ལྕེ་བཙུན་སྙིང་ཏིག་གི་ཁ་སྐོང་བུམ་པ་སྒྲུབ་པ།

From Khyentse Lineage - A Tsadra Foundation Project
JKW-KABAB-17-TSA-012
Wylie title lce btsun snying tig gi kha skong bum pa sgrub pa JKW-KABAB-17-TSA-012.pdf
Location mkhyen brtse'i bka' babs
Volume 17, Text 12, Pages 113 (Folios 1a1 to 1a3)
Author ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation A 'dzoms 'brug pa 'gro 'dul dpa' bo rdo rje. lce btsun snying tig gi kha skong bum pa sgrub pa. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 17: 113. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Vase Consecration - bum sgrub
Cycle ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ (lce btsun chen po'i bi ma la'i zab tig)
Karchag page JKW-KABAB-Volume-17-TSA-Karchag
Colophon

།ཉེར་མཁོའི་ཆེད་དུ་འགྲོ་འདུལ་བས་བྲིས་པ་དགེ།

nyer mkho'i ched du 'gro 'dul bas bris pa dge

[edit]
༄༅། །ལྕེ་བཙུན་སྙིང་ཏིག་གི་ཁ་སྐོང་བུམ་པ་སྒྲུབ་པ་ནི། བདག་བསྐྱེད་བཟླས་པ་སོང་འཕྲལ། རྣམ་པར་རྒྱལ་བའི་བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་དམ་ཡེ་དབྱེར་མེད་ལྷུན་གྲུབ་ཀྱི་སྣང་ཆར་བཀྲ་ལམ་གྱི་གསལ་བར་མོས་ལ། ཧཱུྃ་ཨཱོཾ་སྭ་ཨཱྃ་ཧཱ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་དང༌། དབྱངས་གསལ་ཇི་ལྟར་རིགས་པར་བཟླ། སྤྲོ་ན་མཆོད་སྟོད་བྱ། ལྷ་རྣམ་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམས་ལ་ཡི་གེ་བརྒྱ་པ་བརྗོད་པས་དོན་འགྲུབ་བོ། །ལས་བུམ་སོགས་དབང་ཆོག་ལྟར་བྱའོ། །ཉེར་མཁོའི་ཆེད་དུ་འགྲོ་འདུལ་བས་བྲིས་པ་དགེ། །།

Footnotes

Other Information