JKW-KABUM-16-MA-021

From Khyentse Lineage - A Tsadra Foundation Project

‎‎

སྔགས་སྲུང་མའི་གཏོར་བསྔོས་ཉེར་བསྡུས།
Wylie title sngags srung ma'i gtor bsngos nyer bsdus JKW-KABUM-16-MA-021.pdf
Location mkhyen brtse'i bka' 'bum
Volume 16, sde tshan 21, Pages 141-143 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jam dbyangs mkhyen brtse'i dbang po. sngags srung ma'i gtor bsngos nyer bsdus. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 16: 141-143. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Dedications - bsngo ba  ·  Protector Rituals - gsol mchod  ·  Torma-offering Rituals - gtor chog
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity e ka dzA TI
Colophon

།ཞེས་པའང་རིག་འཛིན་གྱི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་བཀྲ་ཤིས་ཟླ་གམ་དབང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།།

zhes pa'ang rig 'dzin gyi btsun pa mtsho skyes bla ma dgyes pa'i 'bangs kyis bkra shis zla gam dbang phug tu bris pa dge legs 'phel//__//sarba mang+ga laM//

[edit]
༄༅། །དཔལ་སྔགས་ཀྱི་སྲུང་མའི་གཏོར་བསྔོ་ཉེར་བསྡུས་བཞུགས་སོ།།

ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། དཔལ་སྔགས་ཀྱི་སྲུང་མའི་གཏོར་འབུལ་ཁྱེར་བདེ་ནི། ཇི་ལྟར་འབྱོར་བའི་གཏོར་མ་རྃ་ཡྃ་ཁྃ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊཱི་སྣང་སྲིད་མ་མོ་བྱེ་བའི་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། རྟེན་ཡོད་ན། ཛཿཧཱུྃ་བྃ་ཧོཿས་བསྟིམ། ས་མ་ཡ་ཏིཥྛནྟུ། ཞེས་པས་བརྟན་པར་བཞུགས་སུ་གསོལ། ཨོཾ་ཏྲཀ་རཀྴ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། ཨ་མྲྀ་ཏ་རཀྟ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། རྡོར་ཐལ་ཁ་གྱེན་དུ་ཕྱེ་ནས། ཨོཾ་རོ་རུ་ཨེ་ཀ་ཛ་ཊཱི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། མ་མོ་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པས་མཆོད་པ་དམ་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག ཅེས་ཕྲིན་ལས་གསོལ། བསྟོད་ཅིང་བསྐུལ་བ་ནི། བྷྱོཿ ཀུན་བཟང་ཐུགས་ཀྱི་སྤྲུལ་པ་ཁྲག་འཐུང་ཡུམ། །ཡེ་ཤེས་མ་མོ་རྡོ་རྗེ་རལ་གཅིག་མ། །གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ། །སྡེ་ལྔ་འཁོར་ཚོགས་ཕོ་ཉར་བཅས་ལ་བསྟོད། །བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་བཟོད་དཀའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་ལུས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་དགྱེས་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་པོ་ས་མ་ཡ། དེ་ནས་རྟེན་ཡོད་ན། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱས་བརྟན་བཞུགས་དང་། མེད་ན། བཛྲ་མུཿས་གཤེགས་སུ་གསོལ་བར་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་བཀྲ་ཤིས་ཟླ་གམ་དབང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།།

[edit]

sngags srung ma'i gtor bsngos nyer bsdus/ @#/_/dpal sngags kyi srung ma'i gtor bsngo nyer bsdus bzhugs so// na mo gu ru shrI he ru kA ya/__dpal sngags kyi srung ma'i gtor 'bul khyer bde ni/__ji ltar 'byor ba'i gtor ma ra~M ya~M kha~M gis bsang sbyang /__oM AHhU~M hoHsa brlab/__rang gi snying ga nas 'od zer 'phros pas dpal sngags kyi srung ma e ka dza TI snang srid ma mo bye ba'i tshogs 'khor dang bcas pa badz+ra sa mA dzaHsa spyan drang /__rten yod na/__dzaHhU~M ba~M hoHsa bstim/__sa ma ya tiSh+Than+tu/__zhes pas brtan par bzhugs su gsol/__oM traka rak+sha sa pa ri wA ra ar+g+haM nas/__shab+da'i bar dang /__a mr-i ta rak+ta pany+tsa kA ma gu Na pra tI ts+tsha swA hAs mchod/__ye shes kyi ma mo 'khor dang bcas pa'i ljags rdo rje'i sbu gu can gyi 'od zer gyis gtor ma'i bcud drangs te gsol bar bsams la/__rdor thal kha gyen du phye nas/__oM ro ru e ka dza TI snying kha rak+mo ru lu ru lu hU~M b+h+yo hU~M dzaHdzaHsa pa ri wA ra i daM ba liM ta kha kha khA hi khA hi/__gsum mam bdun gyis gtor ma phul la/__ma mo sngags kyi srung ma 'khor dang bcas pas mchod pa dam pa 'di bzhes la/__sangs rgyas kyi bstan pa srungs/__dkon mchog gi dbu 'phang bstod/__dge 'dun dang chos kyi rgyal srid skyongs/__'jig rten gyi rgud pa sol/__sems can gyi phan bde spel/__rnal 'byor pa rnams kyi stong grogs mdzod/__sngags 'chang rnams kyi phrin las sgrubs/__sdang ba'i dgra thul/__gnod pa'i bgegs choms/__khyad par dam tshig 'dir 'dus pa rnams kyi phyi nang gsang ba'i 'gal rkyen zhi ba dang /__mthun rkyen smon pa'i legs tshogs thams cad 'phel zhing rgyas pa dang /__mchog thun mong gi dngos grub ma lus pa myur du 'grub pa'i phrin las mdzod cig__ces phrin las gsol/__bstod cing bskul ba ni/__b+h+yoH__kun bzang thugs kyi sprul pa khrag 'thung yum/__/ye shes ma mo rdo rje ral gcig ma/__/gsang sngags bka' yi srung ma mthu mo che/__/sde lnga 'khor tshogs pho nyar bcas la bstod/__/bskal pa'i me ltar 'bar ba'i dur khrod na/__/shin tu bzod dka'i smug nag khros ma ni/__/nam mkha'i lus can lho sprin gos su gyon/__/tsit+ta za zhing dam nyams snying khrag 'dren/__/zhing chung dbyug pas dgra snying tshal par 'gems/__/'jigs byed chen po ral pa'i thor tshugs can/__/dpral na mig gcig srid gsum khungs nas 'byin/__/zhal na tshems gcig dgra bo'i srog gcod ma/_/brang na nu gcig sgrub mchog bu bzhin skyong /__/sha khrag longs spyod dmar gtor 'di gsol la/__/dam tshig dbang gis dam nyams gshed ma mdzod/__/ma mo srog la dgyes phyir 'di gsol la/__/bdag gis bcol pa'i phrin las sgrub par mdzod/__/dam tshig dus la bab po sa ma ya/__de nas rten yod na/__oM su pra tiSh+Tha badz+rA ya swA hAs brtan bzhugs dang /__med na/__badz+ra muHsa gshegs su gsol bar bya'o/__/zhes pa'ang rig 'dzin gyi btsun pa mtsho skyes bla ma dgyes pa'i 'bangs kyis bkra shis zla gam dbang phug tu bris pa dge legs 'phel//__//sarba mang+ga laM//

Footnotes[edit]

Other Information[edit]