རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་མདོར་བསྡུས་པ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན།

From Khyentse Lineage - A Tsadra Foundation Project
JKW-KABAB-18-TSHA-039
Wylie title rdo rje'i lha mo bcu drug gi mchod phreng mdor bsdus pa rdo rje sgra ma'i mchod sprin JKW-KABAB-18-TSHA-039.pdf
Location mkhyen brtse'i bka' babs
Volume 18, Text 39, Pages 243-244 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Associated People ཀློང་ཆེན་རབ་འབྱམས་ (Klong chen pa)
Citation 'jam dbyangs mkhyen brtse'i dbang po. rdo rje'i lha mo bcu drug gi mchod phreng mdor bsdus pa rdo rje sgra ma'i mchod sprin. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 18: 243-244. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Offering Substance Liturgies - mchod phreng
Cycle ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་ (yang gsang bla ma'i sgrub pa thig le'i rgya can)
Parent Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity rdo rje'i lha mo
Karchag page JKW-KABAB-Volume-18-TSHA-Karchag
Recension Link Other Versions on this site: རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་མདོར་བསྡུས་པ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན།
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-DA-049
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-wangpo/concise-sixteen-offering-goddesses
Colophon

ཞེས་པའང་རིག་པ་འཛིན་པ་མཁྱེན་བརྩེའི་དབང་པོའི་བློ་མཚོ་ལས་བྱུང་བའོ། སརྦ་དཱ་མངྒ་ལཾ།།

zhes pa'ang rig pa 'dzin pa mkhyen brtse'i dbang po'i blo mtsho las byung ba'o/__sarba dA mang+ga laM/

[edit]
༄༅། རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་མདོར་བསྡུས་པ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །སྟོང་པའི་ཡེ་ཤེས་དགའ་བར་རྗེས་ཆགས་གཟུགས། །རྡོ་རྗེ་པི་ཝཾ་གླིང་བུ་རྔ་ཐབས་བཟུང༌། །རིག་གདངས་ཆོས་ཉིད་མངོན་སུམ་མཆོད་སྤྲིན་གྱིས། །སྣ་ཚོགས་སྒྱུ་འཕྲུལ་སྤྲུལ་པའི་དཀྱིལ་འཁོར་མཆོད། ཨོཾ་ཨཱཿབཛྲ་ཝཱི་ཎཱི་ཧཱུྃ། ཨོཾ་ཨཱཿབཛྲ་ཝཾ་སེ་ཏྲཱྃ། ཨོཾ་ཨཱཿབཛྲ་མྲྀ་དཾ་གེ་ཧྲཱིཿ ཨོཾ་ཨཱཿབཛྲ་མུ་ར་ཛེ་ཨཱཿ ཤིན་ཏུ་སྟོང་པ་ལས་བྱུང་མཆོག་དགའི་དངོས། །རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། །འོད་གསལ་ཉམས་སྣང་གོང་འཕེལ་མཆོད་སྤྲིན་གྱིས། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་མཆོད། །ཨོཾ་ཨཱཿབཛྲ་ལཱ་སྱེ་ཧཱུྃ། ཨོཾ་ཨཱཿབཛྲ་མཱ་ལེ་ཏྲཱྃ། ཨོཾ་ཨཱཿབཛྲ་གཱི་རྟི་ཧྲཱིཿ ཨོཾ་ཨཱཿབཛྲ་ནྲྀ་ཏྱེ་ཨཱཿ ཐམས་ཅད་སྟོང་པ་ཁྱད་པར་དགའ་བའི་དབྱིངས། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ། །གཞི་དབྱིངས་རིག་པ་ཚད་ཕེབས་མཆོད་སྤྲིན་གྱིས། །རྣམ་ཀུན་མཆོག་ལྡན་ཆོས་སྐུའི་དཀྱིལ་འཁོར་མཆོད། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ། ཨོཾ་ཨཱཿབཛྲ་དྷཱུ་པེ་ཏྲཱྃ། ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་ཨཱཿ་བཛྲ་གནྡྷེ་ཨཱཿ རབ་ཏུ་སྟོང་པ་ལྷན་སྐྱེས་ཡེ་ཤེས་དངོས། །གཟུགས་རེག་རོ་དང་ཆོས་དབྱིངས་རྡོ་རྗེ་མ། །ཆོས་ཟད་བློ་འདས་དོན་གྱི་མཆོད་སྤྲིན་གྱིས། །དབྱེར་མེད་ངོ་བོ་ཉིད་སྐུའི་དཀྱིལ་འཁོར་མཆོད། ཨོཾ་ཨཱཿབཛྲ་རཱུ་པ་ཧཱུྃ། ཨོཾ་ཨཱཿབཛྲ་རཱའ་ས་ཏྲཱྃ། ཨོཾ་ཨཱཿབཛྲ་སྤརྴེ་ཧྲཱི། ཨོཾ་ཨཱཿ་བཛྲ་དྷརྨ་དྷཱ་ཏུ་ཨཱཿ ཞེས་པའང་རིག་པ་འཛིན་པ་མཁྱེན་བརྩེའི་དབང་པོའི་བློ་མཚོ་ལས་བྱུང་བའོ། སརྦ་དཱ་མངྒ་ལཾ།།

Footnotes

Other Information