སྡོམ་གསུམ་རྣམ་པར་ངེས་པའི་རྩ་བའི་ས་བཅད།

From Khyentse Lineage - A Tsadra Foundation Project
Wylie title sdom gsum rnam par nges pa'i rtsa ba'i sa bcad
Location dpal sprul bka' 'bum
Volume 2, Text 8, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Outlines - sa bcad
Colophon

།ཅེས་སྡོམ་གསུམ་རྣམ་པར་ངེས་པའི་ས་བཅད་རྩ་བའི་ཚིག་ཟིན་དང་མཐུན་པར་བྱས་པ་འདི་ཡང་། རྗེ་བླ་མའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་བདེ་ཆེན་རིག་པའི་རལ་གྲིའི་ཐུགས་གསོས་སུ་དཔལ་དགེར་འབོད་པས་འཕྲལ་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦམངྒལཾ། །

/ces sdom gsum rnam par nges pa'i sa bcad rtsa ba'i tshig zin dang mthun par byas pa 'di yang /_rje bla ma'i sku gsung thugs kyi sras mchog bde chen rig pa'i ral gri'i thugs gsos su dpal dger 'bod pas 'phral du bris pa dge zhing bkra shis par gyur cig_/sarbamang+galaM/_/

[edit]
༄༅། །སྡོམ་གསུམ་རྣམ་པར་ངེས་པའི་རྩ་བའི་ས་བཅད་བཞུགས་སོ། །


བླ་མ་དང་དབྱེར་མེད་པ་འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྡོམ་པ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་འདི་འཆད་པར་བྱེད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ཏེ་གསུམ་ལས། དང་པོ་ལའང་མཚན་སྨོས་པ་དང་། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ་སྟེ་གསུམ་གྱི་དང་པོ་ནི། རང་བཞིན་རྫོགས་པ་སོགས་ཀྱིས་བསྟན། གཉིས་པལའང་གཉིས། སྤྱིར་སྡོམ་པ་གསུམ་གྱི་བཀའ་དྲིན་ནོད་པའི་བླ་མ་ལ་ཕྱག་འཚལ་བ་ནི། ན་མོ་གུ་ར་ཝེ་ཞེས་པས་བསྟན། བྱེ་བྲག་ཏུ་ཨོ་རྒྱན་པདྨ་ལ་ཕྱག་འཚལ་བ་ནི། དཔལ་ལྡན་ཚོགས་སོགས༤། གསུམ་པ་བརྩམ་པར་དམ་བཅའ་བ་ནི། འགྲོ་བློའི་དྲི་མ་སོགས༤། དེ་ཡན་གྱིས་དང་པོ་ཐོག་མར་དགེ་བ་སོང་ནས། གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་ལྔ་སྟེ། ལེའུ་དང་པོ་སྡོམ་གསུམ་སྤྱིའི་བཤད་གཞི་རིམ་པར་ཕྱེ་བ། ལེའུ་གཉིས་པ་འདུལ་བ་སོ་ཐར་གྱི་རིམ་པ་ཕྱེ་བ། ལེའུ་གསུམ་པ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་བསླབ་བྱ། ལེའུ་བཞི་པ་གསང་སྔགས་རིག་འཛིན་སྡོམ་པའི་རིམ་པ་ཕྱེ་བ། ལེའུ་ལྔ་པ་དེ་གསུམ་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་ཏེ་ལྔ་ལས། དང་པོ་ལའང་ཐོབ་བྱ་མཐར་ཐུག་གི་འབྲས་བུ་ངོས་བཟུང་བ། ཐོབ་བྱེད་འགྲོད་པ་གཅིག་པའི་ལམ་མདོར་བསྟན། ལམ་སྟེགས་ཀྱི་ཐེག་པའི་དབྱེ་བསྡུ་བཤད། སོ་བྱང་གཉིས་སྔགས་སྡོམ་གྱི་ཡན་ལག་ཏུ་འགྱུར་ཚུལ། ལེའུ་འོག་མ་གསུམ་གྱི་སྡོམ་ཚིག་བཤད་པ་རྣམས་ལས། དང་པོ་ནི། རྫོགས་པ་ཆེན་པོ་སོགས། ༣གཉིས་པ་ནི། ཟབ་རྒྱས་སོགས། ༣གསུམ་པ་ནི། ཇི་སྲིད་སེམས་ཀྱི་སོགས། ༡༤བཞི་པ་ལ་གསུམ་སྟེ། རིགས་ཅན་གསུམ་སྔགས་ཀྱི་ལམ་ཞུགས་ཡོད་པར་བསྒྲུབ་པ། བསམ་པའི་དབྱེ་བས་འཇུག་ཚུལ་གྱི་དབྱེ་བསྡུ་བཤད་པ། སྐབས་འདིར་གཏན་ལ་དབབ་བྱའི་དོན་ངོས་བཟུང་བ་སྟེ་གསུམ་ལས། དང་པོ་ནི། ཉན་རང་བྱང་སེམས་སོགས། ༣གཉིས་པ་ནི། བསམ་པའི་དབྱེ་བས་སོགས། ༣གསུམ་པ་ནི། འདིར་ནི་དབང་པོ་སོགས། ༢༣ལྔ་པ་ལེའུ་འོག་མ་གསུམ་གྱི་སྡོམ་ནི། སྡོམ་གསུམ་སོ་སོར་སོགས། ༤དེ་ཡན་གྱི་ལེའུ་དང་པོ་སོང་ནས། ༈ ལེའུ་གཉིས་པ་ལའང་ཁོག་དབུབ་གླེང་གཞི། མ་ཐོབ་པ་ཐོབ་པར་བྱེད་པའི་ཚུལ། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས། ཉམས་ན་གསོ་ཚུལ་ཏེ་བཞི་ལས་དང་པོ་ལའང་། སྟོན་པས་འདུལ་བའི་དམ་ཆོས་ཇི་ལྟར་གསུངས་ཚུལ། རྗེས་འཇུག་གིས་བཀའ་བསྡུ་མཛད་ནས་བསྟན་པ་བསྐྱང་ཚུལ། ཐོབ་བྱ་སྡོམ་པའི་ངོ་བོ། དེའི་དབྱེ་བ་བཤད་པ་སྟེ་བཞི་ལས། དང་པོ་ནི། གླེང་གཞི། ཕྱེད། ༢གཉིས་པ་ནི། འོད་སྲུང་སོགས། ཕྱེད། ༤གསུམ་པ་ནི། ངོ་བོ་ངེས་འབྱུང་སོགས། ༥བཞི་པ་ནི། དབྱེ་བས་སོགས། ༥གཉིས་པ་ལའང་བསྟན་བཤད་གཉིས་ལས། དང་པོ་ནི། དང་པོ་སྡོམ་པ། ཕྱེད། ༢གཉིས་པ་ལའང་སྔོན་ཆོག་དང་ད་ཆོག་གཉིས་ལས་སྔོན་ཆོག་ནི། སྔོན་གྱི་ཆོ་ག་སོགས། ཕྱེད། ༥ད་ཆོག་ལའང་དངོས་དང་སྡོམ་པའི་ཐོབ་མཚམས་ངོས་བཟུང་བ་སྟེ་གཉིས་ལས། དང་པོ་ནི། ད་ལྟའི་ཆོ་ག་སོགས། ༡༠། གཉིས་པ་ནི། ཐོབ་མཚམས་བརྗོད་པ་སོགས། ༡དེས་གཉིས་པ་སོང་། གསུམ་པ་ལའང་བསྟན་བཤད་གཉིས་ལས། དང་པོ་ནི། བར་དུ་ཐོབ་པ་སོགས། ༡གཉིས་པ་ལའང་བསྲུང་བྱའི་རྣམ་གྲངས་བཤད་པ། སྡོམ་པ་སྐྱེ་བའི་རྟེན་བཤད་པ་སྟེ་གཉིས་ལས། དང་པོ་ལའང་སྐྱབས་འགྲོའི་སྡོམ་པ་བཤད་པ། བསྙེན་གནས་ཀྱི་སྡོམ་པ་བཤད་པ། དགེ་བསྙེན་གྱི་སྡོམ་པར་བཤད་པ། དགེ་ཚུལ་གྱི་སྡོམ་པ་བཤད་པ། དགེ་སློང་གི་སྡོམ་པ་བཤད་པ་སྟེ་ལྔ་ལས། དང་པོ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་འགྲོའི་བསླབ་བྱ་བཤད་པ་ལ་ཐུན་མིན་དང་ཐུན་མོང་གཉིས་ལས། དང་པོ་ནི། བསླབ་བྱ་སྐྱབས་འགྲོ་སོགས། ༣ གཉིས་པ་ནི། སྲོག་དང་སོགས། ༥ གཉིས་པ་ནི། རྩ་བཞི་སྤོང་བ་སོགས། ༡༠ གསུམ་པ་ནི། གསོད་རྐུ་སོགས། ༡༢ བཞི་པ་ལ་དགེ་ཚུལ་གྱི་སྡོམ་པ་དངོས་དང་། ཞར་བྱུང་དུ་དགེ་སློང་མའི་སྡོམ་པ་སྟེ་གཉིས་ལས། དང་པོ་ནི། སྲོག་གཅོད་རྐུ་དང་སོགས། ༡༧ གཉིས་པ་ནི། དགེ་སློབ་སོགས། ༦ ལྔ་པ་ལའང་སྤང་བའི་བསླབ་བྱ། སྒྲུབ་པའི་བསླབ་བྱ། རུང་མཐུན་བསྡུས་ཏེ་བསྟན་པ་སྟེ་གསུམ་ལས། དང་པོ་ལའང་། དགེ་སློང་དང་། ཞར་བྱུང་དགེ་སློང་མའི་བསླབ་བྱ་གཉིས་ལས། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དགེ་སློང་སོགས། ༡ གཉིས་པ་ལའང་ལྟུང་བ་སྡེ་ལྔ་སྟེ། ཕམ་པ། ལྷག་མ། ལྟུང་བྱེད། སོར་བཤགས། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས། དང་པོ་ནི། སྡོམ་པའི་རྩ་བ་སོགས། ༢༢ གཉིས་པ་ནི་དགེ་འདུན་ལྷག་མ་སོགས། ༡༡ གསུམ་པ་ལའང་། གཉིས་ཏེ་དངོས་པོ་སྤངས་ནས་བཤགས་དགོས་པ་སྤང་ལྟུང་། ཆད་ལས་ལ་མི་ལྟོས་པའི་འབའ་ཞིག་པ་དང་གཉིས་ལས། དང་པོ་ནི། སྤང་བའི་ལྟུང་བྱེད་སོགས། ༢༧ གཉིས་པ་ནི། ལྟུང་བྱེད་འབའ་སོགས། ༥༤ བཞི་པ་ནི། སོ་སོར་བཤགས་བྱའི་སོགས། ༥ ལྔ་པ་ནི། ཉེས་བྱས་བརྒྱ་སོགས། ༤༣ གཉིས་པ་དགེ་སློང་མའི་བསླབ་བྱ་ནི། དགེ་སློང་མ་ལ་སོགས། ༤ དེས་སྤང་བྱའི་བསླབ་བྱ་སོང་ནས། བསྒྲུབ་པའི་བསླབ་བྱ་ནི། བསྒྲུབ་པའི་བསླབ་བྱ་སོགས། ༣ རུང་མཐུན་བཤད་པ་ནི། མདོར་ན་ཡེ་ནས་སོགས། ༤ དེ་ཡན་གྱིས་དང་པོ་བསླབ་བྱའི་རྣམ་གྲངས་སོང་། གཉིས་པ་སྡོམ་པའི་རྟེན་བཤད་པ་ནི། སྐྱེ་བའི་རྟེན་སོགས། ༥ བཞི་བ་ཉམས་ན་གསོ་ཚུལ་ལའང་བསྟན་བཤད་གཉིས་ཀྱི་དང་པོ་ནི། ཐ་མར་ཉམས་ན་སོགས། ༡ གཉིས་པ་རྒྱས་བཤད་ལའང་སྡོམ་པའི་གཏོང་མཚམས་བཤད་པ། ལྟུང་བ་དང་ལྟུང་མེད་ཀྱི་རྣམ་བཞག །ཕྱིར་བཅོས་དངོས་སོགས། ཚུལ་བཞིན་བསྲུང་བའི་ཕན་ཡོན་རྣམས་ལས། དང་པོ་ནི། གཏོང་བ་བསླབ་པ་སོགས༢༢། གཉིས་པ་ནི། དང་པོའི་ལས་ཅན་སོགས། ༤ གསུམ་པ་ནི། འཆབ་པ་མེད་ན་སོགས། ༡༤ བཞི་པ་ནི། ཕན་ཡོན་སོགས། ༡༡ དེ་ཡན་གྱིས་ལེའུ་གཉིས་པ་སོང་ནས། ༈ ལེའུ་གསུམ་པ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་བསླབ་བྱ་བཤད་པ་ལའང་ཁོག་དབུབ་གླེང་གཞི། སྡོམ་པ་མ་ཐོབ་པ་ཐོབ་བྱེད། ཐོབ་པ་མི་ཉམས་པར་བསྲུང་ཐབས། ཐ་མ་ཉམས་ན་གསོ་ཚུལ་ཏེ་བཞི་ལས། དང་པོ་ལའང་སྟོན་པས་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཇི་ལྟར་གསུངས་ཚུལ། རྗེས་འཇུག་གིས་བཀའ་བསྡུ་མཛད་ནས་ཇི་ལྟར་བསྐྱང་ཚུལ། ཐོབ་བྱ་སྡོམ་པའི་ངོ་བོ། དེའི་དབྱེ་བ་སྟེ་བཞི་ལས། དང་པོ་ནི། བསྐལ་བཟང་འགྲོ་བའི་སོགས། ༣ གཉིས་པ་ནི། འཇམ་དབྱངས་བཀའ་བསྡུས་སོགས། ༥གསུམ་པ་ནི། ངོ་བོ་བྱམས་སོགས། ༣བཞི་པ་ལའང་དབྱེ་བསྡུ་གཉིས་ལས། དང་པོ་ལའང་གཅིག་ནས་དྲུག་ཚན་གྱི་བར་དབྱེ་བ་དང་། ས་མཚམས་ཀྱི་དབྱེ་བ་སྟེ་གཉིས་ལས། དང་པོ་ནི། དབྱེ་བ་ཀླུ་སྒྲུབ་སོགས། ༡ གཉིས་པ་ནི། ས་གསེར་ཟླ་བ་སོགས། ༢ གཉིས་པ་བསྡུ་བ་ནི། ཀུན་ཀྱང་བསྡུ་ན་སོགས། ༣ གཉིས་པ་སྡོམ་པ་མ་ཐོབ་པ་ཐོབ་བྱེད་བཤད་པ་ལའང་བསྟན་བཤད་གཉིས་ལས་དང་པོ་ནི། དང་པོ་སྡོམ་པ་སོགས། ༡ གཉིས་པ་རྒྱས་བཤད་ལའང་ཀུན་རྫོབ་སེམས་བསྐྱེད་ཆོ་ག་ལ་བརྟེན་ནས་བླང་ཚུལ་དང་། དོན་དམ་སེམས་བསྐྱེད་ཆོ་ག་ལ་མ་ལྟོས་པར་ཐོབ་ཚུལ་གཉིས་ལས། དང་པོ་ལའང་། སེམས་བསྐྱེད་ཀྱི་ཆོ་ག་དངོས་དང་། སྡོམ་པའི་ཐོབ་མཚམས་ངོས་བཟུང་བ་སྟེ་གཉིས་ཀྱི་དང་པོ་ལའང་ཀླུ་སྒྲུབ་ཀྱི་ལུགས་དང་ཐོགས་མེད་ཀྱི་ལུགས་གཉིས་ལས་། དང་པོ་ནི། ལེན་ཚུལ་སྡོམ་གནས་སོགས་ཕྱེད། ༥ གཉིས་པ་ནི། ཐོགས་མེད་བཞེད་པ་སོགས་ཕྱེད། ༦ གཉིས་པ་སྡོམ་པའི་ཐོབ་མཚམས་ངོས་བཟུང་བ་ནི། ཐོབ་མཚམས་སོགས། ༡ གཉིས་པ་དོན་དམ་སེམས་བསྐྱེད་ཆོ་གར་མ་ལྟོས་པར་བསྐྱེད་ཚུལ་ནི། དོན་དམ་སེམས་བསྐྱེད་སོགས། ༣ གསུམ་པ་ཐོབ་པ་མི་ཉམས་པ་བསྲུང་ཐབས་བཤད་པ་ལའང་བསྟན་བཤད་གཉིས་ལས། དང་པོ་ནི། བར་དུ་མི་ཉམས་སོགས། ༤ ཕྱེད། གཉིས་པ་རྒྱས་བཤད་ལའང་། བསྲུང་བྱ་སྡོམ་པའི་རྣམ་གྲངས། སྲུང་བྱེད་ཀྱི་ཐབས། སྡོམ་པ་སྐྱེ་བའི་རྟེན་བཤད་པའོ། །དང་པོ་ལའང་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ལས། དང་པོ་ལའང་ཀླུ་སྒྲུབ་ཀྱི་ལུགས་དང་། ཐོགས་མེད་ཀྱི་ལུགས་གཉིས་ཀྱི་དང་པོ་ལའང་། རྩ་བའི་ལྟུང་བ་བཤད་པ། ཡན་ལག་གི་ཉེས་བྱས་གཞན་དུ་ཞལ་འཕང་བའོ། །དང་པོ་ལའང་རྒྱལ་པོ་ལ། བློན་པོ་ལ། ཕལ་བ་ལ་འབྱུང་ཉེ་བ། དེ་དག་གི་དོན་བསྡུ་སྟེ་བཞི་ལས། དང་པོ་ནི། དཀོན་མཆོག་སོགས་ཕྱེད། ༣གཉིས་པ་ནི། གྲོང་ལྗོངས་གྲོང་ཁྱེར་སོགས། ༢གསུམ་པ་ནི། མ་སྦྱང་སྟོང་ཉིད་སོགས། ༡༠ བཞི་པ་ནི། དེ་དེར་འབྱུང་ཉེ་སོགས། ༣ གཉིས་པ་ཡན་ལག་གི་ཉེས་བྱས་ནི། ཡན་ལག་ཉེས་བྱས་སོགས། ༢གཉིས་པ་ཐོགས་མེད་ཀྱི་ལུགས་ལའང་། རྩ་ལྟུང་དང་། ཡན་ལག་གི་ཉེས་བྱས་གཞན་དུ་ཞལ་འཕང་བ་དང་གཉིས། དང་པོ་ལ་སྨོན་སེམས་ཀྱི་བསླབ་བྱ། འཇུག་སེམས་ཀྱི་བསླབ་བྱ་བཤད་པ་གཉིས་ལས། དང་པོ་ནི། ཐོགས་མེད་ཀྱི་སོགས། ༥ གཉིས་པ་ནི། རྙེད་བཀུར་ལྷག་ཞེན་སོགས། ༥ གཉིས་པ་ནི། ཉེས་བྱས་ཕྲ་བ་སོགས། ༡ གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་བཤད་པ་ལའང་། བསྟན་བཤད་གཉིས་ལས། དང་པོ་ནི། དགེ་བ་ཆོས་སྡུད་སོགས། ༡ དེ་ལ་སྤྱིར་ཐུན་མོང་གི་རང་བཞིན། མཚན་ཉིད། སྒྲ་དོན། གྲངས་ངེས། གོ་རིམ། བསྒྲུབ་ཚུལ། ཕན་ཡོན་ཏེ་བདུན་གྱིས་སོ། གཉིས་པ་རྒྱས་བཤད་ལའང་ཕ་རོལ་ཏུ་ཕྱིན་པ་དྲུག་རེ་རེ་ལའང་། ངོ་བོ། སྒྲ་དོན། དབྱེ་བ། བསྒྲུབ་ཚུལ་ཏེ་བཞི་རེའི་སྒོ་ནས་བསྟན་ཏེ། དབུལ་བ་སེལ་ཕྱིར་སོགས། ༦ གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཤད་པ་ནི། སེམས་ཅན་དོན་བྱེད་སོགས། ༥ གཉིས་པ་སྡོམ་པ་སྲུང་བྱེད་ཀྱི་ཐབས་བཤད་པ་ལའང་ཡང་དག་སྤོང་བཞིའི་བརྩོན་འགྲུས་ཀྱི་སྒོ་ནས་བསྲུང་བ། དྲན་ཤེས་བག་ཡོད་ཀྱི་སྒོ་ནས་བསྲུང་བ། སྤྱོད་ལམ་ཐམས་ཅད་དུ་དགེ་བས་དུས་འདའ་བའི་སྒོ་ནས་བསྲུང་བ། བསླབ་པ་ཐམས་ཅད་བསྡུས་པའི་སྒོ་ནས་བསྲུང་བ་རྣམས་ལས། དང་པོ་ནི། མཐུན་ཕྱོགས་ཀུན་སློང་སོགས། ༡ གཉིས་པ་ནི། རྟག་ཏུ་དྲན་དང་སོགས། ༡ གསུམ་པ་ནི། འགྲོ་འདུག་ཟ་ཉལ་སོགས། ༣ བཞི་པ་ལའང་མཁས་པའི་བཞེད་པ་ཟློས་པ། རང་གི་བཞེད་པ་འགོད་པ་གཉིས་ལས། དང་པོ་ནི། མཁྱེན་རབ་དབང་ཕྱུག་སོགས། ༤ གཉིས་པ་ནི། འདིར་ནི་ཕན་དང་སོགས། ༣བཞི་པ་སྡོམ་པ་སྐྱེ་བའི་རྟེན་བཤད་པ་ནི། སྐྱེ་བའི་རྟེན་ནི་སོགས། ༧ བཞི་པ་ཉམས་ན་ཕྱིར་བཅོས་ཚུལ་ལའང་བསྟན་བཤད་གཉིས་ལས། དང་པོ་ནི། ཐ་མར་ཉམས་ན་སོགས། ༡ གཉིས་པ་རྒྱས་བཤད་ལའང་ལྟུང་བ་དང་ལྟུང་མིན་གྱི་རྣམ་བཞག །ཕྱིར་བཅོས་དངོས། སྡོམ་པ་ཚུལ་བཞིན་བསྲུང་བའི་ཕན་ཡོན་བཤད་པ་རྣམས་ལས། དང་པོ་ནི། གང་གིས་རིགས་དང་སོགས། ༨ གཉིས་པ་ལའང་། ཀླུ་སྒྲུབ་དང་ཐོགས་མེད་ཀྱི་སྲོལ་གཉིས་ལས། དང་པོ་ནི། ཐུན་འདས་ཉམས་ན་སོགས། ༤ གཉིས་པ་ནི། སྨོན་པའི་སེམས་ནི་སོགས། ༡༠ གསུམ་པ་སྡོམ་པ་ཚུལ་བཞིན་བསྲུང་བའི་ཕན་ཡོན་ལའང་བསོད་ནམས་རྒྱུན་ཆགས་སུ་འབྱུང་བའི། མིང་དོན་གནས་འགྱུར་བའི། བླ་མེད་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་ཕན་ཡོན་རྣམས་ལས། དང་པོ་ནི། འདི་འདྲའི་བྱང་ཆུབ་སོགས་ཕྱེད། ༣གཉིས་པ་ནི། རྒྱལ་བའི་སྲས་སུ་འགྱུར། ཞེས་པས་བསྟན་ཏོ། །གསུམ་པ་ནི། གྲངས་མེད་གསུམ་བདུན་སོ་གསུམ་བྱང་ཆུབ་ཐོབ། ཅེས་པས་བསྟན་ཏེ། དེ་ཡན་གྱིས་ལེའུ་གསུམ་པ་སོང་ནས། ། ༈ ལེའུ་བཞི་པ་གསང་སྔགས་རིག་འཛིན་སྡོམ་པའི་རིམ་པར་ཕྱེ་བ་ལའང་ཁོག་དབུབ་གླེང་གཞི། སྡོམ་པ་མ་ཐོབ་པ་ཐོབ་བྱེད། ཐོབ་པ་མི་ཉམས་པར་བསྲུང་ཚུལ། ཉམས་ན་གསོ་ཚུལ་བཤད་པ་སྟེ་བཞི་ལས། དང་པོ་ལའང་སྟོན་པས་གསང་སྔགས་ཀྱི་རྒྱུད་སྡེ་ཇི་ལྟར་གསུངས་ཚུལ། རྗེས་འཇུག་གིས་བཀའ་བསྡུ་མཛད་ནས་བསྟན་པ་བསྐྱངས་ཚུལ། སྡོམ་པའི་ངོ་བོ། སྡོམ་པ་དབྱེ་བ་རྣམས་ལས་དང་པོ་ལའང་སྟོན་པ་ལོངས་སྐུའི་འོག་མིན་ཆེན་པོར་སོགས། མི་མཇེད་སྤྲུལ་སྐུའི་ཞིང་དུ་མཆོག་གི་སྤྲུལ་བས་ཇི་ལྟར་གསུངས་ཚུལ་ཏེ་གཉིས་ཀྱི་དང་པོ་ནི། ཀུན་བཟང་རྡོ་རྗེ་འཆང་སོགས། ༢ གཉིས་པ་ནི། ཕྱིས་ནས་འབྲས་སྤུངས་སོགས། ༡ གཉིས་པ་ཕྱག་རྡོར་དང་ནི་སོགས། ༥གསུམ་པ་ནི། ངོ་བོ་སྒོ་གསུམ་སོགས། ༢བཞི་པ་ནི། དབྱེ་བ་བྱ་སྤྱོད་སོགས། ༦ གཉིས་པ་ལའང་བསྟན་བཤད་གཉིས་ལས། དང་པོ་ནི། དང་པོ་མ་ཐོབ་སོགས། ༡ གཉིས་པ་ལའང་དབང་བསྐུར་བ་དངོས། སྡོམ་པའི་ཐོབ་མཚམས་ངོས་བཟུང་བ། མཇུག་སྤང་བླང་གི་གནས་ལ་གདམས་པ་སྟེ་གསུམ་ལས། དང་པོ་ནི། རྡུལ་མཚོན་དང་ནི་སོགས། ༨གཉིས་པ་ནི། དང་པོ་གནས་གསུམ་སོགས། ༣གསུམ་པ་ནི། དེ་ཡི་རྗེས་སོགས། ༢གསུམ་པ་ལའང་བསྲུང་བྱའི་རྣམ་གྲངས། བསླབ་པ་ཐམས་ཅད་བསྡུས་ཏེ་བསྟན་པ། སྡོམ་པ་སྐྱེ་བའི་རྟེན་བཤད་པ་རྣམས་ལས། དང་པོ་ལའང་བསྟན་བཤད་གཉིས་ལས། དང་པོ་ནི། བར་དུ་མི་ཉམས་སོགས། ༡ གཉིས་པ་ལའང་བརྟུལ་ཞུགས་ཉེར་ལྔ། རིག་ལྔའི་སྡོམ་པ། རྩ་ལྟུང་བཅུ་བཞི། ཡན་ལག་སྦོམ་པོ་བརྒྱད། རྫོགས་པ་ཆེན་པོའི་ལུགས་བཤད་པ་སྟེ་ལྔ་ལས། དང་པོ་ནི། ཐོག་མའི་བརྟུལ་ཞུགས་སོགས། ༡༣ གཉིས་པ་ལའང་ཐུན་མོང་རིགས་ལྔའི་སོགས། ཁྱད་པར་རིགས་ལྔའི་སྡོམ་པ་གཉིས་ཀྱི་དང་པོ་ནི། ཐུན་མོང་གྱུར་པ་སོགས། ༢ གཉིས་པ་ནི། ཁྱད་པར་སྲོག་གཅོད་སོགས། ༡༢ གསུམ་པ་ལའང་བསྟན་བཤད་གཉིས་ཀྱི་དང་པོ་ནི། རྩ་བའི་ལྟུང་བ་སོགས། ༡ གཉིས་པ་ལའང་སློབ་དཔོན་སྨད་པའི་ལྟུང་བ། བདེ་གཤེགས་བཀའ་འདས་ཀྱི་ལྟུང་བ། མཆེད་ལ་ཁྲོ་བའི་ལྟུང་བ། བྱམས་པ་གཏོང་བའི་ལྟུང་བ། སེམས་བསྐྱེད་བཏང་བའི་ལྟུང་བ། གྲུབ་མཐའ་སྨོད་པའི་ལྟུང་བ། གསང་བ་སྒྲོག་པའི་ལྟུང་བ། ཕུང་པོར་སྨད་པའི་ལྟུང་བ། ཆོས་ལ་ཐེ་ཚོམ་པའི་ལྟུང་བ། ཞིང་བཅུ་མི་བསྒྲལ་བའི་ལྟུང་བ། ཆོས་ལ་མཚན་མས་གཞལ་བའི་ལྟུང་བ། སེམས་སུན་འབྱིན་པའི་ལྟུང་བ། དམ་ཚིག་གི་རྫས་མི་བསྟེན་པའི་ལྟུང་བ། བུད་མེད་ལ་སྨོད་པའི་ལྟུང་བ་རྣམས་བཤད་པ་ནི། སློབ་དཔོན་རྣམས་གསུམ་སོགས། ༣༡ བཞི་པ་ལའང་སྦོམ་པོ་བརྒྱད་བཤད་པ། འཆད་ཚུལ་གཞན་རྣམ་གྲངས་སུ་འཕྲོས་པ་གཉིས་ལས། དང་པོ་ལའང་བསྟན་བཤད་གཉིས་ཀྱི་དང་པོ་ནི། ད་ནི་ཡན་ལག་སོགས། ༡ གཉིས་པ་ནི། དབང་དང་དམ་ཚིག་སོགས། ༨ གཉིས་པ་འཆད་ཚུལ་གཞན་ནི་བསྙེན་སོགས། ༥ལྔ་པ་ལའང་བསྟན་བཤད་གཉིས་ལས། དང་པོ་ནི། ཁྱད་པར་སྔ་འགྱུར་སོགས། ༡ གཉིས་པ་ལའང་རྩ་བའི་ལྟུང་བ། ཡན་ལག་གི་དམ་ཚིག་བཤད་པ་སྟེ་གཉིས་ཀྱི་དང་པོ་ནི། རྩ་བ་བླ་མའི་སོགས། ༢གཉིས་པ་ལའང་སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔ། ཤེས་བྱ་ལྟ་བའི་དམ་ཚིག་ལྔ། བསྒྲུབ་བྱ་སྒོམ་པའི་དམ་ཚིག་ལྔ་ལས། དང་པོ་ནི། ཡན་ལག་དམ་ཚིག་སོགས། ༢ གཉིས་པ་ནི། ཕུང་ལྔ་འབྱུང་ལྔ་སོགས། ༧ གསུམ་པ་ནི། དེ་བཞིན་གཤེགས་སོགས། ༣ གཉིས་པ་བསླབ་པ་ཐམས་ཅད་བསྡུས་ཏེ་བསྟན་པ་ནི། དེ་སོགས་དམ་ཚིག་སོགས། ༤ གཉིས་པ་ནི། སྐྱེ་བའི་རྟེན་ནི་སོགས། ༢བཞི་པ་ཉམས་ན་གསོ་ཚུལ་ལའང་བསྟན་བཤད་གཉིས་ཀྱི་དང་པོ་ནི། ཐ་མར་ཉམས་ན་སོགས། ༡ གཉིས་པལའང་ལྟུང་བ་ལྟུང་མེད་ཀྱི་རྣམ་བཞག །ཕྱིར་བཅོས་དངོས་བཤད་པ། ཕྱིར་མ་བཅོས་པའི་ཉེས་དམིགས་བཤད་པ། ཚུལ་བཞིན་བསྲུང་བའི་ཕན་ཡོན་བཤད་པ་རྣམས་ལས་དང་པོ་ལའང་ལྟུང་བ་འབྱུང་བའི་སྒོ་བཞིའམ་རྒྱུ་དྲུག་གཉེན་པོ་དང་བཅས་པ་བཤད་པ། ལྟུང་བའི་ཡན་ལག་བརྩི་ཚུལ། དུས་འདས་ཀྱི་ས་མཚམས་བཤད་པ་རྣམས་ལས། དང་པོ་ནི། ལྟུང་མཚམས་མི་ཤེས་སོགས། ༤ གཉིས་པ་ནི། ཀུན་ལ་གུས་བསྐྱེད་སོགས། གསུམ་པ་ནི། དེ་ལྟར་ཉིན་མཚན་སོགས། ༧ གཉིས་པ་ལའང་དབང་བཞི་ལ་ལྟོས་པའི་ཕྱིར་བཅོས། དུས་འདས་ལ་ལྟོས་པའི་ཕྱིར་བཅོས། སྙིང་པོ་རྒྱན་ལས་བཤད་པའི་ཕྱིར་བཅོས། ཡོ་ག་གསུམ་གྱི་རྣལ་འབྱོར་སྤྱི་ཁྲུས་ཀྱི་གསོ་བ་སྟེ་བཞི་ལས་དང་པོ་ནི། དབང་བདུན་ཐོབ་ལ་སོགས། ༧ གཉིས་པ་ནི། འགལ་ན་སོགས། ༣ གསུམ་པ་ནི། སྙིང་པོ་རྒྱན་ལས་སོགས། ༡༢ བཞི་པ་ནི། གླང་ཆེན་རབ་འབོག་སོགས། ༣ དེ་ཡན་གྱི་གཉིས་པ་ཕྱིར་བཅོས་དངོས་སོགས་གསུམ་པ་ནི། མ་བཤགས་ཚེ་འདིར་སོགས། ༣ བཞི་པ་ནི། མ་ཉམས་རིང་མཐའ་སོགས། ༥ དེ་ཡན་གྱིས་ལེའུ་བཞི་པ་གསང་སྔགས་རིག་འཛིན་སྡོམ་པའི་རིམ་པར་ཕྱེ་བ་སོང་ནས།

༈ ལེའུ་ལྔ་པ་དེ་གསུམ་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་ལའང་བསྟན་བཤད་བསྡུ་གསུམ་ལས། དང་པོ་སྡོམ་པའི་ཁྱད་ཆོས་དྲུག་གི་སྒོ་ནས་མདོར་བསྟན་པ་ནི། དེ་ལྟའི་སོགས། ༤ གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལའང་དྲུག་གི་དང་པོ་རང་ལྡོག་མ་འདྲེས་ནི། དེ་ཡང་སོགས། ༢གཉིས་པ་དགག་དགོས་ཡོངས་རྫོགས་ནི། དགག་བྱ་ཉོན་མོངས་སོགས། ༤ གསུམ་པ་ངོ་བོ་གནས་འགྱུར་ནི། སོ་ཐར་ཀུན་སློང་སོགས། ༥ བཞི་པ་ཡོན་ཏན་ཡར་ལྡན་ནི། འཇིག་རྟེན་རྣལ་འབྱོར་སོགས། ༣ ལྔ་པ་གནད་ཀྱིས་མི་འགལ་བ་ནི། འདུ་ཤེས་གསུམ་གྱིས་སོགས། ༣ དྲུག་པ་དུས་སྐབས་གང་གཙོར་སྤྱོད་པ་ནི། སྡིག་ཏོ་མི་དགེ་སོགས། ༨ གསུམ་པ་དོན་བསྡུས་ཏེ་ཉམས་སུ་ལེན་ཚུལ་གདམས་པ་ནི། ཡོན་ཏན་གཞི་རྟེན་སོགས། དེ་ཡན་གྱིས་ལེའུ་ལྔ་པ་དེ་གསུམ་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་བཤད་པ་སོང་སྟེ། དེ་ལྟར་ན་གཉིས་པ་བར་དུ་དགེ་བ་གཞུང་གི་དོན་བཤད་པ་སོང་ནས། ཐ་མར་དགེ་བ་མཇུག་གི་དོན་བཤད་པ་ལ། བསྟན་བཅོས་བརྩམ་པའི་རྒྱུ་སྙིང་རྗེ། བརྩམ་དགོས་པའི་རྒྱུ་མཚན། ཇི་ལྟར་བརྩམ་པའི་ཚུལ། དེས་ཐོབ་དགེ་བ་བསྔོ་བ། བསྟན་བཅོས་ཇི་ལྟར་བརྩམས་པའི་མཛད་བྱང་སྟེ་ལྔ་ལས་དང་པོ་ནི། དེང་སང་སོགས། ༤ གཉིས་པ་ནི། མདོ་སྔགས་སོགས། ༤ གསུམ་པ་ནི། འདི་ནི་མཁས་གྲུབ་སོགས། ༣ བཞི་པ་ནི། དགེ་འདིས་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག །ཅེས་པས་བསྟན། ལྔ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་མཛད་བྱང་ནི། ཞེས་སྡོམ་གསུམ་རྣམ་སོགས་ཀྱིས་བསྟན། དེ་ཡན་གྱིས་ཐ་མར་དགེ་བ་མཇུག་གི་དོན་བཤད་པ་གྲུབ་བོ། །སྨྲས་པ། རྒྱལ་བ་རྣམས་དང་རྒྱལ་བའི་སྲས་ཀུན་གྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཇི་སྙེད་དང་། །འཆད་རྩོད་རྩོམ་པའི་སྤོབ་པ་མ་ལུས་པ། །རྣམ་དཔྱོད་དོན་གཉེར་བློ་ལ་འཇུག་པར་ཤོག །ཅེས་སྡོམ་གསུམ་རྣམ་པར་ངེས་པའི་ས་བཅད་རྩ་བའི་ཚིག་ཟིན་དང་མཐུན་པར་བྱས་པ་འདི་ཡང་། རྗེ་བླ་མའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་བདེ་ཆེན་རིག་པའི་རལ་གྲིའི་ཐུགས་གསོས་སུ་དཔལ་དགེར་འབོད་པས་འཕྲལ་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦམངྒལཾ། །