གཅིག་ཆོག་ནོར་བུའི་ལུགས་ཀྱི་གསོལ་འདེབས།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-048
Wylie title gcig chog nor bu'i lugs kyi gsol 'debs
Location 'jigs gling bka' 'bum
Volume 8, Text 48, Pages 813 (Folios 1a1 to 1a6)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Gcig chog nor bu'i lugs kyi gsol 'debs. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 813. New Delhi: Shechen Publications, 2025.
Genre Supplications - gsol 'debs
Colophon

།ཅེས་པའང་དཔལ་ལྡིངས་རྗེ་བཙུན་དྲུང་གི་གསུང་ངོར་གསང་སྔགས་ཀྱི་ཉེ་ལམ་དང་བསྟུན་ནས་རང་བྱུང་རྡོ་རྗེས་སོ།།

ces pa'ang dpal ldings rje btsun drung gi gsung ngor gsang sngags kyi nye lam dang bstun nas rang byung rdo rjes so//

[edit]
༄༅། །གཅིག་ཆོག་ནོར་བུའི་ལུགས་ཀྱི་གསོལ་འདེབས་བཞུགས། མཚན་ཉིད་ཀུན་ལྡན་བླ་མ་ནི། །དུས་གསུམ་སངས་རྒྱས་འདུས་པའི་དཔལ། །རང་སེམས་ཆོས་སྐུར་ངོ་སྤྲོད་པ། །གང་ལ་གསོལ་བ་སྙིང་ནས་འདེབས། །ས་ལམ་འབྲས་བུའི་ཡོན་ཏན་ཀུན། །བླ་མའི་བྱིན་རླབས་ཁོ་ན་ལས། །འབྱུང་བའི་མཚན་ཉིད་མ་རྟོགས་པར། །བསྐྱེད་རྫོགས་བཟླས་བརྗོད་མྱུར་ལམ་དུ། །རེ་བའི་རྨོངས་པ་ལམ་ནོར་རྣམས། །བླ་མ་མི་རུ་མཐོང་བས་དྲེད། །འདི་དང་ཕྱི་མ་བར་དོ་རུ། །བསླུ་བ་མེད་པ་མོས་གུས་གནད། །དེ་ཕྱིར་བླ་མ་སངས་རྒྱས་སུ། །མཐོང་ནས་བྱིན་རླབས་འཇུག་པར་ཤོག །འཆི་བའི་དུས་ལ་བབ་ཀྱང་སླ། །སྲིད་པ་རུ་ལོག་གྱུར་ཀྱང་སླ། །སྤྱོད་པ་ཐང་ལྷོད་གྱུར་ཀྱང་སླ། །ཅི་མཛད་ལེགས་པར་མཐོང་བ་ཡི། །མོས་གུས་དཀར་པོ་གཅིག་ཐུབ་འདི། །ཐབས་ཀྱི་ནང་ནས་ཐབས་མཆོག་ཡིན། །རྟོགས་པ་མཆོག་ལྡན་གྱི་བླ་མ་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་པ་ལས། །ས་ལམ་ཡོན་ཏན་མཐར་ཕྱིན་ནས། །འཁོར་བ་དོང་ནས་སྤྲུག་པར་ཤོག །ཅེས་པའང་དཔལ་ལྡིངས་རྗེ་བཙུན་དྲུང་གི་གསུང་ངོར་གསང་སྔགས་ཀྱི་ཉེ་ལམ་དང་བསྟུན་ནས་རང་བྱུང་རྡོ་རྗེས་སོ།། །།