སྙན་བརྒྱུད་རྟ་མགྲིན་སྐོང་བ་དངོས་གྲུབ་ཆར་འབེབས།

From Khyentse Lineage - A Tsadra Foundation Project
JKW-KABAB-19-DZA-014
Wylie title snyan brgyud rta mgrin skong ba dngos grub char 'bebs JKW-KABAB-19-DZA-014.pdf
Location mkhyen brtse'i bka' babs
Volume 19, Text 14, Pages 273-274 (Folios 1a1 to 1b3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People སློབ་དཔོན་ཆེན་པོ་ནཱ་གརྫུ་ན་ (Nāgārjuna)
Citation 'jam dbyangs mkhyen brtse'i dbang po. snyan brgyud rta mgrin skong ba dngos grub char 'bebs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 19: 273-274. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Mending Rituals - bskang chog
Cycle རྟ་མཆོག་རོལ་པའི་སྙིང་ཏིག་ (rta mchog rol pa'i snying tig)
Deity rta mgrin
Karchag page JKW-KABAB-Volume-19-DZA-Karchag
Recension Link Other Versions on this site: སྙན་བརྒྱུད་རྟ་མགྲིན་བསྐང་བ་དངོས་གྲུབ་ཆར་འབེབས།
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-LA-030
Colophon

ཅེས་པའང་ཤིང་ལུག་ལོར་དཔའ་འོག་དབང་ཆེན་བྲག་ཏུ་རྟ་མགྲིན་གྱི་ཚོགས་སྐོང་ཕུལ་སྐབས་བྲིས་པ་དགེའོ། ཕྱག་བྲིས་ལ་ཞལ་བཤུས་ཞུས།།

ces pa'ang shing lug lor dpa' 'og dbang chen brag tu rta mgrin gyi tshogs skong phul skabs bris pa dge'o/__phyag bris la zhal bshus zhus

[edit]
༄༅། སྙན་བརྒྱུད་རྟ་མགྲིན་སྐོང་བ་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། ཧྱ་གྷྲི་ཝ་ལ་ན་མོ། སྐོང་རྫས་རྣམས་བྱིན་གྱིས་རློབས་ལ། ཧཱི་ཧཱི་ཧཱི༔ ཟླ་གམ་དབང་ཆེན་རོལ་པའི་དཀྱིལ་འཁོར་ནས། །པདྨ་དབང་ཆེན་ཡུམ་ཆེན་གཟི་ལྡན་དང༌། །དབང་ཆེན་རིགས་བཞི་ཁམ་བརྒྱ་དམུས་ལོང་དང༌། །དཔལ་གྱི་ཁྱི་སྤྱང་ལ་སོགས་དཀྱིལ་འཁོར་གྱི། །ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དམ་ཅན་ཚོགས། །ཐུགས་དམ་བསྐང་ངོ་དངོས་གྲུབ་མ་ལུས་སྩོལ། ཧཱུྃ་ཧྲཱི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་བའི་རྫས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་ཕྱི་ཡི་མཆོད་པ་རྣམ་མང་དང༌། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ། །རང་བྱུང་ནང་གི་མཆོད་པ་ཆེན་པོ་དང༌། །སྨན་རཀ་གཏོར་མ་སྦྱོར་སྒྲོལ་ཚོགས་འཁོར་ལོ། །གཉིས་མེད་གསང་བའི་མཆོད་པ་རྨད་བྱུང་ཆེ། །མདོར་ན་འཁོར་འདས་སྣང་ཞིང་སྲིད་པ་ཡི། །མཆོད་པར་འོས་པའི་ཚོགས་ཀྱིས་ཐུགས་དམ་བསྐང༌། །བརྟེན་སྒྲུབ་མཆོད་སྐོང་དམ་རྫས་ཆེན་པོ་དང༌། །ལྷ་སྔགས་ཏིང་འཛིན་ཕྱག་རྒྱའི་ཆོ་འཕྲུལ་ཆེ། རང་སེམས་གཉུག་མ་དབང་ཆེན་རྟ་མགྲིན་གྱི། །དཀྱིལ་དང་འཁོར་དུ་ཤར་བ་ཐམས་ཅད་ཀུན། །གཉིས་མེད་རང་ངོ་ཤེས་པ་ཐུགས་དམ་བསྐང༌། །ཉམས་ཆགས་སྡིག་ལྟུང་ཆོས་དབྱིངས་སྐྱེ་མེད་ངང༌། །བཤགས་བྱ་བཤགས་བྱེད་བྲལ་བའི་ཀློང་དུ་བཤགས། །ཐུགས་དམ་དགྱེས་བསྐང་དངོས་གྲུབ་མ་ལུས་སྩོལ། །བདག་ཅག་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས། །རྟ་སྐད་ཐེངས་གསུམ་དགོངས་པ་མངོན་དུ་གྱུར། །བདུད་དང་དམ་སྲི་ཐམས་ཅད་ཟིལ་གྱིས་གནོན། །བྱད་ཕུར་རྦོད་གཏོང་ཐམས་ཅད་རྡུལ་དུ་རློགས། །གཟུང་འཛིན་རྟོག་ཚོགས་ཆོས་ཀྱི་དབྱིངས་སུ་སྒྲོལ། །སྣང་སྲིད་དབང་སྡུད་དབང་གི་ལས་མཐར་ཕྱིན། །སྲིད་གསུམ་རྟ་མཆོག་རོལ་པའི་ཐིག་ལེ་ཆེར། །འུབ་ཆུབ་གསུང་མཆོག་ཕྲིན་ལས་འགྲུབ་པར་ཤོག ཅེས་པའང་ཤིང་ལུག་ལོར་དཔའ་འོག་དབང་ཆེན་བྲག་ཏུ་རྟ་མགྲིན་གྱི་ཚོགས་སྐོང་ཕུལ་སྐབས་བྲིས་པ་དགེའོ། ཕྱག་བྲིས་ལ་ཞལ་བཤུས་ཞུས།།

Footnotes

Other Information