་དངོས་སུ་སྩོལ་མཛོད་དྲིན་ཆེན་གྱི་བླ་མ། །དགོངས་བརྒྱུད་རྟོགས་པ་སྤོར་ཅིག་དྲིན་ཆེན་གྱི་བླ་མ། །ཐུགས་ཡིད་དབྱེར་མེད་མཛོད་ཅིག་དྲིན་ཆེན་གྱི་བླ་མ། །མཁྱེན་ནོ་ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་གྱི་བླ་མ། །བུ་ཡི་སྨྲེ་སྔགས་གསོན་ཅིག་དྲིན་ཆེན་གྱི་བླ་མ། ཨ། བླ་མ་སྐུ་ཡི་རྡོ་རྗེ་ནི། །དངོས་པོ་མཚན་མའི་ཆོས་ལས་འདས། །མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ། །མངོན་དུ་གྱུར་པ་བུམ་པའི་དབང༌། །བརྟན་དང་གཡོ་བའི་ཁྱོན་གནས་སྒྲ། །གྲགས་པ་ཉིད་ནས་སྟོང་པའི་དབྱིངས། །བརྗོད་མེད་ཀུན་ཁྱབ་རྡོ་རྗེའི་གསུང༌། །མཉམ་པར་བཞག་པ་གསང་དབང་ངོ༌། །ཇི་ལྟར་དྲན་རྟོག་འགྱུ་བའི་ཚོགས། །ཤར་བའི་དུས་ནས་སོ་སོའི་རྩལ། །ཀུན་ཀྱང་བདེ་ཆེན་རྡོ་རྗེའི་ཐུགས། །ངང་ལ་བརྡལ་བ་ཤེར་དབང་སྟེ། །མདོར་ན་གཞི་ལམ་འབྲས་བུའི་ཆོས། །བཟང་ངན་སྤང་བླང་གདོད་ནས་དག །ཁྱབ་བརྡལ་ཆེན་པོ་ཡེ་ཤེས་དབྱིངས། །མངོན་སུམ་གྱུར་པ་བཞི་པའི་དབང༌། །དབང་བཞི་བསྐུར་ཐོབ་ཡུལ་ལས་འདས། །དམ་ཚིག་ཡེ་སྲུང་ཆེན་པོར་དག །བླ་མ་རང་རིག་སེམས་དང་འདྲེས། །གཉིས་མེད་མཉམ་པ་ཉིད་དུ་བལྟ། །ཡང་དག་མཆོག་གི་གཤིས་ལུགས་ནི། །ཀུན་ཁྱབ་རང་བྱུང་ཀློང་ཡངས་སུ། །ལྷུན་གྱིས་གྲུབ་པའི་དེ་ཉིད་དུ། །ཐིག་ལེ་ཆེན་པོ་གཅིག་ཏུ་དག ཨ། ལེགས་བྱས་ཟག་མེད་དགེ་བའི་རྒྱུན། །ཆོས་ཀྱི་དབྱིངས་དང་མཉམ་པའི་དཔལ། །དཔལ་ལྡན་བླ་མའི་ཡེ་ཤེས་ངང༌། །རྣམ་ཐར་ཇི་བཞིན་འགྲུབ་གྱུར་ཅིག །དོན་གྱི་དམ་པ་རྣམ་དག་དཔལ། །བཀྲ་ཤིས་ཀུན་ཏུ་དགེ་བའི་དབྱངས། །བདེ་ཆེན་ལྷུན་གྲུབ་རོལ་པ་ལས། །ནམ་ཡང་ཉམས་པ་མེད་གྱུར་ཅིག །ཅེས་པའང་མཁས་བཙུན་བཟང་པོའི་དམ་པའི་ཡོན་ཏན་གྱིས་མཛེས་པའི་རྡོ་རྗེའི་མཆེད་པོ་ཁྲ་འགུ་མཆོག་སྤྲུལ་རིན་པོ་ཆེས་བྲི་གཞིའི་ཤོག་དཀར། ལྷ་རྫས་ཀྱི་རྟེན་དང་བཅས་བསྐུལ་གནང་པ་ལྟར་རྫོགས་པའི་སངས་རྒྱས་ཁྱབ་བདག་ཞེ་ཆེན་པའི་ཆོས་ཞབས་སུ་སྐྱེས་ཤིང༌། རང་བཞིན་རྫོགས་པ་ཆེན་པོའི་ལྟ་གྲུབ་ལ་ཡིད་ཆེས་ཀྱི་དད་པ་ཐོབ་པའི་ཀུ་སཱ་ལི་འགྱུར་མེད་འོད་གསལ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་འདིས་ཀྱང་རང་རིག་བླ་མ་དགྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལ་མངོན་སུམ་དུ་སྤྱོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-02-KHA]] | [[Category:DKR-KABUM-Volume-02-KHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:38, 4 November 2022
🚧 This website is under continued development. We appreciate your patience!
Previous Text"KHA" is not a number. Back to Volume Page"KHA" is not a number.Next Text "KHA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "kha"., Text 43, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "KHA" is not a number. |
"KHA" is not a number.