ཐེག་པ་ཆེན་པོའི་བསྟན་བཅོས་མདོ་སྡེའི་རྒྱན་གྱི་ས་བཅད།

From Khyentse Lineage - A Tsadra Foundation Project
PJCW-KABUM-02-KHA-007
Wylie title theg pa chen po'i bstan bcos mdo sde'i rgyan gyi sa bcad
Location dpal sprul bka' 'bum
Volume 2, Text 7, Pages 185-236 (Folios 1a1 to 26b6)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Source Author(s) བྱམས་པ་ (Maitreya)
Citation Dpal sprul rin po che. Theg pa chen po'i bstan bcos mdo sde'i rgyan gyi sa bcad. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 2: 185-236. Kathmandu: Tsadra Foundation and Shechen Publications, 2026.
Genre Outlines - sa bcad
Colophon

ས་བཅད་འདི་དཔལ་སྤྲུལ་རིན་པོ་ཆེའི་གསུང་རྒྱུན་རྒྱ་རོང་སྤྲུལ་སྐུས་ཟིན་བྲིས་སུ་བྲིས་པ་ལགས།

sa bcad 'di dpal sprul rin po che'i gsung rgyun rgya rong sprul skus zin bris su bris pa lags/

[edit]
༄༅། །ཐེག་པ་ཆེན་པོའི་བསྟན་བཅོས་མདོ་སྡེའི་རྒྱན་གྱི་ས་བཅད་བཞུགས་སོ། །


༄༅། །རྗེ་བཙུན་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་འདི་ཉིད་འཆད་པར་བྱེད་པ་ལ་མཚན་དང་། མཚན་དེ་ལྡན་གྱི་བསྟན་བཅོས་དངོས་གཉིས་ལས། དང་པོ་ལ་མཚན་དངོས་དང་ཞར་བྱུང་འགྱུར་ཕྱག་གཉིས་ལས་དང་པོ་ནི། རྒྱ་གར་སྐད་སོགས། གཉིས་པ་ནི། སངས་རྒྱས་དང་སོགས། གཉིས་པ་ལ། སློབ་དཔོན་དབྱིག་གཉེན་གྱི་རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པས་བསྟན་བཅོས་རྣམས་ཀྱང་མན་ངག་ལྔ་པོ་འདིའི་སྒོ་ནས་ལེགས་པར་འཆད་དགོས་པར་གྲུབ་ཅིང་། དེ་ཡང་མཚམས་སྦྱོར་དང་བརྒལ་ལན་གཉིས་ཀྱི་དོན་ཕལ་ཆེར་ཤུགས་ལ་བསྟན་ཞིང་། །འདིར་སྐབས་སུ་བབས་པ་ལ་གསུམ་སྟེ། དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་གསུམ་མོ། །དང་པོ་ལའང་སྤྱི་དོན་དང་གཞུང་དོན་གཉིས་ལས། དང་པོ་ལ་དགོས་འགྲེལ་གྱི་དགོས་པ། སོ་སོའི་ངོ་བོ། གྲངས་ངེས་པའོ། །གཉིས་པ་ནི། དོན་ཤེས་སོགས༤། གཉིས་པ་བསྡུས་པའི་དོན་ལ་གསུམ་སྟེ། མཚན་དོན་དང་སྦྱར་ནས་བརྗོད་བྱ་གཏན་ལ་དབབ་པ་དང་། རྩོད་པ་སྤང་བ་ཕན་ཡོན་བསྟན་པའོ། །དང་པོ་ནི། གསེར་ལས་སོགས༤། ཚིགས་སུ་བཅད་པ་འདིས་དཔེ་ལྔའི་ཆོས་དེ་དོན་རྣམ་པ་ལྔའི་དབང་དུ་བྱས་ཏེ་སྟོན་ལ་ལྔ་ནི་སྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པར་རྟོགས་པའི་དོན་ནོ། །དེ་ལ་སློབ་དཔོན་ཛྙཱ་ན་ཤྲཱིས་ནི། གང་ལ་བསླབ་པར་བྱ་བའི་ཡུལ། ཇི་ལྟར་སློབ་པའི་ཐབས། དེ་ལྟར་བསླབ་པའི་འབྲས་བུ་དང་གསུམ། དང་པོ་གང་ལ་བསླབ་པར་བྱ་བའི་ཡུལ་དང་སྦྱར་ན། ལུང་ཐེག་ཆེན་བཀར་སྒྲུབ་པ། སེམས་བསྐྱེད་ཀྱི་ཡུལ་ལམ་སྐྱབས་འགྲོ་མཆོག་ཏུ་སྒྲུབ་པ་དང་། ཉེ་བར་ལེན་པའི་རྒྱུ་ཐེག་པ་ཆེན་པོའི་རིགས་སྒྲུབ་པ་གསུམ་ནི། བསྒྲུབ་པར་བྱའོ། །སེམས་བསྐྱེད་པ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་གཉིས་ནི་བྱེ་བྲག་ཏུ་ཤེས་པར་བྱ་བའོ། །དེ་ཁོ་ན་ཉིད་ཟབ་པ་ནི་བསམ་པར་བྱ་བའོ། །མངོན་པར་ཤེས་པ་ལ་སོགས་པའི་མཐུ་དང་། དགའ་བ་དང་དད་པ་ལ་སོགས་པའི་བདག་དང་གཞན་ཡོངས་སུ་སྨིན་པ་ནི། བསམ་གྱིས་མི་ཁྱབ་པའོ། །མངོན་པར་བྱང་ཆུབ་པ་ནི་མཐར་ཐུག་པའི་དོན་ནོ། །གཉིས་པ་ཇི་ལྟར་སློབ་པའི་ཐབས་དང་། དེ་ལྟར་བསླབ་པའི་འབྲས་བུ་དང་སྦྱར་ན། མོས་པ་དང་། ཆོས་ཚོལ། ཆོས་བཤད། ཆོས་སྒྲུབ་བཞི་ནི་སྒྲུབ་པར་བྱ་བ། གདམས་ངག་རྗེས་བསྟན་གཉིས་ནི་ཤེས་པར་བྱ་བ། ཐབས་ལྡན་ཕྱིན་དྲུག་བསྡུ་དངོས་བཞི། མཆོད་རྟེན། ཚད་མེད་བྱང་ཆུབ་ཕྱོགས་མཐུན་རྣམས་ནི། བསམ་པར་བྱ་བ། ངོ་མཚར་ཆེ་བའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པའོ། །རྟོགས་པར་བྱ་བ་མཐར་ཐུག་གི་ཡོན་ཏན་ནི། ཡོངས་སུ་གྲུབ་པའི་དོན་ནོ། །གཉིས་པ་ནི། གཟུགས་རྒྱན་སོགས༤། གསུམ་པ་ལ་གསུམ། སྨན་གྱི་དཔེས་སྒྲིབ་པ་སྤོང་བའི་ཆེ་བ། རྒྱལ་པོའི་དཔེས་ཡོན་ཏན་ལ་དབང་འབྱོར་བའི་ཆེ་བ། རིན་པོ་ཆེའི་དཔེས་འཕགས་པའི་ནོར་ལ་ལོངས་སྤྱོད་པའི་ཆེ་བ་དང་གསུམ་ལས། དང་པོ་ནི། ཇི་ལྟར་མནམས་སོགས༤། གཉིས་པ་ནི། ཆོས་དཀའ་སོགས། གསུམ་པ་ནི། རིན་ཆེན་རིགས་ལྡན་སོགས། ལེའུ་དང་པོའི་ས་བཅད་དོ།། ༈ གསུམ་པ་ཚིག་གི་དོན་ལ་ལེའུ་ཉི་ཤུ་སྟེ། དང་པོ་ཐེག་པ་ཆེན་པོ་བཀའ་སྒྲུབ་པ་ལའང་། ཐེག་ཆེན་བཀའ་ཡིན་པར་སྒྲུབ་པ་དང་། མ་ཡིན་པའི་རྒྱུན་མཚན་དགག་པ་གཉིས་ལས་དང་པོ་ལའང་སྒྲུབ་བྱེད་ཀྱི་གཏན་ཚིག་མདོར་བསྟན་པ་དང་། དེའི་སྒྲུབ་ཚུལ་རྒྱས་པར་བཤད་པ། ཐེག་ཆེན་མཆོག་ཏུ་སྒྲུབ་པ་དང་གསུམ་ལས། དང་པོ་ནི། སྔར་ལུང་སོགས༤། གཉིས་པ་ལ། མ་ངེས་པ་སྤང་བ་དང་། མ་གྲུབ་པ་སྤང་བ་གཉིས་དང་པོ་ནི། སངས་རྒྱས་རྣམས་སོགས༤། གཉིས་པ་ལའང་། བཀའི་མཚན་ཉིད། མ་གྲུབ་པ་སྤང་པ་དང་། གཏན་ཚིག་མ་གྲུབ་པ་སྤང་བ་གཉིས། དང་པོ་ནི། རང་གི་སོགས༤། གཉིས་པ་ནི། རྟོག་གེ་སོགས༤། གསུམ་པ་སྒྲུབ་བྱ་བླ་ན་མེད་པའི་ཐབས་ནི། རྒྱ་ཆེའི་སོགས༤། གཉིས་པ་བཀའ་མ་ཡིན་པའི་རྒྱུ་མཚན་བཀག་པ་ལ་བརྒྱད་དེ། དང་པོ་སྐྲག་པའི་ཉེས་དམིགས་རྒྱུ་དང་བཅས་སྤང་བ་ནི། འགྲོ་བ་སོགས༤། གཉིས་པ་མི་སྐྲག་པའི་རྒྱུ་བསྟན་པ་ནི། དེ་ལས་གཞན་སོགས༤། གསུམ་པ་མི་དགག་པ་འགྲུབ་པའི་རྒྱུ་མཚན་བསྟན་པ་ནི། འདི་ན་སོགས༤། བཞི་པ་གནས་མ་ཡིན་པ་ལ་སྐྲག་མི་དགོས་པར་བསྟན་པ་ནི། བདག་གི་མི་ཤེས་སོགས༤། ལྔ་བ་མ་མོས་པ་ཉིད་ཀྱིས་ཐེག་ཆེན་སྒྲུབ་པ་ནི། དམན་པར་མོས་སོགས༤། དྲུག་པ་མ་ཐོས་པར་སྤོང་བར་མི་རིགས་པར་བསྟན་པ་ནི། ཐོས་རྗེས་སོགས༤། བདུན་པ་སྤོང་བའི་རྒྱུ་ཚུལ་མིན་ཡིད་བྱེད་དགག་པ་ནི། དོན་སྒྲ་སོགས༤། བརྒྱད་པ་ཁོང་དུ་མ་ཆུད་པར་སྤོང་བར་མི་རིགས་པར་བསྟན་པ་ནི། ཡིད་ཀྱི་སོགས། ལེའུ་གཉིས་པའི་ས་བཅད་དོ།། ༈ གཉིས་པ་སྐྱབས་སུ་འགྲོ་བ་ལ། སྤྱི་དོན་དང་གཞུང་དོན་གཉིས། དང་པོ་སྐྱབས་འགྲོ་སྤྱིའི་མཚན་ཉིད། སོ་སོའི་རང་བཞིན་བསླབ་བྱ། ཕན་ཡོན་ནོ། །གཉིས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱབས་འགྲོའོ། །གཉིས་པ་ལའང་ཐེག་དམན་དང་ཐེག་ཆེན་གཉིས་སོ། །གཉིས་པ་གཞུང་གི་དོན་ལ། སྐྱབས་འགྲོའི་ཁྱད་པར་ཁྱད་ཆོས་བཞི་ལྡན་མདོར་བསྡུས་སྡོམས་སུ་བསྡུས་པ། རྩོད་པ་སྤངས་ནས་སྐྱབས་སུ་འགྲོ་བ་ལ་སྤྲོ་བ་བྱ་བར། ཁྱད་པར་རྒྱས་པར་བཤད་པ། སྐྱབས་འགྲོའི་ཆེ་བ་བསྟན་པ། ཕན་ཡོན་བསྟན་པ་དང་ལྔའོ། །དང་པོ་ནི། ཀུན་ཏུ་སོགས༤། གཉིས་པ་ནི། གང་ཕྱིར་དང་སོགས༤། གསུམ་པ་ལའང་། དམིགས་པ་ཀུན་ཏུ་འགྲོ་བ། ངོ་བོ་ཁས་བླང་བ། འབྲས་བུ་རྟོགས་པའི་མཆོག་ཐོབ་པ། གྲོགས་ཟིལ་གྱིས་གནོན་པའོ། །དང་པོ་ནི། གང་ཞིག་སོགས༤། གཉིས་པལའང་། མདོར་བསྟན་པ་དང་། དཔེའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། གང་ཞིག་དགའ་བ་སོགས། གཉིས་པ་ལའང་། རྒྱལ་སྲས་གཞོན་ནུའི་དཔེས་བཤད་པ་དང་། བློན་པོའི་དཔེས་བཤད་པའོ། །དང་པོ་ལའང་གསུམ་སྟེ་དང་པོ་སངས་རྒྱས་ཀྱི་རིགས་བཙུན་པར་རྒྱས་པའི་ཁྱད་པར་ནི། སངས་རྒྱས་སྲས་སོགས། གཉིས་པ་ལུས་སེམས་ཀྱི་སྟོབས་ཕུན་སུམ་ཚོགས་པའི་ཁྱད་པར་ནི། སྣ་ཚོགས་མཚན་སོགས༤། གསུམ་པ་སངས་རྒྱས་ཀྱི་གདུང་མི་བཅད་པའི་ཁྱད་པར་ནི། སངས་རྒྱས་ཀུན་སོགས༤། གཉིས་པ་བློན་པོའི་དཔེ་ནི། བློན་པོ་སོགས༤། གསུམ་པ་ནི། བསོད་ནམས་སོགས། བཞི་པ་ནི་བློ་ལྡན་ཉན་ཐོས་སོགས༤། བཞི་པ་ཆེ་བ་ནི། འདི་ནི་དེ་སོགས༤། ལྔ་པ་ཕན་ཡོན་ནི། སྐྱབས་སུ་སོགས༤། ལེའུ་གསུམ་པའི་ས་བཅད་དོ།། ༈ གསུམ་པ་རིགས་ཀྱི་ལེའུ་བཤད་པ་ལའང་། རིགས་ཀྱི་རྣམ་བཞག་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། རིགས་ཀྱི་ཡོན་ཏན་ནམ་འབྲས་བུ་བཤད་པ་སྟེ་གསུམ་ལས། དང་པོ་ནི། ཡོད་དང་སོགས༤། གཉིས་པ་ལའང་། རིགས་དང་ལྡན་པའི་རྣམ་བཞག་བརྒྱད་བཤད་པ་དང་། རིགས་དང་མི་ལྡན་པའི་དབྱེ་བ་ལྔ། རིགས་ཀྱི་ཆེ་བ་བསྟན་པའོ། །དང་པོ་ལའང་བརྒྱད་དེ་དང་པོ་རིགས་ཡོད་པའི་རྒྱུ་མཚན་བཤད་པ་ནི། ཁམས་རྣམས་སོགས། གཉིས་པ་ཐེག་ཆེན་གྱི་རིགས་མཆོག་ཏུ་བསྒྲུབ་པ་ནི། དེ་དགེ་སོགས༤། གསུམ་པ་རིགས་ཀྱི་མཚན་ཉིད་ནི། རང་བཞིན་སོགས༤། བཞི་པ་རིགས་ཡོད་པའི་རྟགས་ནི། སྦྱོར་བའི་སྔོན་སོགས༤། ལྔ་པ་རིགས་ཀྱི་དབྱེ་བ་ནི། རིགས་ནི་ངེས་སོགས༤། དྲུག་པ་རིགས་མ་སད་པའི་ཉེས་དམིགས་ནི། ཉོན་མོངས་གོམས་སོགས༤། བདུན་པ་རིགས་སད་པའི་ཕན་ཡོན་ནི། རིང་མོ་ཞིག་སོགས༤། བརྒྱད་པ་རིགས་མཚོན་པའི་དཔེ་ལ་གཉིས་ལས། དང་པོ་གསེར་གྱི་དཔེས་མཚོན་པར་བྱ་བ་ནི། གསེར་སོགས༤། གཉིས་པ་རིན་པོ་ཆེའི་དཔེའི་མཚོན་པར་བྱེད་པ་ནི། རིན་ཆེན་ཆོ་འཕྲུལ་སོགས༤། གཉིས་པ་རིགས་དང་མི་ལྡན་པའི་དབྱེ་བ་ལྔ་ནི། ལ་ལ་གཅིག་ཏུ་སོགས༤། གསུམ་པ་རིགས་ཀྱི་ཆེ་བ་ནི། ཟབ་ཅིང་སོགས༤། གསུམ་པ་འབྲས་བུ་ནི། ཡོན་ཏན་སོགས། ལེའུ་བཞི་བའི་ས་བཅད་དོ།། ༈ བཞི་པ་སེམས་བསྐྱེད་ཀྱི་རང་བཞིན་ལའང་། སེམས་བསྐྱེད་ཉིད་མདོར་བསྟན་པ་དང་། རྣམ་བཞག་རྒྱས་པར་བཤད་པ་དང་། ཉེས་དམིགས་དང་ཕན་ཡོན་གདམས་པ་དང་གསུམ་ལས། དང་པོ་ནི། སྤྲོ་བ་སོགས༤། གཉིས་པ་ལའང་ས་མཚམས་ཀྱི་དབྱེ་བ་བཤད་པ། རྣམ་བཞག་གི་སྒོ་ནས་དབྱེ་བ་བཤད་པ། ཕྲ་རགས་ཀྱི་སྒོ་ནས་དབྱེ་བ་བཤད་པ། དཔེ་གྲོགས་ཀྱི་སྒོ་ནས་དབྱེ་བ་བཤད་པའོ། །དང་པོ་ནི། སེམས་བསྐྱེད་སོགས༤། གཉིས་པ་ནི། དེ་ཡི་རྩ་སོགས༡༠། གསུམ་པ་ལའང་། རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་དང་ཕྲ་བ་དོན་དམ་གྱི་སེམས་བསྐྱེད་གཉིས། དང་པོ་ནི། གྲོགས་སྟོབས་སོགས༤། གཉིས་པལའང་། ངེས་ཚིག་གི་སྒོ་ནས་མདོར་བསྟན་པ་དང་། ཡོན་ཏན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ལའང་། ངོ་བོ་དང་། རབ་དགའི་ངེས་ཚིག་བཤད་པ་གཉིས་ལས། དང་པོ་ནི། རྫོགས་པའི་སོགས༤། གཉིས་པ་ནི། ཆོས་དང་སེམས་ཅན་སོགས༤། གཉིས་པ་ལའང་། སེམས་བསྐྱེད་ཀྱི་རྣམ་བཞག་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། སྐྱེ་བ་སོགས༤། གཉིས་པ་ལའང་། སྐྱེ་བའི་ཁྱད་པར། ཐབས་རྒྱ་ཆེ་བའི་ཁྱད་པར། སྤྲོ་བའི་ཁྱད་པར། བསམ་པའི་ཁྱད་པར། ས་ལྷག་མ་ལ་མཁས་པའི་ཁྱད་པར། སྤང་བྱ་ལས་ངེས་པར་འབྱུང་བའི་ཁྱད་པར་དང་དྲུག་གོ། དང་པོ་ནི། ཆོས་ལ་མོས་སོགས༤། གཉིས་པ་ནི། སྨོན་ལམ་སོགས༤། གསུམ་པ་ནི། དཀའ་བ་སོགས༢། བཞི་པ་ནི། བྱང་ཆུབ་སོགས༣། ལྔ་པ་ནི། ས་གཞན་སོགས༡། དྲུག་པ་ནི། ཇི་ལྟར་སོགས༤། བཞི་པ་དཔེ་གྲོགས་ཀྱི་དབྱེ་བ་ནི། བསྐྱེད་པ་སོགས༤། གསུམ་པ་ལའང་། སེམས་མ་བསྐྱེད་པའི་ཉེས་དམིགས་སྨད་པ། སེམས་བསྐྱེད་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། ཆེར་འོས་སོགས༤། གཉིས་པ་ལའང་། སེམས་བསྐྱེད་ཀྱི་བསྔགས་པ་བརྗོད་པ། མི་ཕྱེད་པའི་སྡོམ་པ་ཐོབ་པའི་ཕན་ཡོན། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཕན་ཡོན། སྡུག་བསྔལ་གྱིས་མི་འཇིགས་པར་བསྟན་པའི་ཕན་ཡོན། གཞན་དོན་ཡལ་བར་དོར་བ་སྨད་པ། ལེ་ལོ་སྨད་པར་བསྟན་པའོ། །དང་པོ་ནི། བློ་ལྡན་སོགས༤། གཉིས་པ་ནི། གང་ཚེ་སོགས༤། གསུམ་པ་ནི། དེ་ཡིས་ཆོས་སོགས། བཞི་པ་ནི། གཞན་དོན་སོགས༤། ལྔ་པ་ནི། སློབ་དཔོན་སོགས༤། དྲུག་པ་ནི། མགོ་ལ་སོགས༤། ལེའུ་ལྔ་བའི་ས་བཅད་དོ།། ༈ ལྔ་པ་ཆེ་བ་གསུམ་ལྡན་གྱི་སྒྲུབ་པའི་མཚན་ཉིད་མདོར་བསྟན་པ། སྒྲུབ་པ་ཉམས་སུ་ལེན་ཚུལ་རྒྱས་པར་བཤད་པ། སྒྲུབ་པའི་ཆེ་བ་བསྟན་པའོ། །དང་པོ་ནི། གནས་རྩོམ་སོགས༤། གཉིས་པ་ལའང་། རང་གཞན་གྱི་དོན་མཉམ་པ་ཉིད་དུ་སྒྲུབ་ཚུལ། གཞན་དོན་སྒྲུབ་པའི་དབྱེ་བ། སྒྲུབ་པ་དེའི་ཕུན་སུམ་ཚོགས་པ་བསྟན་པ། སྒྲུབ་པ་ཕུན་སུམ་ཚོགས་པ་དེའི་ཁྱད་ཆོས། འཇིག་རྟེན་པ་དང་ཐེག་དམན་ལས་སྒྲུབ་པའི་ཁྱད་པར། སྤྱོད་ཡུལ་ཡོངས་དག་གི་སྨོན་པའི་ཐབས། གཞན་གྱི་ཉེས་པ་བཟོད་པའོ། །དང་པོ་ནི། གཞན་དོན་སོགས༤། གཉིས་པ་ནི། ཇི་ལྟར་སོགས༤། གསུམ་པ་ནི། ཐ་ཆད་སོགས༨། བཞི་པ་ནི། སྐྱེ་བོ་དང་སོགས། ལྔ་པ་ནི། འདོད་ལྡན་སོགས༨། དྲུག་པ་ནི། རྒྱལ་སྲས་སོགས༤། བདུན་པ་ནི། རྟག་ཏུ་སོགས༤། གསུམ་པ་ཆེ་བ་ནི། སྒྲུབ་པ་འདིས་སོགས༤། ལེའུ་དྲུག་པའི་ས་བཅད་དོ།། ༈ དྲུག་པ་མཚན་ཉིད་ལྔ་ལྡན་གྱི་དེ་ཁོ་ན་ཉིད་མདོར་བསྟན་པ་དང་། དེ་ཁོ་ན་ཉིད་དེ་ལ་འཇུག་ཚུལ་རྒྱས་པར་བཤད་པ་དང་། གཉེན་པོ་ཡེ་ཤེས་ལ་འཇུག་ཚུལ། དེ་ཁོ་ན་ཉིད་རྟོགས་པའི་ཆེ་བ་དང་བཞིའོ། །དང་པོ་ནི། ཡོད་མིན་སོགས༤། གཉིས་པལའང་། བདག་ལྟ་ཕྱིན་ཅི་ལོག་དགག་པ་དང་། ཕྱིན་ཅི་ལོག་ཏུ་སྨད་པ་དང་། གང་ཟག་གི་བདག་མེད་བསྟན་ནས་ཆོས་ཀྱི་བདག་མེད་ལ་འཇུག་ཚུལ། བདག་མེད་ཀྱང་ཞི་བ་རུང་ཚུལ་བསྟན་པའོ། །དང་པོ་ནི། བདག་ཏུ་ལྟ་བ་སོགས༤། གཉིས་པ་ནི། ཇི་ལྟར་སོགས༢། གསུམ་པ་ནི། ཆོས་ཀྱི་རང་བཞིན་སོགས། བཞི་པ་ནི། འདི་ལ་དོན་དམ་སོགས༤། གསུམ་པ་ལའང་བཞི་སྟེ། དང་པོ་ཚོགས་ལམ་གྱི་ཡེ་ཤེས་བསྟན་པ་ནི། བྱང་ཆུབ་སོགས༤། གཉིས་པ་སྦྱོར་ལམ་གྱི་ཡེ་ཤེས་བསྟན་པ་ནི། དེ་ཡིས་སོགས༤། གསུམ་པ་མཐོང་ལམ་གྱི་ཡེ་ཤེས་བསྟན་པ་ནི། དེས་ནས་ཆོས་དབྱིངས་སོགས༦། བཞི་པ་སྒོམ་ལམ་གྱི་ཡེ་ཤེས་བསྟན་པ་ནི། བློ་དང་ལྡན་པས་མི་རྟོགས་སོགས༤། བཞི་པ་ཆེ་བ་ནི། ཐུབ་པའི་གསུངས་སོགས༤། ལེའུ་བདུན་པའི་ས་བཅད་དོ།། ༈ བདུན་པ་མཐུའི་རང་བཞིན་བཤད་པ་ལའང་། རྣམ་བཞག་རྣམ་པ་དྲུག་གི་སྒོ་ནས་རྒྱས་པར་བཤད། དོན་བསྡུས་ཏེ་མཐུའི་ཆེ་བ་བསྟན་པའོ། །དང་པོ་ལ་དྲུག་སྟེ། དང་པོ་ངོ་བོའི་མཚན་ཉིད་རྣམ་པར་དབྱེ་བ་ནི། སྐྱེས་དང་སོགས༤། གཉིས་པ་རྒྱུའི་དོན་ནོ། །བསམ་གཏན་བཞི་སོགས། གསུམ་པ་འབྲས་བུའི་དོན་ནི། གང་གིས་འཕགས་སོགས༤། བཞི་པ་བྱེད་ལས་ཀྱི་དོན་ལའང་དྲུག་སྟེ། དང་པོ་མཐོང་བའི་ལས་ནི། ཆགས་དང་སོགས༢། གཉིས་པ་སྟོན་པའི་ལས་ནི། དབང་ལྡན་སོགས༢། གསུམ་པ་འོད་ཟེར་གྱི་ལས་ནི། འོད་ཟེར་སོགས༤། བཞི་པ་རྣམ་རོལ་གྱི་ལས་ནི། དེ་ནི་སོགས༢། ལྔ་པ་སྤྲུལ་པའི་ལས་ནི། བཟང་པོ་དང་སོགས། དྲུག་པ་ཞིང་ཁམས་སྦྱོངས་པའི་ལས་ནི། ཡེ་ཤེས་དག་སོགས༤། ལྔ་པ་ལྡན་པའི་དོན་ནི། འདབ་གཤོགས་སོགས༤། དྲུག་པ་འཇུག་པའི་རབ་དབྱེ་ནི། མངོན་པར་ཤེས་པ་སོགས༤། གཉིས་པ་ཆེ་བ་ནི། དེ་ནི་དབང་མཆོག་སོགས༤། ལེའུ་བརྒྱད་པའི་ས་བཅད་དོ།། ༈ བརྒྱད་པ་ཡོངས་སུ་སྨིན་པ་འདི་ལ་རྒྱལ་སྲས་རང་སྨིན་པའི་ཚུལ་དང་། གདུལ་བྱ་གཞན་སྨིན་པའི་ཚུལ་དང་། སྨིན་པ་གཉིས་ཀྱི་མཇུག་བསྡུས་ཏེ་ཆེ་བ་བསྟན་པའོ། །དང་པོ་ལའང་མདོར་བསྟན་པ་དང་། རྒྱས་པར་བཤད་པ། སྨོན་པ་དགུའི་ཆེ་བ་བརྗོད་པའོ། །དང་པོ་ནི། དགའ་དང་སོགས༤། གཉིས་པ་ལའང་དགུ་སྟེ། དང་པོ་ཐེག་ཆེན་གྱི་ཆོས་ལ་དགའ་བའི་ཡོངས་སྨིན་ནི། གྲོགས་མཆོག་སོགས༤། གཉིས་པ་སངས་རྒྱས་ལ་དད་པའི་ཡོངས་སྨིན་ནི། ཡོན་ཏན་སོགས༤། གསུམ་པ་རབ་ཞི་ནི། ཤིན་ཏུ་སྡོམ་སོགས༤། བཞི་པ་སྙིང་བརྩེའི་ནི། རང་བཞིན་སྙིང་བརྩེ་སོགས༤། ལྔ་པ་བཟོད་པའི་ནི། རང་བཞིན་བརྟན་པ་སོགས༤། དྲུག་པ་ཡིད་གཞུང་ནི། རྣམ་སྨིན་དག་སོགས༤། བདུན་པ་མཐུ་ཐོབ་པའི་ནི། དགེ་བ་སོགས༤། བརྒྱད་པ་མི་འཕྲོག་པའི་ནི། ཆོས་བཟང་སོགས། དགུ་པ་སྤོང་བའི་ཡན་ལག་དང་ལྡན་པའི་ཡོངས་སྨིན་ནི། དགེ་བ་སོགས༤། གསུམ་པ་ཆེ་བ་ནི། དེ་ལྟར་སོགས། གཉིས་པ་གདུལ་བྱ་གཞན་སྨིན་པའང་། སྨིན་པའི་རང་བཞིན་ནམ་ཚད། སྨིན་པའི་དབྱེ་བ། སྨིན་པའི་ཐབས་དང་གསུམ་ལས། དང་པོ་ནི། ཇི་ལྟར་སོགས༤། གཉིས་པ་དབྱེ་བ་བརྒྱད་དེ། ལུས་ཅན་སོགས༤། གསུམ་པ་ལ་གཉིས་ཏེ། དང་པོ་བསམ་པའི་ཐབས་ཀྱིས་སྨིན་པ་ནི། ཇི་ལྟར་རྒྱལ་སྲས་སོགས་༨། གཉིས་པ་སྦྱོར་བ་ཕྱིན་དྲུག་སྨིན་པ་ལ་དྲུག་སྟེ། དང་པོ་སྦྱིན་པ་ནི། བྱང་ཆུབ་སོགས༤། གཉིས་པ་ཚུལ་ཁྲིམས་ནི། བརྟན་པ་སོགས༤། གསུམ་པ་བཟོད་པ་ནི། གཞན་གནོད་སོགས༤། བཞི་བ་བརྩོན་འགྲུས་ནི། རྒྱས་སྲས་སོགས༤། ལྔ་པ་བསམ་གཏན་ནི། ཡིད་ཀྱི་སོགས༤། དྲུག་པ་ཤེས་རབ་ཀྱི་སྒོ་ནས་སེམས་ཅན་སྨིན་པ་ནི། དེ་ཉིད་སོགས༤། གསུམ་པ་མཇུག་སྡུད་ཀྱི་ཆེ་བ་ནི། དེ་ལྟར་སོགས༤། ལེའུ་དགུ་བའི་ས་བཅད་དོ།། ༈ དགུ་པ་བྱང་ཆུབ་ཆེན་པོའི་ལེའུ་ལའང་། བྱང་ཆུབ་ཆེན་པོའི་ངོ་བོ་བཞག་པ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ་དང་། མཇུག་བསྡུས་ཏེ་སངས་རྒྱས་ཉིད་སྤྲོ་བར་བྱ་བ་དང་གསུམ་ལས་། དང་པོ་ལའང་། ཐམས་ཅད་མཁྱེན་པ་འགྲུབ་པའི་རྒྱུ་བསྟན་པ་དང་། ངོ་བོ་དཔེ་དང་བཅས་པས་བསྟན་པ་དང་། དེས་དོན་རྒྱས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། དཀའ་སྤྱོད་སོགས༤། གཉིས་པ་ནི། སྒྲིབ་པ་སོགས༤། གསུམ་པ་ནི། ངལ་བརྒྱའི་སོགས༤། གཉིས་པ་ལའང་། གཉིས་སུ་མེད་པའི་མཚན་ཉིད་མཐུ་དང་བཅས་པ་བཤད་པ༡། ལུས་ཅན་ཀུན་གྱི་སྐྱབས་བླ་ན་མེད་པ་བསྟན་པ༢། གནས་ཡོངས་སུ་གྱུར་པ་བསྟན་པ༣། མཛད་པ་ལྷུན་འགྲུབ་རྒྱུན་མི་འཆད་པར་བསྟན་པ༤། ཟག་པ་མེད་པའི་དབྱིངས་ཟབ་པ་བསྟན་པ༥། འབྱོར་བ་རྣམ་པར་དབྱེ་བ་བསྟན་པ༦། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་རྒྱུ་བསྟན་པ༧། ཆོས་ཀྱི་དབྱིངས་རྣམ་པར་དག་པར་བསྟན་པ༨། སྐུ་དང་ཡེ་ཤེས་ཀྱི་དབྱེ་བ་བསྟན་པ༩། སངས་རྒྱས་ཐམས་ཅད་གཅིག་ཐ་དད་དུ་གྲོལ་བ༡༠། སངས་རྒྱས་ཉིད་༡༡ལ་འཇུག་པའི་ཐབས་དང་ཐབས་མིན་བསྟན་པ། སངས་རྒྱས་ཐམས་ཅད་མཛད་པ་གཅིག་པར་བསྟན་པའོ༡༢། །དང་པོ་ནི། ཆོས་རྣམས་ཐམས་ཅད་སོགས༡༢། གཉིས་པ་ལའང་ལྔ། ཉོན་མོངས་ལས་སྐྱོབ་པ། འཚེ་བ་ལས་སྐྱོབ་པ། སྐྱབས་དེ་དཔེ་མེད་མཆོག་ཏུ་བསྟན་པ། སྐྱབས་བླ་ན་མེད་པའི་རྒྱུ་མཚན། ཡུལ་ཏེ་འགལ་བ་མ་ཡིན་པ་ཇི་སྲིད་ཀྱི་སྐྱབས་སུ་བརྟེན་པའོ། །དང་པོ་ནི། རྟག་ཏུ་སོགས༤། གཉིས་པ་ནི། འཚེ་བ་སོགས༤། གསུམ་པ་ནི། སངས་རྒྱས་ཉིད་སོགས༤། བཞི་པ་ནི། སངས་རྒྱས་ཆོས་སོགས༤། ལྔ་པ་ནི། འཇིག་རྟེན་སོགས༤། གསུམ་པ་ལའང་། གནས་འགྱུར་གྱི་རང་བཞིན་གཉེན་པོ་ཕུན་སུམ་ཚོགས་པ་བསྟན་པ། གནས་འགྱུར་གྱི་ཁྱད་པར་གཞན་ལས་འཕགས་པ། གནས་འགྱུར་དེའི་དབྱེ་བའི་ཕན་ཡོན། སངས་རྒྱས་ཀུན་ཏུ་སོང་བ་ནམ་མཁའི་དཔེས་བསྟན་པ། ཐམས་ཅད་དུ་སོང་ཡང་སྣོད་མིན་ལ་མི་སྣང་བ་སྣོད་ཀྱི་དཔེས་བསྟན་པ། གདུལ་བྱ་ཡོད་ན་སྣང་མེད་ན་མི་སྣང་མེའི་དཔེས་བསྟན་པ་དང་དྲུག་གོ། དང་པོ་ནི། གང་ལ་སོགས༤། གཉིས་པ་ནི། དེ་བཞིན་གཤེགས་སོགས༤། གསུམ་པ་ནི། གནས་ལ་སོགས༤། བཞི་པ་ནི། ཇི་ལྟར་སོགས༤། ལྔ་པ་ནི། ཇི་ལྟར་ཆུ་སོགས༤། དྲུག་པ་ནི། ཇི་ལྟར་མེ་སོགས༤། བཞི་པ་ལ་གཉིས། དང་པོ་ལྷུན་འགྲུབ་བཤད་པ་ནི། ཇི་ལྟར་རྔ་སོགས༨། གཉིས་པ་རྒྱུན་མི་འཆད་པ་ནི། ཇི་ལྟར་མཁའ་སོགས༨། ལྔ་པ་ལའང་མཚན་ཉིད་ཟབ་པ༨། གནས་པ་ཟབ་པ། ཕྲིན་ལས་ཟབ་པ། ཟབ་པ་གསུམ་གྱི་མཇུག་བསྡུས་པ། ཟབ་པ་སངས་རྒྱས་དང་སེམས་ཅན་ཁྱད་མེད་པར་སྙིང་པོའི་དོན་དུ་བསྟན་པའོ། །དང་པོ་ལའང་བཞི་སྟེ། དང་པོ་རྣམ་པར་དག་པའི་མཚན་ཉིད་ཟབ་པ་ནི། སྔ་མ་སོགས༤། གཉིས་པ་བདག་མཆོག་གི་མཚན་ཉིད་ཟབ་པ་ནི། སྟོང་པ་སོགས༤། གསུམ་པ་ལུང་དུ་མི་སྟོན་པའི་མཚན་ཉིད་ཟབ་པ་ནི། བདེ་ཕྱིར་སོགས༤། བཞི་པ་རྣམ་པར་གྲོལ་བའི་མཚན་ཉིད་ཟབ་པ་ནི། ཇི་ལྟར་ལྕགས་སོགས༤། གཉིས་པ་ནི། ཟག་མེད་སོགས༤། གསུམ་པ་ལ་བཅུ་སྟེ་དང་པོ་རང་དོན་ཡོན་ཏན་གནས་པའི་ཕྲིན་ལས་ནི། སྟོབས་སོགས༢། གཉིས་པ་གཞན་དོན་སེམས་ཅན་སྨིན་པའི་ཕྲིན་ལས་ནི། འགྲོ་བའི་སོགས༢། གསུམ་པ་མཐར་ཐུག་པར་གཤེགས་པའི་ཕྲིན་ལས་ནི། བསོད་ནམས་སོགས༢། བཞི་པ་ཆོས་སྟོན་པའི་ཕྲིན་ལས་ནི། ཡེ་ཤེས་སོགས༢། ལྔ་པ་མཛད་པའི་ཕྲིན་ལས་གཅིག་པ་ནི། ཇི་ལྟར་ཉི་མ་སོགས༨། དྲུག་པ་ཡེ་ཤེས་དུས་གཅིག་ཏུ་འཇུག་པའི་ཕྲིན་ལས་ནི། དཔེར་ན་སོགས༤། བདུན་པ་རྣམ་པར་མི་རྟོགས་པའི་ཕྲིན་ལས་ནི། ཇི་ལྟར་ཉི་མ་སོགས༤། བརྒྱད་པ་ཡེ་ཤེས་སྣ་ཚོགས་པའི་ཕྲིན་ལས་ནི། ཉི་མའི་སོགས༤། དགུ་པ་ཡེ་ཤེས་མི་འཇུག་པ་ནི། ཇི་ལྟར་ཉི་མ་སོགས༤། བཅུ་པ་ཕྲིན་ལས་ཁྱད་འཕགས་གྲོལ་བའི་ཡེ་ཤེས་ནི། ཇི་ལྟར་མདུད་པའི་སོགས༤། བཞི་པ་ནི། དྲི་མེད་སོགས༤། ལྔ་པ་ནི། དེ་བཞིན་ཉིད་སོགས༤། དྲུག་པ་འབྱོར་པ་རྣམ་པར་དབྱེ་བ་ལའང་བཞི། འབྱོར་བའི་མཐུ་ཕུན་སུམ་ཚོགས་པ་བསྟན་པ་འབྱོར་བའི་རབ་དབྱེ། འབྱོར་བ་བདུན། མཇུག་བསྡུས་ཏེ་ཆེ་བ་བསྟན་པའོ། །དང་པོ་ནི། ཉན་ཐོས་སོགས༨། གཉིས་པ་ནི། སངས་རྒྱས་རྣམས་སོགས༤། གསུམ་པ་ལའང་། དང་པོ་དབང་པོ་ལྔའི་གཞན་འགྱུར་ནི། དབང་པོ་སོགས༤། གཉིས་པ་ཡིད་གཞན་དུ་འགྱུར་བ་ནི། ཡིད་ནི་སོགས༤། གསུམ་པ་དོན་གཞན་དུ་འགྱུར་བ་ནི། དོན་བཅས་སོགས༤། བཞི་པ་རྣམ་རྟོག་ནི། རྣམ་རྟོག་སོགས༤། ལྔ་པ་རྟེན་ནི། རྟེན་སོགས༤། དྲུག་པ་འཁྲིགས་པ་ནི། འཁྲིགས་པ་སོགས༤། བདུན་པ་ནམ་མཁའི་གནས་འགྱུར་ནི། ནམ་མཁའི་སོགས། བཞི་པ་ནི། དེ་ལྟར་སོགས། བདུན་པ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་རྒྱུ་ལ་བདུན་ཏེ། དང་པོ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་རང་བཞིན་ནི། འདི་ན་སོགས༤། གཉིས་པ་སྨིན་པ་ཡ་མཚན་ཆེ་ལ། ཆེ་བ་མེད་པར་བསྟན་པ་ནི། དེ་ལྟར་སོགས༤། གསུམ་པ་སྨིན་པའི་ཐབས་མང་པོ་གཅིག་ཆར་དུ་བསྟན་པ་ནི། དེ་བཞིན་སོགས༤། བཞི་པ་འདུ་མཛད་མི་མངའ་བའི་སྨིན་པ་ནི། སངས་རྒྱས་སོགས༤། ལྔ་པ་དེའི་དཔེ་བསྟན་པ་ནི། ཇི་ལྟར་སོགས༤། དྲུག་པ་སྨིན་པ་རྒྱུན་ཆད་མེད་པར་བསྟན་པ་ནི། ཇི་ལྟར་མར་མེ་སོགས༤། བདུན་པ་ངོམས་པར་མི་མངའ་འཕེལ་བར་མི་འགྱུར་བར་བསྟན་པ་ནི། ཇི་ལྟར་རྒྱ་སོགས༤། བརྒྱད་པ་ཆོས་ཀྱི་དབྱིངས་བཤད་པ་ལ་དྲུག་སྟེ། དང་པོ་ངོ་བོ་ནི། ཆོས་རྣམས་སོགས༤། གཉིས་པ་རྒྱུ་ནི། དེ་བཞིན་སོགས༢། གསུམ་པ་འབྲས་བུ་ནི། སེམས་ཅན་སོགས༢། བཞི་པ་ལས་ནི། སྐུ་དང་གསུང་སོགས༢། ལྔ་པ་ལྡན་པ་ནི། ཏིང་འཛིན་སོགས༢། དྲུག་པ་འཇུག་པ་ནི། རང་བཞིན་སོགས༤། དགུ་པ་ལའང་སྐུ་གསུམ་དང་ཡེ་ཤེས་གཉིས། དང་པོ་ལའང་། མདོར་བསྟན། རྒྱས་བཤད། གྲངས་ངེས། རྒྱུན་མི་འཆད་པའོ། །དང་པོ་ནི། སངས་རྒྱས་སོགས༤། གཉིས་པ་ལའང་གསུམ། དང་པོ་ལོངས་སྐུ་ནི། ལོངས་སྤྱོད་སོགས༤། གཉིས་པ་རང་བཞིན་གྱི་སྐུ་ནི། རང་བཞིན་སོགས༤། གསུམ་པ་ལ་སྤྲུལ་པའི་སྐུ་དངོས་དང་དེའི་དབྱེ་བ་གཉིས་ལས། དང་པོ་ནི། སངས་རྒྱས་སོགས༤། དེའི་དབྱེ་བ་ནི། བཟོ་དང་སོགས། གསུམ་པ་ནི། སྐུ་གསུམ་སོགས༤། བཞི་པ་ནི། དེ་དག་སོགས༤། གཉིས་པ་ཡེ་ཤེས་ལའང་། རྟེན་གྱི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། ཡེ་ཤེས་ཀྱི་རྒྱུ་ངོས་བཟུང་བའོ། །དང་པོ་ནི། མེ་ལོང་ཡེ་ཤེས་སོགས༤། གཉིས་པ་ལ་བཞི་སྟེ། དང་པོ་ནི། མེ་ལོང་ཡེ་ཤེས་སོགས༨། གཉིས་པ་ནི། མཉམ་ཉིད་སོགས༨། གསུམ་པ་ནི། སོར་རྟོགས་སོགས༨། བཞི་པ་ནི། བྱ་བ་གྲུབ་སོགས༨། གསུམ་པ་ནི། འཛིན་པའི་ཕྱིར་སོགས༤། བཅུ་པ་ནི། རིགས་ཐ་དད་དང་སོགས༤། བཅུ་གཅིག་པ་ནི། སངས་རྒྱས་ཉིད་ལ་འཇུག་པའི་ཐབས་དང་ཐབས་མ་ཡིན་པ་ནི། མེད་པར་སོགས༡༦། བཅུ་གཉིས་པ་ལའང་། དཔེ་དང་། དོན་གཉིས། དང་པོ་ནི། ཀླུང་དག་སོགས༤། གཉིས་པ་དོན་ནི། སངས་རྒྱས་སོགས༨། རྩ་བའི་ས་བཅད་གསུམ་པ་ནི། དེ་ལྟར་སོགས༤། ལེའུ་བཅུ་པའི་ས་བཅད་དོ།། ༈ བཅུ་པ་མོས་པའི་ལེའུ་ལའང་། མོས་པ་སྤྱིའི་རྣམ་བཞག་བསྟན་པ། ཐེག་ཆེན་གྱི་མོས་པ་བྱེ་བྲག་ཏུ་བཤད་པ། མོས་པའི་འབྲས་བུའམ་ཆེ་བ་བསྟན་པའོ། །དང་པོ་ལའང་མོས་པའི་རབ་དབྱེ། མོས་པའི་བར་ཆད། མོས་པའི་ཕན་ཡོན་དང་གསུམ། དང་པོ་མོས་པའི་རབ་དབྱེ་ཉེར་བདུན་ནི། སྐྱེས་དང་སོགས༨། གཉིས་པ་བར་ཆད་བཅུ་དྲུག་ནི། ཡིད་ལ་སོགས༡༢། གསུམ་པ་ཕན་ཡོན་བཅུ་ནི། བསོད་ནམས་སོགས། གཉིས་པ་ཐེག་ཆེན་གྱི་མོས་པ་བྱེ་བྲག་ཏུ་བཤད་པ་ལའང་། ཐེག་ཆེན་གྱི་མོས་པ་མཆོག་ཏུ་སྒྲུབ་ནས་མོས་པ་ལེན་དུ་འཇུག་པ་ལ་མདོར་བསྟན། རྒྱས་པར་བཤད་པ། ཞུམ་པ་དགག་པ། མོས་པའི་བསོད་ནམས་ཀྱི་ཁྱད་པར་རོ། །དང་པོ་ནི། འདོད་པ་ཅན་སོགས༤། གཉིས་པ་ནི། ཇི་ལྟར་བྱི་སོགས༨། གསུམ་པ་ནི། གང་ཕྱིར་སོགས། བཞི་པ་ནི། གཞན་དག་སོགས༨། རྩ་བའི་ས་བཅད་གསུམ་པ་ནི། དེ་ལྟར་སོགས༤། ལེའུ་བཅུ་གཅིག་པའི་ས་བཅད་དོ།། ༈ བཅུ་གཅིག་པ་ཆོས་ཚོལ་གྱི་ལེའུ་ལའང་། ཐེག་ཆེན་གྱི་ཆོས་ཚོལ་ཚུལ། རྙེད་ནས་ཁམས་བརྟས་པར་བྱེད་པའི་ལེའུ་རྣམས་ཀྱི་དོན་ཡིད་ལ་བྱེད་ཚུལ། ཆོས་ཚོལ་གྱི་རབ་དབྱེ། ཆོས་ཚོལ་གྱི་ཆེ་བ་བསྟན་པའོ། །དང་པོ་ལའང་བཅོ་ལྔ་སྟེ། དང་པོ་དམིགས་པ་ཚོལ་བ་ལའང་སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས། དང་པོ་ནི། སྡེ་སྣོད་དང་སོགས༢། གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། མདོ་དང་སོགས༤། གཉིས་པ་ལ་གསུམ་སྟེ། དང་པོ་མདོ་སྡེའི་དོན་ནི། གནས་རྣམས་སོགས༢། གཉིས་པ་མངོན་པའི་དོན་ནི། མངོན་དུའི་སོགས༣། གསུམ་པ་འདུལ་བའི་དོན་ལ་སྦྱོར་བའི་ཡིད་བྱེད་ནི། ལྟུང་དང་སོགས༤། གཉིས་པ་དམིགས་པ་རྙེད་པའི་ཚོལ་བ་ལ་གཉིས། དང་པོ་ཡུལ་གྱི་རྙེད་ཚུལ་ནི། དམིགས་པ་སོགས༤། གཉིས་པ་ཡུལ་ཅན་གྱི་ཇི་ལྟར་རྙེད་ཚུལ་ནི། ཡིད་ཀྱི་སོགས༨། གསུམ་པ་རྙེད་ནས་ཡིད་ལ་བྱེད་པ་ཚོལ་བ་སྦྱོར་བའི་ཡིད་བྱེད་བཅོ་བརྒྱད་ནི། རིགས་གསུམ་སོགས༢༠། བཞི་པ་མཉམ་བཞག་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ཚོལ་བ་ནི། རྟག་ཏུ་སོགས༨། ལྔ་པ་རྗེས་ཐོབ་དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བ་བཅུ་གཅིག་སྟེ། དང་པོ་གཉིས་སྣང་སྒྱུ་མའི་མཚན་ཉིད་བསྟན་པ་ནི། ཇི་ལྟར་སྒྱུ་མ་སོགས༤། གཉིས་པ་བདེན་གཉིས་སྒྱུ་མ་ལྟ་བུའི་མཚན་ཉིད་ནི། ཇི་ལྟར་དེ་ལ་སོགས༤། གསུམ་པ་འཁྲུལ་བ་གནས་འགྱུར་ཡོངས་གྲུབ་སྒྱུ་མ་ལྟ་བུའི་མཚན་ཉིད་ནི། དེ་མེད་སོགས༨། བཞི་པ་ཡོད་དང་མེད་པ་ཁྱད་པར་མེད་པ་སྒྱུ་མའི་དཔེས་བསྟན་པ་ནི། དེ་ཡི་སོགས༨། ལྔ་པ་དཔེ་ཅན་གྱི་དོན་བསྟན་པ་ནི། དེ་བཞིན་སོགས༨། དྲུག་པ་མཚན་ཉིད་གསུམ་སྒྱུ་མ་ལྟ་བུར་གྲུབ་པའི་དགོས་པ་བསྟན་པ་ནི། སྒྲོ་འདོགས་སོགས༤། བདུན་པ་འཁྲུལ་བའི་རྒྱུ་མཚན་དང་སྦྱར་ནས་རྣམ་རིག་ཙམ་དུ་བསྟན་པ་ནི། འཁྲུལ་བའི་སོགས༤། བརྒྱད་པ་གཟུང་འཛིན་རྣམ་རིག་རང་བཞིན་མེད་པ་དཔེས་དབྱེ་བ་ནི། སྒྱུ་མའི་གླང་པོའི་སོགས༨། དགུ་པ་སྤང་བྱ་དང་གཉེན་པོ་སྒྱུ་མ་ལྟར་བསྟན་པ་ནི། འཁྲུལ་བའི་སོགས༨། བཅུ་པ་དེའི་སྤང་བྱ་དང་སྤང་ཚུལ་སྒྱུ་མ་ལྟ་བུར་བསྟན་པ་ནི། སྒྱུ་མའི་རྒྱལ་པོ་སོགས༤། བཅུ་གཅིག་པ་སྒྱུ་མ་ལ་སོགས་དཔེ་བརྒྱད་ཀྱི་དོན་བསྟན་པ་ནི། སངས་རྒྱས་རྣམས་སོགས༤། དྲུག་པ་ཤེས་བྱ་ཡོངས་སུ་ཚོལ་བ་ནི། ཡན་ལག་སོགས༤། བདུན་པ་ཀུན་ནས་ཉོན་མོངས་ཡོངས་སུ་ཚོལ་བ་ནི། རང་གི་ཁམས་སོགས༤། བརྒྱད་པ་རྣམ་བྱང་ཡོངས་སུ་ཚོལ་བ་ནི། དམིགས་པའི་སོགས༤། དགུ་པ་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་ཚོལ་བ་ནི། སེམས་ནི་སོགས༨། བཅུ་པ་མཚན་ཉིད་ཡོངས་སུ་ཚོལ་བ་ལའང་། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། སངས་རྒྱས་སོགས༤། གཉིས་པ་ལའང་གསུམ་སྟེ། དང་པོ་མཚན་གཞི་ནི། སེམས་ནི་ལྟ་བཅས་སོགས༤། གཉིས་པ་མཚན་ཉིད་ལ་གསུམ། དང་པོ་ཀུན་བཏགས་ཀྱི་མཚན་ཉིད་ནི། ཇི་ལྟར་སོགས༨། གཉིས་པ་གཞན་དབང་གི་མཚན་ཉིད་ནི། རྣམ་གསུམ་སོགས༤། གསུམ་པ་ཡོངས་གྲུབ་ཀྱི་མཚན་ཉིད་ནི། མེད་དང་སོགས༤། གསུམ་པ་མཚོན་པ་ཡེ་ཤེས་རྣལ་འབྱོར་ས་ལྔ་བཤད་པ་ནི། རྒྱུ་མཐུན་སོགས༨། བཅུ་གཅིག་པ་རྣམ་པར་གྲོལ་བ་ཡོངས་སུ་ཚོལ་བ་ལ་གཉིས། དང་པོ་རྣམ་པར་གྲོལ་བ་དངོས་ནི། ས་བོན་སོགས༡༢། གཉིས་པ་རྣམ་གྲོལ་དེ་ཐོབ་པའི་ཐབས་ལ་མདོར་རྒྱས་གཉིས། དང་པོ་ནི། བློ་དང་ལྡན་སོགས༤། གཉིས་པ་ལ་གཉིས། དང་པོ་གཉེན་པོ་སྐྱེ་ཚུལ་ནི། ཚོགས་ཀྱི་སོགས༤། གཉིས་པ་སྤང་བྱ་དགག་ཚུལ་ནི། སེམས་ནི་སོགས། བཅུ་གཉིས་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཚོལ་བ་ནི། རང་དང་སོགས༨། བཅུ་གསུམ་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཚོལ་བ་རྣམ་པ་བརྒྱད་ནི། ཐོག་མར་སོགས༤། བཅུ་བཞི་པ་ཐེག་པ་གཅིག་ཏུ་ཚོལ་བ་ལ་གསུམ་སྟེ། དང་པོ་དགོངས་གཞི་ནི། ཆོས་དང་སོགས༤། གཉིས་པ་དགོངས་པ་དངོས་ནི། ཁ་ཅིག་སོགས༤། གསུམ་པ་ཞར་བྱུང་དབྱེ་བ་ལ་བཞི་སྟེ། དང་པོ་རིགས་མ་ངེས་པའི་དབྱེ་བ་ནི། ཉན་ཐོས་སོགས༤། གཉིས་པ་སྐྱེ་བ་ལེན་ཚུལ་ནི། དེ་གཉིས་སོགས། གསུམ་པ་ལམ་བགྲོད་ཚུལ་ནི། དེ་གཉིས་ཡང་སོགས༤། བཞི་པ་འབྲས་བུ་འགྲུབ་ཚུལ་ནི། དོན་བྱས་སོགས༤། བཅོ་ལྔ་པ་རིགས་པའི་གནས་ལྔ་ཚོལ་བ་ནི། རིགས་པའི་སོགས༤། རྩ་བའི་ས་བཅད་གཉིས་པ་ལའང་། ཡིད་ལ་བྱེད་ཚུལ་ལྔ་དང་དོན་བསྡུས་པའོ། །དང་པོ་རིགས་ནས་བྱང་ཆུབ་ཀྱི་ལེའུའི་བར་ཡིད་ལ་བྱེད་ཚུལ་ནི། རྒྱུ་དམིགས་སོགས༨། གཉིས་པ་ཆོས་ཚོལ་ནས་ཐབས་ལྡན་གྱི་བར་ཡིད་ལ་བྱེད་ཚུལ་ཆོས་ལ་འཇུག་པའི་སྤྱོད་པ་བསྟན་པ་ནི། རབ་དྭངས་སོགས༤། གསུམ་པ་ཕྱིན་དྲུག་ནས་མཆོད་རྟེན་ཚད་མེད་བཞི་ཡིད་ལ་བྱེད་པ་དོན་ལ་འཇུག་པའི་སྤྱོད་པ་བསྟན་པ་ནི། སྦྱིན་སོགས༤། བཞི་པ་བྱང་ཆུབ་ཕྱོགས་མཐུན་གྱི་ལེའུའི་དོན་ཡིད་ལ་བྱེད་ཚུལ་ནི། མ་བྱས་སོགས༡༤། ལྔ་པ་ཡོན་ཏན་གྱི་ལེའུ་ཡིད་ལ་བྱེད་ཚུལ་ནི། ངོ་མཚར་སོགས༡༨། གཉིས་པ་ནི། ཕ་རོལ་སོགས༤། རྩ་བའི་ས་བཅད་གསུམ་པ་ལ་སྤྱིར་བསྟན་པ་དང་། སྤང་བྱ་རྟོག་པའི་དབྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་གཉིས་ལས། དང་པོ་ཆོས་ཚོལ་གྱི་དབྱེ་བ་ནི། རྒྱས་དང་སོགས༨། གཉིས་པ་ཆོས་ཚོལ་གྱི་དགོས་པ་ནི། བརྟན་ཆོས་སོགས༤། གཉིས་པ་རྣམ་རྟོག་ཚོལ་བའི་དབྱེ་བ་ནི། རྒྱལ་བའི་སོགས༤། རྩ་བའི་ས་བཅད་བཞི་པ་ནི། དེ་ལྟར་སོགས༤། ལེའུ་བཅུ་གཉིས་པའི་ས་བཅད་དོ།། ༈ བཅུ་གཉིས་པ་ཆོས་བཤད་པ་ལའང་། ཆོས་བཤད་པའི་བསམ་སྦྱོར་ཕུན་སུམ་ཚོགས་པ་བསྟན་པ། བཤད་བྱའི་ཆོས་ཀྱི་རབ་དབྱེ། ཆོས་བཤད་པའི་ཆེ་བའམ་ཕན་ཡོན་བསྟན་པའོ། །དང་པོ་ལ། བསམ་སྦྱོར་གཉིས། དང་པོ་བསམ་པ་ཆོས་ལ་སེར་སྣ་དགག་པ་ནི། བརྟན་པ་སོགས༤། གཉིས་པ་སྦྱོར་བ་ལ་གཉིས། དང་པོ་ཆོས་བཤད་པའི་དོན་ཡོད་པ་ནི། གང་ཕྱིར་སོགས༤། གཉིས་པ་རིམ་པར་མ་བརྒྱུད་ན་དོན་མེད་པ་ཡིན་པར་བསྟན་པ་ནི། དེ་ལྟས་སོགས༤། གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་ཆོས་ཀྱི་རབ་དབྱེ་མདོར་བསྟན་པ་ནི། སེམས་དཔའ་སོགས༤། གཉིས་པ་ལ་བཅུ་གཅིག་སྟེ་དང་པོ་སྟོན་པ་པོའི་གང་ཟག་ཕུན་སུམ་ཚོགས་པ་ནི། རྒྱ་ཆེ་སོགས༤། གཉིས་པ་ངག་ཕུན་སུམ་ཚོགས་པ་ཡོན་ཏན་དགུ་ལྡན་ནི། སེམས་དཔའ་སོགས༤། གསུམ་པ་ཚིག་ཕུན་སུམ་ཚོགས་པ་ཡོན་ཏན་བརྒྱད་ལྡན་ནི། རྒྱལ་སྲས་སོགས༤། བཞི་པ་ཡི་གེ་ཕུན་སུམ་ཚོགས་པ་ཡོན་ཏན་བརྒྱད་ལྡན་ནི། བརྟན་དང་སོགས༦། ལྔ་པ་སྟོན་པའི་གསུང་བསམ་གྱི་མི་ཁྱབ་པའི་ཆེ་བ་ནི། བདེ་གཤེགས་སོགས༢། དྲུག་པ་གསུང་གི་ཆེ་བ་ཉེས་པ་བརྒྱད་བྲལ་ནི། ངག་ཚིག་སོགས༨། བདུན་པ་ཞར་བྱུང་གཏམ་གྱི་ཉེས་པ་བརྒྱད་བསྟན་པ་ནི། ལེ་ལོ་སོགས༨། བརྒྱད་པ་བཤད་པའི་དོན་ཕུན་སུམ་ཚོགས་པ་ནི། དད་དང་སོགས༨། དགུ་པ་ལྡེམ་པོར་དགོངས་པ་ཕུན་སུམ་ཚོགས་པ་ནི། གཞུག་པ་སོགས༨། བཅུ་པ་དགོངས་པ་ཕུན་སུམ་ཚོགས་པ་ནི། མཉམ་པ་སོགས༤། བཅུ་གཅིག་པ་ཤིན་ཏུ་རྒྱས་པ་ཕན་ཡོན་དང་བཅས་པ་བསྟན་པ་ནི། སངས་རྒྱས་སོགས༡༠། གསུམ་པ་ཆེ་བ་ནི། དེ་ལྟར་སོགས༣། ལེའུ་བཅུ་གསུམ་པའི་ས་བཅད་དོ།། ༈ བཅུ་གསུམ་པ་སྒྲུབ་པའི་ལེའུ་ལའང་། བསྒྲུབ་པའི་རྣམ་པར་དབྱེ་བ༡། སྒྲུབ་པ་བག་ཡོད་དུ་བྱ་བ༢། ཉོན་མོངས་པ་ཁོ་ནས་ཉོན་མོངས་པ་ལས་ངེས་པར་འབྱུང་བ། ཐེག་པ་དམན་པའི་ཡིད་བྱེད་པ་བོར་བ༤། རང་བཞིན་གྱི་དོན་ལ་སྐྲག་པ་སྤང་བ༥། ཆགས་པ་ལས་སྐྱེས་པའི་ལྟུང་བ་དགག་པ༦། ཇི་ལྟར་གང་དུ་སྒྲུབ་པའི་རབ་དབྱེ༧། འཁོར་གསུམ་ཡོངས་དག་གི་ཆོས་བསྟན་པའི་ཆེ་བའོ༨། །དང་པོ་ལ་བཞི་སྟེ། དང་པོ་ཚོགས་ལམ་དུ་སྒྲུབ་ཚུལ་ནི། བློ་ལྡན་སོགས༤། གཉིས་པ་སྦྱོར་ལམ་དུ་སྒྲུབ་པའི་ཚུལ་ནི། དོན་ཤེས་སོགས༤། གསུམ་པ་མཐོང་ལམ་དུ་སྒྲུབ་པའི་ཚུལ་ནི། སོ་སོའི་སོགས༨། བཞི་པ་སྒོམ་ལམ་དུ་སྒྲུབ་པའི་ཚུལ་ནི། མཐོང་བས་སོགས༨། གཉིས་པ་ལ་འཁོར་ལོ་ཆེན་པོ་བཞི་ལས། དང་པོ་མཐུན་པའི་ཡུལ་བསྟན་པ་ནི། བློ་ལྡན་སོགས། གཉིས་པ་དམ་པའི་བཤེས་གཉེན་བརྟེན་པ་ནི། བྱང་ཆུབ་སོགས༤། གསུམ་པ་ལེགས་པར་སྨོན་པ་ནི། དམིགས་པ་སོགས༤། བཞི་པ་བདག་ཉིད་ཀྱི་བསོད་ནམས་སྐྱབས་ལ་འདུན་པ་ནི། དགའ་དང་སོགས༤། གསུམ་པ་ལ་གསུམ་ལས། དང་པོ་ཉོན་མོངས་ཁོ་ནས་ཉོན་མོངས་ཀྱི་ས་ལ་ངེས་པར་འབྱུང་བ་ནི། ཆོས་ཀྱི་སོགས༤། གཉིས་པ་མ་རིག་པ་དང་ཆོས་དབྱིངས་རང་བཞིན་གཅིག་པར་དགོངས་པ་ནི། ཆོས་ཀྱི་སོགས༤། གསུམ་པ་དེ་ལས་རྣམ་གྲོལ་འགྱུར་ཚུལ་གྱི་དགོངས་པ་ནི། གང་ཕྱིར་སོགས༤། བཞི་པ་ནི། སེམས་ཅན་སོགས༨། ལྔ་པ་ནི། ཆོས་མེད་སོགས༡༦། དྲུག་པ་ནི། བྱང་ཆུབ་སོགས༡༦། བདུན་པ་ནི། སྨན་བཟང་སོགས༢༠། བརྒྱད་པ་ནི། དེ་ལྟར་སོགས༤། ལེའུ་བཅུ་བཞི་པའི་ས་བཅད་དོ།། ༈ བཅུ་བཞི་པ་གདམས་ངག་རྗེས་བསྟན་ལ། གདམས་ངག་རྗེས་བསྟན་ཉན་པའི་མོས་པ་རྣམ་པར་འཕེལ་བ༡། ཚོགས་བསགས་པས་སྒོམ་པ་ལ་སྦྱོར་ཚུལ༢། གདམས་ངག་རྗེས་བསྟན་ཐོབ་པའི་དུས་ངེས་པར་དབྱེ་བ༣། ཕན་ཡོན་བསྡུས་ཏེ་བཤད་པ༤། རྗེས་བསྟན་གདམས་ངག་གི་ངོ་བོ་བཤད་པ༥། གདམས་ངག་རྗེས་བསྟན་གྱི་འབྲས་བུ་ཆེ་བ་བཤད་པའོ༦། །དང་པོ་ནི། སྐལ་བ་སོགས༤། གཉིས་པ་ནི། དེ་བཞིན་སོགས༤། གསུམ་པ་ལ་ཚོགས་ལམ་སྦྱོར་ལམ། མཐོང་ལམ་སྒོམ་ལམ། མི་སློབ་པའི་ལམ་དུ་གདམས་ངག་ཐོབ་ཚུལ་དང་ལྔ་ལས། དང་པོ་ཚོགས་ལམ་ལ་ལྔ་སྟེ། དང་པོ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ལ་གདམས་ངག་རྙེད་ཚུལ་ནི། དེ་ཚེ་སོགས༤། གཉིས་པ་དེ་ལས་དམིགས་པའི་སེམས་དྲུག་བསྟན་པ་ནི། དེས་ན་སོགས༡༢། གསུམ་པ་ཡིད་ལ་བྱེད་པ་བཅུ་གཅིག་ནི། ཡིད་ཀྱི་སོགས༡༦། བཞི་པ་སེམས་གནས་དགུའི་སེམས་གནས་པར་བྱེད་པ་ནི། དམིགས་པ་སོགས༡༦། ལྔ་པ་དེ་ལས་རིམ་གྱིས་བསམ་གཏན་ལས་རུང་གི་ཕན་ཡོན་ལ་གཉིས་ལས། དང་པོ་དངོས་གཞི་ཐོབ་པའི་ཕན་ཡོན་ནི། དེ་ནས་སོགས༡༧། གཉིས་པ་ཞི་ལྷག་གི་ཕན་ཡོན་ལྔ་ཐོབ་ཚུལ་ནི། དེས་ན་སོགས༡༧། གཉིས་པ་སྦྱོར་ལམ་ངེས་འབྱེད་ཆ་མཐུན་ལ་བཞི་ལས། དང་པོ་དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ནི། དེ་ནས་དེ་ལྟར་སོགས༤། གཉིས་པ་རྩེ་མོ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ནི། ཆོས་ཀྱི་སོགས༢། གསུམ་པ་བཟོད་པ་རྟོག་པ་ཕྱོགས་གཅིག་སྤོང་པའི་ཏིང་ངེ་འཛིན་ནི། ཆོས་ཀྱི་སོགས༨། བཞི་པ་ཆོས་མཆོག་དེ་ཁོ་ན་ཉིད་ཕྱོགས་གཅིག་ལ་ཞུགས་པའི་དེ་མ་ཐག་པའི་ཏིང་ངེ་འཛིན་ནི། དེ་ཚེ་སོགས༦། གསུམ་པ་མཐོང་ལམ་ལ་བདུན་ཏེ། དང་པོ་མཐོང་ལམ་གྱི་མཚན་ཉིད་ཁྱད་པར་ལྔ་ལྡན་ནི། དེ་ནས་སོགས༥། གཉིས་པ་མཉམ་པ་ཉིད་རྟོགས་པའི་མཚུངས་ལྡན་ལྔ་ནི། ཆོས་ཀྱི་སོགས༤། གསུམ་པ་རྗེས་ཐོབ་ཡེ་ཤེས་ཀྱི་ཁྱད་པར་ནི། དེས་ནི་སོགས༨། བཞི་པ་དམིགས་པའི་ཁྱད་པར་ནི། མེད་པའི་སོགས༨། ལྔ་པ་ཡོན་ཏན་ཐོབ་པའི་ཁྱད་པར་ནི། རྒྱལ་སྲས་སོགས༤། དྲུག་པ་རྨད་དུ་བྱུང་བའི་སྤྱོད་པའི་ཁྱད་པར་ནི། གང་གི་སོགས༦། བདུན་པ་ངོ་མཚར་ཆེ་ལ་ཆེ་བ་མེད་པར་བསྟན་པ་ནི། རྒྱལ་སྲས་སོགས༤། བཞི་པ་སྒོམ་ལམ་གདམས་ངག་ཐོབ་ཚུལ་ནི། དེ་ནས་ཕྱེད་སོགས༡༥། ལྔ་པ་མི་སློབ་པའི་ལམ་ལ་གདམས་ངག་ཐོབ་ཚུལ་ནི། མཐར་ཐུག་ཕྱེད་སོགས༦། རྩ་བའི་ས་བཅད་བཞི་པ་ནི། དེ་ལྟར་སོགས༨། ལྔ་པ་ནི། སངས་རྒྱས་རྣམས་སོགས༤། དྲུག་པ་ནི། དེ་ནི་སོགས༨། ལེའུ་བཅོ་ལྔ་པའི་ས་བཅད་དོ།། ༈ བཅོ་ལྔ་པ་ཐབས་དང་ལྡན་པའི་ལས་རྣམ་པར་དབྱེ་བ་ལ་གསུམ། དང་པོ་ཀུན་ནས་སློང་བའི་ཐབས་ནི། ཇི་ལྟར་སོགས༨། གཉིས་པ་ལྟ་བའི་ཐབས་ལ་གཉིས་ཏེ། དང་པོ་བར་ཆད་ལས་ལྡང་བའི་ཐབས་ནི། ཤིན་ཏུ་སོགས། གཉིས་པ་ཐེག་པ་གཞན་དུ་ལྟུང་བ་ལས་སློང་བའི་ཐབས་ནི། ཇི་ལྟར་སོགས༤། གསུམ་པ་འཁོར་གསུམ་ཡོངས་སུ་དག་པའི་ཐབས་ནི། རྟག་ཏུ་སོགས༤། ལེའུ་བཅུ་དྲུག་པའི་ས་བཅད་དོ།། ༈ བཅུ་དྲུག་པ་ལས་གསུམ་ཐབས་ཀྱི་ཟིན་པ་སོང་ནས། ཐམས་ཅད་མཁྱེན་པའི་ཐབས་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྤྱིར་བཤད་པ་དང་༡། གཞན་རྒྱུད་སྨིན་བྱེད་བསྡུ་པ་བཞི་བཤད་པ༢། དོན་བསྡུས་ཏེ་ཆེ་བ་བཤད་པའོ༣། །དང་པོ་ལའང་མདོར་རྒྱས་གཉིས་ལས། དང་པོ་ནི། གྲངས་དང་སོགས༤། གཉིས་པ་ལ་བཅུ་སྟེ། དང་པོ་གྲངས་ངེས་པ་ལ་དྲུག་སྟེ། དང་པོ་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་དབང་དུ་བྱས་པའི་དྲུག་ཏུ་ངེས་པ་ནི། ལོངས་སྤྱོད་སོགས༤། གཉིས་པ་དོན་གཉིས་སྒྲུབ་པའི་དབང་དུ་བྱས་ནས་དྲུག་ཏུ་ངེས་པ་ནི། སེམས་ཅན་སོགས༤། གསུམ་པ་གཞན་དོན་སྒྲུབ་ཐབས་ཀྱི་སྒོ་ནས་དྲུག་ཏུ་ངེས་པ་ནི། མི་འཕོང་སོགས༤། བཞི་པ་ཐེག་པ་ཆེན་པོར་བསྡུས་པའི་དབང་དུ་བྱས་ནས་དྲུག་ཏུ་ངེས་པ་ནི། ལོངས་སྤྱོད་སོགས༤། ལྔ་པ་ལམ་ཐམས་ཅད་བསྡུས་པའི་དབང་དུ་བྱས་པ་ནི། ཡུལ་རྣམས་སོགས༤། དྲུག་པ་བསླབ་པ་གསུམ་ལ་ལྟོས་ནས་དྲུག་ཏུ་ངེས་པ་ནི། བསླབ་གསུམ་སོགས༥། གཉིས་པ་མཚན་ཉིད་བཤད་པ་ལ་དྲུག་སྟེ། དང་པོ་སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད་བཞི་ལྡན་ནི། སྦྱིན་པའི་སོགས༤། གཉིས་པ་ཚུལ་ཁྲིམས་ནི། ཚུལ་ཁྲིམས་སོགས༤། གསུམ་པ་བཟོད་པ་ནི། བཟོད་པའི་སོགས༤། བཞི་པ་བརྩོན་འགྲུས་ནི། བརྩོན་འགྲུས་སོགས༤། ལྔ་པ་བསམ་གཏན་ནི། བསམ་གཏན་སོགས༤། དྲུག་པ་ཤེས་རབ་ནི། ཤེས་རབ་སོགས༤། གསུམ་པ་གོ་རིམ་གྱིས་བཞག་པ་ནི། སྔ་མ་ལ་སོགས༤། བཞི་པ་ངེས་ཚིག་ནི། དབུལ་བ་སོགས༤། ལྔ་པ་ཡོན་ཏན་ལ་གོམ་པར་བྱ་བ་ནི། ཐམས་ཅད་སོགས༤། དྲུག་པ་རབ་དབྱེ་ལ་དྲུག་སྟེ། དང་པོ་སྦྱིན་པའི་རབ་དབྱེ་ནི། དོན་རྣམས་སོགས༨། གཉིས་པ་ཚུལ་ཁྲིམས་ཀྱི་རབ་དབྱེ་ནི། ཡན་ལག་སོགས༨། གསུམ་པ་བཟོད་པ་ནི། མི་མཇེད་སོགས༨། བཞི་པ་བརྩོན་འགྲུས་ནི། དགེ་ལ་སོགས༨། ལྔ་པ་བསམ་གཏན་ནི། སེམས་ནི་སོགས༨། དྲུག་པ་ཤེས་རབ་ཀྱི་རབ་དབྱེ་ནི། ཤེས་བྱ་སོགས༨། བདུན་པ་བསྡུ་པ་ནི། དཀར་པོའི་སོགས༨། བརྒྱད་པ་མི་མཐུན་པའི་ཕྱོགས་ལ་དྲུག་སྟེ། སྦྱིན་པ་ལ་སོགས་པ་དྲུག་ལ། བྱང་ཆུབ་སོགས་༢༤དྲུག །དགུ་པ་ཡོན་ཏན་ལ་ཕྱིན་དྲུག་གི་ཡོན་ཏན་སྤྱིར་བཤད་པ། སྦྱིན་བརྩོན་གྱི་ཡོན་ཏན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། རྒྱ་ཆེ་བའི་ཡོན་ཏན་རྣམ་པར་དག་པའི་ཡོན་ཏན། མཆོག་ཏུ་གྱུར་པའི་ཡོན་ཏན་དང་གསུམ། དང་པོ་ལ་དྲུག་སྟེ། དང་པོ་སྦྱིན་པ་སོགས་ལ་རྒྱ་ཆེ་བའི་ཡོན་ཏན་བཞི་ལྡན་ནི་སངས་རྒྱས་སོགས་༡༢གསུམ་དང་རྒྱལ་སྲས་སོགས༡༤། གསུམ་གྱིས་བསྟན་ནོ། །དེའི་དོན་བསྡུ་ནི། རྒྱ་ཆེ་བ་སོགས༤། གཉིས་པ་རྣམ་པར་དག་པའི་ཡོན་ཏན་ལ་དྲུག་སྟེ། དང་པོ་སྦྱིན་པ་རྣམ་པར་དག་པའི་ཡོན་ཏན་ནི། སློང་བ་སོགས༤། གཉིས་པ་ཚུལ་ཁྲིམས་ནི། བརྩེ་བས་སོགས༡༥། གསུམ་པ་བཟོད་པ་ནི། བརྩེ་ལྡན་སོགས༤། བཞི་པ་བརྩོན་འགྲུས་ནི། གཞན་སོགས༤། ལྔ་པ་བསམ་གཏན་ནི། གསུམ་གྱིས་སོགས༤། དྲུག་པ་ཤེས་རབ་རྣམ་པར་དག་པའི་ཡོན་ཏན་ནི། ཇི་ལྟར་སོགས༤། གསུམ་པ་མཆོག་ཏུ་གྱུར་པའི་ཡོན་ཏན་བརྒྱད་ལྡན་ལ་དྲུག་ལས། དང་པོ་སྦྱིན་པ་ནི། སྦྱིན་སོགས༤། གཉིས་པ། ཚུལ་ཁྲིམས་སོགས༤། གསུམ་པ། བཟོད་པ་སོགས། བཞི་པ། བརྩོན་འགྲུས་སོགས༤། ལྔ་པ། བསམ་གཏན་སོགས༤། དྲུག་པ་ཤེས་རབ་མཆོག་ཏུ་གྱུར་པའི་ཡོན་ཏན་ནི། ཤེས་རབ་སོགས༤། གཉིས་པ་ལའང་གཉིས། དང་པོ་སྦྱིན་པ་ལ་མདོར་རྒྱས་གཉིས། དང་པོ་ནི་བྱང་ཆུབ་སོགས༦། གཉིས་པ་ནི། སྐྱེ་བོ་སོགས༢༧། གཉིས་པ་བརྩོན་འགྲུས་ལ་མདོར་རྒྱས་གཉིས། དང་པོ་ནི། གཙོ་དང་སོགས༤། གཉིས་པ་ལའང་དྲུག་སྟེ། དང་པོ་གཙོ་བོ་ནི། དགེ་བའི་སོགས༡། གཉིས་པ་བརྩོན་འགྲུས་ཀྱི་རྒྱུ་ནི། འདི་ལྟར་སོགས༡། གསུམ་པ་ལས་ཀྱི་དབྱེ་བ་ནི། བརྩོན་འགྲུས་སོགས༦། བཞི་པ་རྣམ་པར་དབྱེ་བ་ནི། གཞན་སོགས༨། ལྔ་པ་རྟེན་གྱི་དབྱེ་བ་ནི། ཐེག་པ་སོགས༤། དྲུག་པ་གཉེན་པོ་ནི། བརྩོན་འགྲུས་སོགས༤། བཅུ་པ་ཕན་ཚུན་རྣམ་ངེས་ནི། ཕན་ཚུན་སོགས༤། རྩ་བའི་ས་བཅད་གཉིས་པ་ལ་དྲུག་ལས། དང་པོ་བསྡུ་དངོས་བཞིའི་མཚན་ཉིད་ནི། སྦྱིན་མཚུངས་སོགས༤། གཉིས་པ་གྲངས་ངེས་པ་ནི། ཕན་པར་སོགས༤། གསུམ་པ་བྱེད་ལས་ནི། དང་པོས་སོགས༤། བཞི་པ་དབྱེ་བ་ནི། ཟང་ཟིང་སོགས༨། ལྔ་པ་ཕན་ཡོན་ནི། འཁོར་སྡུད་སོགས༤། དྲུག་པ་བསྡུ་བའི་སྨིན་བྱེད་ནི། བསྡུས་དང་སོགས༤། རྩ་བའི་ས་བཅད་གསུམ་པ་དོན་བསྡུས་ཏེ་ཆེ་བ་བསྟན་པ་ནི། དེ་ལྟར་སོགས༤། ལེའུ་བཅུ་བདུན་པའི་ས་བཅད་དོ།། ༈ བཅུ་བདུན་པ་མཆོད་རྟེན་ཚད་མེད་ཀྱི་ལེའུ་ལའང་། སངས་རྒྱས་ལ་མཆོད་པ་དང་༡། བཤེས་གཉེན་ལ་༢བསྟེན་པ་དང་། ཚད་མེད་༣པ་བཞི་སྒོམ་ཚུལ་མཇུག་༤བསྡུས་ཏེ་ཆེ་བ་བསྟན་པའོ། །དང་པོ་ལའང་། བཞི་སྟེ། དང་པོ་མཆོད་པའི་རྣམ་བཞག་རྒྱས་པར་བཤད་པ་ནི། རབ་དྭངས་སོགས༡༦། གཉིས་པ་དེའི་དོན་བསྡུས་ཏེ་བསྟན་པ་ནི། རྒྱུ་མཚན་སོགས༤། གསུམ་པ་མཆོད་པའི་དབྱེ་བ་ནི། རྒྱུ་དང་སོགས༨། བཞི་པ་མཆོད་པ་མཆོག་གི་ཁྱད་པར་ནི། རང་གི་སེམས་སོགས༤། གཉིས་པ་ལའང་བཞི་སྟེ། དང་པོ་དགེ་བའི་བཤེས་གཉེན་བསྟེན་པ་མདོར་བསྟན་པ་ནི། བསྟེན་པ་སོགས༤། གཉིས་པ་རྒྱས་པར་བཤད་པ་ལའང་བརྒྱད་དེ་དང་པོ་རྟེན་བཤད་པ་ནི། བཤེས་གཉེན་སོགས༤། གཉིས་པ་གཞི་ནི། བཀུར་སྟི་སོགས༣། གསུམ་པ་རྒྱུ་མཚན་ནི། དེ་བཞིན་སོགས༢། བཞི་པ་ཡོངས་སུ་བསྔོ་བ་ནི། དེ་ནི་སོགས༢། ལྔ་པ་རྒྱུ་ནི། བརྟེན་པ་སོགས༢། དྲུག་པ་ཡེ་ཤེས་ནི། ཐེག་པ་སོགས༢། བདུན་པ་ཞིང་ནི། སེམས་ཅན་སོགས༢། བརྒྱད་པ་གནས་ནི། དེ་ཆོས་སོགས༤། གསུམ་པ་བཤེས་གཉེན་བསྟེན་པའི་དུས་སོགས་ཀྱི་རབ་དབྱེ་ནི། བློ་དང་སོགས༦། བཞི་པ་དགེ་བའི་བཤེས་གཉེན་བསྟེན་པ་མཆོག་གི་ཁྱད་པར་ནི། རང་གི་སོགས༤། རྩ་བའི་ས་བཅད་གསུམ་པ་ལ། ཚད་མེད་བཞི་སྤྱིར་བཤད་པ། སྙིང་རྗེ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་བཞི་ལས། དང་པོ་ཚད་མེད་བཞིའི་ཁྱད་ཆོས་བཞི་ལྡན་ནི། བརྟེན་པའི་སོགས༤། གཉིས་པ་དམིགས་རྣམ་ནི། བརྟན་པ་རྣམས་སོགས༨། གསུམ་པ་དབྱེ་བ་ལ་བཞི་སྟེ། དང་པོ་མཆོག་དམན་གྱི་དབྱེ་བ་ནི། དེ་དག་སོགས༤། གཉིས་པ་ཆེ་ཆུང་དམན་མཆོག་གི་སྒོ་ནས་དབྱེ་བ་ནི། མཉམ་བཞག་སོགས༤། གསུམ་པ་རྒྱུ་འབྲས་རྟག་གསུམ་གྱི་སྒོ་ནས་དབྱེ་བ་ནི། ཚངས་པའི་སོགས༨། བཞི་པ་སྐྱོན་ཡོན་གྱི་སྒོ་ནས་དབྱེ་བ་ལ་གཉིས། དང་པོ་སྐྱོན་ནི། བྱང་ཆུབ་སོགས༨། གཉིས་པ་ཡོན་ཏན་ནི། ཉེས་སོགས༤། བཞི་པ་ཚད་མེད་བཞིའི་ཆེ་བ་ནི། ཇི་ལྟར་སོགས༤། གཉིས་པ་སྙིང་རྗེ་བྱེ་བྲག་ཏུ་བཤད་པ་ལ་ཉི་ཤུ་རྩ་གཉིས་ཏེ། དང་པོ་སྙིང་རྗེའི་དམིགས་པའི་རབ་དབྱེ་ནི། རབ་འབར་སོགས༨། གཉིས་པ་འབྲས་བུ་ལྔ་ནི། འཚེ་སྤང་སོགས༤གསུམ་པ་སྲིད་ཞིར་མི་གནས་པ་ནི། སྙིང་རྗེ་བློ་སོགས༤། བཞི་པ་འཁོར་བ་ཡོངས་སུ་ཤེས་པ་ནི། འཇིག་རྟེན་སོགས༤། ལྔ་པ་སྙིང་རྗེའི་རྒྱུ་མཆོག་དབྱེ་བ་ནི། སྙིང་རྗེ་བདག་སོགས༤། དྲུག་པ་ལྗོན་ཤིང་གི་དཔེས་སྙིང་རྗེ་ཆེ་བ་ལའང་གསུམ་སྟེ། དང་པོ་ཆེ་བ་དངོས་ནི། སྙིང་རྗེ་དང་ནི་སོགས༤། གཉིས་པ་དགག་ཕྱོགས་བསྟན་པ་ནི། རྩ་བ་སོགས༤། གསུམ་པ། སྒྲུབ་ཕྱོགས་བསྟན་པ་ནི། སྙིང་རྗེའི་ཆུང་སོགས༤། བདུན་པ་ཡོན་ཏན་ནི། སྙིང་རྗེ་ཆེན་པོ་སོགས༤། བརྒྱད་པ་སྙིང་རྗེ་ཆགས་པ་མེད་པར་བསྟན་པ་ནི། སྙིང་རྗེ་སོགས༤། དགུ་པ་སྙིང་རྗེ་བྱམས་པས་ཁྱད་པར་དུ་འཕགས་པ་ནི། བྱམས་པས་སོགས༡༢། བཅུ་པ་སྡུག་བསྔལ་དང་ལེན་གྱིས་སྐྲག་པའི་གནས་ལ་མངོན་པར་དགའ་བ་ནི། བྱང་ཆུབ་སོགས༤། བཅུ་གཅིག་པ་སྙིང་རྗེའི་སྡུག་བསྔལ་ཅན་བདེ་བ་གཞན་ཟིལ་གྱིས་གནོན་པ་ནི། བརྩེ་བས་བསྐྱེད་སོགས༤། བཅུ་གཉིས་པ་བརྩེ་བས་སྦྱིན་པའི་ཡོན་ཏན་ནི། བརྟན་པའི་སོགས༤། བཅུ་གསུམ་པ་སྡུག་བསྔལ་བ་ཁས་བླང་པའི་ཡོན་ཏན་ནི། སེམས་ཅན་དོན་སོགས༤། བཅུ་བཞི་པ་ཆོས་གསུམ་དང་དེའི་འབྲས་བུ་འཕེལ་བའི་ཡོན་ཏན་ནི། བརྩེ་དང་སོགས༤། བཅོ་ལྔ་པ་སྦྱིན་པ་ལ་སྤྲོ་བར་བྱ་བ་ནི། སྙིང་རྗེ་སོགས༤། བཅུ་དྲུག་པ་གཞན་བདེ་བས་བདག་བདེ་བ་ནི། སྙིང་རྗེ་སྡུག་བསྔལ་སོགས༤། བཅུ་བདུན་པ་བརྩེ་བས་སྦྱིན་པ་ལ་རྟོན་པ་ནི། སྙིང་རྗེ་ཅན་གྱི་སོགས༤། བཅོ་བརྒྱད་པ་བརྩེ་བས་སྦྱིན་པའི་དབྱེ་བ་ནི། རྒྱལ་སྲས་སོགས༤། བཅུ་དགུ་པ་བརྩེ་བས་ཉེར་སྤྱོད་ཁྱད་པར་ཅན་ནི། ཇི་ལྟར་སོགས༤། ཉི་ཤུ་པ་ཕྱིན་དྲུག་སྒྲུབ་པའི་བརྩེ་བ་ནི། བཀའ་དྲིན་སོགས༤། ཉེར་གཅིག་པ་སྙིང་རྗེའི་རྐྱེན་བཤད་པ་ནི། བདེ་དང་སོགས༤། ཉེར་གཉིས་པ་ཆེན་པོ་དང་མཆོག་གི་ཁྱད་པར་ནི། བྱང་ཆུབ་སོགས༨། རྩ་བའི་ས་བཅད་གསུམ་པ་ནི། དེ་ལྟར་སོགས། ལེའུ་བཅོ་བརྒྱད་པའི་ས་བཅད་དོ། ། ༈ བཅོ་བརྒྱད་པ་བྱང་ཆུབ་ཕྱོགས་མཐུན་བཤད་པ་ལ། བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་ཉིད་རྒྱས་པར་བཤད་པ། བྱེ་བྲག་ཏུ་སྐད་ཅིག་མ་འདུས་བྱས་མི་རྟག་པ་རྒྱ་ཆེར་བཤད་པ་དང་། ཆོས་ཐམས་ཅད་བདག་མེད་པ་སྒྲུབ་པ་དང་། དེ་དག་གི་མཇུག་བསྡུ་སྟེ་ཆེ་བ་བསྟན་པའོ། །དང་པོ་ལ་ཉེར་གཅིག་སྟེ། དང་པོ་ངོ་ཚ་ཤེས་པ་ལ་དགུ་ལས། དང་པོ་ངོ་ཚ་ཤེས་པའི་མཚན་ཉིད་བཞི་ལྡན་ནི། ངོ་ཚ་སོགས༤། གཉིས་པ་ངོ་ཚ་ཡུལ་གྱི་སྒོ་ནས་དབྱེ་བ་ནི། ཕ་རོལ་སོགས༨། གསུམ་པ་ཆུང་འབྲིང་གི་སྒོ་ནས་དབྱེ་བ་ནི། མཉམ་བཞག་སོགས༤། བཞི་པ་ངོ་ཚ་མེད་པའི་སྐྱོན་བཤད་པ་ནི། བློ་ལྡན་སོགས༡༠། ལྔ་པ་ངོ་ཚ་ཡོད་པའི་ཡོན་ཏན་ནི། རྒྱལ་སྲས་སོགས༤། དྲུག་པ་ངོ་ཚ་ཤེས་པའི་འབྲས་བུ་ནི། མཁས་པ་སོགས༧། བདུན་པ་ཕན་ཡོན་དཔེའི་སྒོ་ནས་བསྔགས་པ་ནི། བྱིས་པ་སོགས༡༢། བརྒྱད་པ་ངོ་ཚ་ཤེས་པའི་རྟགས་ནི། ཀུན་ལ་སོགས༤། དགུ་པ་ངོ་ཚ་ཤེས་པ་མཆོག་གི་ཁྱད་པར་ནི། རང་གི་སོགས༤། གཉིས་པ་བརྟན་པ་བཤད་པ་ལ་མདོར་རྒྱས་གཉིས། དང་པོ་ནི། བྱང་ཆུབ་སོགས༤། གཉིས་པ་ལ་གསུམ་སྟེ། དང་པོ་མཚན་ཉིད་ནི། བརྩོན་འགྲུས་སོགས༨། གཉིས་པ་རབ་དབྱེ་ནི། རང་བཞིན་སོགས༡༢། གསུམ་པ་མི་འགྱུར་བའི་དོན་ནི། ཕྱེ་མ་ལེབ་སོགས༤། གསུམ་པ་མི་སྐྱོ་བ་བཤད་པ་ལ་བཞི། དང་པོ་གཞི་ནི། བྱང་ཆུབ་སོགས༣། གཉིས་པ་རྟེན་ནི། ངོ་ཚ་སོགས༡། གསུམ་པ་ངོ་བོ་ནི། བྱང་ཆུབ་སོགས༡། བཞི་པ་དེའི་དབྱེ་བ་ནི། བློ་ལྡན་སོགས༣། བཞི་པ་བསྟན་བཅོས་ཤེས་པ་ནི། བརྟན་པའི་སོགས༨། ལྔ་པ་འཇིག་རྟེན་ཤེས་པ་ནི། བརྟན་རྣམས་སོགས༧། དྲུག་པ་རྟོན་པ་བཞི་བཤད་པ་ལ་གསུམ། དང་པོ་ངོ་བོ་ནི། གཙུག་ལག་སོགས༤། གཉིས་པ་མི་མཐུན་དགག་ཕྱོགས་བསྟན་པ་ནི། སྤོང་དང་སོགས༤། གསུམ་པ་སྒྲུབ་ཕྱོགས་བསྟན་པ་ནི། མོས་དང་སོགས༤། བདུན་པ་སོ་སོ་ཡང་དག་རིག་པ་བཞི་བཤད་པ་ལ་ལྔ་སྟེ། དང་པོ་སོ་སོ་ཡང་དག་རིག་པ་བཞིའི་རྣམ་གྲངས་ནི། རྣམས་གྲངས་སོགས༤། གཉིས་པ་གྲངས་ངེས་ནི། བརྟན་པ་སོགས༤། གསུམ་པ་དགོས་པ་ནི། ཆོས་ནི་སོགས༤། བཞི་པ་ངེས་ཚིག་ནི། མཉམ་ཉིད་སོགས༢། ལྔ་པ་བྱེད་ལས་ནི། ཐེ་ཚོམ་སོགས༢། བརྒྱད་པ་ལམ་གོང་ནས་གོང་དུ་བགྲོད་ཕྱིར་ཚོགས་གཉིས་བཤད་པ་ལའང་བཞི་ལས། དང་པོ་ཚོགས་གཉིས་གསོག་ཚུལ་ནི། བྱང་ཆུབ་སོགས༨། གཉིས་པ་ངེས་ཚིག་ནི། རྒྱུན་དུ་སོགས༢། གསུམ་པ་བྱེད་ལས་ནི། བརྟན་པའི་སོགས༢། བཞི་པ་ཚོགས་གཉིས་ཀྱི་དབྱེ་བ་ནི། འཇུག་དང་སོགས༤། དགུ་པ་ཚོགས་གཉིས་ཀྱི་རྒྱབ་དཔུང་འཁྱོལ་བ་ཞིག་གི་དྲན་པ་ཉེར་བཞག་སྒོམ་པ་ཁྱད་པར་བཅུའི་ཁྱད་པར་ནི། བློ་ལྡན་སོགས༡༢། བཅུ་པ་ཡང་དག་སྤོང་བཞི་བཤད་པ་ལ་གསུམ། དང་པོ་ཡང་དག་སྤོང་བཞི་སྤྱིའི་མཚན་ཉིད་ནི། བརྟན་པ་སོགས༤། གཉིས་པ་དབྱེ་བ་ནི། འཁོར་བ་སོགས༢། གསུམ་པ་ཇི་ལྟར་སྒོམ་ཚུལ་ནི། འདུན་པ་སོགས༤། བཅུ་གཅིག་པ་རྫུ་འཕྲུལ་གྱི་རྐང་བཞིའི་མཚན་ཉིད་བཞི་ལྡན་བཤད་པ་ལ། མདོར་བསྟན་པ་རྒྱས་པར་བཤད་པ་གཉིས། དང་པོ་ནི། བརྟན་པ་སོགས༨། གཉིས་པ་ལ་བཞི་ལས། དང་པོ་རྟེན་ནི། བསམ་གཏན་སོགས༡། གཉིས་པར་རབ་དབྱེ་ནི། རབ་ཏུ་སོགས། གསུམ་པ་ཐབས་དང་མངོན་པར་བསྒྲུབ་པ་མདོར་བསྟན་པ་ནི། ཐབས་རྣམས་བཞི་སོགས། བཞི་པ་དེ་གཉིས་རྒྱས་པར་བཤད་པ་ནི། མངོན་པར་སྒྲུབ་སོགས༡༠། བཅུ་གཉིས་པ་དབང་པོ་ལྔ་ལ་གཉིས། དང་པོ་གཞི་ནི། བྱང་ཆུབ་སོགས༣། གཉིས་པ་ངེས་ཚིག་ནི། དོན་སྒྲུབ་སོགས༡། བཅུ་གསུམ་པ་སྟོབས་ལྔ་ནི། དད་སོགས༤བཅུ་བཞི་པ་བྱང་ཆུབ་ཡན་ལག་བདུན་བཤད་པ་ལ་གསུམ། དང་པོ་ས་མཚམས་ནི། སར་ཞུགས་སོགས༤། གཉིས་པ་ཡན་ལག་བདུན་རྒྱལ་སྲིད་ཀྱི་དཔེའི་བསྟན་པ་ནི། ཤེས་བྱ་སོགས༢༠། གསུམ་པ་ཡན་ལག་ཏུ་འགྱུར་ཚུལ་ནི། རང་བཞིན་སོགས༤། བཅོ་ལྔ་པ་འཕགས་ལམ་ཡན་ལག་བརྒྱད་བཤད་པ་ནི། དེ་ཡི་སོགས༢། བཅུ་དྲུག་པ་ཞི་ལྷག་བཤད་པ་ལ་གཉིས། དང་པོ་ངོ་བོ་ནི། ཡང་དག་སོགས༤། གཉིས་པ་ཞི་ལྷག་དེ་ཡོན་ཏན་ཀུན་གྱི་རྗེས་སུ་འགྲོ་བའི་དབྱེ་བ་ནི། དེ་ནི་སོགས༨། བཅུ་བདུན་པ་ཐབས་ལ་མཁས་པ་ནི། སངས་རྒྱས་སོགས༨། བཅོ་བརྒྱད་པ་གཟུངས་བཤད་པ་ལ་གཉིས། དང་པོ་གཟུངས་ཀྱི་དབྱེ་བ་ནི། རྣམ་སྨིན་སོགས༨། གཉིས་པ་གཟུངས་ཀྱི་བྱེད་ལས་ནི། བྱང་ཆུབ་སོགས༤། བཅུ་དགུ་པ་སྨོན་ལམ་བཤད་པ་ལ་གཉིས། དང་པོ་ངོ་བོ་ནི། བརྟན་པ་སོགས༡༠། གཉིས་པ་བྱེད་ལས་ནི། རྣམ་དག་སོགས༢། ཉི་ཤུ་པ་ཏིང་ངེ་འཛིན་གསུམ་བཤད་པ་ལ་གསུམ་ལས། དང་པོ་ཏིང་ངེ་འཛིན་གྱི་དམིགས་པ་ནི། ཏིང་འཛིན་སོགས༦། གཉིས་པ་བློའི་རྣམ་པ་ནི། རྣམ་པར་སོགས༢། གསུམ་པ་དགོས་པ་ནི། ཡོངས་སུ་སོགས༤། ཉེར་གཅིག་པ་ཆོས་ཀྱི་སྡོམ་བཞི་བཤད་པ་ནི། སེམས་ཅན་སོགས༨། རྩ་བའི་ས་བཅད་གཉིས་པ་ལའང་གཉིས། དང་པོ་མི་རྟག་པ་སྤྱིར་སྒྲུབ་པ་ནི། མི་རུང་སོགས༨། གཉིས་པ་ལ་གཉིས། དང་པོ་ནང་གི་འདུས་བྱས་སྐད་ཅིག་མར་སྒྲུབ་པ་བཞི། དང་པོ་ཇེ་བས་སོགས༢༠། གཉིས་པ་ཕྱིའི་འདུས་བྱས་སྐད་ཅིག་མར་སྒྲུབ་པ་ནི། འབྱུང་བ་སོགས༡༢། རྩ་བའི་ས་བཅད་གསུམ་པ་ཆོས་ཐམས་ཅད་མེད་པར་སྒྲུབ་པ་ལའང་གསུམ་སྟེ། དང་པོ་དམ་བཅའ་བཞག་པ་ནི། གང་ཟག་སོགས༢། གཉིས་པ་སྒྲུབ་བྱེད་བསྟན་པ་ལ་གཉིས། དང་པོ་གང་ཟག་རྫས་ཡོད་སྤྱིར་དགགས་པ་ནི། མི་དམིགས་སོགས༨། གཉིས་པ་བརྗོད་དུ་མེད་པའི་བདག་བྱེ་བྲག་ཏུ་དགག་པ་ནི། གཅིག་དང་སོགས༢༠། གསུམ་པ་རྩོད་པ་སྤོང་བ་ནི། ཀུན་ནས་སོགས༨། རྩ་བའི་ས་བཅད་བཞི་པ་ནི། དེ་ལྟར་སོགས༤། ལེའུ་བཅུ་དགུ་པའི་ས་བཅད་དོ།། ༈ བཅུ་དགུ་པ་ཡོན་ཏན་གྱི་ལེའུ་ལའང་། སྒྲུབ་པའི་ཡོན་ཏན་དང་། བསྔགས་པའི་ཡོན་ཏན་གཉིས། དང་པོ་ལ་ཉེར་གཅིག་སྟེ། དང་པོ་ངོ་མཚར་ཆེ་བ་དང་། མི་ཆེ་བའི་རྣམ་པར་དབྱེ་བ་ལ་གསུམ་སྟེ། དང་པོ་རྒྱུའི་ངོ་མཚར་ཆེ་བ་ནི། རང་གི་སོགས༤། གཉིས་པ་འབྲས་བུ་ངོ་མཚར་ཆེ་བ་ནི། དེ་བཞིན་སོགས༤། གསུམ་པ་ངོ་མཚར་ཆེ་བ་མིན་པ་ནི། འདོད་ཆགས་སོགས༤། གཉིས་པ་མཉམ་པ་ཉིད་ལ་གཉིས་ཏེ། དང་པོ་སེམས་མཉམ་པ་ཉིད་བསྟན་པ་ནི། ཇི་ལྟར་སོགས༤། གཉིས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་མཉམ་ཉིད་བསྟན་པ་ནི། དོན་གཉེར་སོགས༤། གསུམ་པ་སྦྱོར་པ་ཕན་འདོགས་པ་ལ་གཉིས། དང་པོ་ཕན་འདོགས་སྤྱིར་བཤད་པ་ནི། སྟོང་ཉིད་སོགས༨། གཉིས་པ་ཕན་འདོགས་དཔེ་བདུན་གྱིས་བསྟན་པ་ལ་བདུན་ཏེ། དང་པོ་མ་དང་འདྲ་བ་ལས་ལྔས་ཕན་འདོགས་པ་ནི། གང་དག་སོགས༨། གཉིས་པ་ཕ་དང་འདྲ་བ་ནི། སེམས་ཅན་སོགས༨། གསུམ་པ་རྩ་ལག་དང་འདྲ་བ་ནི། གང་དག་སོགས༨། བཞི་པ་གྲོགས་བཟང་པོ་དང་འདྲ་བ་ནི། ཀུན་ནས་སོགས༨། ལྔ་པ་བྲན་དང་འདྲ་བ་ནི། གང་དག་སོགས༨། དྲུག་པ་སློབ་དཔོན་དང་འདྲ་བ་ནི། གང་དག་སོགས༨། བདུན་པ་མཁན་པོ་དང་འདྲ་བ་ལས་ལྔས་ཕན་འདོགས་པ་ནི། སེམས་ཅན་དོན་སོགས། བཞི་པ་ལན་དུ་ཕན་འདོགས་པ་ནི། ལོངས་སྤྱོད་སོགས༨། ལྔ་པ་དུས་རྟག་ཏུ་སྨོན་པ་ནི། རྟག་ཏུ་སོགས༤། དྲུག་པ་སྦྱོར་བ་ཆུད་མི་ཟ་བ་ནི། འཇིགས་སྤང་སོགས༤། བདུན་པ་ཡང་དག་པའི་སྦྱོར་བ་ནི། རེ་བ་སོགས༤། བརྒྱད་པ་ཡོངས་སུ་ཉམས་པ་དང་ཁྱད་པར་དག་གི་དབྱེ་བ་ནི། ལོངས་སྤྱོད་སོགས༨། དགུ་པ་བསྒོམ་པ་བཅོས་མ་དང་བཅོས་མ་མ་ཡིན་པའི་སྦྱོར་བ་ནི། སྤྲུལ་བ་དང་སོགས༡༠། བཅུ་པ་འདུལ་བ་རྣམ་པར་དབྱེ་བ་ནི། བློ་ལྡན་སོགས༤། བཅུ་གཅིག་པ་ལུང་བསྟན་ཐོབ་པ་ནི། གང་ཟག་སོགས༡༢། བཅུ་གཉིས་པ་ངེས་འགྱུར་ནི། བློ་ལྡན་སོགས༦། བཅུ་གསུམ་པ་གདོན་མི་ཟ་བར་བྱ་དགོས་པར་བསྟན་པ་ནི། མཆོད་བསབ་སོགས༦། བཅུ་བཞི་པ་དུས་རྟག་ཏུ་བྱ་བ་ནི། འདོད་པའི་སོགས༨། བཅོ་ལྔ་པ་བདག་ཉིད་གཙོ་བོའི་དངོས་པོ་ནི། ཆོས་སྦྱིན་སོགས༦། བཅུ་དྲུག་པ་གདགས་པ་རྣམ་པར་བཞག་པར་ལ་བཞི་ལས། དང་པོ་ཆོས་གདགས་པ་རྣམ་པར་བཞག་པ་ནི། མདོ་སོགས༤། གཉིས་པ་ཆོས་དེའི་དོན་གདགས་པ་རྣམ་པར་བཞག་པ་ནི། དེ་བཞིན་སོགས༢། གསུམ་པ་རིགས་པ་གདགས་པ་རྣམ་པར་བཞག་པ་ནི། རིགས་པ་སོགས༦། བཞི་པ་ཐེག་པའི་གདགས་པ་རྣམ་པར་བཞག་པ་ནི། བསམ་པ་སོགས༤། བཅུ་བདུན་པ་ཡོངས་སུ་ཚོལ་བ་ནི། མིང་དང་སོགས༤། བཅོ་བརྒྱད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ལ་བརྒྱད་ལས། དང་པོ་གཞི་མི་དམིགས་པར་རྟོགས་ཚུལ་ནི། ཐམས་ཅད་སོགས༤། གཉིས་པ་སྤང་བྱ་བག་ཆགས་གསུམ་སྣང་ཚུལ་ནི། འཆིང་བ་སོགས༤། གསུམ་པ་དེ་སྤོང་བྱེད་བསྟན་པ་ནི། མདུན་བཞག་སོགས༤། བཞི་པ་གནས་ངན་ལེན་གྱི་ས་བོན་ཟད་པར་བྱེད་པ་ནི། དེ་བཞིན་སོགས༤། ལྔ་པ་དབང་འབྱོར་པ་ནི། དེ་བཞིན་སོགས༤། དྲུག་པ་འཁྲུལ་བ་བསལ་ནས་ཡང་དག་པར་སྣང་ཚུལ་ནི། བྱིས་པ་སོགས༤། བདུན་པ་གནས་འགྱུར་ནི། དོན་མེད་སོགས༤། བརྒྱད་པ་བར་ཆད་སྤང་བ་ནི། དོན་ཆེན་སོགས༤། བཅུ་དགུ་པ་བཤད་པ་ལ་གཉིས། དང་པོ་བཤད་བྱའི་ཆོས་དཔག་མེད་ནི། ཡོངས་སྨིན་སོགས༤། གཉིས་པ་ཆོས་བཤད་པའི་འབྲས་བུ་ནི། བྱང་ཆུབ་སོགས༨། ཉི་ཤུ་པ་གང་ལ་ཞུགས་པའི་ཐེག་པ་ཆེན་པོ་ཆེ་བ་བདུན་ལྡན་ནི། དམིགས་པ་སོགས༨། ཉེར་གཅིག་པ་ཐེག་ཆེན་དེའི་དོན་བསྡུ་པ་ནི། རིགས་དང་སོགས༨། རྩ་བའི་ས་བཅད་གཉིས་པ་ལ་ལྔ་སྟེ། དང་པོ་སའི་སྒོ་ནས་བྱང་ཆུབ་སེམས་དཔའི་རྣམ་པར་དབྱེ་བ་ནི། གཅིག་ནི་སོགས༦། གཉིས་པ་བྱང་སེམས་ཀྱི་མཚན་ཉིད་དབྱེ་བ་ལ་དགུ་ལས། དང་པོ་ཕར་ཕྱིན་དང་མི་འབྲལ་བའི་བྱང་སེམས་ཀྱི་དབྱེ་བ་ནི། འདོད་སོགས༤། གཉིས་པ་གཞན་དོན་སྤྱོད་པའི་བྱང་སེམས་ནི། ཕན་འདོགས་སོགས༤། གསུམ་པ་མི་འགྱུར་བ་གནས་པའི་བྱང་སེམས་ནི། རང་གི་སོགས༤། བཞི་པ་མི་འཁྲུགས་ལྡན་པའི་བྱང་སེམས་ཀྱི་དབྱེ་བ་ནི། བརྩེ་དང་སོགས༤། ལྔ་པ་སྡུག་བསྔལ་ལས་ལེན་པའི་བྱང་སེམས་ནི། སྡུག་བསྔལ་སོགས༤། དྲུག་པ་ཐེག་ཆེན་གྱི་ཆོས་གཙོ་བོར་བྱེད་པའི་བྱང་སེམས་ནི། ཆོས་ལ་སོགས༤། བདུན་པ་བག་ཡོད་པའི་བྱང་སེམས་ནི། ལོངས་སྤྱོད་སོགས༤། བརྒྱད་པ་ངོ་ཚ་ཤེས་པའི་བྱང་སེམས་ནི། མ་གུས་སོགས༤། དགུ་པ་ཕན་འདོགས་པའི་བྱང་སེམས་ནི། འདི་དང་སོགས༤། གསུམ་པ་བྱང་སེམས་ཀྱི་མཚན་གྱི་རྣམ་གྲངས་ནི། བྱང་ཆུབ་སེམས་དཔའ་སོགས༨། བཞི་པ་རྟོགས་པའི་སྒོ་ནས་བྱང་སེམས་ཀྱི་ངེས་ཚིག་ནི། དེ་ཉིད་སོགས༢༠། ལྔ་པ་དུས་སོགས་ཀྱི་རྣམ་པར་དབྱེ་བ་བཅུ་གཅིག་གི་དོན་བསྡུ་བ་ནི། བློ་དང་སོགས༤། ལེའུ་ཉི་ཤུ་པའི་ས་བཅད་དོ།། ༈ ཉི་ཤུ་པ་མཐར་ཐུག་གི་འབྲས་བུ་བཤད་པ་ལའང་། གཞུང་དོན་དང་། མཇུག་ཡོངས་སུ་རྫོགས་པའི་བྱ་བ་བཤད་པ་དང་གཉིས། དང་པོ་ལའང་གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུ་དང་། མཇུག་བསྡུ་བ་དང་། གསུམ་ལས། དང་པོ་ལའང་བདུན་ཏེ། དང་པོ་སྤྱོད་ལམ་ཉམས་སུ་བླང་པའི་རྟགས་ནི། བརྩེ་དང་སོགས༨། གཉིས་པ་རྒྱུ་དེ་དང་ལྡན་པའི་རྟེན་གྱི་རབ་དབྱེ་ནི། བྱང་ཆུབ་སོགས༡༢། གསུམ་པ་དེ་ལ་བརྟེན་ནས་ལྷག་པའི་བསམ་པ་འགྱུར་ཚུལ་ནི། ས་རྣམས་སོགས༦། བཞི་པ་དེ་ལ་བརྟེན་ནས་སེམས་ཅན་རྗེས་སུ་འཛིན་ཚུལ་ནི། ས་རྣམས་སོགས༤། ལྔ་པ་དེ་ཕྱིར་སྐྱེ་བ་ལེན་ཚུལ་ནི། བློ་ལྡན་སོགས༤། དྲུག་པ་ས་བཤད་པ་ལ་མདོ་རྒྱས་གཉིས་ལས། དང་པོ་ནི། མཚན་ཉིད་སོགས༤། གཉིས་པ་རྒྱས་པར་བཤད་པ་ལ་བརྒྱད་དེ། དང་པོ་ས་སོ་སོའི་མཚན་ཉིད་ནི། སྟོང་པ་སོགས༨། གཉིས་པ་གང་ཟག་གི་རྣམ་བཞག་ནི། བྱང་ཆུབ་སེམས་དཔའ་སོགས༨། གསུམ་པ་བསླབ་པའི་ཁྱད་པར་ནི། ཆོས་ཉིད་སོགས༢༠། བཞི་པ་ཕུང་པོ་སྦྱོང་ཚུལ་གྱི་ཁྱད་པར་ནི། ཆོས་ཉིད་སོགས༨། ལྔ་པ་གྲུབ་པའི་ཁྱད་པར་ནི། ས་རྣམས་སོགས༡༢། དྲུག་པ་འཐོབ་པའི་རྟགས་ལ་གསུམ། དང་པོ་གྲུབ་པའི་རྟགས་ནི། སྣང་དང་སོགས༨། གཉིས་པ་ཕར་ཕྱིན་ཐོབ་པའི་རྟགས་ནི། འདུན་པ་སོགས༨། གསུམ་པ་ཞི་ལྷག་མཐར་ཕྱིན་པའི་རྟགས་ནི། ས་རྣམས་སོགས༤། བདུན་པ་ངེས་ཚིག་ལ་གཉིས་ལས། དང་པོ་ས་སོ་སོའི་ངེས་ཚིག་ནི། བྱང་ཆུབ་སོགས༣༢། གཉིས་པ་སྤྱིའི་ངེས་ཚིག་ནི། འབྱུང་པོ་སོགས༤། བརྒྱད་པ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་ནི། ས་ཐོབ་སོགས༤། བདུན་པ་སྤྱོད་པའི་དོན་བསྡུས་ལུང་དང་སྦྱར་བ་ནི། ལུས་ཅན་སོགས༦། རྩ་བའི་ས་བཅད་གཉིས་པ་མཐར་ཐུག་གི་འབྲས་བུ་ལ་ཉི་ཤུ་རྩ་གཅིག་སྟེ། དང་པོ་ཚད་མེད་བཞིའི་ཡོན་ཏན་ནི། སེམས་ཅན་རྣམས་སོགས༤། གཉིས་པ་རྣམ་ཐར། གསུམ་པ་ཟིལ་གནོན། བཞི་པ་ཟད་པར་བཅུའི་ཡོན་ཏན་ནི། ཐུབ་པ་སོགས༤། ལྔ་པ་ཉོན་མོངས་མེད་པ་ནི། སེམས་ཅན་སོགས༤། དྲུག་པ་སྨོན་ནས་མཁྱེན་པ་ནི། ལྷུན་གྱིས་སོགས། །བདུན་པ་སོ་སོ་ཡང་དག་རིགས་བཞི་ནི། རྟེན་དང་སོགས༤། བརྒྱད་པ་མངོན་ཤེས་དྲུག་ནི། གཤེགས་ནས་སོགས༤། དགུ་པ་མཚན་དཔེའི་ཡོན་ཏན་ནི། ལུས་ཅན་སོགས༤། བཅུ་པ་ཡོངས་སུ་དག་པའི་ཡོན་ཏན་བཞི་ནི། ལེན་དང་སོགས༤། བཅུ་གཅིག་པ་སྟོབས་བཅུའི་ཡོན་ཏན་ནི། ཐབས་དང་སོགས༤། བཅུ་གཉིས་པ་མི་འཇིགས་པ་བཞིའི་ཡོན་ཏན་ནི། རང་གཞན་སོགས༤། བཅུ་གསུམ་པ་བསྲུང་བ་མེད་པ་གསུམ་ནི། བསྲུང་མེད་སོགས༤། བཅུ་བཞི་པ་དྲན་པ་ཉེར་བཞག་གསུམ་ནི། ཀུན་ནས་སོགས༤། བཅོ་ལྔ་པ་བག་ཆགས་ཡང་དག་བཅོམ་པ་ནི། ཀུན་མཁྱེན་སོགས༤། བཅུ་དྲུག་པ་བསྙེལ་བ་མི་མངའ་བའི་ཡོན་ཏན་ནི། སེམས་ཅན་སོགས༤། བཅུ་བདུན་པ་སྐྱེ་ལ་ཐུགས་རྗེ་ཆེན་པོ་ནི། འཇིག་རྟེན་སོགས༤། བཅོ་བརྒྱད་པ་མ་འདྲེས་བཅོ་བརྒྱད་ཀྱི་ཡོན་ཏན་ནི། སྤྱོད་པ་སོགས༤། བཅུ་དགུ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། སྐུ་གསུམ་སོགས༤། ཉི་ཤུ་པ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་ཡོན་ཏན་ནི། འཛིན་པ་སོགས༤། ཉེར་གཅིག་པ་སངས་རྒྱས་ཀྱི་ཡོན་ཏན་ནི། དམ་པའི་སོགས༤། རྩ་བའི་ས་བཅད་གསུམ་པ་མཇུག་བསྡུ་བ་ནི། ཐེག་མཆོག་སོགས། གཉིས་པ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་ལའང་། གང་གིས་མཛད་པའི་མཛད་བྱང་། ལོ་ཙཱ་བའི་འགྱུར་བྱང་དང་། སྔ་འགྱུར་གྱི་འགྱུར་ལ་ཕྱིས་འགྱུར་བཅོས་ལེགས་པར་བྱས་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པའོ། །དང་པོ་ནི། ཐེག་པ་ཆེན་པོ་སོགས། གཉིས་པ་ནི། རྒྱ་གར་སོགས། གསུམ་པ་ནི། སླད་ཀྱི་སོགས། ས་བཅད་འདི་དཔལ་སྤྲུལ་རིན་པོ་ཆེའི་གསུང་རྒྱུན་རྒྱ་རོང་སྤྲུལ་སྐུས་ཟིན་བྲིས་སུ་བྲིས་པ་ལགས།