འཇམ་མགོན་སྤྲུལ་སྐུ་རྣམ་གཉིས་དང་མཆོག་གླིང་བཅས་ལ་གསོལ་འདེབས་བཻ་རོ་དངོས་སྣང་ཞེས་པ།

From Khyentse Lineage - A Tsadra Foundation Project
JKW-KABUM-02-KHA-002-033
Wylie title 'jam mgon sprul sku rnam gnyis dang mchog gling bcas la gsol 'debs bai ro dngos snang zhes pa JKW-KABUM-02-KHA-002.pdf
Location mkhyen brtse'i bka' 'bum
Volume 2, sde tshan 2, Text 33, Pages 329-330 (Folios 24a4 to 24b2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People འཇམ་མགོན་ཀོང་སྤྲུལ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, མཆོག་གྱུར་གླིང་པ་ ('jam mgon kong sprul, 'jam dbyangs mkhyen brtse'i dbang po, mchog gyur gling pa)
Citation 'jam dbyangs mkhyen brtse'i dbang po. 'jam mgon sprul sku rnam gnyis dang mchog gling bcas la gsol 'debs bai ro dngos snang zhes pa. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 2: 329-330. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Supplications - gsol 'debs
Colophon

།ཞེས་པའང་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་པའི་སྡེས་བཀའ་གནང་ཞིང་། མོས་ལྡན་དུ་མས་ཀྱང་བསྐུལ་བས་མཚམས་སྦྱར་ཏེ་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ།

/zhes pa'ang 'jam mgon rdo rje 'chang blo gros mtha' yas pa'i sdes bka' gnang zhing /_mos ldan du mas kyang bskul bas mtshams sbyar te bya bral chos rje 'jam dbyangs mkhyen brtse'i dbang pos bris pa dge

1 Texts in this Section (sde tshan or chos tshan)

[edit]
བཻ་རོ་དངོས་སྣང་ཡོ༷ན་ཏ༷ན་རྒྱ༷་མཚོ༷འི་གཏེར། །རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་ཞབས། །པ༷དྨ༷ས་རྗེས་བཟུང་ག༷ར་དབ༷ང་འགྲོ༷་འདུ༷ལ་རྩ༷ལ། །བསྟ༷ན་གཉི༷ས་གླི༷ང་པའི་ཞབས་ལ་གསོལ་བ་འདེབས། །ལྷ་སྲས་རྣམ་འཕྲུལ་ཨོ༷་རྒྱན༷་རྒྱ༷ལ་ཚ༷བ་ཆེ། །སྤྲུལ་པའི་གཏེ༷ར་ཆེ༷ན་ཡོངས་ཀྱི་འཁོར་ལོས་སྒྱུར། །གྲུབ་པ་མཆོ༷ག་གི་ཡེ་ཤེས་མངོན་དུ་གྱུར༷། །བདེ༷་ཆེ༷ན་གླི༷ང་པ༷འི་ཞབས་ལ་གསོལ་བ་འདེབས། །ཆོས་རྒྱལ་རྣམ་འཕྲུལ་བི་མས་བྱིན་གྱིས་བརླབས། །ཟབ་རྒྱས་བཀའ་བབས་དུ་མའི་ཤིང་རྟ་ཆེ། །འཇ༷མ་དཔལ་དབྱ༷ངས་དངོས་མཁྱེ༷ན་བརྩེ༷་ནུས་པའི༷་གཏེར། །མདོ་སྔ༷གས་གླི༷ང་པ༷འི་ཞབས་ལ་གསོལ་བ་འདེབས། །ཞེས་པའང་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་པའི་སྡེས་བཀའ་གནང་ཞིང་། མོས་ལྡན་དུ་མས་ཀྱང་བསྐུལ་བས་མཚམས་སྦྱར་ཏེ་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །། ༈

Footnotes

Other Information