བླ་མ་གསང་བ་འདུས་པའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ།

From Khyentse Lineage - A Tsadra Foundation Project
JKW-KABUM-13-PA-023-002
Wylie title bla ma gsang ba 'dus pa'i rgyun khyer snying por dril ba JKW-KABUM-13-PA-023.pdf
Location mkhyen brtse'i bka' 'bum
Volume 13, sde tshan 23, Text 2, Pages 466-473 (Folios 2b4 to 6a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön གུ་རུ་ཆོས་ཀྱི་དབང་ཕྱུག་ (Gu ru chos kyi dbang phyug)
Citation 'jam dbyangs mkhyen brtse'i dbang po. bla ma gsang ba 'dus pa'i rgyun khyer snying por dril ba. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 13: 466-473. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Daily Practice - rgyun khyer
Cycle བླ་མ་གསང་བ་འདུས་པ་ (bla ma gsang ba 'dus pa)
Deity pad+ma 'byung gnas
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-CHA-002
Colophon
  • Colophon page 471: །ཅེས་པའང་རང་གཞན་རྣམས་ཀྱིས་རྒྱུན་གྱི་རྣལ་འབྱོར་ཁྱེར་བདེ་བའི་ཕྱིར་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནས་སྐས་ཅན་ནས་སྤྱན་དྲངས་པའི་གཏེར་གཞུང་རྩ་བ་ལས་ངག་འདོན་སྙིང་པོར་དྲིལ་བ་འདི་ཡང་། རིག་འཛིན་གྱི་བཙུན་པ་མཉྫཱུ་གྷོ་ཥས་སྦྱར་བའི་དགེ་བས་འགྲོ་ཀུན་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པའི་རྒྱུར་གྱུར་ཅིག
  • Colophon page 471: ces pa'ang rang gzhan rnams kyis rgyun gyi rnal 'byor khyer bde ba'i phyir gter ston grub thob thams cad kyi rgyal po gu ru chos kyi dbang phyug gis lho brag gnas skas can nas spyan drangs pa'i gter gzhung rtsa ba las ngag 'don snying por dril ba 'di yang /__rig 'dzin gyi btsun pa many+dzU g+ho Shas sbyar ba'i dge bas 'gro kun o rgyan rdo rje 'chang chen po'i go 'phang tshe 'di nyid la thob pa'i rgyur gyur cig

1 Texts in this Section (sde tshan or chos tshan)

[edit]
༄༅། །བླ་མ་གསང་བ་འདུས་པའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ། ན་མོ་གུ་རུ་བྷྱཿ འདིར་རྩ་གསུམ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེའི་ཐུགས་སྒྲུབ་ཐམས་ཅད་ཀྱི་མཐར་ཐུག་པ་བླ་མ་གསང་བ་འདུས་པའི་ཉམས་ལེན་མདོར་བསྡུས་པའི་རིམ་པ་ལ། སྔོན་འགྲོ་སྐྱབས་སེམས་ནི། སྐྱབས་ཡུལ་གསལ་བཏབ་སྟེ། ན་མོཿ བླ་མ་བདེ་གཤེགས་འདུས་པའི་སྐུཿ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོཿ ལན་གསུམ་དངོས་གཞི་ལྷ་བསྒོམ་པ་ནི། ཨོཾ། ཆོས་སྐུ་མི་འགྱུར་རྡོ་རྗེའི་སེམས༔ པདྨ་རྒྱལ་པོ་འདི་སྐད་སྨྲ༔ དང་པོ་ཆོས་རྣམས་དམིགས་མེད་ཅིང་༔ སྨྲ་བརྗོད་བྲལ་བ་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཨཱཿ བློ་བྲལ་དེ་ཡི་ངང་ཉིད་ལསཿ སེམས་ཅན་ཀུན་ལ་ཁྱབ་པ་ཡིཿ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ ཧཱུྃཿ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ འགྲོ་དོན་དཔག་མེད་བྱེད་པའི་སླདཿ རང་རིག་གསེར་གྱི་རྡོ་རྗེར་བསྒོམ༔ རྡོ་རྗེའི་འོད་ལས་གཞལ་ཡས་ཁང་༔ པདྨ་རིན་ཆེན་འབར་བར་སྤེལཿ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ ལྟེ་དབུས་ཉི་ཟླ་པདྨའི་སྟེང་༔ རྡོ་རྗེ་གནས་གྱུར་དྲན་རྫོགས་སུཿ རྟ་མགྲིན་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་དབུ་ཡི་གཙུག༔ རྟ་མགོ་རྟ་སྐད་ཕྱོགས་བཅུར་སྒྲོགསཿ ཕྱག་གཡས་དབང་སྡུད་གྲི་གུག་འཕྱར༔ ཕྱག་གཡོན་ཐོད་པ་ཁྲག་བཀང་གསོལ༔ རུས་པའི་རྒྱན་དྲུག་ཁ་ཊྭཱཾ་བསྣམསཿ གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ ཉི་ཟླ་པད་སྟེང་འགྱིང་ཞིང་བརྗིད༔ གཡོན་ནས་རྡོ་རྗེ་ཕག་མོས་འཁྱུད༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུགཿ ཕག་ཞལ་མཐིང་ག་ངུར་སྒྲ་སྒྲོགས༔ གཞོན་ཚུལ་ནུ་མ་བྷ་ག་རྒྱསཿ བསྐལ་པའི་མེ་ཕུང་ཀློང་ན་བཞུགས༔ འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ དེ་ཉིད་སྤྱི་གཙུག་ཉི་ཟླའི་སྟེང་༔ པདྨ་གེ་སར་སྙིང་པོ་ལ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དེ་ཡི་འཕང་གཡོན་རིག་མ་ནིཿ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ པད་མདོག་ནུ་མ་བྷ་ག་རྒྱས༔ རིན་ཆེན་རུས་རྒྱན་ཅོད་པན་ཅན༔ ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུདཿ ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ སྐུ་མདོག་དཀར་དམར་འཛུམ་མདངས་ཅནཿ སྐྲ་གྲོལ་གཅེར་བུ་འོད་ལྡན་བསམཿ ཕྱོགས་བཞིར་རིགས་བཞིའི་ཐོད་ཕྲེང་རྩལ༔ དཀར་སེར་དམར་དང་ལྗང་གུའི་མདོགཿ ལས་བཞི་བསྒྲུབ་ཕྱིར་མོས་པས་བསྐྱེད༔ ཁོར་ཡུག་འཇའ་ཡི་དྲ་བར་བསྒོམཿ ཕྱོགས་མཚམས་རིན་ཆེན་ཟུར་བརྒྱད་ཀྱིཿ འཛུམ་སྟེང་བར་སྣང་འཇའ་འོད་ཀློངཿ སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ༔ ཧྲཱིཿ ཕོ་བྲང་ཕྱོགས་བཞིར་པད་འདབ་བཞི༔ དཀར་སེར་དམར་ལྗང་རིན་ཆེན་འབྲུའི༔ ནང་ཁང་ཞིང་གི་གདན་བཞི་ལ༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་རྣམས༔ གཙོ་བོ་ཡབ་ཡུམ་གཉིས་ལྟར་བསྐྱེད༔ སྣ་ཚོགས་པད་འཁོར་ཕྱི་མ་ལཿ བདག་སྐྱོབ་ལྷ་དང་རིག་འཛིན་དང་༔ ༔རིགས་འདུས་མཁའ་འགྲོ་ཆོས་སྐྱོང་རྣམས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་དང་གར་བྱེད་རོལ་མོ་སྒྲོགསཿ འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ ཆར་སྤྲིན་གཏིབས་པ་ལྟ་བུར་བསྐྱེད༔ དུ་མ་སྣང་ཡང་ངང་དུ་གཅིག༔ བཟླས་པ་བྱ་བ་ནི། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེཿ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམཿ ཞེས་པའི་དགོངས་པ་སྲོག་ཏུ་བཟུང་ནས། སྤྱི་བོའི་བླ་མ་ལ་སེམས་རྩེ་གཅིག་པའི་མོས་གུས་གདུང་ཤུགས་དྲག་པོས༡། ༢ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་འདེབས་ཀྱི་ཚུལ་དུ་བཟླ་ཞིང་། དབང་བཞི་ལེན་པའི་དམིགས་གནད་དང་སྦྱར་ཏེ། ༤ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བཟླས་མཐར་ཐོད་ཕྲེང་རྩལ་རང་ལ་ཐིམ་པས་རང་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པའི་ང་རྒྱལ་དང་བཅས་ཏེ་སེམས་རྩེ་གཅིག་པས་ཀྱང་བཟླ་བ་དང་། རང་གི་ཐུགས་ཀའི་འོད་ཀྱིས་རིགས་བཞིའི་ཐོད་ཕྲེང་བསྐུལ་བས་སྐུ་དང་འོད་ཟེར་གྱི་སྤྲོ་བསྡུས་ཕྲིན་ལས་གང་འདོད་བསྒྲུབ་པར་བསམ་ལ། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿསརྦ་སིདྡྷི་ཤནྟིང་པུཥྟིང་བཱ་ཤཾ་མཱ་ར་ཡ་རྦད༔ ཅེས་པའང་ཅུང་ཟད་བཟླའོ། ༦།ཐུན་མཐར་ཉེར་བསྡུ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམཿ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་སྤྱི་བོའི་བླ་མ་ལ་འདུས་ཤིང་། དེ་ཉིད་རང་ལ་བསྟིམ་ནས་གཉིས་མེད་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་ངོ་། །བསྔོ་སྨོན་ནི། ཨེ་མ་ཧོཿ བདག་གིས་འགྲོ་བ་ཀུན་དོན་དུ༔ བསྐལ་པ་དཔག་མེད་ཚུན་ཆད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ བླ་མ་སྐྱེས་མཆོག་ཡི་དམ་ལྷ༔ སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགསཿ བསྒོམས་བསྒྲུབས་མཆོད་ཅིང་བསྟོད་པ་དངཿ བྲིས་བཀླགས་བཅངས་ཤིང་ཀུན་ཆུབ་བགྱིས༔ ལྟ་དགོངས་ལ་སོགས་དགེ་སྤྱད་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རབ་རྫོགས་ཤིང་༔ དུས་གསུམ་ཕ་མས་སྣ་དྲངས་པའིཿ འགྲོ་དྲུག་སེམས་ཅན་མ་ལུས་ཀུནཿ བླ་མ་མཆོག་གིས་རྗེས་བཟུང་ནས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་དང་། ཤེས་བྱའི་དོན་ལ་མ་རྨོངས་པའིཿ བླ་མ་དམ་པའི་བཀྲ་ཤིས་ཤོགཿ གང་ལ་བསམ་པའི་དོན་འགྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །ཅེས་པའང་རང་གཞན་རྣམས་ཀྱིས་རྒྱུན་གྱི་རྣལ་འབྱོར་ཁྱེར་བདེ་བའི་ཕྱིར་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནས་སྐས་ཅན་ནས་སྤྱན་དྲངས་པའི་གཏེར་གཞུང་རྩ་བ་ལས་ངག་འདོན་སྙིང་པོར་དྲིལ་བ་འདི་ཡང་། རིག་འཛིན་གྱི་བཙུན་པ་མཉྫཱུ་གྷོ་ཥས་སྦྱར་བའི་དགེ་བས་འགྲོ་ཀུན་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པའི་རྒྱུར་གྱུར་ཅིག ། ༈

སྤྲོ་ན་བཟླས་པའི་སྐབས་གསོལ་འདེབས། ༢ ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བླ་མ་རྡོ་རྗེ་སེམས་དཔའ་ཆེ༔ རེ་ཞིང་ལྟོས་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པསཿ བླ་མེད་མཆོག་གི་དངོས་གྲུབ་སྩོལཿ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་རློབས་ལ༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ༡༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་དང་། དབང་བཞི་ལེན་པའི་སྐབས། བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམཿ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས༔ བྱིན་གྱིས་རླབས་ནས་དབང་བཞི་ཐོབ་པར་གྱུར༔ ༣ཞེས་སྦྱར་ཞིང་། ཐོད་ཕྲེང་རྩལ་བཟླ་བ་ལ་འཇུག་གོ། ། ༈

ཚེ་སྒྲུབ་དམིགས་བསལ་བྱེད་ན་འཕྱང་དྲུག་གི་ནང་ཚན་ཚེ་སྒྲུབ་གྱི་འཕྱང་ཉམས་སུ་བླངས་ཏེ། དེ་ཡང་ལས་སྦྱོར་གྱི་བཟླས་པའི་མཇུག་ཏུ། རང་གི་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བླ་མ་མགོན་པོ་ཚེ་དཔག་མེད་ཀྱི་ངོ་བོ། ཨོཾ་རྒྱན་པདྨ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར། ཨོཾ་གུ་རུ་ཨ་པ་རི་མི་ཏཱ་ཨཱ་ཡུརྫྙཱ་ན་ཨརྒྷཾ་སོགས་དང་ཨོཾ་ཨཱཿཧཱུྃ་གིས་ཕྱི་ནང་གི་མཆོད་པ་འབུལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུར་སིདྡྷི་ཧཱུྃ། ཨཱ་ཡུ་ཥེ་ས་ར་ཧེ་ཀ་ར་རེ་ཤུདྡྷེ་ཧཱུྃ་ཨཱཿ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། རང་གི་སྙིང་གར་ཚེའི་དྭངས་མ་ཨཱཿདཀར་པོ་གཅིག་བསམ། རླུང་སྣ་བུག་གཡོན་ནས་དྲངས་པས་བུམ་པའི་བདུད་རྩི་དཀར་ནར་གྱིས་སྣ་བུག་གཡོན་ནས་བྱུང་ཁོང་པའི་ནང་དུ་སོང་བས་ལུས་ཐམས་ཅད་གང་། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱཿ ཞེས་བཟླ། རླུང་ཕྱིར་འབྱིན་པའི་ཚེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་སྤུའི་བུ་ག་ནས་ཐོན་པར་བསམ། མཐར་མདུན་གྱི་གུ་རུ་ཉིད་རང་གི་སྙིང་ཁའི་ཨཿལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པར་གྱུར་ཅེས་བརྗོད་ཅིང་བསམ། མཐར་ཉེར་བསྡུ་སོགས་དཀྱུས་བཞིན་ནོ། ། ༈
[edit]

bla ma gsang ba 'dus pa'i rgyun khyer snying por dril ba/ @#/_/bla ma gsang ba 'dus pa'i rgyun khyer snying por dril ba bzhugs so/__na mo gu ru b+h+yaH__'dir rtsa gsum kun 'dus o rgyan rin po che'i thugs sgrub thams cad kyi mthar thug pa bla ma gsang ba 'dus pa'i nyams len mdor bsdus pa'i rim pa la/__sngon 'gro skyabs sems ni/__skyabs yul gsal btab ste/__na moH__bla ma bde gshegs 'dus pa'i skuH__dkon mchog gsum gyi rang bzhin la:__bdag dang 'gro drug sems can rnams:__byang chub bar du skyabs su mchi:__sems bskyed 'gro ba kun don du:__bla ma sangs rgyas bsgrubs nas su:__gang la gang 'dul phrin las kyis:__'gro ba bsgral bar dam bca' 'oH__lan gsum dngos gzhi lha bsgom pa ni/__oM/__chos sku mi 'gyur rdo rje'i sems:__pad+ma rgyal po 'di skad smra:__dang po chos rnams dmigs med cing :__smra brjod bral ba rdzogs pa che:__blo 'das chos sku mi 'gyur ba'i:__de bzhin nyid kyi ting 'dzin bsgom:__AH__blo bral de yi ngang nyid lasaH__sems can kun la khyab pa yiH__brtse ba'i snying rje chen po bsgom:__hU~MH__stong nyid snying rje'i ngang nyid las:__'gro don dpag med byed pa'i sladaH__rang rig gser gyi rdo rjer bsgom:__rdo rje'i 'od las gzhal yas khang :_pad+ma rin chen 'bar bar spelaH__'ja' tshon bres pa lta bu'i nang :__lte dbus nyi zla pad+ma'i steng :__rdo rje gnas gyur dran rdzogs suH__rta mgrin dbang chen sku mdog dmar:__zhal gcig phyag gnyis dbu yi gtsug:__rta mgo rta skad phyogs bcur sgrogasaH__phyag g.yas dbang sdud gri gug 'phyar:__phyag g.yon thod pa khrag bkang gsol:__rus pa'i rgyan drug kha T+wAM bsnamasaH__g.yas bskum g.yon brkyang bdud bzhi brdzis:__nyi zla pad steng 'gying zhing brjid:__g.yon nas rdo rje phag mos 'khyud:__cha lugs yab 'dra spyi bo'i gtsugaH__phag zhal mthing ga ngur sgra sgrogs:__gzhon tshul nu ma b+ha ga rgyasaH__bskal pa'i me phung klong na bzhugs:__'od zer rdo rje'i tshwa tshwa 'phro:__de nyid spyi gtsug nyi zla'i steng :__pad+ma ge sar snying po la:__bdag nyid pad+ma thod phreng rtsal:__rdo rje sems dpa'i cha lugs can:__mthing nag zhal gcig phyag gnyis pa:__gcer bu spyan gsum rus rgyan can:__phyag g.yas rdo rje thugs kar 'dzin:__phyag g.yon dril bu yum la 'khyud:__zhabs gnyis rdo rje skyil krung bzhugs:__de yi 'phang g.yon rig ma niH__ye shes mkha' 'gro mtsho rgyal ma:__bcu drug lon pa'i gzhon tshul can:__pad mdog nu ma b+ha ga rgyas:__rin chen rus rgyan cod pan can:__phyag g.yas yab kyi mgul nas 'khyudaH__phyag g.yon thod pa'i bdud rtsi stob:__zhabs gnyis yab kyi sked la 'khril:__sku mdog dkar dmar 'dzum mdangs canaH__skra grol gcer bu 'od ldan bsamaH__phyogs bzhir rigs bzhi'i thod phreng rtsal:__dkar ser dmar dang ljang gu'i mdogaH__las bzhi bsgrub phyir mos pas bskyed:__khor yug 'ja' yi dra bar bsgomaH__phyogs mtshams rin chen zur brgyad kyiH__'dzum steng bar snang 'ja' 'od klongaH__sprul pa'i gu ru mtshan brgyad gsal:__hrIH__pho brang phyogs bzhir pad 'dab bzhi:__dkar ser dmar ljang rin chen 'bru'i:__nang khang zhing gi gdan bzhi la:__rdo rje rin chen pad+ma dang :__las kyi mkha' 'gro yab yum rnams:__sku mdog rigs kyi kha dog la:__'khril sbyor rgyan dang cha lugs rnams:__gtso bo yab yum gnyis ltar bskyed:__sna tshogs pad 'khor phyi ma laH__bdag skyob lha dang rig 'dzin dang :__:rigs 'dus mkha' 'gro chos skyong rnams:__dngos grub ster zhing bar chad sel:__glu dang gar byed rol mo sgrogasaH__'dod yon mchod pa sna tshogs stob:__char sprin gtibs pa lta bur bskyed:__du ma snang yang ngang du gcig:__bzlas pa bya ba ni/__snang srid gzhal yas bla ma lha:__thams cad phyag rgya'i dkyil 'khor cheH__dper na chu zla 'ja' tshon ltar:__snang la rang bzhin med par bsgomaH__zhes pa'i dgongs pa srog tu bzung nas/__spyi bo'i bla ma la sems rtse gcig pa'i mos gus gdung shugs drag pos1/__2_oM AHhU~M badz+ra gu ru pad+ma sid+d+hi hU~M:__zhes gsol 'debs kyi tshul du bzla zhing /__dbang bzhi len pa'i dmigs gnad dang sbyar te/__4_oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHsid+d+hi pha la hU~M A:__zhes bzlas mthar thod phreng rtsal rang la thim pas rang thod phreng rtsal gyi skur gyur pa'i nga rgyal dang bcas te sems rtse gcig pas kyang bzla ba dang /__rang gi thugs ka'i 'od kyis rigs bzhi'i thod phreng bskul bas sku dang 'od zer gyi spro bsdus phrin las gang 'dod bsgrub par bsam la/__hrIHma ha ri ni sa ra tsa hrI ya tsit+ta hrIng hrIng dzaHsarba sid+d+hi shan+ting puSh+ting bA shaM mA ra ya rbad:__ces pa'ang cung zad bzla'o/__6/thun mthar nyer bsdu ni/__bla ma rdo rje sems dpa' nyid:__dgyes pa chen pos rang la thimaH__rang yang kun gzhi ma bcos pa'i:__ngang la yid ni 'dzin pa bral:__rnam dag spros bral chos kyi sku:__zhes pas dkyil 'khor gyi 'khor lo thams cad spyi bo'i bla ma la 'dus shing /__de nyid rang la bstim nas gnyis med spros bral blo 'das kyi dgongs pa bskyang ngo /__/bsngo smon ni/__e ma hoH__bdag gis 'gro ba kun don du:__bskal pa dpag med tshun chad nas:__tha ma da ltar thug gi bar:__bdag gi lus ngag yid gsum gyis:__bla ma skyes mchog yi dam lha:__sangs rgyas byang sems DA ki'i tshogasaH__bsgoms bsgrubs mchod cing bstod pa dngaH__bris bklags bcangs shing kun chub bgyis:__lta dgongs la sogs dge spyad pa'i:__'bras bu dus 'dir smin gyur nas:__kun mkhyen ye shes mchog thob shog:__gzhan yang phyogs bcu dus gsum gyi:__bla ma'i thugs dgongs rab rdzogs shing :__dus gsum pha mas sna drangs pa'iH__'gro drug sems can ma lus kunaH__bla ma mchog gis rjes bzung nas:__yang dag rdo rje'i don rtogs shog:__ces dang /__shes bya'i don la ma rmongs pa'iH__bla ma dam pa'i bkra shis shogaH__gang la bsam pa'i don 'grub pa'i:__don grub mchog gi bkra shis shog:__sku gsung thugs kyi b+ha ga nas:__phyag rgya chen po'i bkra shis shog:__ces shis brjod kyis mtshams sbyar te spyod lam la 'jug go/__/ces pa'ang rang gzhan rnams kyis rgyun gyi rnal 'byor khyer bde ba'i phyir gter ston grub thob thams cad kyi rgyal po gu ru chos kyi dbang phyug gis lho brag gnas skas can nas spyan drangs pa'i gter gzhung rtsa ba las ngag 'don snying por dril ba 'di yang /__rig 'dzin gyi btsun pa many+dzU g+ho Shas sbyar ba'i dge bas 'gro kun o rgyan rdo rje 'chang chen po'i go 'phang tshe 'di nyid la thob pa'i rgyur gyur cig____/__! spro na bzlas pa'i skabs gsol 'debs/__2_kye kye bla ma rin po che:__sangs rgyas thams cad 'dus pa'i sku:__'gro ba kun gyi gnyen gcig po:__mgon med bdag la thugs rjes zungs:__bla ma rdo rje sems dpa' che:__re zhing ltos pa'i gnyen gcig po:__bdag la re sa gzhan na med:__sdug bsngal 'dam nas drang du gsol:__rje btsun pad+ma thod phreng rtsalaH__khyed la bdag nyid bran du 'bul:__skyid sdug re ltos khyed shes pasaH__bla med mchog gi dngos grub stsolaH__bla ma sangs rgyas phrin las mdzad:__bdag la dbang skur byin rlobs la:__mtha' yas sems can ma lus kun:__'dren pa'i bla mar bdag gyur cig:__1)__oM AHhU~M badz+ra gu ru pad+ma sid+d+hi hU~M:__zhes dang /__dbang bzhi len pa'i skabs/__bla ma yab yum sku yi gnas bzhi nas:__'od zer byung ba bdag gi gnas bzhir thimaH__sku gsung thugs dang ye shes rdo rje yis:__byin gyis rlabs nas dbang bzhi thob par gyur:__3zhes sbyar zhing /__thod phreng rtsal bzla ba la 'jug go/___/__!_ tshe sgrub dmigs bsal byed na 'phyang drug gi nang tshan tshe sgrub gyi 'phyang nyams su blangs te/__de yang las sbyor gyi bzlas pa'i mjug tu/__rang gi mdun gyi nam mkhar pad zla'i gdan la bla ma mgon po tshe dpag med kyi ngo bo/__oM rgyan pad+ma sku mdog dkar la dmar ba'i mdangs chags pa/__zhal gcig phyag gnyis mnyam bzhag gi phyag rgyas 'chi med tshe'i bdud rtsis gang ba'i bum pa bsnams pa/__dar dang rin po ches brgyan pa/__zhabs rdo rje'i skyil mo krung gis bzhugs pa'i skur gyur/__oM gu ru a pa ri mi tA A yur+dz+nyA na ar+g+haM sogs dang oM AHhU~M gis phyi nang gi mchod pa 'bul/__oM AHhU~M badz+ra gu ru pad+ma A yur sid+d+hi hU~M/__A yu She sa ra he ka ra re shud+d+he hU~M AH__zhes lan gsum gyis gsol ba btab la/__rang gi snying gar tshe'i dwangs ma AHdkar po gcig bsam/__rlung sna bug g.yon nas drangs pas bum pa'i bdud rtsi dkar nar gyis sna bug g.yon nas byung khong pa'i nang du song bas lus thams cad gang /__'chi med tshe yi dngos grub thob par bsam la/__oM a mA ra Ni dzI ban+ti ye swA hAH__zhes bzla/__rlung phyir 'byin pa'i tshe nad gdon sdig sgrib thams cad ba spu'i bu ga nas thon par bsam/__mthar mdun gyi gu ru nyid rang gi snying kha'i aHla thim pas rdo rje'i srog 'grub par gyur ces brjod cing bsam/__mthar nyer bsdu sogs dkyus bzhin no/___/__!

Footnotes

Other Information