DKR-KABUM-17-TSA-014: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-17-TSA-014
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
 
No edit summary
Line 27: Line 27:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-17-TSA]]
[[Category:DKR-KABUM-Volume-17-TSA]]
[[Category:DKR-KABUM-Volume-17-TSA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Revision as of 14:29, 3 November 2022

Wylie title DKR-KABUM-17-TSA-014.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "tsa"., Text 14, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "TSA" is not a number.

"TSA" is not a number.

[edit]
༄༅། །རང་བྱུང་པདྨའི་སྙིང་ཐིག་ལས༔ རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས༔


༄༅། ན་མོ་མ་ཧཱ་གུ་ར་ཝེ། སྐལ་བཟང་གང་ཞིག་ཐར་ལམ་གྱི་རྩ་བ་བླ་མའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལམ་དུ་བྱེད་ནས་དངོས་གྲུབ་མཆོག་ལ་སྦྱོར་བར་འདོད་པས་ཉམས་སུ་ལེན་པ་ལ་གསུམ། སྔོན་དངོས་རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། ན་མོ༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་གཏེར༔ རྩ་གསུམ་ཀུན་འདུས་སྐྱབས་སུ་མཆི༔ མ་རྟོག་འཁྲུལ་པའི་སེམས་ཅན་རྣམས༔ དབྱིངས་སུ་སྒྲོལ་བར་སེམས་བསྐྱེད་དོ༔ ཞེས་སྐྱབས་སེམས་སྦྲེལ་ཏེ་ལན་གསུམ་བྱ། གཉིས་པ་ནི། ཧཱུྃ༔ ཆོས་སྐུ་སྟོང་ཉིད་རྡོ་རྗེ་སེམས༔ དབྱིངས་དང་མཉམ་པའི་སྙིང་རྗེ་ལས༔ ཟུང་འཇུག་སེམས་ཀྱི་ཡི་གེ་ཧྲཱིཿ དཀྱིལ་འཁོར་འབྱུང་བའི་གནས་སུ་ཤར༔ རྡོ་རྗེ་ཕུང་པོ་རང་བྱུང་གྲོང༔ ངོ་མཚར་གཞལ་ཡས་བློ་ལས་འདས༔ ཕོ་བྲང་དབུས་ཀྱི་ལྟེ་བ་རུ༔ པདྨ་ཉི་ཟླའི་དཀྱིལ་འཁོར་བཀྲ༔ ས་བོན་བབ་པ་ཡོངས་གྱུར་ལས༔ དབང་ཆེན་པདྨ་ཧེ་རུ་ཀ༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གྲི་གུག་གཡོན་ཐོད་པ༔ ཞབས་གཉིས་དོར་སྟབས་ཕག་མོ་སྦྱོར༔ རང་ལུས་ཛ་ལནྡྷ་ར་རུ༔ ཆོས་སྐུ་པདྨ་ཀུན་ཏུ་འཆང༔ བདེ་ཆེན་ཕྱག་རྒྱ་དཀར་དམར་མདངས༔ ཕྱག་གཉིས་བདེ་སྟོང་རྡོ་རྗེ་དྲིལ༔ བསྣོལ་བས་དབྱིངས་ཕྱུག་མཚོ་རྒྱལ་འཁྱུད༔ གཅེར་བུ་བརྟུལ་ཞུགས་གྲུབ་པའི་གཟུགས༔ པད་ཟླ་རྒྱས་པའི་སྟེང་ན་རོལ༔ དབང་ཆེན་ཁྲོ་རྒྱལ་ཧེ་རུ་ཀའི༔ སྙིང་དབུས་ཙིཏྟའི་གུར་ཁང་དུ༔ ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་རྩལ༔ དམར་སྨུག་ཁྲོ་འཛུམ་རུས་པས་བརྒྱན༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ ཕུང་ཁམས་ཞི་ཁྲོའི་ཚོམ་བུ་ཤར༔ དབྱིངས་ཕྱུག་དཀར་མོ་གཉིས་མེད་སྦྱོར༔ སྐུ་ལ་སྒྲུབ་སྡེའི་ཚོམ་བུ་བརྒྱད༔ ཀུན་ཀྱང་གསང་བ་གསུམ་དུ་རྫོགས༔ ལྟེ་བར་ཙཎྜ་ལི་ཡི་ཀློང༔ ཁྲོས་མ་ནག་མོ་མཆེད་ལྔའི་ཚུལ༔ བདེ་སྐྱོང་འཁོར་ལོར་སྔགས་ཀྱི་བདག༔ རྒྱུད་གསུམ་དྲེགས་པའི་སྤྲིན་ཕུང་འཕྲོ༔ ཕྱི་ལྟར་རྩ་བ་གསུམ་པོ་ཡང༔ ནང་དུ་གཉུག་མའི་རྡོ་རྗེ་གསུམ༔ ངེས་དོན་བདེ་གསལ་མི་རྟོག་པའི༔ དཀྱིལ་འཁོར་གཅིག་གི་རང་བཞིན་ལ༔ རང་བྱུང་རང་ཤར་འདུ་འབྲལ་མེད༔ གདོད་ནས་མ་བཅོས་ལྷུན་གྱིས་གྲུབ༔ དེ་ལྟར་བསྒྲུབ་བྱ་རྩ་བ་གསུམ་གྱི་དཀྱིལ་འཁོར་ཀུན་འདུས་སུ་གསལ་བ་ལ། སྒྲུབ་བྱེད་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པས་ཐུགས་དམ་བསྐུལ་བ་ནི། ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་འདེབས་དང༌། སྤྱི་བོའི་བླ་མའི་གནས་བཞི་ལས་བྱུང་བའི་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པ་བཞིས་དབང་དང་དངོས་གྲུབ་བསྩལ་ཞིང་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཅི་ནུས་སུ་བཟླ་བ་བླ་མ་ལྟར་བསྙེན་པ་དང༌། བདག་གི་ཐུགས་ཀར་ཐོད་ཕྲེང་རྩལ༔ སྲོག་གི་ཐིག་ལེ་རྡོ་རྗེའི་ལྟེར༔ ཧཱུྃ་མཐིང་ལྔ་ལྡན་འོད་ཀྱིས་སྦྲེལ༔ བཟླས་པས་འཕགས་མཆོད་བྱིན་རླབས་བསྡུས༔ སླར་འཕྲོས་འོད་ཀྱིས་སྣོད་བཅུད་ཀུན༔ ལྷ་སྔགས་ཆོས་སྐུའི་རོལ་མོར་སད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླ། ཧཱུྃ་བཟླས་ཀྱང་ཅུང་ཟད་བྱ། སྤྲོ་ན། བླ་མའི་སྐུ་ཡི་གནས་ལྔར་བཞུགས་པའི་ལྷ་ཚོགས་ཀྱི་ཐུགས་སྲོག་ལས་བྱུང་བའི་འོད་ཟེར་སྤྲོ་བསྡུས་ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་ལྔ་སྒྲུབ་པར་མོས་ལ་ཧཱུྃ་བཟླས་བྱ་བ་རྣམས་ནི་ཡི་དམ་ལྟར་ཉེ་བར་བསྙེན་པ་དང༌། རླུང་རོ་བསལ་ཏེ་བུམ་ཅན་དང་སྦྱར་བའི་རྡོ་རྗེའི་བཟླས་པས་འབར་འཛག་གི་དམིགས་པ་དང་བཅས་ལྟེ་བའི་མཁའ་འགྲོ་རྣམས་མཉེས་པར་བསམ་ལ། ཨ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ ཞེས་ཡིད་བཟླས་དང༌། རླུང་མ་འབྱོངས་པ་ཡིན་ན་གོང་གི་མཁའ་འགྲོའི་བསྙེན་པ་ངག་བཟླས་ཅུང་ཟད་བྱ་བ་ནི་མཁའ་འགྲོ་ལྟར་སྒྲུབ་པ་དང༌། རྟ་མགྲིན་གྱི་ཐུགས་ཀའི་འོད་ཀྱིས་གསང་གནས་ཀྱི་ཆོས་སྐྱོང་རྣམས་ལ་རེག་པས་སྔོན་གྱི་དམ་བཅའ་བསྐུལ་ཏེ་ཕྲིན་ལས་སྒྲུབ་པར་མོས་ལ། ཤཱ་ས་ན་བཟླ་བ་ནི་ཆོས་སྐྱོང་ལྟར་སྒྲུབ་པ་ཆེན་པོ་སྟེ་དེ་དག་ཀྱང་བླ་མ་དང་ཡི་དམ་གྱི་བཟླས་པ་གཙོ་བོར་བྱ་ཞིང་གཞན་རྣམས་ཞར་བྱུང་དུ་ཉུང་ངུར་བཟླ་བར་བྱ་དགོས་སོ། །གསུམ་པ་ནི། སྣང་སྟོང་གཉིས་མེད་དཀྱིལ་འཁོར་ལྷ༔ དྭངས་མའི་འཇའ་ལྟར་དབྱིངས་སུ་ཡལ༔ ལྷུན་གྲུབ་ཐུགས་རྗེའི་རོལ་པ་ལས༔ ཕྲིན་ལས་གང་འདུལ་དེ་ལྟར་སྣང༔ ཞེས་སྣང་བཅས་བསྐྱེད་རིམ་འོད་གསལ་དུ་བསྡུས་ལ་སྣང་མེད་སྤྲོས་བྲལ་ངེས་དོན་གྱི་བླ་མའི་རང་ཞལ་བལྟ། སླར་ཡང་ཅིར་སྣང་དག་པ་རབ་འབྱམས་རྩ་བ་གསུམ་གྱི་འཁོར་ལོར་ཤར་བ་ལམ་དུ་ཁྱེར། བསྔོ་སྨོན་ནི། ཨེ་མ་ཧོཿ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀུན༔ རྩེ་གཅིག་བསྒོམ་བཟླས་ལ་སོགས་པའི༔ དུས་གསུམ་དགེ་བའི་དངོས་པོ་ཀུན༔ མི་གནས་མྱ་ངན་འདས་པར་བསྔོ༔ ལེགས་སྤྱད་འབྲས་བུ་དུས་འདི་རུ༔ སྨིན་ནས་གུ་རུས་རྗེས་སུ་བཟུང༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ བྱང་ཆུབ་མཆོག་གི་སྐལ་ལྡན་ཤོག༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་འགྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །འདི་ཙམ་ཞིག་ཉམས་ལེན་བགྱིས་ཀྱང་རྩ་བ་གསུམ་ཀའི་རྣལ་འབྱོར་གཅིག་ཏུ་ཚང་ཞིང་བྱིན་རླབས་དང་དངོས་གྲུབ་ཀྱི་སྒོ་རྙེད་པའི་ཐབས་རྨད་དུ་བྱུང་བའོ། །ཅེས་པའང་དོན་གཉེར་ཅན་དག་གིས་སྔ་ཕྱིར་གསོལ་བ་བཏབ་པ་ལས་རང་གཞན་གུ་རུའི་ཐུགས་རྗེའི་གྲིབ་བསིལ་ལ་ངལ་འཚོ་ཐོབ་པའི་ཆེད་བྲི་བར་འདུན་པ་དང༌། ཉེ་ཆར་ལྷོ་བྲག་གི་སྨན་ལྗོངས་ནས་ལྷགས་པའི་དད་མོས་ལྡན་པ་སྙུག་འཛིན་ཡེ་ཤེས་རྡོ་རྗེས་བསྐུལ་བ་ལྟར། རིག་འཛིན་གྱི་བཙུན་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་སྦྱར་བའི་དགེ་བས་འགྲོ་ཀུན་མཚོ་སྐྱེས་མ་ཧཱ་གུ་རུའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པའི་རྒྱུར་གྱུར་ཅིག། །།
[edit]

@#/_/rang byung pad+ma'i snying thig las:_rgyun gyi rnal 'byor snying po bzhugs:


@#/_na mo ma hA gu ra we/_skal bzang gang zhig thar lam gyi rtsa ba bla ma'i rdo rje gsum gyi rnal 'byor lam du byed nas dngos grub mchog la sbyor bar 'dod pas nyams su len pa la gsum/_sngon dngos rjes kyi las rim mo/__/dang po ni/_na mo:_byin rlabs dngos grub phrin las gter:_rtsa gsum kun 'dus skyabs su mchi:_ma rtog 'khrul pa'i sems can rnams:_dbyings su sgrol bar sems bskyed do:_zhes skyabs sems sbrel te lan gsum bya/_gnyis pa ni/_hU~M:_chos sku stong nyid rdo rje sems:_dbyings dang mnyam pa'i snying rje las:_zung 'jug sems kyi yi ge hrIH_dkyil 'khor 'byung ba'i gnas su shar:_rdo rje phung po rang byung grong:_ngo mtshar gzhal yas blo las 'das:_pho brang dbus kyi lte ba ru:_pad+ma nyi zla'i dkyil 'khor bkra:_sa bon bab pa yongs gyur las:_dbang chen pad+ma he ru ka:_dmar smug zhal gcig phyag gnyis pa:_phyag g.yas gri gug g.yon thod pa:_zhabs gnyis dor stabs phag mo sbyor:_rang lus dza lan+d+ha ra ru:_chos sku pad+ma kun tu 'chang:_bde chen phyag rgya dkar dmar mdangs:_phyag gnyis bde stong rdo rje dril:_bsnol bas dbyings phyug mtsho rgyal 'khyud:_gcer bu brtul zhugs grub pa'i gzugs:_pad zla rgyas pa'i steng na rol:_dbang chen khro rgyal he ru ka'i:_snying dbus tsit+ta'i gur khang du:_khyab bdag rdo rje thod phreng rtsal:_dmar smug khro 'dzum rus pas brgyan:_phyag gnyis rdo rje dril bu bsnams:_phung khams zhi khro'i tshom bu shar:_dbyings phyug dkar mo gnyis med sbyor:_sku la sgrub sde'i tshom bu brgyad:_kun kyang gsang ba gsum du rdzogs:_lte bar tsaN+Da li yi klong:_khros ma nag mo mched lnga'i tshul:_bde skyong 'khor lor sngags kyi bdag:_rgyud gsum dregs pa'i sprin phung 'phro:_phyi ltar rtsa ba gsum po yang:_nang du gnyug ma'i rdo rje gsum:_nges don bde gsal mi rtog pa'i:_dkyil 'khor gcig gi rang bzhin la:_rang byung rang shar 'du 'bral med:_gdod nas ma bcos lhun gyis grub:_de ltar bsgrub bya rtsa ba gsum gyi dkyil 'khor kun 'dus su gsal ba la/_sgrub byed bsnyen sgrub las gsum gyi bzlas pas thugs dam bskul ba ni/_hU~MH_o rgyan yul gyi nub byang mtshams:_pad+ma ge sar sdong po la:_ya mtshan mchog gi dngos grub brnyes:_pad+ma 'byung gnas zhes su grags:_'khor du mkha' 'gro mang pos bskor:_khyed kyi rjes su bdag sgrub kyi:_byin gyis brlab phyir gshegs su gsol:_gu ru pad+ma sid+d+hi hU~M:_zhes gsol 'debs dang*/_spyi bo'i bla ma'i gnas bzhi las byung ba'i 'od zer dkar dmar mthing ga sna tshogs pa bzhis dbang dang dngos grub bstsal zhing sgrib pa dag_/sku gsung thugs kyi byin rlabs rgyud la zhugs par mos la/_oM AHhU~M badz+ra gu ru pad+ma sid+d+hi hU~M:_ci nus su bzla ba bla ma ltar bsnyen pa dang*/_bdag gi thugs kar thod phreng rtsal:_srog gi thig le rdo rje'i lter:_hU~M mthing lnga ldan 'od kyis sbrel:_bzlas pas 'phags mchod byin rlabs bsdus:_slar 'phros 'od kyis snod bcud kun:_lha sngags chos sku'i rol mor sad:_oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHsid+d+hi pha la hU~M AH_zhes bzla/_hU~M bzlas kyang cung zad bya/_spro na/_bla ma'i sku yi gnas lngar bzhugs pa'i lha tshogs kyi thugs srog las byung ba'i 'od zer spro bsdus zhi rgyas dbang drag mchog gi phrin las lnga sgrub par mos la hU~M bzlas bya ba rnams ni yi dam ltar nye bar bsnyen pa dang*/_rlung ro bsal te bum can dang sbyar ba'i rdo rje'i bzlas pas 'bar 'dzag gi dmigs pa dang bcas lte ba'i mkha' 'gro rnams mnyes par bsam la/_a ha ri ni sa sid+d+hi hU~M:_zhes yid bzlas dang*/_rlung ma 'byongs pa yin na gong gi mkha' 'gro'i bsnyen pa ngag bzlas cung zad bya ba ni mkha' 'gro ltar sgrub pa dang*/_rta mgrin gyi thugs ka'i 'od kyis gsang gnas kyi chos skyong rnams la reg pas sngon gyi dam bca' bskul te phrin las sgrub par mos la/_shA sa na bzla ba ni chos skyong ltar sgrub pa chen po ste de dag kyang bla ma dang yi dam gyi bzlas pa gtso bor bya zhing gzhan rnams zhar byung du nyung ngur bzla bar bya dgos so/__/gsum pa ni/_snang stong gnyis med dkyil 'khor lha:_dwangs ma'i 'ja' ltar dbyings su yal:_lhun grub thugs rje'i rol pa las:_phrin las gang 'dul de ltar snang:_zhes snang bcas bskyed rim 'od gsal du bsdus la snang med spros bral nges don gyi bla ma'i rang zhal blta/_slar yang cir snang dag pa rab 'byams rtsa ba gsum gyi 'khor lor shar ba lam du khyer/_bsngo smon ni/_e ma hoH_rtsa gsum dkyil 'khor lha tshogs kun:_rtse gcig bsgom bzlas la sogs pa'i:_dus gsum dge ba'i dngos po kun:_mi gnas mya ngan 'das par bsngo:_legs spyad 'bras bu dus 'di ru:_smin nas gu rus rjes su bzung:_'gro drug sems can ma lus pa:_byang chub mchog gi skal ldan shog:_shes bya'i don la ma rmongs pa'i:_bla ma dam pa'i bkra shis shog:_gang la bsam pa'i don 'grub pa'i:_don grub mchog gi bkra shis shog:_sku gsung thugs kyi b+ha ga nas:_phyag rgya chen po'i bkra shis shog:_ces shis brjod kyis mtshams sbyar te spyod lam la 'jug go_/'di tsam zhig nyams len bgyis kyang rtsa ba gsum ka'i rnal 'byor gcig tu tshang zhing byin rlabs dang dngos grub kyi sgo rnyed pa'i thabs rmad du byung ba'o/__/ces pa'ang don gnyer can dag gis snga phyir gsol ba btab pa las rang gzhan gu ru'i thugs rje'i grib bsil la ngal 'tsho thob pa'i ched bri bar 'dun pa dang*/_nye char lho brag gi sman ljongs nas lhags pa'i dad mos ldan pa snyug 'dzin ye shes rdo rjes bskul ba ltar/_rig 'dzin gyi btsun pa pad+ma gar dbang 'od gsal mdo sngags gling pas sbyar ba'i dge bas 'gro kun mtsho skyes ma hA gu ru'i go 'phang tshe 'di nyid la thob pa'i rgyur gyur cig/_//

Footnotes

Other Information