ཡང་གཏེར་གསང་བདག་རྡོ་རྗེ་མེ་འབར་གྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཆེན།

From Khyentse Lineage - A Tsadra Foundation Project
JKW-KABAB-09-TA-025
Wylie title yang gter gsang bdag rdo rje me 'bar gyi bla ma brgyud pa la gsol ba 'debs pa byin rlabs sprin chen JKW-KABAB-09-TA-025.pdf
Location mkhyen brtse'i bka' babs
Volume 9, Text 25, Pages 579-580 (Folios 1a1 to 1b2)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön དབུ་རུ་སྟོན་པ་ཤཱཀྱ་འོད་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (dbu ru ston pa shAkya 'od, 'jam dbyangs mkhyen brtse'i dbang po)
Citation Phun tshogs rnam rgyal. yang gter gsang bdag rdo rje me 'bar gyi bla ma brgyud pa la gsol ba 'debs pa byin rlabs sprin chen. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 9: 579-580. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Lineage Supplications - brgyud 'debs
Cycle དཔལ་གསང་བའི་བདག་པོ་རྡོ་རྗེ་མེ་འབར་ (dpal gsang ba'i bdag po rdo rje me 'bar)
Deity phyag na rdo rje
Karchag page JKW-KABAB-Volume-09-TA-Karchag
Colophon

།ཅེས་པའང་ཕུན་ཚོགས་རྣམ་རྒྱལ་པས་གསོལ་བ་བཏབ་པའོ།

ces pa'ang phun tshogs rnam rgyal pas gsol ba btab pa'o

[edit]
ཡང་གཏེར་གསང་བདག་རྡོ་རྗེ་མེ་འབར་གྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཆེན་བཞུགས། ཆོས་སྐུའི་སྟོན་པ་རང་བྱུང་ཀུན་ཏུ་བཟང༌། །ལོངས་སྐུའི་སྟོན་པ་རང་སྣང་རྡོ་རྗེ་སེམས། །ཟུང་འཇུག་སྤྲུལ་སྐུའི་སྟོན་པ་གསང་བའི་བདག །གསོལ་བ་འདེབས་སོ་མཁྱེན་བརྩེ་ནུས་པ་སྩོལ། །རྒྱལ་བ་ཀུན་འདུས་པདྨ་ཀ་ར་དང༌། །དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་ཡུམ། །ཟབ་གཏེར་མཛོད་འཛིན་དབུ་རུ་ཤཀྱཱ་འོད། །གསོལ་བ་འདེབས་སོ་མཁྱེན་བརྩེ་ནུས་པ་སྩོལ། །བཀའ་བབ་བདུན་ལྡན་པདྨ་མདོ་སྔགས་གླིང༌། །གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་དང༌། །གྲུབ་བརྙེས་རིག་འཛིན་ཚེ་དབང་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་མཁྱེན་བརྩེ་ནུས་པ་སྩོལ། །འཇམ་དབྱངས་དངོས་སྣང་དྷརྨ་མ་ཏི་དང༌། །པདྨའི་རྒྱལ་ཚབ་རབ་གསལ་ཟླ་བའི་མཚན། །ཐུབ་བསྟན་ཀུན་བདག་ཆོས་ཀྱི་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མཁྱེན་བརྩེ་ནུས་པ་སྩོལ། །བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་དང༌། །གསང་བའི་བདག་པོ་རྡོ་རྗེ་མེ་འབར་རྩལ། །དམ་ཚིག་ལ་གནས་མཁའ་འགྲོ་ཆོས་སྐྱོངས་ལ། །གསོལ་བ་འདེབས་སོ་མཁྱེན་བརྩེ་ནུས་པ་སྩོལ། །དེ་ལྟར་རྩེ་གཅིག་གསོལ་བའི་བྱིན་རླབས་ཀྱིས། །ངེས་འབྱུང་བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེས། །བསྐྱེད་དང་རྫོགས་པའི་ཉམས་ལེན་གནད་དུ་སྨིན། །ཀ་དག་ལྷུན་གྲུབ་མྱུར་ལམ་མཐར་ཕྱིན་ཏེ། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཉིན་བྱེད་འབར། །རིགས་དྲུག་འགྲོ་ལ་བརྩེ་བའི་གེ་སར་བཞད། །འཁོར་བ་དོང་སྤྲུགས་ནུས་པའི་མཐུ་གྲུབ་ནས། །ཡིད་ཅན་ཀུན་གྱི་མགོན་དུ་འགྱུར་བར་ཤོག །ཅེས་པའང་ཕུན་ཚོགས་རྣམ་རྒྱལ་པས་གསོལ་བ་བཏབ་པའོ། །

Footnotes

Other Information