སྙན་བརྒྱུད་རྟ་མཆོག་རོལ་པའི་ཕྲིན་ལས་སྙིང་པོར་དྲིལ་བ།

From Khyentse Lineage - A Tsadra Foundation Project
JKW-KABAB-19-DZA-013
Wylie title snyan brgyud rta mchog rol pa'i phrin las snying por dril ba JKW-KABAB-19-DZA-013.pdf
Location mkhyen brtse'i bka' babs
Volume 19, Text 13, Pages 265-272 (Folios 1a to 4b5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People སློབ་དཔོན་ཆེན་པོ་ནཱ་གརྫུ་ན་ (Nāgārjuna)
Citation Dudjom Rinpoche. snyan brgyud rta mchog rol pa'i phrin las snying por dril ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 19: 265-272. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Activity Manual - las byang
Cycle རྟ་མཆོག་རོལ་པའི་སྙིང་ཏིག་ (rta mchog rol pa'i snying tig)
Deity rta mgrin
Karchag page JKW-KABAB-Volume-19-DZA-Karchag
Colophon

།ཞེས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་རྟ་མཆོག་རོལ་པའི་ཕྲིན་ལས་སྙིང་པོར་དྲིལ་བ་འདིའང་མི་རྗེ་དབང་འདུས་རྡོ་རྗེའི་ཐུགས་དམ་ཉམས་བཞེས་ཀྱི་ཆ་རྐྱེན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྡེབས་པ་ཛ་ཡནྟུ།།

zhes pad+ma 'od gsal mdo sngags gling pa'i snyan brgyud rta mchog rol pa'i phrin las snying por dril ba 'di'ang mi rje dbang 'dus rdo rje'i thugs dam nyams bzhes kyi cha rkyen du 'jigs bral ye shes rdo rjes bsdebs pa dza yan+tu/

[edit]
༄༅། །སྙན་བརྒྱུད་རྟ་མཆོག་རོལ་པའི་ཕྲིན་ལས་སྙིང་པོར་དྲིལ་བ་བཞུགས་སོ།

།ཨོཾ་སྭ་སྟི། སྙན་བརྒྱུད་རྟ་མཆོག་རོལ་པའི་ཕྲིན་ལས་ལ་འཇུག་པ་ན། སྤྲོས་པ་དང་བཅས་པའི་ཚེ་མདུན་རྟེན་སྨན་གཏོར་རཀྟ་ཉེར་སྤྱོད་སོགས་སྤྱི་ལྟར་བཤམས་ཤིང༌། སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ལ་དམིགས་པ་ཁོ་ནས་ཁྱབ་སྟེ། ཐོག་མར་སྦྱོར་བའི་ཆོས་ལ། སྐྱབས་ཡུལ་བླ་མ་དབང་ཆེན་མདུན་མཁར་གསལ་བའི་སྤྱན་སྔར། ཨཱཿ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ འགགས་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དབང་ཆེན་རྟ་མཆོག་ཧེ་རུ་ཀ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ་གྱིས་སྐྱབས་སུ་འགྲོ། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད༔ ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་བསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རངས༔ དག་པའི་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམ་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཚོགས་བསགས་མཐར་སྐྱབས་ཡུལ་རང་ལ་བསྡུ། བགེགས་རྣམས་ཨོཾ་སུམྦྷ་ནི་སོགས་དྲག་སྔགས་རོལ་མོ་ཡུངས་ཐུན་བཅས་བསྐྲད། ཨོཾ་བཛྲ་ཛྙཱ་ན་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་བསྒོམ། དངོས་སུ་མཤམས་པའི་མཆོད་པ་ཡོད་ན། ཨོཾ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞེས་མཆོད་རྫས་བྱིན་གྱིས་བརླབ། །དངོས་གཞི་ཡི་དམ་བསྐྱེད་བཟླས་ཀྱི་རིམ་པ་ནི། ཨོཾ༔ བློ་འདས་ཆོས་སྐུ་དེ་བཞིན་ཉིད༔ ཨཱཿ འགག་མེད་བརྩེ་བའི་སྙིང་རྗེའི་རྩལ༔ ཧཱུྃ༔ རང་བྱུང་རིག་པ་ཧྲཱིཿདམར་ལས༔ འོད་འཕྲོས་མ་དག་སྣང་ཞེན་སྦྱངས༔ ལྷུན་གྲུབ་བདེ་ཆེན་ཕོ་བྲང་དབུས༔ ཧྲཱིཿཡིག་ཡོངས་གྱུར་དྲན་རྫོགས་སུ༔ རང་ཉིད་པདྨ་དབང་ཆེན་རྩལ༔ སྐུ་མདོག་དམར་གསལ་རྔམས་བརྗིད་འབར༔ ཞལ་གཅིག་ཁྲོ་གཏུམ་འཇིགས་པའི་གཟུགས༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ དབུ་གཙུག་རྟ་སྐད་ཕྱོགས་བཅུར་སྒྲོགས༔ རུས་རྒྱན་དུར་ཁྲོད་ཆས་རྣམས་རྫོགས༔ གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ ཉི་ཟླ་པད་སྟེང་འགྱིང་ཞིང་བརྗིད༔ གཡོན་ནས་རྡོ་རྗེ་ཕག་མོས་འཁྲིལ༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ ཕག་ཞལ་མཐིང་ནག་ངུར་སྒྲ་སྒྲོགས༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བསྐལ་པའི་མེ་རླུང་འཚུབས་དཀྱིལ་བཞུགས༔ སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ རིགས་བདག་པདྨ་ཐོད་ཕྲེང་རྩལ༔ ཁྲོ་འཛུམ་ཧེ་རུ་ཀ་ཡི་ཆས༔ མཚོ་རྒྱལ་ཡུམ་དང་མཉམ་པར་སྦྱོར༔ བདེ་ཆེན་གཟི་བྱིན་ལྷམ་མེར་བཞུགས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ བདག་སྐྱོབ་ལྷ་དང་རིག་འཛིན་དང་༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཆར་སྤྲིན་གཏིབས་པ་ལྟ་བུར་གྱུར༔ ཅེས་གསལ་བཏབ་ལ། ཧྲཱིཿ མགོན་པོ་ཀུན་གཤེགས་སྙིང་རྗེའི་བདག༔ རྟ་མཆོག་རྣམ་པར་རོལ་པའི་ལྷ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་བྱོན༔ ཧྲཱིཿཧ་ཡ་གྲཱི་ཝ་ཨེ་ཨ་རལླི་ཛཿ ཞེས་ཡེ་ཤེས་པ་སྤྱན་དྲང་ལ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ༔ ཞེས་དམ་ཡེ་གཉིས་མེད་དུ་བཞུགས་སུ་གསོལ། ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་རྒྱ། ཨོཾ་ཤྲཱི་བཛྲ་རཱ་ག་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཏ་ན་ག་ན་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོཿ ཞེས་ཕྱི་ནང་གསང་བའི་དམ་རྫས་ཀྱིས་མཆོད། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་༔ ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས༔ སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམས་ཆེན་སྐུ༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ལྷ་སྐུའི་གསལ་སྣང་ལ་སེམས་འཛིན། ཛབ྄་བཟླས་ནི། རང་གི་སྙིང་དབུས་ཙིཏྟའི་སྦུབས༔ ཉི་སྟེང་དྭངས་མ་ཧྲཱིཿཡིག་མཐར༔ རྩ་བའི་སྔགས་ཀྱིས་བསྐོར་བ་ལས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ འཁོར་འདས་དྭངས་བཅུད་མ་ལུས་པ༔ འོད་ཀྱི་ཚུལ་བསྡུས་རང་ལ་ཐིམ༔ བྱིན་རླབས་ནུས་སྟོབས་རབ་འབར་ཞིང་༔ འཁོར་འདས་སྲོག་ལ་མངའ་དབང་ཐོབ༔ སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཞེས་གཙོ་བོར་བཟླ་ཞིང༌། ཚེ་སྒྲུབ་སྦྱོར་ན། ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུ་བའི་དམིགས་པ་དང་བཅས། རྩ་སྔགས་ཤམ་དུ། ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱིཿཛཿབྷྲཱུཾ། ཞེས་སྦྱར་ལ་བཟླས་མཐར། ཚེ་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ས་བོན་ལ་ཐིམ་པས་རྡོ་རྗེ་གསུམ་གྱི་སྲོག་ཐོབ་པར་བསམ་ལ། ཡང་དབང་བསྡུས་ཀྱི་དམིགས་པ་སྦྱོར་ན། ཐུགས་ཀའི་འོད་དམར་ལྕགས་ཀྱུ་ལྟ་བུས་དམིགས་བྱའི་སྙིང་དབུས་ནས་དྲངས་ཏེ་རང་གི་ཐུགས་སྲོག་ལ་བསྡུ་བའི་དམིགས་པ་དང་བཅས་རྩ་སྔགས་ཤམ་དུ། ཨ་ནྲི་ཏྲི་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་སྦྱར་ལ་བཟླ། ཐུན་བསྡུ་བ་ན། དབང་ཆེན་འབར་བའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཞེས་སྟོང་ཚིག་གིས་མཆོད་བསྟོད་བྱ། ཐུན་མཚམས་སུ་ཚོགས་མཆོད་འབུལ་ན། བཟའ་བཏུང་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམས་ལ་བྱིན་བརླབ་པ་ནི། རྃ་ཡྃ་ཁྃ༔ དབྱིངས་རིག་ཟུང་འཇུག་མེ་རླུང་ཆུས༔ ཚོགས་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ སྟོང་ཉིད་བྷནྡྷར་བདེ་བ་ཆེའི༔ ཚོགས་ཀྱི་འདུ་བ་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ དག་མཉམ་ཆོས་སྐུའི་ཀློང་ཡངས་ནས༔ ཁ་སྦྱོར་རྩལ་འཆང་ཧེ་རུ་ཀ༔ རྟ་མཆོག་རོལ་པ་དབང་གི་ལྷ༔ ཚུར་གཤེགས་ཚོགས་ཀྱི་འདུ་བར་སྤྱོན༔ ཨོཾ་རུ་ལུ་རུ་ལུ་ཨེ་ཨ་རལླི་ཧྲཱིཾཿཛ༔ མཆོད་བཤགས་བསྒྲལ་བསྟབ་ཐུན་མོང་ནི། ཨོཾ་ཨཱཿཧཱུྃ༔ དངོས་ཡིད་དམ་ཚིག་རྫས་ཀྱིས་མཆོད༔ ཉམས་ཆག་སྡིག་ལྟུང་སྙིང་ནས་བཤགས༔ གཟུང་འཛིན་འཁྲུལ་པ་བསྒྲལ་བའི་ཚོགས༔ ཁྲག་འཐུང་ཆེན་པོའི་ཞལ་དུ་སྦྱོར༔ ག་ན་ཙཀྲ་པཱུ་ཛ་ཧོཿ འདིར་སྤྲོ་ན་སྐོང་བ་སྤྱི་དང་བྱེ་བྲག་གང་ལྕོགས་བཏང༌། ཚོགས་ལ་རོལ་པ་ནི། ཨོཾ་ཨཱཿཧཱུྃ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཏེ༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་ཀུན༔ རྡོ་རྗེའི་དམ་ཚིག་ཆེན་པོར་རོལ༔ ཨ་ལ་ལ་ཧོཿ ཞེས་ནང་གི་སྲེག་བླུག་ཏུ་ལོངས་སྤྱད། ལྷག་མ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ་ལ། ཕེཾ་ཕེཾ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ གཟུང་འཛིན་འཁྲུལ་པ་ཞི་བ་དང་༔ རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ ཅེས་ཕྱི་རོལ་ཏུ་བཏང༌། སྐབས་འདིར་འགྲུབ་ན་སྲུང་མ་སྤྱིའི་གཏོར་འབུལ་ཙམ་བྱ། རྗེས་ཀྱི་ལས་རིམ་ལ། མཆོད་བསྟོད་མདོར་བསྡུས་གོང་ལྟར་བྱས་ལ། དངོས་གྲུབ་གསོལ་བ་ནི། ཨོཾ༔ དབྱིངས་ཀྱི་ངང་དུ་འཁྲུལ་པ་ཞི༔ རིག་པའི་རྩལ་ལས་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་ཐུལ༔ མཆོག་དངོས་གྲུབ་པའི་དངོས་གྲུབ་སྩོལ༔ མ་ཧཱ་པ་ར་མ་སིདྡྷི་ཧཱུཾ༔ ཞེས་སྒྲུབ་རྟེན་ཡོད་ན་གནས་བཞིར་གཏུགས། མེད་ན་བདུད་རྩི་མྱང༌། མ་རྙེད་ཡོངས་སུ་སོགས་དང༌། ཡིག་བརྒྱ་ལན་གསུམ་གྱིས་ནོངས་པ་བཤགས། བསྙེན་སྒྲུབ་སྐབས་སོགས་མདུན་རྟེན་ཡོད་པའམ། དཀྱུས་ལའང་ཚོགས་མགྲོན་རྣམས་རྟེན་ཡོད་ན། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། རྟེན་མེད་ན། ཨོཾ༔ ཁྱོད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། བདག་བསྐྱེད་བསྡུ་ལྡང་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང་༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང༌། ཧོཿ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་རྟ་མཆོག་དཔལ༔ པདྨ་ཁྲག་འཐུང་མྱུར་འགྲུབ་ཤོག༔ ཅེས་བསྔོ་སྨོན་གྱིས་རྒྱས་གདབ། མེ་ཏོག་འཐོར་ལ། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་སྣང་མཐའ་ཡས༔ རིག་པ་རང་སྣང་དབང་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཞེས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་རྟ་མཆོག་རོལ་པའི་ཕྲིན་ལས་སྙིང་པོར་དྲིལ་བ་འདིའང་མི་རྗེ་དབང་འདུས་རྡོ་རྗེའི་ཐུགས་དམ་ཉམས་བཞེས་ཀྱི་ཆ་རྐྱེན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྡེབས་པ་ཛ་ཡནྟུ།། །།

[edit]

@#/__/snyan brgyud rta mchog rol pa'i phrin las snying por dril ba bzhugs so/__/oM swa sti/__snyan brgyud rta mchog rol pa'i phrin las la 'jug pa na/__spros pa dang bcas pa'i tshe mdun rten sman gtor rak+ta nyer spyod sogs spyi ltar bshams shing*/__spros med rgyun gyi rnal 'byor la dmigs pa kho nas khyab ste/__thog mar sbyor ba'i chos la/__skyabs yul bla ma dbang chen mdun mkhar gsal ba'i spyan sngar/__AH__skye ba med pa'i dbyings nyid las:__'gags med snang ba'i phyag rgyar bzhengs:__dbang chen rta mchog he ru ka:__rang ngo shes pas skyabs su mchi:__lan gsum gyis skyabs su 'gro/__hU~M:__de bzhin nyid dbyings ma rtogs pa'i:__'gro la snying rje chen po'i blos:__rim gnyis zab mo'i rnal 'byor gyis:__khams gsum sgrol bar sems mchog bskyed:__zhes lan gsum gyis sems bskyed:__hoH__rdo rje slob dpon sangs rgyas dpal:__dus gsum bzhugs la phyag 'tshal lo:__mchog gsum bsten pa'i zhing gyur la:__gnyis med yid kyis skyabs su mchi:__dngos 'byor yid kyis rnam sprul pa'i:__dag pa'i mchod pa bzhes su gsol:__dngos grub chu bo gcod pa'i gegs:__nyes byas ma lus bshags par bgyi:__phyogs bcu 'khor bsum dag pa'i chos:__ma chags spyod la rjes yi rangs:__dag pa'i mtha' bzhi'i dri ma med:__rdzogs pa'i byang chub sems bskyed do:__bde gshegs dbang phyug sems can la:__dgos pa gsum phyir lus 'bul lo:__tshe rabs bgrangs pa'i las rnam kun:__bsdus te byang chub chen por bsngo:__zhes tshogs bsags mthar skyabs yul rang la bsdu/__bgegs rnams oM sum+b+ha ni sogs drag sngags rol mo yungs thun bcas bskrad/__oM badz+ra dz+nyA na rak+Sha rak+Sha b+h+rU~M:__zhes srung 'khor bsgom/__dngos su mashams pa'i mchod pa yod na/__oM sarba pU dza AHhU~M:__zhes mchod rdzas byin gyis brlab/__/dngos gzhi yi dam bskyed bzlas kyi rim pa ni/__oM:__blo 'das chos sku de bzhin nyid:__AH__'gag med brtse ba'i snying rje'i rtsal:__hU~M:__rang byung rig pa hrIHdmar las:__'od 'phros ma dag snang zhen sbyangs:__lhun grub bde chen pho brang dbus:__hrIHyig yongs gyur dran rdzogs su:__rang nyid pad+ma dbang chen rtsal:__sku mdog dmar gsal rngams brjid 'bar:__zhal gcig khro gtum 'jigs pa'i gzugs:__phyag gnyis gri gug thod khrag 'dzin:__dbu gtsug rta skad phyogs bcur sgrogs:__rus rgyan dur khrod chas rnams rdzogs:__g.yas bskum g.yon brkyang bdud bzhi brdzis:__nyi zla pad steng 'gying zhing brjid:__g.yon nas rdo rje phag mos 'khril:__cha lugs yab 'dra spyi bo'i gtsug:__phag zhal mthing nag ngur sgra sgrogs:__gzhon tshul nu ma b+ha ga rgyas:__bskal pa'i me rlung 'tshubs dkyil bzhugs:__spyi gtsug pad+ma nyi zla'i steng :__rigs bdag pad+ma thod phreng rtsal:__khro 'dzum he ru ka yi chas:__mtsho rgyal yum dang mnyam par sbyor:__bde chen gzi byin lham mer bzhugs:__steng 'og phyogs mtshams thams cad du:__bdag skyob lha dang rig 'dzin dang :__dpa' bo mkha' 'gro chos skyong tshogs:__char sprin gtibs pa lta bur gyur:__ces gsal btab la/__hrIH__mgon po kun gshegs snying rje'i bdag:__rta mchog rnam par rol pa'i lha:__gtso 'khor sprul pa yang sprul bcas:__thugs rje'i dbang gis gnas 'dir byon:__hrIHha ya grI wa e a ral+li dzaH__zhes ye shes pa spyan drang la/__dzaHhU~M baM hoH__sa ma ya s+t+waM:__zhes dam ye gnyis med du bzhugs su gsol/__a ti pu hoH__pra tIts+tsha hoH__zhes phyag rgya/__oM shrI badz+ra rA ga sarba pU dza me g+ha AHhU~M:__ma hA pany+tsa a mr-i ta rak+ta ba liM ta khA hi:__ta na ga na d+harma d+hA tu sarba pU dza hoH__zhes phyi nang gsang ba'i dam rdzas kyis mchod/__hrIH__rgyal ba kun gyi chos sku pad+ma'i gsung :__chos rje 'od dpag med pa rdo rje chos:__spyan ras gzigs dbang hrIHlas rngams chen sku:__rta mgrin rta skad bzhad la phyag 'tshal bstod:__ces bstod/__lha sku'i gsal snang la sems 'dzin/__dzaba? bzlas ni/__rang gi snying dbus tsit+ta'i sbubs:__nyi steng dwangs ma hrIHyig mthar:__rtsa ba'i sngags kyis bskor ba las:__'od zer phyogs bcur 'phros pa yis:__rgyal ba mchod cing dngos grub bsdus:__'gro ba'i sgrib sbyangs bde la bkod:__'khor 'das dwangs bcud ma lus pa:__'od kyi tshul bsdus rang la thim:__byin rlabs nus stobs rab 'bar zhing :__'khor 'das srog la mnga' dbang thob:__snang grags rtog pa'i chos rnams kun:__lha sngags ye shes rol par shar:__oM badz+ra kro d+ha ha ya grI wa hU~M phaT:__zhes gtso bor bzla zhing*/__tshe sgrub sbyor na/__thugs ka'i 'od zer gyis 'khor 'das kyi tshe bcud thams cad bsdu ba'i dmigs pa dang bcas/__rtsa sngags sham du/__a yur+dz+nyA na sarba sid+d+hi hrIHdzaHb+h+rUM/__zhes sbyar la bzlas mthar/__tshe bcud thams cad snying ga'i tshe rten sa bon la thim pas rdo rje gsum gyi srog thob par bsam la/__yang dbang bsdus kyi dmigs pa sbyor na/__thugs ka'i 'od dmar lcags kyu lta bus dmigs bya'i snying dbus nas drangs te rang gi thugs srog la bsdu ba'i dmigs pa dang bcas rtsa sngags sham du/__a n+ri tri wA shaM ku ru hoH__zhes sbyar la bzla/__thun bsdu ba na/__dbang chen 'bar ba'i lha tshogs gshegs/__/phyi nang gsang ba'i mchod pa 'bul/__/sku gsung thugs yon phrin las bstod/__/bag med 'gal 'khrul nyams chag bshags/__/thugs rjes brtser dgongs dngos grub stsol/__/zhes stong tshig gis mchod bstod bya/__thun mtshams su tshogs mchod 'bul na/__bza' btung tshogs kyi yo byad ci 'byor bshams la byin brlab pa ni/__ra~M ya~M kha~M:__dbyings rig zung 'jug me rlung chus:__tshogs rdzas dngos 'dzin bsregs gtor bkrus:__stong nyid b+han+d+har bde ba che'i:__tshogs kyi 'du ba rgya mtshor gyur:__oM AHhU~M:__lan gsum/__tshogs zhing spyan 'dren pa ni/__hU~M hU~M hU~M:__dag mnyam chos sku'i klong yangs nas:__kha sbyor rtsal 'chang he ru ka:__rta mchog rol pa dbang gi lha:__tshur gshegs tshogs kyi 'du bar spyon:__oM ru lu ru lu e a ral+li hrIMHdza:__mchod bshags bsgral bstab thun mong ni/__oM AHhU~M:__dngos yid dam tshig rdzas kyis mchod:__nyams chag sdig ltung snying nas bshags:__gzung 'dzin 'khrul pa bsgral ba'i tshogs:__khrag 'thung chen po'i zhal du sbyor:__ga na tsakra pU dza hoH__'dir spro na skong ba spyi dang bye brag gang lcogs btang*/__tshogs la rol pa ni/__oM AHhU~M:__phung po khams dang skye mched kun:__gdan gsum yongs rdzogs dkyil 'khor te:__bza' bca' btung ba'i longs spyod kun:__rdo rje'i dam tshig chen por rol:__a la la hoH__zhes nang gi sreg blug tu longs spyad/__lhag ma/__oM AHhU~M gis byin brlab la/__pheM pheM:__dpal gyi bka' sdod pho nya'i tshogs:__lhag ma'i longs spyod 'di bzhes la:__gzung 'dzin 'khrul pa zhi ba dang :__rig rtsal rgyas pa'i phrin las mdzod:__ces phyi rol tu btang*/__skabs 'dir 'grub na srung ma spyi'i gtor 'bul tsam bya/__rjes kyi las rim la/__mchod bstod mdor bsdus gong ltar byas la/__dngos grub gsol ba ni/__oM:__dbyings kyi ngang du 'khrul pa zhi:__rig pa'i rtsal las ye shes rgyas:__rlung sems dbang 'dus gzung 'dzin thul:__mchog dngos grub pa'i dngos grub stsol:__ma hA pa ra ma sid+d+hi hUM:__zhes sgrub rten yod na gnas bzhir gtugs/__med na bdud rtsi myang*/__ma rnyed yongs su sogs dang*/__yig brgya lan gsum gyis nongs pa bshags/__bsnyen sgrub skabs sogs mdun rten yod pa'am/__dkyus la'ang tshogs mgron rnams rten yod na/__'dir ni rten dang sogs kyis brtan bzhugs bya/__rten med na/__oM:__khyod kyis sems can sogs kyis gshegs su gsol/__bdag bskyed bsdu ldang ni/__a a a:__lhar snang rig rtsal dbyings su thim:__dbyings rig 'du 'bral med pa'i ngang :__bde stong zung 'jug rtags kyi sku:__phyag rgya chen po'i rol par shar:__phaT phaT phaT:__ces lhar snang 'od gsal du bsdu zhing zung 'jug gi skur ldang*/__hoH__bsod nams ye shes tshogs gnyis kyis:__'gro rnams sgrib gnyis yongs dag nas:__kha sbyor bzhi ldan rta mchog dpal:__pad+ma khrag 'thung myur 'grub shog:__ces bsngo smon gyis rgyas gdab/__me tog 'thor la/__oM:__dbyings kyi ngo bo chos sku snang mtha' yas:__rig pa rang snang dbang chen longs spyod rdzogs:__dbyings rig zung 'jug rtsa brgyud bla ma yis:__mchog thun dge legs 'grub pa'i bkra shis shog:__ces shis pa brjod pas mtshams sbyar te spyod lam la 'jug go__/zhes pad+ma 'od gsal mdo sngags gling pa'i snyan brgyud rta mchog rol pa'i phrin las snying por dril ba 'di'ang mi rje dbang 'dus rdo rje'i thugs dam nyams bzhes kyi cha rkyen du 'jigs bral ye shes rdo rjes bsdebs pa dza yan+tu//__//

Footnotes

Other Information