བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། ལོ་རྒྱུས་ཤེལ་གྱི་ཕྲེང་བ།

From Khyentse Lineage - A Tsadra Foundation Project
Wylie title bla ma'i thugs sgrub yid bzhin nor bu las lo rgyus shel gyi phreng ba JKW-KABAB-03-GA-006.pdf
Location mkhyen brtse'i bka' babs
Volume 3, Text 6, Pages 91-122 (Folios 1a to 16b5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation 'jam dbyangs mkhyen brtse'i dbang po. bla ma'i thugs sgrub yid bzhin nor bu las lo rgyus shel gyi phreng ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 3: 91-122. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre History Texts - lo rgyus  ·  Revelations - gter ma
Cycle བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ (bla ma'i thugs sgrub yid bzhin nor bu)
Karchag page JKW-KABAB-Volume-03-GA-Karchag
Colophon
  • Author colophon: སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་རྩི་རྐེ་རིན་ཆེན་འབར་བའི་བྲག་གི་མགུལ་ནས་སྤྱན་དྲངས་པའི་མཐོང་གྲོལ་བདུད་རྩི་ལྔ་ཤོག་ལས༔ ས་ཕོ་རྟའི་ལོའི་མགོ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་གཏན་ལ་ཕབ་རིམ་བཞིན་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །* Printer colophon: ཅེས་པའང་མཆོག་གླིང་གདན་ས་རྩི་རྐེ་ནོར་བུ་གླིང་གི་ཆོས་གྲྭར་སྤར་དུ་བཀྲུན་པ་དགེ་ལེགས་འཕེལ།། དགེའོ།།
  • Author colophon:sprul pa'i gter chen mchog gyur bde chen gling pas rtsi rke rin chen 'bar ba'i brag gi mgul nas spyan drangs pa'i mthong grol bdud rtsi lnga shog las:_sa pho rta'i lo'i mgo zla ba'i dkar phyogs kyi rgyal ba gsum par gtan la phab rim bzhin du mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris pa dge legs su gyur cig
  • Printer colophon: ces pa'ang mchog gling gdan sa rtsi rke nor bu gling gi chos grwar spar du bkrun pa dge legs 'phel//__dge'o//
[edit]
༁ྃ༔ ༔བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ ལོ་རྒྱུས་ཤེལ་གྱི་ཕྲེང་བ་བཞུགས་སོ༔

༁ྃ༔ ༔་་་་་་་་་༡༢༣༤༥༥༦༦༧་་་་་་་་༔ མ་བཅོས་སྤྲོས་མེད་ཀུན་བཟང་པདྨ་འབྱུང་༔ བདེ་ཆེན་རིགས་ལྔ་སྒྱུ་འཕྲུལ་དྲ་བའི་བདག༔ གང་འདུལ་སྤྲུལ་པའི་རིག་འཛིན་རྩལ་འཆང་རྗེ༔ རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་འདུད༔ དེ་ལ་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཚད་མེད་པས་སེམས་ཅན་གྱི་ཁམས་ཡལ་བར་མི་འདོར་བའི་ཕྱིར༔ གདུལ་བྱ་རྣམས་དང་སྐལ་བ་མཚམས་པར་མཛད་པ་བཅུ་གཉིས་བསྟན་པ་མཆོག་གི་སྤྲུལ་པའི་སྐུ་དང་༔ དེ་དང་ཚུལ་མཐུན་པ་མཁས་པ་དང་༔ གྲུབ་པ་དང་༔ རིག་པ་འཛིན་པ་དང་༔ དཔའ་བོ་དང་༔ རྣལ་འབྱོར་མ་དང་༔ མིའི་བདག་པོ་ལ་སོགས་པའི་རྣམ་པར་བསྟན་ནས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་མཛད་པ་ལས༔ བྱེ་བྲག་མི་མཇེད་འཇིག་རྟེན་གྱི་ཁམས་ལྷོ་ཕྱོགས་འཛམ་བུའི་གླིང་འདིར་སངས་རྒྱས་ཤཱཀྱ་ཐུབ་པར་བསྟན་ནས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་ཏེ༔ ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་༔ རྡོ་རྗེའི་སྔགས་རྒྱུད་ནམ་མཁའི་མཐའ་ཀླས་པས་སྐལ་བ་དང་ལྡན་པ་རྣམས་ཡོངས་སུ་སྨིན་པར་མཛད་དེ༔ རྟག་པར་ཞེན་པ་རྣམས་ལྡོག་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན༔ ཆད་ལྟ་སུན་འབྱིན་པའི་ཕྱིར་སླར་ཡང་དྷ་ན་ཀོ་ཥ་ཀླུའི་ཕོ་བྲང་དུ་སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེའི་སྐུར་བཞེངས་ཏེ༔ ཨོ་རྒྱན་དང་༔ རྒྱ་གར་དང་༔ ཟ་ཧོར་དང་༔ ཁ་ཆེ་དང་༔ སིངྒ་ལའི་གླིང་སོགས་གླིང་ཆེན་དང་གླིང་ཕྲན་དུ་མར་གཤེགས་ཏེ༔ ལྷ་དང་༔ མི་དང་༔ ལྷ་མ་ཡིན་དང་༔ གནོད་སྦྱིན་དང་༔ འབྱུང་པོའི་ཚོགས་དཔག་ཏུ་མེད་པའི་དོན་མཛད་པའི་ཚུལ་ནི་མཐའ་ཡས་ཤིང་བརྗོད་པའི་ཡུལ་ལས་འདས་པ་ཡིན་ལ༔ ཁྱད་པར་སྔོན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས༔ གདོང་དམར་བོད་ཀྱི་ཡུལ་འདིར་ཆོས་སྐྱོང་བའི་རྒྱལ་པོ་ཡབ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་པ་ལྟར་གཤེགས་ཏེ༔ ལྷ་སྲིན་རྣམས་བཏུལ༔ གཙུག་ལག་ཁང་མང་དུ་བཞེངས་དམ་པའི་ཆོས་ཀྱྀ་སྒྲོན་མེ་ཆེན་པོ་སྦར༔ ཟབ་ཅིང་ཆེས་དཀོན་པའི་གདམས་པ་འབུམ་ཕྲག་མང་པོ་སྐད་ཅིག་རེས་བསྟན་ཏེ༔ རེ་ཞིག་དེ་ཙམ་གྱིས་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པར་དགོངས་ནས༔ ཆོས་དང་ནོར་གྱི་གཏེར་ཁ་དུ་མ་བྱིན་གྱིས་བརླབས་པའི་གནས་རྣམས་སུ་སྦས་ཏེ༔ མ་འོངས་པ་ན་ལས་དང་སྐལ་བར་ལྡན་པ་རྣམས་ཀྱིས་སྤྱོད་པའི་སྨོན་ལམ་དང་བཅས་གཏེར་བདག་སྲུང་མ་རྣམས་ལ་རྡོ་རྗེའི་བཀའ་ནན་གྱིས་གཉེར་དུ་གཏད་པར་མཛད་དོ༔ ས་མ་ཡ༔ རྒྱ་རྒྱ༔ དེ་ལྟ་བུའི་རྫོགས་པའི་སངས་རྒྱས་གུ་རུ་རིན་པོ་ཆེ་ཡིད་བཞིན་ནོར་བུ་དེ་ཉིད་ལྷོ་ནུབ་སྲིན་པོ་འདུལ་བ་ལ་དགོངས་པ་མངོན་དུ་གཏད་ནས་གཤེགས་པའི་ཚེ༔ བྲག་དམར་འོམ་བུས་གཏིབས་པའི་ཚལ་ནས༔ མང་ཡུལ་གུང་ཐང་ལ་ཐོག་གི་བར་མངའ་བདག་རྗེས་འབྲངས་རྣམས་ཀྱི་སྐུ་རྗེས་བསྙེགས་ཏེ་ཕྱག་བསྐྱེལ་ལ་བྱོན་པའི་སྐབས་སུ༔ དཔལ་ལྷའི་སྲས་པོ་ཐ་ཆུང་མུ་ཁྲི་བཙན་པོས་གུ་རུའི་ན་བཟའི་སྣེ་མོ་ལ་འཇུས་ཏེ༔ ཤུགས་རིང་དང་སྤྱན་ཆབ་འབྱིན་ཞིང་གདུང་བའི་སྨྲེ་སྔགས་མང་དུ་བཏོན༔ ཁྱད་པར་ཞལ་ཚབ་ཀྱི་གདམས་པ་ཟབ་མོ་མཐར་ཐུག་པ་ཞིག་གནང་དུ་གསོལ་བར་ཞུས་པ་ནི༔ ཀྱེ་མ་གུ་རུ་རིན་པོ་ཆེ༔ བསྟན་པའི་ཉི་མ་པད་འབྱུང་ཁྱེད༔ བོད་དུ་མི་བཞུགས་བཞུད་པའི་ཚེ༔ བདག་ཅག་རྗེས་འབྲངས་སྙིང་མ་དགའ༔ དཔྲལ་བའི་མིག་དང་ཁོག་པའི་སྙིང་༔ ད་ལྟར་ས་ལ་བྱུང་སྙམས་བགྱིད༔ ཇི་ལྟར་བསྲན་ཀྱང་མ་ཚུགས་ཏེ༔ སྨྲེ་སྔགས་གདུང་བས་གསོལ་བཏབ་ཀྱང་༔ ཐུགས་རྗེས་མི་འཛིན་ཇི་ལྟ་བུ༔ ངེས་པར་སྲིན་པོ་འདུལ་གཤེགས་ན༔ ཞལ་ཆེམས་མན་ངག་བཅུ་གསུམ་པོ༔ ཐུན་མོང་ཙམ་ཞིག་བསྟན་ནའང་༔ ད་དུང་བདག་ཅག་བློ་མ་ཚིམ༔ གུ་རུ་བོད་ཡུལ་མི་བཞུགས་ཀྱང་༔ དངོས་དང་ཁྱད་མེད་ཞལ་གྱི་ཚབ༔ བདག་ཅག་བློ་གཏད་གཅིག་ཆོག་ཆོས༔ ཀུན་འདྲིལ་ཟབ་ལ་རྣོ་མྱུར་ཅན༔ སྨིན་གྲོལ་གདམས་པ་ཡོངས་རྫོགས་པའི༔ ཞལ་གདམས་མན་ངག་དང་བཅས་པ༔ ཁྱད་པར་འཕགས་པ་མ་སྩལ་ན༔ ཐུགས་ཀྱི་གཏིང་ནས་བརྩཻ་བ་ཡིས༔ བོད་འབངས་བསྐྱངས་ཞེས་རྫུན་དུ་ཐལ༔ དེ་བས་ཐུགས་ཀྱིས་དམ་དགོངས་ལ༔ མཐོང་ཐོས་དྲན་རེག་ཀུན་གྲོལ་བའི༔ སྙིང་པོའི་གདམས་པ་སྩལ་དུ་གསོལ༔ ཞེས་གསོལ་ཏེ་རྗེས་འབྲངས་འདུས་པ་ཐམས་ཅད་ཀྱིས་གུས་པའི་མིག་གིས་གུ་རུའི་ཞལ་ལ་ཅེ་རེ་བལྟས༔ ལུས་ཀྱི་རྒྱན་དང་གོས་རྣམས་བཀྲོལ་ཏེ་ཕུད་ནས་གུ་རུའི་ཕྱོགས་སུ་གཏོར་ཞིང་སྤུངས༔ མགྲིན་གཅིག་ཏུ་སྨྲེ་ངག་གིས་གསོལ་བ་བཏབ༔ ཕྱག་གྲངས་མེད་པར་བཙལ་བའི་མཐར༔ ལྷ་སྲས་ཉིད་གདུང་བའི་ཤུགས་ཀྱིས་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏོ༔ དེའི་ཚེ་དེའི་དུས་ན་གུ་རུ་རིན་པོ་ཆེ་ཉིད་ཀྱང་ཐུགས་རྗེའི་འཇུག་པ་ལྷག་པར་གཡོས་ཏེ༔ ལྷ་སྲས་ཀྱི་སྙན་ཁུང་དུ་ལྗགས་ཀྱི་མཆིལ་མ་གཏོར་ཞིང་བརྒྱལ་བ་ལས་བསླངས་ཏེ་ཕྱག་གིས་བྱུགས་ཤིང་དབུགས་དབྱུང་༔ མདུན་དུ་འཁོད་པ་ན་སྐུ་གསུང་ཐུགས་ཀྱི་རྫུ་འཕྲུལ་མཐའ་ཡས་པ་སྤྲོ་བ་དང་༔ བསྡུ་བར་མཛད་དེ༔ ཐུགས་སྒྲུབ་ཐམས་ཅད་ཀྱི་མཐར་ཐུག་པ་གུ་རུ་བདེ་བ་ཆེན་པོའི་སྨིན་གྲོལ་ཆིག་རྫོགས་སུ་སྩལ་ཞིང་༔ ཐུན་མོང་དང་ཐུན་མོང་མ་ཡིན་པའི་མན་ངག་བཅུ་གསུམ༔ ཉོན་མོངས་རང་གྲོལ་གྱི་ཟབ་ལམ་པདྨའི་སྙིང་ཏིག་དང་བཅས་པ་རྣམས་གནང་ངོ་༔ ས་མ་ཡ༔ རྒྱ་རྒྱ༔ ཁྱད་པར་དེའི་ཚེ་དེའི་དུས་ལྷ་སྲས་ལ་བརྩེ་བས་དགོངས་ཏེ་ཞལ་ཆེམས་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ༔ ཨེ་མ་ཉོན་ཅིག་ཆོས་ཀྱི་འཁོར་ལོས་སྒྱུར༔ བོད་ཀྱི་ལྷ་སྲས་རྗེས་འབྲངས་དད་པ་ཅན༔ བདག་ལ་མོས་ཤིང་རབ་ཏུ་གདུང་བ་ཡིས༔ གསོལ་བཏབ་འབྲས་བུུ་སྙིང་པོ་སྙིང་པོའི་བཅུད༔ གདམས་པའི་མཐར་ཐུག་པདྨའི་ཞལ་ཚབ་འདི༔ སྙིང་དུ་ཆོངས་ལ་ང་ཡི་བཀའ་རྟགས་རྣམས༔ ཚུལ་བཞིན་བཟུང་ནས་ང་ཉིད་དྲན་པར་གྱིས༔ ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་སད་པའི་མཐུས༔ དཀའ་བ་དུ་མས་པཎ་ཆེན་མཆོག་རྣམས་དང་༔ གྲུབ་པ་ཐོབ་པ་མང་དུ་སྤྱན་དྲངས་ཤིང་༔ འབངས་ནས་མཆོད་གནས་ལོ་ཙཱ་སྤྱི་བོར་བཏོན༔ དེ་རྣམས་མཚམས་སྦྱོར་བསྙེན་བཀུར་རྨད་བྱུང་བས༔ བོད་ཀྱི་ཡུལ་དུ་དམ་ཆོས་བསྟན་པ་སྤེལ༔ རྗེས་འཇུག་ཀུན་ལ་བཀའ་དྲིན་ཆེ་བར་མཛད༔ དེ་ཕྱིར་སྙིང་ནས་དྲིན་དྲན་བརྩོན་པ་བསྐྱེད༔ སྐུ་གསུང་ཐུགས་རྟེན་གཙུག་ལག་མཆོད་པ་དང་༔ དམ་པའི་ཆོས་ལ་འཆད་ཉན་སྒོམ་སྒྲུབ་དང་༔ འདུལ་བ་མདོ་སྡེ་མངོན་པའི་དུས་སྟོན་དང་༔ དགེ་འདུན་རྣམས་ལ་བསྙེན་ཅིང་བསྐུར་བ་དང་༔ མཆོད་གནས་སྡེ་གཉིས་དབུ་འཕངས་བསྟོད་པ་དང་༔ འབངས་འཁོར་རིམ་པར་བྱམས་བརྩེས་བསྐྱང་པ་དང་༔ མ་རུངས་པ་རྣམས་ཐབས་ཀྱིས་བཏུལ་བ་དང་༔ ངན་པའི་མཐར་ཐུག་རྩད་ནས་དབྱུང་བ་དང་༔ ཕ་དང་མ་ལ་ལྷ་བཞིན་བསྐུར་བ་དང་༔ བྱམས་པས་འདྲིས་ལ་ཕྱི་ཐག་བསྲིང་བ་སོགས༔ གཙུག་ལག་དམ་པའི་ཆོས་དང་རྗེས་མཐུན་ཞིང་༔ འཇིག་རྟེན་ཡ་རབས་ལུགས་དང་མི་འགལ་བའི༔ ཡབ་མེས་ཕྱག་སྲོལ་མ་བརྗེད་ལྷ་སྲས་རྗེ༔ དེ་ལྟར་ལྷག་པའི་བསམ་པས་བརྩོན་པ་ན༔ ད་དུང་རེ་ཞིག་སྲིད་ཀྱི་མངའ་ཐང་དང་༔ དམ་ཆོས་བསྟན་པ་ཡང་ནས་ཡང་དུ་རྒྱས༔ འགྲོ་མང་ཐར་པའི་ལམ་ལ་འགོད་པར་འགྱུར༔ ནམ་ཞིག་རྒྱལ་པོའི་གདུང་ལ་བདུད་ཀྱི་བུ༔ གླང་གི་མིང་ཅན་སྡིག་སྤྱོད་ཆེན་པོ་འབྱུང་༔ དེ་ཡིས་ཡབ་མེས་ཕྱག་རྗེས་བཟང་པོ་དང་༔ ཁྱད་པར་སངས་རྒྱས་བསྟན་པ་བསྣུབ་འགྱུར་ཀྱང་༔ ཡེ་ཤེས་དབང་པོའི་སྨོན་ལམ་དག་པ་ལས༔ དན་ཏའི་བྲག་ཏུ་གསལ་བའི་མིང་ཅན་འབྱུང་༔ སྐ་བ་དཔལ་བརྩེགས་ཐུགས་རྗེའི་རང་འོད་ཞིག༔ མངའ་རིས་སྟོད་ན་བཟང་པོའི་ལོ་ཙཱར་སྐྱེ༔ དེ་དང་དེ་ཡི་བརྒྱུད་པ་འཛིན་པ་ཡིས༔ མཐའ་ནས་དབུས་སུ་མདོ་སྔགས་བསྟན་པ་ནི༔ ཐོ་རེངས་སྐར་ཆེན་ཤར་བ་བཞིན་དུ་སྣང་༔ ཁྱད་པར་པདྨ་བདག་གྀ་ཐུགས་བསྐྱེད་ལས༔ བསྟན་པའི་བདག་པོ་དམ་པ་ཇོ་བོ་ཞེས༔ ཟ་ཧོར་རིགས་ལས་བསླབ་གསུམ་ལྡན་པ་ཞིག༔ བོད་ཡུལ་དབུས་འདིར་ཉི་མ་བཞིན་དུ་ཤར༔ བསྟན་པ་དྲི་མ་མེད་པའི་སྲོལ་བཙུགས་ཏེ༔ མཐའ་དབུས་ཀུན་ཏུ་རྒྱ་ཆེར་རྒྱས་པར་འགྱུར༔ དེ་ཕྱིར་འཇིག་རྟེན་བདེ་བའི་རྒྱལ་ཁྲིམས་དང་༔ རྒྱལ་ཁྲིམས་སྙིང་པོ་འཛིན་པའི་ཆོས་ཁྲིམས་རྣམས༔ ད་ལྟའི་ཕྱག་སྲོལ་བཟང་པོ་ཇི་ལྟ་བར༔ ཚུལ་བཞིན་མ་ཉམས་སྐྱོངས་ཤིག་ལྷ་ཡི་སྲས༔ མ་འོངས་ཐ་མའི་རྒྱལ་བརྒྱུད་ཀུན་ལའང་༔ ལུགས་གཉིས་སྤྱོད་སྲོལ་དྲི་མ་མེད་པ་དང་༔ ཆོས་བཞིན་སྤྱོད་པའི་བཀའ་ཆེམས་ཡང་ཡང་ཞོག༔ འགའ་ཞིག་སྲས་དང་བློན་པོར་ནན་གྱིས་གདམས༔ འགའ་ཞིག་ཡི་གེར་བྲིས་ལ་གཏེར་དུ་སྦོས༔ ལ་ལ་རྒྱལ་པོའི་མཛོད་ཀྱི་ཕུགས་སུ་བསྟིམས༔ ལ་ལ་སྲ་བའི་རྡོ་རིང་ལོག་སུ་ཐོབ༔ དེ་ལྟར་བཀའ་ཡི་ནན་ཐག་བསྡམས་བྱས་ན༔ སྨོན་ལམ་ལོག་པ་རེ་རེ་ཙམ་མ་གཏོགས༔ ཕལ་ཆེར་ཀུན་གྱིས་ཚད་མར་བཟུང་ནས་ཀྱང་༔ སངས་རྒྱས་བསྟན་པ་མཐའ་ནས་མཐའ་རུ་རྒྱས༔ རྒྱ་གར་ཁ་ཆེ་ཟ་ཧོར་ལི་ཡུལ་སོགས༔ ཡུལ་ཆེན་ཡུལ་ཕྲན་ཕལ་མོ་ཆེ་རྣམས་སུ༔ སངས་རྒྱས་བསྟན་པ་འགྲིབ་པའི་དུས་སུའང་༔ བོད་ཀྱི་ཡུལ་འདིར་བཤད་སྒྲུབ་མ་ཆད་པའི༔ བསྟན་པའི་སྲོག་རྩ་ཡུན་ཏུ་གནས་པར་འགྱུར༔ དེ་ཕྱིར་སྤྲོ་བ་བསྐྱེད་ལ་བརྩོན་པས་སྒྲུབས༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ འདི་དང་ཕྱི་མའི་གནས་སྐབས་ཐམས་ཅད་དུ༔ རང་གཞན་ཕན་བདེ་འགྲུབ་པར་གདོན་མི་ཟ༔ ཞེས་གསུངས་སོ༔ སླར་ཡང་ལྷ་སྲས་ཀྱིས་ཞུས་པ༔ དུས་གསུམ་མཁྱེན་པའི་གུ་རུ་རིན་པོ་ཆེ༔ བཀའ་དྲིན་མཉམ་མེད་བདག་ཅག་ཡོངས་ཀྱི་མགོན༔ སྐྱབས་གནས་ཀུན་འདུས་འདྲེན་པ་མཆོག་ཁྱེད་ཀྱིས༔ ཐུགས་བསྐྱེད་དག་པས་འགྲོ་དྲུག་ཐམས་ཅད་བཏུལ༔ ཁྱད་པར་ཡབ་རྗེ་དགུང་ལོ་བཅོ་བརྒྱད་དུས༔ སྨོན་ལམ་དག་པས་གུ་རུ་བོད་དུ་ཕེབས༔ ལྷ་སྲིན་འབྱུང་པོའི་གདུག་པའི་དཔལ་ཟེར་བཏུལ༔ གཙུག་ལག་ཁང་བཞེངས་དགེ་འདུན་འདུ་བ་སྤེལ༔ བསྟན་པ་གཉིས་ལྡན་བཤད་སྒྲུབ་ཉི་ལྟར་བརྡལ༔ རི་བྲག་གངས་གསུམ་སྒྲུབ་པའི་གནས་སུ་མཛད༔ ཆོས་དང་ནོར་གཏེར་མཐའ་དབུས་ཀུན་ཏུ་སྦས༔ བདེ་སྐྱིད་སྙན་གསུམ་ལྷ་ཡི་ཡུལ་ལས་ལྷག༔ འབྲེལ་ཚད་ཐམས་ཅད་བྱང་ཆུབ་ལམ་ལ་བཀོད༔ བཀའ་དྲིན་བསམ་ན་ནམ་མཁའི་མཐའ་ལས་བརྒལ༔ འོན་ཀྱང་འདུས་བྱས་རྟག་པ་མིན་པའི་དཔེས༔ ལྷ་གཅིག་ཁྲི་སྲོང་རྒྱལ་པོ་གཤེགས་ནས་ཀྱང་༔ མི་ལོ་ཉི་ཤུ་རྩ་བརྒྱད་སོང་མཚམས་སུ༔ ལྷ་སྲས་བཙན་པོ་མུ་ཏིག་བཙན་པོ་ནི༔ བདག་ཅག་སོ་བརྒྱད་ལོན་ནས་དགུང་དུ་ཡལ༔ དམ་འཛིན་ཁམས་ཀྱི་ཕྱོགས་སུ་བྱོན་ནས་ཀྱང་༔ འཇིག་རྟེན་སྲིད་བསྐྱང་གྲུབ་པ་མཐར་ཕྱིན་མཛད༔ མདོ་རྒྱུད་ཀུན་ལ་བསྟན་བཅོས་མང་མཛད་དེ༔ ལྷ་སྲས་ལོ་ཙཱ་གཤེགས་ནས་ལོ་བདུན་ཐལ༔ ད་ནི་མུ་ཁྲི་བཙན་པོ་ཁོ་བོ་ཙམ༔ བོད་ཀྱི་ཡུལ་འདིར་གཅིག་པུར་ལུས་པ་ན༔ གུ་རུ་ཐུགས་རྗེ་ཅན་གྱི་བཀའ་ཆེམས་ལྟར༔ རྒྱལ་ཁྲིམས་ཆོས་ཁྲིམས་སྲུང་ཞིང་སྤེལ་ལགས་ཀྱང་༔ ཡང་ཡང་ལུང་བསྟན་རྒྱལ་པོ་གླང་མིང་གིས༔ བསྟན་པའི་ཕུང་བྱེད་ང་ཡི་བརྒྱུད་པ་རྡུག༔ འོན་ཀྱང་མ་འོངས་ཕྱི་མ་ཕྱི་མའི་དུས༔ ད་ལྟའི་ཡོན་མཆོད་ལོ་པཎ་ཐུགས་བསྐྱེད་དང་༔ ཁྱད་པར་གུ་རུ་རྗེ་ཡི་བྱིན་བརླབས་མཐུས༔ རྒྱལ་ཁྲིམས་བསྟན་པའི་དར་ནུབ་འཕོ་འཁྱུགས་སྐབས༔ ད་ལྟའི་དུས་བཞིན་ཐམས་ཅད་ཞལ་འཛོམས་ནས༔ བསྟན་འགྲོའི་ཕན་བདེ་སྤེལ་ཞེས་གསུངས་པ་དང་༔ ཁྱད་པར་ཡབ་དང་བདག་ཅག་སྲས་གསུམ་གྱིས༔ བོད་འབངས་ཡང་ཡང་བསྐྱང་ཞེས་བཀའ་སྩལ་ཞིང་༔ དེ་ཡི་དུས་སུ་ཇི་ལྟར་འབྱུང་བ་ཡི༔ ལུང་བསྟན་ཞལ་གདམས་བསམ་གྱིས་མི་ཁྱབ་ཀྱང་༔ བདག་ཅག་ཡོན་མཆོད་འབྲལ་ཀའི་ཞལ་ཆེམས་མཐིལ༔ སྙིང་པོར་དྲིལ་བ་བླཽ་གཏད་གཅིག་ཆོག་གསུངས༔ མཐོང་བས་ཡིད་ཚིམ་བསམ་པས་དོན་གྲུབ་པ༔ ངེས་པའི་དོན་དུ་གུ་རུས་བཀའ་གནང་སྩོལ༔ ཅེས་ཞུས་པས༔ གུ་རུ་རིན་པོ་ཆེས་བཀའ་སྩལ་པ༔ ཨེ་མ་འཕགས་པའི་བྱིན་རླབས་ཐུགས་རྗེའི་འཕྲུལ༔ འོད་གསལ་ལྷ་ལས་ཆད་པ་རིགས་ཀྱི་རྒྱལ༔ ལེགས་ཉེས་སྤྱན་འབྱེད་རྒྱལ་སྲས་དད་པ་ཅན༔ བདག་ལ་གདུང་བས་གསོལ་བ་བཏབ་པ་ལེགས༔ ངས་བཤད་རྩེ་གཅིག་ཐུགས་ཀྱི་མཐིལ་དུ་ཟུང་༔ མ་འོངས་ཐ་མའི་དུས་སུ་ནུབ་ཕྱོགས་ནས༔ ང་ཡི་གཏེར་འབྱིན་བརྒྱ་སྟོན་ཞེས་བྱ་འབྱུང་༔ དེ་ནས་རིམ་པར་ཟབ་མོའི་གཏེར་གྱི་སྒོ༔ མ་ནོར་འབྱེད་པ་ནམ་མཁའི་སྐར་ཚོགས་ཙམ༔ བསམ་གྱིས་མི་ཁྱབ་འགྲཽ་བའི་དཔལ་དུ་འབྱུང་༔ ལ་ལས་དངོས་གཏེར་ཁྲོམ་ཚོགས་དཀྱིལ་ནས་འདོན༔ འགའ་ཞིག་ཤིན་ཏུ་གསང་བའི་ཚིག་གཏེར་འདོན༔ ལ་ལར་གཏེར་སྲུང་དངོས་ཀྱིས་རྩོལ་མེད་སྤྲོད༔ འགའ་ཞིག་དཀའ་རྒུ་སྤྱད་ནས་ཟབ་གཏེར་ལེན༔ སྐབས་རེར་རྟེན་འབྲེལ་དབང་གིས་འཕྲལ་གཏེར་འབྱུང་༔ རེས་འགའ་ཐུགས་གཏེར་དགོངས་པའི་ཀློང་ནས་རྡོལ༔ འགའ་ཞིག་ལྷ་དང་མཁའ་འགྲོས་དངོས་སུ་སྟོན༔ ལ་ལས་བཏོན་ཀྱང་རང་ཉམས་ཁོ་ན་ལེན༔ ཕལ་ཆེར་ལོ་གྲངས་བཀའ་རྒྱ་བཏབ་ནས་སྤེལ༔ ལ་ལས་ཁ་བྱང་ལུང་བསྟན་གསལ་གྱུར་ཀྱང་༔ དངོས་སུ་མི་འདོན་བཀའ་རྙིང་བསྟན་པ་བསྐྱང་༔ དེ་ལྟར་ཚད་ལྡན་སྐྱེས་བུ་དེ་དག་གིས༔ གང་ལྟར་སྤྱོད་ཀྱང་པདྨ་བདག་ཉིད་ཀྱི༔ བྱིན་རླབས་སྔོན་སྨོན་དབང་གི་བྱེ་བྲག་སྟེ། འབྲེལ་ཚད་འཚིངས་ཤིང་དོན་དང་ལྡན་པ་ཡིན༔ ཁྱད་པར་འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ནི༔ ཡབ་གཅིག་ཁྲི་སྲོང་སྐྱེ་བ་བཅུ་གསུམ་དུ༔ བདག་གིས་བྱིན་རླབས་གདམས་པ་ཉམས་བླངས་པས༔ གསང་སྔགས་ནང་གི་ས་ལམ་མ་ལུས་བགྲོད༔ མངོན་པར་བྱང་ཆུབ་ཡེ་ཤེས་ཆེ་བརྙེས་ནས༔ སླར་ཡང་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྤྲུལ་པ་གྲངས་ཅན་གྲངས་མེད་བསམ་མི་ཁྱབ༔ བོད་ཁམས་མཐའི་དབུས་ཀུན་ཏུ་ཡང་ཡང་འབྱུང་༔ ཟབ་གཏེར་ཉེར་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ ཉི་མ་འོད་ཟེར་སྤང་རྗེ་སྟོན་པ་སོགས༔ སྨོན་ལམ་དག་པས་སྤྲུལ་སྐུ་རྣམས་ཀྱིས་བཏོན༔ བདག་གིས་དབང་ལུང་གདམས་པའི་བཀའ་གཏད་ནས༔ བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་ལ་སོགས༔ སྙིང་པོའི་བསྟན་པའི་སྲོག་རྩ་ཟིན་པ་འབྱུང་༔ མུ་ཏིག་བཙད་པོ་བློ་གྲོས་མཆོག་དང་ལྡན༔ སྐྱེ་བ་བཅུ་གསུམ་སྤྲུལ་པ་ཉི་ཤུ་ལྔ༔ རབ་བྱུང་སྔགས་པ་གཏེར་འབྱིན་ས་སྐྱོང་སོགས༔ ངེས་དང་མ་ངེས་འབྲེལ་ཚད་དོན་དང་ལྡན༔ ལྷ་སྲས་ཁྱོད་ཀྱང་སྐྱེ་བ་བཅུ་བདུན་དུ༔ འགྲོ་དོན་དཔག་མེད་ནམ་མཁའི་མཐའ་དང་མཉམ༔ དེ་ནས་རེས་འགའ་ཨོ་རྒྱན་བདག་ཉིད་དང་༔ དབྱེར་མེད་ཐུགས་ཀྱི་དགོངས་ཀློང་གཅིག་ཏུ་འཁྱིལ༔ རེས་འགའ་ཉི་མ་ལས་ནི་འོད་ཟེར་བཞིན༔ སྤྲུལ་པ་མང་པོས་འགྲོ་བའི་ཁ་ལོ་བསྒྱུར༔ དམ་འཛིན་ལོ་ཙས་པདྨ་བདག་ཉིད་ལ༔ ཟབ་ཅིང་རྒྱ་ཆེའི་གདམས་པ་དཔག་མེད་ཞུས༔ ཉིན་མཚན་མི་དལ་བརྩོན་འགྲུས་ཆེན་པོ་ཡིས༔ བསྒྱུར་བཤད་འཆད་ཉན་བསྒོམ་སྒྲུབ་བགྱིས་པའི་མཐུས༔ མ་འོངས་དུས་ཀྱང་སྤྲུལ་པའི་ཕྲེང་བ་ཡིས༔ ཆོས་མཛོད་ཆེན་པོར་རང་དབང་བསྒྱུར་བ་འབྱུང་༔ དེ་ལས་བྱེ་བྲག་སུམ་ཅུ་ཁ་རལ་དུས༔ མདོ་ཁམས་མཐིལ་དུ་སྔགས་སྐྱེས་རྗེའུའི་རིགས༔ ནོར་བུའི་མིང་ཅན་སྒྱུ་མའི་སྤྲུལ་པ་ཡི༔ ཟབ་རྒྱས་གཏེར་གྱི་བང་མཛོད་ཁ་བྱེ་ཚེ༔ ད་ལྟའི་དུས་ཀྱི་ལོ་པན་ཕལ་མོ་ཆེ༔ དབུས་གཙང་ཁམས་གསུམ་བསྟན་པ་སྤེལ་ཕྱིར་འབྱུང་༔ ང་ཡི་ཟབ་ཆོས་སྙིང་པོར་དྲིལ་བ་རྣམས༔ ཆུ་བུར་བཞིན་དུ་གང་འདོད་ས་ནས་རྡོལ༔ དེ་དག་ཉན་བཤད་སྒྲུབ་དང་འཆང་བ་རྣམས༔ ཨོ་རྒྱན་ང་ཡི་ཐུགས་རྗེས་ངེས་པར་འཛིན༔ དེ་ཚེ་རྒྱལ་བློན་པཎ་གྲུབ་ལོ་ཙཱ་རྣམས༔ ལ་ལ་བླ་མ་ལ་ལ་མཁན་པོ་དང་༔ ལ་ལ་རྒྱལ་པོ་ལ་ལ་བློན་པོ་དང་༔ ལ་ལ་འབངས་དང་ལ་ལ་སྔགས་པའི་སྡེ༔ རང་ཚུལ་འཛིན་པ་བསམ་གྱིས་མི་ཁྱབ་པས༔ ང་ཡི་ཟབ་ཆོས་གཏེར་དུ་སྦས་པ་རྣམས༔ སྤྱན་དྲངས་བྱེད་པའི་ལས་ཅན་གཏེར་སྟོན་དང་༔ འགའ་ཞིག་དེ་ཡི་ཐུགས་རྒྱུད་བསྐུལ་བ་དང་༔ འགའ་ཞིག་དེ་ལ་མངའ་གསོལ་བྱེད་པ་དང་༔ འགའ་ཞིག་དེ་ཡི་ཕྲིན་ལས་བསྐྱང་པ་དང་༔ འགའ་ཞིག་ཟབ་དོན་རྩེ་གཅིག་བསྒོམ་པ་དང་༔ འགའ་ཞིག་སྨིན་གྲོལ་རྒྱ་ཆེར་འཆད་པ་དང་༔ འགའ་ཞིག་དགོངས་འགྲེལ་བསྟན་བཅོས་རྩོམ་པ་དང་༔ འགའ་ཞིག་དེ་ཡི་རྩོད་པ་ཟློག་པ་དང་༔ འགའ་ཞིག་དེ་ཡི་སྦྱིན་བདག་བྱེད་པ་དང་༔ འགའ་ཞིག་ཐུགས་ཀྱྀ་གཟུངས་མ་བྱེད་པ་དང་༔ གཞན་ཡང་བསྟོད་ཅིང་བསྔགས་པ་སྒྲོགས་པ་སོགས༔ གཅིག་ལ་གཅིག་གྲོགས་གཅིག་གིས་གཅིག་སྤེལ་བས༔ བསྟན་པ་འུར་ཆེམ་འབྲུག་ལྟར་གྲགས་པར་འགྱུར༔ དེ་ཡི་དུས་སུ་པདྨ་བདག་ཉིད་དང་༔ ཐུགས་བསྐྱེད་དག་པའི་ཡབ་སྲས་རྗེས་འབྲངས་ཀྱིས༔ མ་འོངས་དོན་དུ་དཀའ་བ་དང་བླངས་ཏེ༔ ཡིད་ཆེས་བསྐྱེད་པའི་ལོ་རྒྱུས་ཐང་ཡིག་དང་༔ ངེས་ཤེས་སྟེར་བའི་ལུང་བསྟན་མ་བུ་དང་༔ བླངས་དོར་སྙིང་པོར་བརྩེ་བའི་ཞལ་གདམས་དང་༔ དངོས་གྲུབ་གཉིས་སྩོལ་སྨིན་གྲོལ་ཡན་ལག་བཅས༔ བསྟན་པ་སྲུང་བའི་ཆོས་སྐྱོང་དྲག་སྔགས་སོགས༔ གང་ལ་གང་འདུལ་དགོངས་པ་ཟབ་མོའི་གཏེར༔ ལ་ལ་རྒྱལ་པོའི་བླ་དཔེ་བཀླག་ཆོག་དང་༔ ལ་ལ་བོད་ཡིག་བརྡའ་རུ་བསྒྱུར་བ་དང་༔ ལ་ལ་བརྡའ་ཡིག་མདོ་ཙམ་བསྟན་པ་དང་༔ ལ་ལ་བརྡ་དོན་གསང་བའི་ཡི་གེ་དང་༔ ལ་ལ་འཕྲུལ་ཡིག་རྐྱེན་གྱིས་མངོན་པ་དང་༔ ལ་ལ་བལྟར་ཡོད་བཟུང་དུ་མེད་པ་སོགས༔ ཆོས་སྐུའི་ཡེ་ཤེས་རྣམ་པ་ཐམས་ཅད་པ༔ ཅིར་ཡང་འཆར་ཞིང་ཅིར་ཡང་འབྱུང་བའི་ཚུལ༔ སོ་སོའི་སྐྱེ་བོའི་བློ་ལས་འདས་པ་དག༔ རི་བྲག་མཚོ་གསུམ་དགོངས་པའི་ཀློང་སྒྲོམ་དུ༔ སངས་རྒྱས་རྫུ་འཕྲུལ་མ་འགགས་རོལ་པ་ཡིས༔ སྦས་པ་ཐམས་ཅད་ཆུད་མི་ཟོས་པ་རུ༔ ཡང་ཡང་བསྒོམ་སྒྲུབ་བཤད་ཉན་དར་བར་འགྱུར༔ དེ་དུས་སྐབས་ཤིག་མཐའ་དབུས་ཀུན་འཁྲུགས་ཤིང་༔ ཁྱད་པར་ལྕགས་སྤྲེལ་ལོ་ཡི་སྔ་རྗེས་སུ༔ སྟོད་སྨད་གཉིས་ནས་འཁྲུགས་པ་ལོང་ལོང་གཡོ༔ མ་མོ་ཆེན་མོ་བཞི་ཡི་ཕོ་བྲང་འཆའ༔ དམ་སྲི་འབྱུང་པོ་བྱེ་བ་ཕྲག་བརྒྱ་ཡིས༔ རང་དབང་མེད་པར་ཀུན་གྱི་ཡིད་བསྒུལ་ཏེ༔ འཇིག་རྟེན་ཁམས་སུ་ནད་མཚོན་ཆར་པ་འབེབས༔ རོང་འཁྲིས་རྣམས་སུ་ཁྲག་གི་ཆུ་མིག་རྡོལ༔ བཟང་བྱེད་སྨོད་ཅིང་ངན་པའི་ཕྱོགས་སུ་འདུ༔ དེ་དག་ཐམས་ཅད་བཟློག་ཅིང་ཞི་བའི་ཕྱིར༔ མདོ་ཁམས་པདྨ་བཀོད་པའི་མཚོ་གླིང་དང་༔ གངས་རིས་བསྐོར་དང་ཤེལ་གྱི་གུར་ཕུབ་ལ༔ བཤད་སྒྲུབ་གྲྭ་བཙུག་དཀོན་མཆོག་རྟེན་ཡང་བཞེངས༔ སྨན་སྒྲུབ་སྒྲུབ་ཆེན་ལས་སྦྱོར་སྣ་ཚོགས་པ༔ ཤིན་ཏུ་གསང་བའི་ལུང་བཞིན་འབད་པས་བསྒྲུབ༔ བདུད་ཀྱི་དབང་གྱུར་སྐྱེ་བོའི་ཁར་མ་བཏང་༔ རྒྱལ་ཁྲིམས་ཆོས་ཁྲིམས་མ་ཉམས་གཞུང་བཞིན་བསྲང་༔ བསྟན་པའི་གསོས་སུ་གྱུར་པ་ཐམས་ཅད་ལ༔ སྒོ་གསུམ་འབད་པས་རྩལ་དུ་སྤྲུགས་བྱས་ན༔ འགྲོ་ཀུན་བདེ་སྐྱིད་ལྷུན་གྱིས་གྲུབ་པར་འགྱུར༔ འོན་ཀྱང་དེ་དུས་སྨོན་ལམ་ལོག་པ་ཡི༔ རྒྱལ་བླཽན་བདུད་ཀྱི་རིས་གྱུར་མང་ཚོགས་པས༔ ནང་གི་སྙིང་བཏོན་ཕྱི་རུ་འཕྱར་བ་དང་༔ ཕྱི་ཡི་སོ་ཁ་ནང་དུ་བསྟན་པ་ཡིས༔ རང་ཕུང་གཞན་ཕུང་ཕུང་ཐལ་ཆེན་པོར་འབྱུང་༔ མ་རབས་བསྐུར་ཞིང་བཟང་པོའི་དབུ་འཕང་སྨད༔ དགྲ་ལ་བློ་གཏད་གྲོགས་ལ་སྙིང་རིང་བྱེད༔ ལྐོག་ནས་ངན་གཡོ་ངོས་སུ་ཁྱུ་གཅིག་བསྲེ༔ ཆད་ལ་མདོ་མེད་མནའ་ལ་ཅིར་མི་བརྩི༔ རྒྱུ་འབྲས་འཆོལ་སྤྱོད་ལོག་བལྟས་རྒྱུད་རབ་དཀྲུགས༔ མདོར་ན་སྨོན་ལམ་དག་པའི་སྐྱེས་བུ་དང་༔ བར་མའི་སྐྱེ་བོ་རེ་འགའ་མ་གཏོག་པ༔ དབང་ཆེའི་བདུད་དང་དམ་སྲིའི་བློ་བསྒྱུར་ནས༔ བྱ་རུ་མི་རུང་ལས་སྤྱོད་སྣ་ཚོགས་དྲན༔ ནོར་བའི་ལམ་ཞུགས་བཅོས་སུ་མེད་པ་ཡིས༔ ལ་ཡོགས་རྣམ་སྨིན་ཆུ་ཡི་གཉེར་མ་འདྲ༔ ཆོས་ལྟར་བཅོས་པའི་དགེ་སྦྱོང་འགའ་ཞིག་ཀྱང་༔ རྨོངས་པས་མཁས་པའི་གོ་ས་བཟུང་ནས་སུ༔ བཀའ་ལ་ཁུངས་གཡར་ལོག་པའི་ལུང་ཆེན་སྟོན༔ རང་བཟོའི་བསྟན་བཅོས་གཏེར་མིན་གཏེར་འདྲ་བྱེད༔ འགའ་ཞིག་དེ་དང་དེ་ཡི་རྗེས་འབྲངས་ནས༔ བསྟན་པའི་སེལ་གྱུར་གྲུབ་མཐའ་སོ་སོར་གྱེས༔ ཆོས་བྱེད་ནང་འཐབ་ནུབ་འཐབ་འཁྲུགས་པ་འབྱུང་༔ བསམ་གཏན་མི་འཕེལ་ཕྱོགས་ཆའི་སྡེ་རིས་རྩོད༔ བསྟན་པའི་ལག་དམར་མཚམས་མེད་བྱེད་པ་ཡི༔ ཆེ་རྒུ་ཐར་ཐོར་བོད་ཀྱི་ཡུལ་དུ་འབྱུང་༔ རང་ཉིད་དགའ་དང་མི་དགའི་དབང་བྱས་ཏེ༔ ཀུན་རྟོག་རི་མོ་ཨོ་རྒྱན་གསུང་དུ་བརྫུ༔ རང་ཕྱོགས་བསྟོད་ཅིང་གཞན་ཕྱོགས་སྨོད་པ་ཡི༔ ལུང་བསྟན་རྫུན་གྱི་གབ་རྩེ་བསྡེབས་པ་ལས༔ བསྟན་པ་ནང་གཅིག་སྡེ་རིས་མང་དུ་ཕྱེ༔ དེ་ཡི་རྐྱེན་གྱིས་བཤད་སྒྲུབ་རབས་བཅད་པས༔ ཆོས་སྤོང་མཚམས་མེད་ལྔ་ལས་ཐུ་བ་ཡིས༔ རང་གཞན་བསྟན་དང་འགྲོ་ལ་ཆེས་གནོད་པའི༔ ཟོག་པོའི་རྗེས་སུ་མ་འབྲངས་སྙིང་གཏམ་ཡིན༔ མདོ་སྔགས་བསྟན་པ་ཡ་བྲལ་མི་སྤྱོད་པར༔ སངས་རྒྱས་གསུང་རབ་དགོངས་པ་གཅིག་བསྡུས་ནས༔ ཕྱོགས་རེ་ནས་ཀྱང་ཅི་དང་ཅི་འཕེལ་གྱིས༔ བཤད་སྒྲུབ་སྙིང་པོར་དྲིལ་ཅིག་ཕྱི་རབས་རྣམས༔ མ་འོངས་ཆོས་རྒྱལ་ཇི་སྙེད་འབྱོན་ནའང་༔ བློན་པོ་སྡིག་ཅན་ཕུང་དཀྲུགས་ཅན་རྣམས་ཀྱིས༔ རང་མགོ་འདོན་པའི་ཐབས་ཙམ་ལྷུར་བྱེད་པའི༔ ཕུང་བའི་སྤྱོད་པས་བྲང་འོག་བཀང་བྱས་ནས༔ རྒྱལ་ཁྲིམས་ཡིན་ཅེས་ལས་ནི་མ་རུང་པ༔ མཐོན་པོར་འཇོག་ནས་དམའ་བའི་སར་ལྷུང་ཞིང་༔ བཟང་པོར་རློམས་པས་ངན་པའི་མཐིལ་རྡོལ་བ༔ ལག་རྗེས་ནག་པོར་འགྱུར་བ་བདུད་ཀྱི་རིགས༔ བསམ་གྱིས་མི་ཁྱབ་པ་ཡིས་ངེས་པར་ཕུང་༔ དེ་བས་ཕྱི་རབས་རྗེས་འཇུག་རྒྱལ་པོ་རྣམས༔ མ་རུངས་སྡིག་སྤྱོད་གདོལ་པའི་བཙུན་མོ་དང་༔ གཡོ་སྒྱུ་སླུ་བྱེད་བློན་པོའི་ཁར་མ་བཏང་༔ དཀོན་མཆོག་གསོལ་བཏབ་བླ་མའི་ལུང་དང་བསྟུན༔ གཟུ་བོར་དཔྱད་ཅིང་དྲང་པོའི་ལམ་དུ་ཞུགས༔ འཁོར་སྲིད་འདྲེ་ལ་སྐྱེས་པའི་རྒྱལ་འགོང་ཚོགས༔ དམ་སྲི་ལྷ་རུ་བསྟེན་པའི་མཆོད་གནས་འགའ༔ རེ་ཞིག་གྲགས་པ་འབྲུག་ལྟར་ཁྱབ་གྱུར་ཀྱང་༔ ཕུག་ཏུ་རང་ཉིད་སྨྱོན་པའི་གྲལ་མཐར་འདུག༔ སྡུག་ཡུས་ཆོས་ལ་བསྒྱུར་བའི་འདྲེ་ཅན་རྣམས༔ བསྟན་པའི་བླ་ཚོང་རྐང་འདྲེན་དེ་ཡིན་པས༔ བླ་མ་ཡི་དམ་མཁའ་འགྲོ་དཀོན་མཆོག་གསུམ༔ མ་མགོན་ལྕམ་དྲལ་ང་ཡི་ཐ་ཚིག་གིས༔ བསྟན་པའི་གཉེར་གཏད་དམ་ཅན་མ་གཏོགས་པ༔ འདྲེ་སྲིན་སྐྱབས་སུ་མ་ཚོལ་ཕྱི་རབས་རྣམས༔ འདོད་སྲེད་ཞེན་པས་སྐྱེ་བོའི་གྲལ་དག་ལས༔ འཕགས་པར་འདོད་ནས་དེ་ཡི་རྗེས་འབྲངས་མང་༔ བཙུན་པར་མི་ནུས་གྲུབ་ཐོབ་ཁས་འཆེ་བ༔ ཉམས་རྟོགས་མེད་པས་ནུས་རྩལ་མི་འབྱུང་ཡང་༔ རྫུན་གྱི་གྲུབ་རྟགས་སྣ་རེས་སྐྱེ་བོ་བསླུ༔ སྔགས་སྤྱོད་ཡིན་ཟེར་བུད་མེད་ཁྱུ་གཅིག་བསྡུ༔ དམ་སྲི་དངོས་བརླམས་ལོག་པའི་ལུང་མང་བསྟན༔ རྟེན་འབྲེལ་ཐམས་ཅད་འདྲེ་ཡི་ཕྱོགས་སུ་བསྒྲིགས༔ སྨྱོ་ཐབས་མང་པོའི་བརྟུལ་ཞུགས་ཅིར་ཡང་སྟོན༔ ཤེས་ལྡན་ཡི་ཆད་བླུན་པོའི་མགོ་བོ་བསྐོར༔ བསྟན་གཉིས་གང་གི་ཆ་ལུགས་མི་འཛིན་པར༔ མ་རབས་གདོལ་བའི་སྤྱོད་པ་བག་མེད་པས༔ དཀར་ཕྱོགས་ངོ་ཚ་ནག་ཕྱོགས་འཕང་བསྟོད་པའི༔ བསྟན་པའི་ལག་དམར་ཟོག་པོ་ཁྱུ་གཅིག་འབྱུང་༔ གསར་དད་ཅན་རྣམས་ཅུང་ཞིག་རྗེས་འབྲངས་ཡང་༔ ནམ་ཞིག་ལོང་བའི་ཁྱུ་རུ་ཚུད་པ་ཡིས༔ འདི་ཕྱི་གཉིས་མེད་གཡང་སར་ལྟུང་བའི་ཕྱིར༔ ངན་པའི་རྗེས་སུ་མ་འབྲངས་ཕྱི་རབས་རྣམས༔ སྤྱིར་ཡང་དོན་དུ་མི་ཁེལ་ཁ་མང་ཅན༔ དྲན་འཕྲུལ་མི་གཅིག་དྲ་བ་བཞིན་དུ་འཛིང་༔ གང་དྲན་ལག་བླངས་རང་ཉིད་ཕུང་བའི་རྒྱུ༔ ཚིག་རྗེས་དོན་སློབས་མཛོད་ཅིག་ཕྱི་རབས་རྣམས༔ ཐོས་ལོང་མེད་པར་ཡོན་ཏན་འུར་ཆེར་སྒྲོགས༔ མཐོང་ལོང་མེད་པར་དད་པས་རྗེས་སུ་འབྲང་༔ རེ་ཞིག་ཙམ་ནས་ལོག་ལྟས་རྒྱུད་ཁེབས་པའི༔ དམ་ཉམས་ཁྱུ་གཅིག་མ་བྱེད་ཕྱི་རབས་རྣམས༔ ཚད་ལྡན་རྒྱལ་བའི་བཀའ་དང་བསྟན་བཅོས་རྣམས༔ ལེགས་པར་མི་བསླབ་ཕྱོགས་ཙམ་ཐོས་པ་ཡིས༔ བདེན་གཉིས་ཡ་བྲལ་མདོ་སྔགས་དཀྲུགས་ཤིང་འཆད༔ བསྟན་པའི་ཕུང་ཐལ་མ་བྱེད་ཕྱི་རབས་རྣམས༔ སྒྲུབ་པས་བཤད་པའི་ལད་མོ་ལྡབ་ལྡིབ་འུར༔ བཤད་གྲྭ་ཕལ་ཆེར་གྲོང་ཡུལ་ཆོ་གས་གཡེང་༔ བཤད་སྒྲུབ་གཉིས་མེད་སེང་གེའི་གཟུགས་བརྙན་གྱིས༔ བསྟན་པའི་རྩ་བ་མ་གཅོད་ཕྱི་རབས་རྣམས༔ ཁྱད་པར་ཨོ་རྒྱན་བདག་གི་རྗེས་འཇུག་རྣམས༔ རྡོ་རྗེ་སློབ་དཔོན་སྤྱི་བོའི་ཐོད་བཞིན་བསྟེན༔ ཡི་དམ་ལྷ་ནི་ལུས་དང་གྲིབ་ལྟར་བསྒོམ༔ གསང་སྔགས་ཟབ་མོ་ཁོངས་པའི་དབུགས་ལྟར་ཟློས༔ རྫོགས་རིམ་མངོན་སུམ་སྙིང་གི་དཀྱིལ་དུ་བསྟིམ༔ མཁའ་འགྲོ་ཆོས་སྐྱོང་གྲོགས་དང་བྲན་ལྟར་བསྐོལ༔ བསྐྱེད་རྫོགས་ཉམས་དང་དྲོད་རྟགས་རྒྱུན་མ་བཅད༔ རྟོག་གེ་ཚིག་ཙམ་རྗེས་སུ་མ་འབྲེང་བར༔ ངས་བཤད་གཏན་ལ་ཕོབས་ཤིག་རྗེས་འཇུག་རྣམས༔ སྙན་རྒྱུད་གདེངས་མེད་གོ་བ་སྐམ་པོ་ལ༔ གདེངས་སུ་བྱས་པའི་བླུན་བསྒོམ་རང་མགུ་ཅན༔ བཟླས་བརྗོད་སྒྲུབ་ཚུག་བཟང་བའི་སྡུག་ཡུས་ཀྱིས༔ རང་གི་རང་ཉིད་མ་བསླུ་ཕྱི་རབས་རྣམས༔ འགའ་ཞིག་དང་པོར་ཐོས་ཤིང་བསྒྲུབ་གྱུར་ཀྱང་༔ དེ་ནས་ཟང་ཟིང་རྗེས་འབྲང་ཆོས་བརྒྱད་མཁན༔ ཆོས་པར་མིང་བཏགས་གཡོ་སྒྱུས་ཁོག་གང་བའི༔ དྲེད་པོ་ཆོས་མེད་མ་བྱེད་ཕྱི་རབས་རྣམས༔ དང་པོར་སྙིང་ལས་ལྷག་པའི་མཛའ་བཤེས་བྱེད༔ བར་དུ་བློ་སྣ་མི་མཐུན་ཁོང་ཁྲོ་ལྷོང་༔ ཐ་མ་ཤིན་ཏུ་འཁོན་ཞིང་སྡང་བའི་དགྲ༔ བརྩོན་པས་སྒྲུབ་པར་མ་བྱེད་ཕྱི་རབས་རྣམས༔ རྫུན་གྱི་བློ་ཆུང་འགའ་ཞིག་བསླུས་གྱུར་ཏེ༔ དེ་ལྟར་རིགས་འགྲེས་ཀུན་ལ་ངན་བློ་ཡིས༔ རང་འདོད་ཕུགས་བཅུགས་དོན་མང་བསྒྲུབ་པའི་མཐར༔ གཉིས་ཀ་ཕུང་བར་མ་བྱེད་ཕྱི་རབས་རྣམས༔ ཡ་རབ་སྐྱེ་བོ་མཆོག་གི་ལུགས་སྲོལ་ལྟར༔ འཇིག་རྟེན་མཐུན་པའི་ཆོས་ལ་ལེགས་བསླབས་ཏེ༔ ཁ་ཉུང་ཁོག་ཡངས་དྲན་ཤེས་ནང་དུ་བཀུག༔ བག་ཡོད་ཚུལ་མཐུན་སྤྱོད་ཅིག་ཕྱི་རབས་རྣམས༔ ཉིན་པར་ཚེ་འདིའི་འཚོ་ཆིས་ལུགས་བཞིན་སྤྱོད༔ ནང་ནུབ་དཀོན་མཆོག་གསོལ་བཏབ་དགེ་ལ་འབད༔ དུས་ཀུན་གཉིད་ཆང་བུད་མེད་ཁར་མ་བཏང་༔ ལས་འབྲས་དཔང་དུ་ཞོག་ཅིག་ཕྱི་རབས་རྣམས༔ དེ་ནས་རང་ཉིད་ཆོས་ལ་བློ་ཕྱོགས་ན༔ བརྒྱུད་ལྡན་རྩོད་པ་བྲལ་བའི་གྲུབ་མཐར་ཞུགས༔ མཚན་ཉིད་ཚང་བའི་བཤེས་གཉེན་ཚུལ་བཞིན་བསྟེན༔ རང་གི་ནུས་ཚོད་སྦྱར་བའི་སྡོམ་པ་བླངས༔ དེ་ཉིད་མཐར་དབྱུང་འདི་ཕྱི་ཀུན་ཏུ་དགེ༔ ངེས་འབྱུང་བྱང་སེམས་ཆོག་ཤེས་ལྡན་པར་གྱིས༔ ཐོས་པས་རྒྱུད་སྦྱངས་བསམ་པས་སྒྲོ་འདོགས་བཅད༔ ཉམས་རྟོགས་མ་ཤར་བར་དུ་བསྒོམ་སྲན་བཟུང་༔ ལྟ་བསྒོམ་ཁ་ལ་མ་ཁྱེར་སྙིང་ལ་ཆོངས༔ རྟོགས་པ་ཡོད་མེད་རྐྱེན་དང་བསྲེས་ལ་དཔྱོད༔ མ་རྟོགས་རྟོགས་བརྫུས་རང་གཞན་ཉམས་པས་ན༔ རྟོགས་པ་གདེངས་ཐོབ་བར་དུ་གསང་ཞིང་སྤྱད༔ ཆོས་དང་འཇིག་རྟེན་བྱ་བ་གང་བྱེད་ཀྱང་༔ མིག་ལྟོས་ངན་པའི་ཕྱོགས་སུ་མི་སྡོད་པར༔ ཡ་རབས་ཚུལ་མཐུན་གྲོགས་དང་འགྲོགས་ནས་སུ༔ རྣམ་ཀུན་བདེ་བའི་ལམ་སྣེ་ཟིན་པ་ལ༔ ད་རེས་འབུང་གསུམ་བཏོན་ཅིག་ཕྱི་རབས་རྣམས༔ ང་དང་འཇལ་ཡང་མན་ངག་བཅུ་གསུམ་དང་༔ ཉོན་མོངས་རང་གྲོལ་སྙིང་ཏིག་འདི་རྣམས་ལས༔ ལྷག་པའི་གདམས་པ་འཆད་དུ་མེད་པས་ན༔ བརྩོན་པས་ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ དེ་ལྟར་ཕན་པའི་ཞལ་ཆེམས་མཐར་ཐུག་འདི༔ འདིར་ཚོགས་ལྷ་སྲས་རྗེས་འབྲངས་ཐམས་ཅད་དང་༔ མ་འོངས་རྣམས་ཀྱིས་ཚུལ་བཞིན་སྤྱོད་གྱུར་ན༔ དོན་གཉིས་ལྷུན་གྱིས་གྲུབ་བོ་ཕྱི་རབས་རྣམས༔ ཞེས་ཤིན་ཏུ་བརྩེ་བས་བསླབས་བྱ་ལུང་བསྟན་ཞལ་ཆེམས་དང་བཅས་པ་བཀའ་སྩལ་པས་ལྷ་སྲས་རྗེས་འབྲངས་རྣམས་རབ་ཏུ་དད་ཅིང་༔ དགའ་ཞིང་གུས་པས་རྗེས་སུ་ཡི་རངས་བར་གྱུར་ཏོ༔ ས་མ་ཡ༔ རྒྱ་རྒྱ༔ དེ་ནས་སླར་ཡང་རྗེས་འབྲངས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ༔ འདི་ལྟ་བུའི་བླ་མའི་ཐུགས་སྒྲུབ་མན་ངག་དང་བཅས་པ་དང་༔ ཉོན་མོངས་རང་གྲོལ་སྙིང་ཏིག་དང་བཅས་པ་འདི་རྣམས་ད་ལྟ་སྤེལ་ལམ༔ མ་འོངས་སྣོད་ལྡན་གྱི་དོན་དུ་གཏེར་དུ་སྦ༔ གུ་རུ་རིན་པོ་ཆེས་བཀའ་སྩལ་དུ་གསོལ། ཞེས་ཞུས་པའི་ཚེ༔ གུ་རུ་རིན་པོ་ཆེའི་ཞལ་ལས༔ ཨེ་མ་དད་ལྡན་རྗེས་འབྲངས་རྣམས༔ དེ་ལྟར་གསོལ་བ་བཏབ་པ་ལེགས༔ འདི་འདྲའི་གདམས་པ་ཁྱད་པར་ཅན༔ རྡོ་རྗེའི་གསུང་གི་གསང་བ་གཅིག༔ སྣོད་དང་འཚམས་པར་འཆར་བ་ཀུན༔ བཀའ་སྲོལ་བཞི་རུ་བསྡུས་ནས་ཀྱང་༔ རང་རང་ཉམས་ལེན་གནད་དུ་དྲིལ༔ ནམ་ཞིག་མཁའ་འགྲོ་མཚོ་རྒྱལ་མས༔ དྷཱ་ཀི་གསང་བའི་བརྡར་ཐོབ་ལ༔ སོ་སོའི་སྨོན་ལམ་དང་བཅས་ཏེ༔ དབུས་གཙང་ཁམས་ཀྱི་གནས་སོ་སོར༔ ཟབ་མོའི་གཏེར་དུ་རྒྱས་བཏབ་ན༔ མ་འོངས་ཕྱི་མ་ཕྱི་མའི་དུས༔ ལས་འཕྲོ་སྐལ་བར་ལྡན་པ་ཡིས༔ རིམ་པ་བཞིན་ཏུ་བཏོན་བྱས་ན༔ བསྟན་འགྲོའི་རྒུད་པ་སེལ་བ་དང་༔ ཕན་བདེའི་ཕྲིན་ལས་རྒྱས་པར་འགྱུར༔ འབྲེལ་ཚད་དོན་ལྡན་ཨེ་མ་ཧོ༔ ཞེས་བཀའ་སྩལ་པ་ན༔ ཁོ་མོ་མཚོ་རྒྱལ་བདག་གིས་གུས་ཕྱག་དགུ་ཕྲུགས་སུ་བཙལ་ནས༔ ཨེ་མ་གུ་རུ་སྤྲུལ་པའི་སྐུ༔ ཟབ་མོའི་གདམས་པ་ཁྱད་པར་ཅན༔ རིམ་པར་ཕྱེ་བ་སྙིང་པོའི་དོན༔ གཏེར་དུ་གདམས་པར་བཀས་གནང་ན༔ ཡིད་བཞིན་ནོར་བུའི་གསང་བ་འདི༔ སྦ་བའི་ཐབས་ཚུལ་ཇི་ལྟ་བུ༔ གནས་མཆོག་གང་དུ་ཕྱག་རྒྱས་གདབ༔ དེ་ཉིད་འདོན་པའི་ལས་ཅན་དང་༔ གཞན་དོན་འབྱུང་ཚུལ་བཀའ་སྩལ་གསོལ༔ ཞེས་ཞུས་པའི་ཚེ༔ གུ་རུ་རིན་པོ་ཆེ་དར་གཅིག་དགོངས་པ་མཉམ་པར་བཞག་ནས་གསུང་རྡོ་རྗེའི་དབྱངས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ༔ ཨེ་མ་ཉོན་ཅིག་མཚན་ལྡན་མཁའ་འགྲོའི་གཙོ༔ ཁྱད་པར་གསོལ་བ་འདེབས་པ་ཤིན་ཏུ་ལེགས༔ བདག་ཉིད་འཆི་མེད་པདྨ་ཐོད་ཕྲེང་རྩལ༔ ཆོས་སྐུ་སྣང་བ་མཐའ་ཡས་ཡེ་ཤེས་ལས༔ སྙིང་རྗེའི་འགྲོ་འདུལ་སྤྱན་རས་གཟིགས་སུ་ཤར༔ བྱེ་བྲག་འཛམ་གླིང་སྤྱི་དང་བོད་ཁམས་ཀྱི༔ གདུལ་བྱའི་དོན་ཕྱིར་ཤཱཀྱའི་རྒྱལ་པོ་ཉིད༔ རྡོ་རྗེ་ཐེག་པའི་ལམ་སྟོན་བླ་ན་མེད༔ མཚོ་སྐྱེས་སྤྲུལ་པའི་སྐུ་རུ་སྣང་བ་སྟེ༔ དེ་ཕྱིར་དུས་གསུམ་ཆགས་ཐོགས་དང་བྲལ་བའི༔ གཟིགས་པ་སྒྲིབ་མེད་ཡེ་ཤེས་རྩལ་འཆང་བས༔ གདུལ་བྱའི་ཡུལ་དང་འདུལ་བྱེད་གང་ཟག་དང་༔ འདུལ་བའི་དུས་དང་ཐབས་ཚུལ་ལ་སོགས་པ༔ ད་ལྟའི་མངོན་སུམ་བཞིན་དུ་གཏན་ཕེབས་པས༔ ཞིབ་པར་གདམས་སོ་རྩེ་གཅིག་ཡིད་ལ་ཟུངས༔ མ་འོངས་སུམ་ཅུ་ཁ་རལ་སྙིགས་དུས་ཀྱི༔ བོད་ཁམས་མགོན་མེད་འགྲོ་རྣམས་བསྐྱབ་པའི་ཕྱིར༔ ཡིད་བཞིན་ནོར་བུ་བླ་མའི་ཐུགས་སྒྲུབ་ནི༔ ཟབ་མོའི་གདམས་པ་མན་ངག་སྙིང་པོའི་ཕུལ༔ ཉོན་མོངས་རང་གྲོལ་པདྨའི་སྙིང་ཏིག་བཅས༔ མཐོང་ཐོས་དོན་ལྡན་དགོངས་ཉམས་མཐར་ཐུག་ཆོས༔ ང་དང་མ་མཇལ་ཕྱི་རབས་གདུལ་བྱ་ལ༔ དངོས་དང་ཁྱད་མེད་བྱིན་རླབས་སྐུ་ཚབ་མཆོག༔ རིན་ཆེན་སྣ་ལྔའི་ཕྱེ་མ་ལས་བྱས་ཏེ༔ གཞན་དོན་ཐུགས་རྗེའི་རྫུ་འཕྲུལ་མཐུ་ཡིས་བཞེངས༔ བདེ་ཆེན་ཡེ་ཤེས་མངོན་སུམ་བསྟིམ་པས་ན༔ བདག་དང་མཇལ་བར་ཁྱད་མེད་ཐེ་ཚོམ་བྲལ༔ དེ་ཕྱིར་ཆོས་དང་རྟེན་མཆོག་ཁྱད་པར་ཅན༔ སྦས་པའི་ཚུལ་ཀྱང་གཞན་ལས་འཕགས་པ་སྟེ༔ རྒྱ་ཆེའི་གཞུང་རྣམས་ཟབ་པའི་སྙིང་པོར་དྲིལ༔ སྙིང་པོའི་ཡང་ཞུན་བརྗོད་པ་ཀུན་གྱི་རྒྱུ༔ གདམས་པའི་མཐར་ཐུགས་བརྡ་ཡིག་བདུན་དུ་བསྡུས༔ རྩ་སྒོ་འབྱེད་པའི་རྫས་ནི་བདུད་རྩི་ལྔ༔ ཡི་གེའི་རྐྱེན་བྱེད་མཁའ་འགྲོའི་བརྡ་རིས་བདུན༔ དགོངས་པས་བྱིན་རླབས་ཤོག་དྲིལ་རིན་པོ་ཆེ༔ འབྱུང་བ་བཞི་དང་དུག་མཚོན་གྱིས་མི་ཚུག༔ དྲི་ཚོར་ཙམ་གྱིས་ནད་ཞི་གདོན་འཕྲོག་ཅིང་༔ སྣང་བ་དབང་སྡུད་ཐུགས་རྗེ་ཆགས་པའི་རྫས༔ དོན་ཀུན་གྲུབ་སྟེར་བྱིན་རླབས་གི་ཝཾ་བཟང་༔ བཾ་པོར་བྱས་ཏེ་དེ་ཡི་བཙས་སུ་གཏམས༔ བསྐལ་པ་ཞིག་ཀྱང་མི་འགྱུར་རྐྱེན་གྱི་གཏེར༔ སྦས་པའི་གནས་ནི་མདོ་ཁམས་ཟལ་མོ་སྒང་༔ རྩི་རྐེའི་ཆུ་བོ་འདུས་པའི་རོང་གི་བྲག༔ རིན་ཆེན་འབར་བའི་ལོག་སུ་རྒྱས་ཐོབ་ལ༔ ཀླུ་བཙན་འབར་བ་སྤུན་བདུན་སྲུང་མར་བསྐོས༔ ནམ་ཞིག་བོད་ཁམས་མཐའ་དབུས་ཀུན་ཏུ་འཁྲུགས༔ སྣོད་བཅུད་བཀྲག་ཉམས་རི་བོའི་ན་བུན་ཡལ༔ འབྱུང་བའི་རྐྱེན་མང་སྐྱེ་འགྲོའི་ཤེས་རྒྱུད་འགྱུར༔ གནས་རྟེན་ཉམས་ཤིང་སྨན་སྔགས་ནུས་པ་ཟད༔ བཟང་སྤྱོད་སྨོད་ཅིང་ངན་པའི་ལད་མོ་འུར༔ དྲིན་ལ་ལོག་གཞལ་དགྲ་ལ་བློ་གཏད་འཆའ༔ ཕན་པའི་སྙིང་གཏམ་དྲང་པོ་ཐན་དུ་བལྟ༔ གནོད་པའི་ཁ་འཇམ་ཞེ་གནག་ལྷ་རུ་མཐོང་༔ མི་རུང་སྣ་དགུའི་གདོལ་སྤྱོད་དར་བ་ཡིས༔ དཀར་ཕྱོགས་ལྷ་ཀླུ་ཐམས་ཅད་གྲིབ་ཀྱིས་འཐིབ༔ ནག་ཕྱོགས་མི་དང་མི་མིན་གཟེངས་བསྟོད་པས༔ ནད་མུག་མཚོན་གྱི་བསྐལ་ངན་དུས་གཅིག་ལངས༔ དེ་ཚེ་གཏེར་འདི་འབྱིན་པའི་ལས་ཅན་ནི༔ ཡབ་གཅིག་ཁྲི་སྲོང་སྤྲུལ་པ་དབང་གི་མིང་༔ བསྟན་གཉིས་ཟུང་འཇུག་ཤེས་རབ་རྩལ་འཆང་བར༔ པདྨ་བདག་གིས་ཡང་ཡང་བྱིན་བརླབས་པས༔ གནས་དང་ཟབ་མོའི་གདམས་པའི་མཚོན་ཚུལ་ཀུན༔ མེ་ལོང་བྱད་བཞིན་དྲན་པའི་ཟུངས་སུ་སྨིན༔ དངོས་སུ་སྤྱོད་དམ་བསྐུལ་བས་རྐྱེན་བྱས་ཏེ༔ ད་ལྟའི་སྨོན་ལམ་དབང་གིས་དམ་འཛིན་ནི༔ འབྲེལ་ཚད་དོན་ལྡན་སྔགས་ཀྱི་རྣལ་འབྱོར་པ༔ བྱིས་པའི་ངང་ཚུལ་ལས་ཅན་ཞིག་འབྱུང་ཏེ༔ དེ་ཡིས་གནས་ཡུལ་ཀུན་ཏུ་ཉུལ་བ་དང་༔ མཁའ་འགྲོའི་ཚོགས་དང་དགྱེས་རྒུར་སྤྱོད་པ་དང་༔ ལས་ཅན་རྣམས་ལ་ཡེ་ཤེས་བསྐྱེད་པ་དང་༔ བཤད་སྒྲུབ་བསྟན་པའི་ས་བོན་གདབ་པའི་ཕྱིར༔ འགྲོ་དོན་སྤྱོད་པའི་ལམ་ནས་རྙེད་པར་འགྱུར༔ དེ་ནས་ཡབ་སྲས་ལྷན་ཅིག་ཚོགས་པ་དང་༔ པདྨ་བདག་གིས་བྱིན་གྱིས་བརླབས་པ་དང་༔ མཚོ་རྒྱལ་ཁྱོད་ཀྱི་སྨོན་ལམ་དག་པ་དང་༔ ཕྱི་ནང་རྟེན་འབྲེལ་ཟབ་མོ་ལ་བརྟེན་ནས༔ དོན་རྣམས་ཀུན་གཟིགས་བདུད་རྩིའི་ཤོག་བུ་ལ༔ མི་འགྱུར་རྩ་བའི་ཡི་གེའི་གྲོང་ཁྱེར་བདུན༔ ཆུ་ཟླ་བཞིན་དུ་སྤྲུལ་པའི་འདུ་བྱེད་ཅན༔ བརྡ་ཡི་ཐིག་ལེ་འབུམ་ཕྲག་གྲངས་མེད་ལས༔ ལས་ཅན་དག་གི་བླཽ་གྲོས་དང་མཚམས་པར༔ ངེས་པའི་གདམས་པ་ཟབ་མོའི་ཚིག་ཏུ་འབྱུང་༔ དོན་གྱི་ཐེམས་ལས་མི་འདའ་གཏན་ལ་ཕོབ༔ དེ་ཚེ་གཞན་དོན་ཕྲིན་ལས་འབྱུང་བ་ནི༔ སྤྱན་རས་གཟིགས་དབང་ཐུགས་རྗེའི་འོད་ཟེར་ལས༔ ངོ་མཚར་སྤྲུལ་པ་དབུས་གཙང་ཁམས་སུ་འབྱུང་༔ སྐུ་གསུང་ཐུགས་ཀྱི་གདུལ་བྱ་འདུལ་བ་ལ༔ ཆོས་འདི་གཏད་ན་རང་གཞན་ཕན་བདེ་འགྲུབ༔ པདྨ་བདག་གིས་བྱིན་གྱིས་བརླབས་པའི་བུ༔ སྙིང་པོའི་མིང་གིས་བསྟན་པ་མཐའ་ནས་སྤེལཿ སངས་རྒྱས་ཡེ་ཤེས་སྔགས་ཀྱི་རྣལ་འབྱོར་པར༔ འདི་འཕྲོད་བདུན་བརྒྱུད་བཤད་སྒྲུབ་འཛིན་བྱེད་འཕེལ༔ ནམ་སྙིང་སྤྲུལ་པ་ལོ་གསུམ་མཚམས་སུ་འབྱུང་༔ འདི་ལ་བརྟེན་ནས་ཕྲིན་ལས་མངའ་ཐང་རྒྱས༔ མཚོ་རྒྱལ་བྱིན་བརླབས་གསུང་གི་གནས་སུ་སྣང་༔ ཆོས་འདི་ཉམས་བླངས་དངོས་གྲུབ་ཁྱད་པར་ཐོབ༔ ཤར་གྱི་ཕྱོགས་ནས་སྦ་བཙུན་སྐྱེ་མཐའ་ནི༔ བློ་གྲོས་ལྡན་པ་དཔལ་བཟང་མིང་ཅན་འབྱུང་༔ སྦས་མངོན་སྤྱོད་པས་འགྲོ་བ་ཐབས་ཀྱིས་འདུལ༔ ལྷོ་ན་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱི༔ སྐྱེ་མཐའ་བཀྲ་ཤིས་མིང་ཅན་ཕག་ལོ་པ༔ མ་ངེས་འགྲོ་འདུལ་སྙན་གྲགས་ལྡན་པ་འབྱུང་༔ ནུབ་ནས་བཻ་རོའི་སྐྱེ་མཐའ་བློ་གྲོས་ཅན༔ བསྟན་འཛིན་མིང་ཅན་རྒྱལ་བའི་བསྟན་ལ་ཕན༔ ཟབ་རྒྱས་མཛོད་ལ་རང་དབང་བསྒྱུར་བ་འབྱུང་༔ བྱང་ནས་དཔལ་གྱི་དབང་ཕྱུག་རྡོ་རྗེའི་མིང་༔ དྲག་སྔགས་མཐུ་ལྡན་བསྟན་པ་སྲུང་ལ་བརྩོན༔ རྫུ་འཕྲུལ་སྤྱོད་པས་བློ་སྣ་བསྒྱུར་བ་འབྱུང་༔ བདུད་འཇོམས་རྡོ་རྗེའི་སྨོན་ལམ་མཐུ་གྲུབ་པ༔ རཏྣའི་མིང་ཅན་མཁྱེན་ནུས་ཡོན་ཏན་རྫོགས༔ འབྲེལ་ཚད་དོན་ལྡན་དན་གྱི་ཕྱོགས་སུ་འབྱུང་༔ ཏིང་འཛིན་བཟང་པོའི་སྐྱེ་བ་མངོན་ཤེས་ཅན༔ སྦས་པའི་ཚུལ་འཛིན་བསྟན་པའི་སྙིང་པོ་འཛིན༔ ནུབ་ཀྱི་ཕྱོགས་ནས་ཀུན་དགའི་མིང་ཅན་གྱིས༔ མདོ་སྔགས་ཟུང་འབྲེལ་འཆད་རྩོམ་སྒྲོན་མེ་སྦར༔ དཔལ་གྱི་སེང་གེའི་སྐྱེ་མཐའ་མངྒ་ལ༔ ནུས་པ་ལྡན་པས་མཐའ་དམག་གདུག་ཅན་བཟློག༔ གཉགས་ཆེན་ཛྙཱ་ན་རྟོགས་པས་རང་རྒྱུད་གྲོལ༔ བྱང་ཆུབ་སེམས་ལྡན་འགྲོ་བ་འདུལ་བ་འབྱུང་༔ གཞན་ཡང་རྗེས་འབྲངས་རྣམས་ཀྱི་བྱིན་རླབས་ལས༔ རྡོ་རྗེའི་མིང་ཅན་སྔགས་སྤྱོད་གྲུབ་པ་འབྱུང་༔ གར་གྱི་དབང་ཕྱུག་དབང་ཆེན་གསུང་གི་བདག༔ ཕྲིན་ལས་རབ་འཛིན་ཤིང་པོའི་བསྟན་ལ་ཕན༔ འཇམ་དཔལ་རྡོ་རྗེ་བདེ་བའི་ཡེ་ཤེས་གྲུབ༔ དགེ་ལེགས་མིང་ཅན་ངེས་དོན་བསྟན་པ་འཛིན༔ པདྨའི་དབང་ཕྱུག་ཆོས་ཀྱི་འཁོར་ལོས་བསྒྱུར༔ ནོར་བུའི་མིང་ཅན་འགྲོ་བ་འདུལ་བའི་མཆོག༔ དཔལ་གྱི་མིང་ཅན་ཁྱད་པར་ཆོས་འདིའི་བདག༔ དེ་དང་དེ་བཞིན་སྤྲུལ་པའི་སྐྱེས་བུ་དང་༔ ཟབ་མོའི་ཆོས་འདིར་སྙིང་ནས་དད་ཐོབ་པ༔ མངའ་རིས་དབུས་གཙང་མདོ་ཁམས་སྟོད་སྨད་ནས༔ ཐུགས་ཀྱི་སྲས་ལྔ་ཉེ་བའི་བུ་མཆོག་བརྒྱད༔ བཤད་སྒྲུབ་འཛིན་པ་ཉི་ཤུ་རྩ་ལྔ་སྟེ༔ གྲུབ་པའི་ཉམས་མྱོང་ཐོབ་པ་བརྒྱ་རྩ་བརྒྱད༔ ལམ་སྣ་ཟིན་པའི་རྣལ་འབྱོར་སྟོང་ཕྲག་གཅིག༔ འབྲེལ་བ་ཐོབ་པ་འབུམ་ཚོ་བཅོ་བརྒྱད་རྣམས༔ ཕོ་མོ་མ་ངེས་སྔ་ཕྱི་སྣ་ཚོགས་སུ༔ རིམ་པར་འབྱུང་བས་ཆོས་འདི་ཉམས་བླངས་ན༔ རང་གཞན་ཀུན་གྱི་བསམ་པ་ཡིད་བཞིན་འགྲུབ༔ བསྟན་དང་འགྲོ་ལ་ཕན་པ་རླབས་ཆེན་འབྱུང་༔ ཚེ་འཕོས་འོག་མིན་པདྨ་དྲྭ་བ་རུ༔ རིག་འཛིན་ཚོགས་དང་སྤྱོད་ཡུལ་མཉམ་པར་རྒྱུ༔ ལུས་རྟེན་དེ་ལས་མཆོག་གི་དངོས་གྲུབ་ཐོབ༔ ཁྱད་པར་པདྨའི་སྙིང་ཏིག་ཟབ་མོ་ལ༔ བརྟེན་ནས་ཟག་མེད་འོད་ཀྱི་ལུས་གྲུབ་པ༔ ལྷོ་བྱང་ཀོང་ཡུལ་ཁམས་དང་མོན་གྱི་མཐའ༔ དེ་དག་རྣམས་སུ་ལྔ་ཕྲག་ཟུང་གཅིག་འབྱུང་༔ མདོར་ན་ལས་ཅན་སྐྱེས་བུས་འདི་རྙེད་ཚེ༔ བསྐྱེད་རིམ་གུ་རུ་བདེ་བ་ཆེན་པོ་དང་༔ ཐབས་གྲོལ་ལམ་གྱི་ཉམས་མྱོང་ཟབ་མོའི་དོན༔ དབེན་པར་སོང་ལ་རྩེ་གཅིག་ཡིད་ཀྱིས་བསྒོམ༔ རིམ་གཉིས་ཟབ་མོའི་མྱོང་བ་སྐྱེས་པ་ན༔ རྩ་བའི་དབང་དང་སྒྲུབ་ཐབས་ཀུན་ལ་སྤེལ༔ མན་ངག་ལོ་བདུན་བར་དུ་གསང་བར་བསྡམས༔ དེ་ནས་དུས་བབས་ངེས་པའི་རྟགས་བྱུང་ན༔ རིམ་གྱིས་གདམས་པ་ཚོད་དང་སྦྱར་སྤེལ་ན༔ ཁྱད་པར་ལུང་གི་ཟིན་པའི་སྐྱེས་བུ་དང་༔ འཕྲལ་དུ་ཌཱ་ཀིས་བསྐུལ་མ་གནང་བའི་ཚེ༔ གདམས་པའི་རྩལ་སྐྱུགས་ལྷག་མ་མེད་པར་སྦྱིན༔ དེས་ཀྱང་ཉམས་བླངས་རང་གཞན་དོན་ཆེན་འགྲུབ༔ དབུས་གཙང་ཁམས་ཀྱི་སྒྲུབ་པའི་གནས་རྣམས་ཀྱང་༔ ས་གནད་རྣམས་སུ་ཟབ་མོའི་ཕྲིན་ལས་འདིའི༔ ཚོགས་སྒྲུབ་ཚེས་བཅུའི་མཆོད་པའི་རྒྱུན་ཚུགས་ན༔ གངས་ཅན་མཐའ་དབུས་ཀུན་ཏུ་བདེ་ལེགས་འབྱུང་༔ གཏེར་གནས་འདི་དང་ཉེ་བའི་ས་ཕྱོགས་སུ༔ ལས་ཅན་རང་གི་གདན་ས་གཉིས་ཀྱང་འཆའ༔ གཞན་ཡང་གནས་མཆོག་ཉི་ཤུ་རྩ་ལྔ་ལ༔ སྐྱེས་བུའི་ལག་པའི་སོར་གདུབ་ཇི་བཞིན་དུ༔ བསྒོམ་པའི་སྡེ་རེ་ངེས་པར་ཁྲ་ཆེམས་འབྱུང་༔ རང་བྱུང་པདྨས་བྱིན་རླབས་བསྟན་འཛིན་རེ༔ བློ་བུར་མ་ངེས་ཐོག་འབབས་ཚུལ་དུ་འབྱོན༔ སྙིང་པོའི་བསྟན་པ་མཐའ་ནས་མཐའ་རུ་རྒྱས༔ བོད་ཁམས་འགྲོ་བའི་བསམ་པ་ལྷུན་གྱིས་གྲུབ༔ དེ་ཕྱིར་ད་ལྟར་བཞུགས་པའི་རྗེས་འབྲངས་དང་༔ མ་འོངས་འབྱུང་འགྱུར་ལས་ཅན་སྣོད་ལྡན་ཀུན༔ མི་བསླུ་ངེས་པ་པདྨའི་བཀའ་ཡིན་པས༔ ཐུགས་ བསྐྱེད་རྩལ་ཕྱུངས་ང་ཡི་གསུང་བཞིན་སྒྲུབས༔ རང་གཞན་དོན་གཉིས་འགྲུབ་བོ་ཨེ་མ་ཧོ༔ ཞེས་བཀའ་སྩལ་པ་ན་བདག་ཅག་རྗེས་འབྲངས་ཐམས་ཅད་ཀྱིས་ཀྱང་མགྲིན་གཅིག་ཏུ་ཕྱག་དང་བསྐོར་བ་གྲངས་མེད་པ་བྱས༔ ཞབས་སྤྱི་བོར་བླངས༔ བསམ་པ་ཐག་པས་སྨོན་ལམ་རླབས་པོ་ཆེ་བཏབ་པ་ན༔ ནམ་མཁའི་ཁམས་ཀུན་འཇའ་དང་༔ འོད་དང་༔ རོལ་མོའི་སྒྲ་དང་༔ མཆོད་པའི་སྤྲིན་ཕུང་སྣ་ཚོགས་ཀྱིས་གང་བའི་དབུས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་མངོན་སུམ་དུ་བྱོན་ཏེ་གུ་རུ་རིན་པོ་ཆེ་དང་ལྷན་གཅིག་ཏུ་སྨོན་པ་འགྲུབ་པའི་མཐུན་འགྱུར་གྱི་སྒྲ་དབྱངས་བསྒྲགས་ཤིང་༔ མེ་ཏོག་གི་ཆར་ཕབས༔ མཐར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གུ་རུ་རིན་པོ་ཆེ་ལ་འདུས༔ གུ་རུ་ཉིད་ཉི་ཟེར་ལ་ཆིབས་ཏེ་ལྷོ་ནུབ་སྲིན་པོ་འདུལ་བའི་ཕྱིར་ནམ་མཁའི་ལམ་ནས་ཞལ་ཐལ་ལེར་གཤེགས་པར་གྱུར་ཏོ༔ ས་མ་ཡ༔ རྒྱ་རྒྱ༔ དེ་ནས་གུ་རུ་རིན་པོ་ཆེ་སྲིན་པོའི་ཡུལ་དུ་གཤེགས་པའི་རྗེས༔ མི་ལོ་ལྔ་བཅུ་ཐམ་པར་རྗེས་འབྲང་རང་རང་གིས་ཉམས་སུ་བླངས་ཏེ་དངོས་གྲུབ་གཉིས་ཀྱི་དགའ་སྟོན་སྤེལ༔ རང་གཞན་གྱི་དོན་མཐར་ཕྱིན་པའི་ཚེ༔ གུ་རུ་རིན་པོ་ཆེའི་བཀའ་བཞིན་ཁོ་མོ་མཚོ་རྒྱལ་གྱིས་དཔེ་རྣམས་གཅིག་ཏུ་བསྡུས་ཏེ་སྐོར་ཚོ་སོ་སོར་ཕྱེས༔ ཁྱད་པར་གདམས་པའི་མཐར་ཐུག་འདི་ཉིད་གུ་རུ་རང་གིས་བྱིན་གྱིས་རླབས་པའི་སྤྲུལ་པའི་བརྡ་ཡིག་ལ་བསྟིམ་ནས༔ སྐུ་ཚབ་མཐོང་གྲོལ་དངོས་གྲུབ་དཔལ་འབར་དང་ལྷན་གཅིག་ཏུ་གླང་པོ་ཆེ་ས་སྲུང་གི་གི་ཝཾ་གྱིས་བམ་པོར་བྱས་ཏེ༔ མདོ་ཁམས་རྩི་རྐེ་འདུས་པའི་གནས༔ བྲག་རི་རིན་ཆེན་འབར་བའི་མགུལ་དུ་གཏེར་དུ་སྦས༔ གཏེར་བདག་ཀླུ་བཙན་དྲག་པོ་སྤུན་བདུན་ལ་གཏད་ཅིང་སྨོན་ལམ་གདབ་པ་ནི༔ རྩ་གསུམ་རྒྱལ་བ་འདུས་པའི་ཡེ་ཤེས་སྐུ༔ ཡིད་བཞིན་ནོར་བུ་གུ་རུ་བདེ་བ་ཆེའི༔ བསླུ་མེད་རྡོ་རྗེའི་གསུང་གིས་ལུང་བསྟན་ལྟར༔ མཐོང་གྲོལ་རྟེན་དང་ཟབ་མོའི་གདམས་པ་བཅས༔ མ་འོངས་དོན་ཕྱིར་གཏེར་དུ་སྦས་པ་འདི༔ དུས་སུ་བབ་ཚེ་ལས་ཅན་སྐྱེས་བུས་རྙེད༔ བྱིན་རླབས་སྟོབས་ཀྱི་ཚུལ་བཞིན་གཏན་ཕབས་ནས༔ གཞན་དོན་འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ ཅེས་བརྗོད་པ་ན༔ གུ་རུ་བཀའ་དྲིན་ཅན་གྱིས་ཀྱང་སྐད་ཅིག་གིས་གློག་འཁྱུགས་པ་ལྟར་ཐུགས་རྗེའི་གཟུགས་སྐུ་མངོན་དུ་སྣང་བར་མཛད་ཅིང་མེ་ཏོག་གི་ཆར་དབབ་པ་དང་བཅས་བདེན་པའི་གསུང་གིས་སླར་ཡང་དབུགས་འབྱིན་ཆེན་པོ་སྩལ་བར་མཛད་དོ༔ ས་མ་ཡ༔ རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་རྩི་རྐེ་རིན་ཆེན་འབར་བའི་བྲག་གི་མགུལ་ནས་སྤྱན་དྲངས་པའི་མཐོང་གྲོལ་བདུད་རྩི་ལྔ་ཤོག་ལས༔ ས་ཕོ་རྟའི་ལོའི་མགོ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་གཏན་ལ་ཕབ་རིམ་བཞིན་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །ཅེས་པའང་མཆོག་གླིང་གདན་ས་རྩི་རྐེ་ནོར་བུ་གླིང་གི་ཆོས་གྲྭར་སྤར་དུ་བཀྲུན་པ་དགེ་ལེགས་འཕེལ།། དགེའོ།།

[edit]

\u0f01\u0f83:___:bla ma'i thugs sgrub yid bzhin nor bu las:__lo rgyus shel gyi phreng ba bzhugs so:__\u0f01\u0f83:__: 123455667 :___ma bcos spros med kun bzang pad+ma 'byung :__bde chen rigs lnga sgyu 'phrul dra ba'i bdag:__gang 'dul sprul pa'i rig 'dzin rtsal 'chang rje:__rtsa gsum rgya mtsho'i spyi dpal chen por 'dud:__de la sangs rgyas rnams kyi thugs rje tshad med pas sems can gyi khams yal bar mi 'dor ba'i phyir:__gdul bya rnams dang skal ba mtshams par mdzad pa bcu gnyis bstan pa mchog gi sprul pa'i sku dang :__de dang tshul mthun pa mkhas pa dang :__grub pa dang :__rig pa 'dzin pa dang :__dpa' bo dang :__rnal 'byor ma dang :__mi'i bdag po la sogs pa'i rnam par bstan nas gnas skabs dang mthar thug gi 'bras bu la sbyor bar mdzad pa las:__bye brag mi mjed 'jig rten gyi khams lho phyogs 'dzam bu'i gling 'dir sangs rgyas shAkya thub par bstan nas mngon par byang chub pa'i ye shes brnyes te:__chos kyi 'khor lo rim pa gsum dang :__rdo rje'i sngags rgyud nam mkha'i mtha' klas pas skal ba dang ldan pa rnams yongs su smin par mdzad de:__rtag par zhen pa rnams ldog pa'i phyir yongs su mya ngan las 'das pa'i tshul bstan:__chad lta sun 'byin pa'i phyir slar yang d+ha na ko Sha klu'i pho brang du sangs rgyas gnyis pa mtsho skyes rdo rje'i skur bzhengs te:__o rgyan dang :__rgya gar dang :__za hor dang :__kha che dang :__sing+ga la'i gling sogs gling chen dang gling phran du mar gshegs te:__lha dang :__mi dang :__lha ma yin dang :__gnod sbyin dang :__'byung po'i tshogs dpag tu med pa'i don mdzad pa'i tshul ni mtha' yas shing brjod pa'i yul las 'das pa yin la:__khyad par sngon gyi thugs bskyed rmad du byung bas:__gdong dmar bod kyi yul 'dir chos skyong ba'i rgyal po yab gcig khri srong lde'u btsan gyis spyan drangs pa ltar gshegs te:__lha srin rnams btul:__gtsug lag khang mang du bzhengs dam pa'i chos ky-i sgron me chen po sbar:__zab cing ches dkon pa'i gdams pa 'bum phrag mang po skad cig res bstan te:__re zhig de tsam gyis sku dngos kyi gdul bya rdzogs par dgongs nas:__chos dang nor gyi gter kha du ma byin gyis brlabs pa'i gnas rnams su sbas te:__ma 'ongs pa na las dang skal bar ldan pa rnams kyis spyod pa'i smon lam dang bcas gter bdag srung ma rnams la rdo rje'i bka' nan gyis gnyer du gtad par mdzad do:__sa ma ya:__rgya rgya:__de lta bu'i rdzogs pa'i sangs rgyas gu ru rin po che yid bzhin nor bu de nyid lho nub srin po 'dul ba la dgongs pa mngon du gtad nas gshegs pa'i tshe:__brag dmar 'om bus gtibs pa'i tshal nas:__mang yul gung thang la thog gi bar mnga' bdag rjes 'brangs rnams kyi sku rjes bsnyegs te phyag bskyel la byon pa'i skabs su:__dpal lha'i sras po tha chung mu khri btsan pos gu ru'i na bza'i sne mo la 'jus te:__shugs ring dang spyan chab 'byin zhing gdung ba'i smre sngags mang du bton:__khyad par zhal tshab kyi gdams pa zab mo mthar thug pa zhig gnang du gsol bar zhus pa ni:__kye ma gu ru rin po che:__bstan pa'i nyi ma pad 'byung khyed:__bod du mi bzhugs bzhud pa'i tshe:___bdag cag rjes 'brangs snying ma dga':__dpral ba'i mig dang khog pa'i snying :__da ltar sa la byung snyams bgyid:__ji ltar bsran kyang ma tshugs te:__smre sngags gdung bas gsol btab kyang :__thugs rjes mi 'dzin ji lta bu:__nges par srin po 'dul gshegs na:__zhal chems man ngag bcu gsum po:__thun mong tsam zhig bstan na'ang :__da dung bdag cag blo ma tshim:__gu ru bod yul mi bzhugs kyang :__dngos dang khyad med zhal gyi tshab:__bdag cag blo gtad gcig chog chos:__kun 'dril zab la rno myur can:__smin grol gdams pa yongs rdzogs pa'i:__zhal gdams man ngag dang bcas pa:__khyad par 'phags pa ma stsal na:__thugs kyi gting nas brtsai ba yis:__bod 'bangs bskyangs zhes rdzun du thal:__de bas thugs kyis dam dgongs la:__mthong thos dran reg kun grol ba'i:__snying po'i gdams pa stsal du gsol:__zhes gsol te rjes 'brangs 'dus pa thams cad kyis gus pa'i mig gis gu ru'i zhal la ce re bltas:__lus kyi rgyan dang gos rnams bkrol te phud nas gu ru'i phyogs su gtor zhing spungs:__mgrin gcig tu smre ngag gis gsol ba btab:__phyag grangs med par btsal ba'i mthar:__lha sras nyid gdung ba'i shugs kyis brgyal zhing sa la 'gyel bar gyur to:__de'i tshe de'i dus na gu ru rin po che nyid kyang thugs rje'i 'jug pa lhag par g.yos te:__lha sras kyi snyan khung du ljags kyi mchil ma gtor zhing brgyal ba las bslangs te phyag gis byugs shing dbugs dbyung :__mdun du 'khod pa na sku gsung thugs kyi rdzu 'phrul mtha' yas pa spro ba dang :__bsdu bar mdzad de:__thugs sgrub thams cad kyi mthar thug pa gu ru bde ba chen po'i smin grol chig rdzogs su stsal zhing :__thun mong dang thun mong ma yin pa'i man ngag bcu gsum:__nyon mongs rang grol gyi zab lam pad+ma'i snying tig dang bcas pa rnams gnang ngo :__sa ma ya:__rgya rgya:__khyad par de'i tshe de'i dus lha sras la brtse bas dgongs te zhal chems 'di skad ces kyang bka' stsal to:__e ma nyon cig chos kyi 'khor los sgyur:__bod kyi lha sras rjes 'brangs dad pa can:__bdag la mos shing rab tu gdung ba yis:__gsol btab 'bras bu+u snying po snying po'i bcud:__gdams pa'i mthar thug pad+ma'i zhal tshab 'di:__snying du chongs la nga yi bka' rtags rnams:__tshul bzhin bzung nas nga nyid dran par gyis:__chos skyong rgyal po khri srong lde'u btsan gyis:__sngon gyi thugs bskyed smon lam sad pa'i mthus:__dka' ba du mas paN chen mchog rnams dang :__grub pa thob pa mang du spyan drangs shing :__'bangs nas mchod gnas lo tsA spyi bor bton:__de rnams mtshams sbyor bsnyen bkur rmad byung bas:__bod kyi yul du dam chos bstan pa spel:__rjes 'jug kun la bka' drin che bar mdzad:__de phyir snying nas drin dran brtson pa bskyed:__sku gsung thugs rten gtsug lag mchod pa dang :__dam pa'i chos la 'chad nyan sgom sgrub dang :__'dul ba mdo sde mngon pa'i dus ston dang :__dge 'dun rnams la bsnyen cing bskur ba dang :__mchod gnas sde gnyis dbu 'phangs bstod pa dang :__'bangs 'khor rim par byams brtses bskyang pa dang :__ma rungs pa rnams thabs kyis btul ba dang :__ngan pa'i mthar thug rtsad nas dbyung ba dang :__pha dang ma la lha bzhin bskur ba dang :__byams pas 'dris la phyi thag bsring ba sogs:__gtsug lag dam pa'i chos dang rjes mthun zhing :__'jig rten ya rabs lugs dang mi 'gal ba'i:__yab mes phyag srol ma brjed lha sras rje:__de ltar lhag pa'i bsam pas brtson pa na:__da dung re zhig srid kyi mnga' thang dang :__dam chos bstan pa yang nas yang du rgyas:__'gro mang thar pa'i lam la 'god par 'gyur:__nam zhig rgyal po'i gdung la bdud kyi bu:__glang gi ming can sdig spyod chen po 'byung :__de yis yab mes phyag rjes bzang po dang :__khyad par sangs rgyas bstan pa bsnub 'gyur kyang :__ye shes dbang po'i smon lam dag pa las:__dan ta'i brag tu gsal ba'i ming can 'byung :__ska ba dpal brtsegs thugs rje'i rang 'od zhig:__mnga' ris stod na bzang po'i lo tsAr skye:__de dang de yi brgyud pa 'dzin pa yis:__mtha' nas dbus su mdo sngags bstan pa ni:__tho rengs skar chen shar ba bzhin du snang :__khyad par pad+ma bdag g-i thugs bskyed las:__bstan pa'i bdag po dam pa jo bo zhes:__za hor rigs las bslab gsum ldan pa zhig:__bod yul dbus 'dir nyi ma bzhin du shar:__bstan pa dri ma med pa'i srol btsugs te:__mtha' dbus kun tu rgya cher rgyas par 'gyur:__de phyir 'jig rten bde ba'i rgyal khrims dang :__rgyal khrims snying po 'dzin pa'i chos khrims rnams:__da lta'i phyag srol bzang po ji lta bar:__tshul bzhin ma nyams skyongs shig lha yi sras:__ma 'ongs tha ma'i rgyal brgyud kun la'ang :__lugs gnyis spyod srol dri ma med pa dang :__chos bzhin spyod pa'i bka' chems yang yang zhog:__'ga' zhig sras dang blon por nan gyis gdams:__'ga' zhig yi ger bris la gter du sbos:__la la rgyal po'i mdzod kyi phugs su bstims:__la la sra ba'i rdo ring log su thob:__de ltar bka' yi nan thag bsdams byas na:__smon lam log pa re re tsam ma gtogs:__phal cher kun gyis tshad mar bzung nas kyang :__sangs rgyas bstan pa mtha' nas mtha' ru rgyas:__rgya gar kha che za hor li yul sogs:__yul chen yul phran phal mo che rnams su:__sangs rgyas bstan pa 'grib pa'i dus su'ang :__bod kyi yul 'dir bshad sgrub ma chad pa'i:__bstan pa'i srog rtsa yun tu gnas par 'gyur:__de phyir spro ba bskyed la brtson pas sgrubs:__thugs ngal ma mdzad lha sras bod kyi rje:__'di dang phyi ma'i gnas skabs thams cad du:__rang gzhan phan bde 'grub par gdon mi za:__zhes gsungs so:__slar yang lha sras kyis zhus pa:__dus gsum mkhyen pa'i gu ru rin po che:__bka' drin mnyam med bdag cag yongs kyi mgon:__skyabs gnas kun 'dus 'dren pa mchog khyed kyis:__thugs bskyed dag pas 'gro drug thams cad btul:__khyad par yab rje dgung lo bco brgyad dus:__smon lam dag pas gu ru bod du phebs:__lha srin 'byung po'i gdug pa'i dpal zer btul:__gtsug lag khang bzhengs dge 'dun 'du ba spel:__bstan pa gnyis ldan bshad sgrub nyi ltar brdal:__ri brag gangs gsum sgrub pa'i gnas su mdzad:__chos dang nor gter mtha' dbus kun tu sbas:__bde skyid snyan gsum lha yi yul las lhag:__'brel tshad thams cad byang chub lam la bkod:__bka' drin bsam na nam mkha'i mtha' las brgal:__'on kyang 'dus byas rtag pa min pa'i dpes:__lha gcig khri srong rgyal po gshegs nas kyang :__mi lo nyi shu rtsa brgyad song mtshams su:__lha sras btsan po mu tig btsan po ni:__bdag cag so brgyad lon nas dgung du yal:__dam 'dzin khams kyi phyogs su byon nas kyang :__'jig rten srid bskyang grub pa mthar phyin mdzad:__mdo rgyud kun la bstan bcos mang mdzad de:__lha sras lo tsA gshegs nas lo bdun thal:__da ni mu khri btsan po kho bo tsam:__bod kyi yul 'dir gcig pur lus pa na:__gu ru thugs rje can gyi bka' chems ltar:__rgyal khrims chos khrims srung zhing spel lags kyang :__yang yang lung bstan rgyal po glang ming gis:__bstan pa'i phung byed nga yi brgyud pa rdug:__'on kyang ma 'ongs phyi ma phyi ma'i dus:__da lta'i yon mchod lo paN thugs bskyed dang :__khyad par gu ru rje yi byin brlabs mthus:__rgyal khrims bstan pa'i dar nub 'pho 'khyugs skabs:__da lta'i dus bzhin thams cad zhal 'dzoms nas:__bstan 'gro'i phan bde spel zhes gsungs pa dang :__khyad par yab dang bdag cag sras gsum gyis:__bod 'bangs yang yang bskyang zhes bka' stsal zhing :__de yi dus su ji ltar 'byung ba yi:__lung bstan zhal gdams bsam gyis mi khyab kyang :__bdag cag yon mchod 'bral ka'i zhal chems mthil:__snying por dril ba blau gtad gcig chog gsungs:__mthong bas yid tshim bsam pas don grub pa:__nges pa'i don du gu rus bka' gnang stsol:__ces zhus pas:__gu ru rin po ches bka' stsal pa:__e ma 'phags pa'i byin rlabs thugs rje'i 'phrul:__'od gsal lha las chad pa rigs kyi rgyal:__legs nyes spyan 'byed rgyal sras dad pa can:__bdag la gdung bas gsol ba btab pa legs:__ngas bshad rtse gcig thugs kyi mthil du zung :__ma 'ongs tha ma'i dus su nub phyogs nas:__nga yi gter 'byin brgya ston zhes bya 'byung :__de nas rim par zab mo'i gter gyi sgo:__ma nor 'byed pa nam mkha'i skar tshogs tsam:__bsam gyis mi khyab 'grau ba'i dpal du 'byung :__la las dngos gter khrom tshogs dkyil nas 'don:__'ga' zhig shin tu gsang ba'i tshig gter 'don:__la lar gter srung dngos kyis rtsol med sprod:__'ga' zhig dka' rgu spyad nas zab gter len:__skabs rer rten 'brel dbang gis 'phral gter 'byung :__res 'ga' thugs gter dgongs pa'i klong nas rdol:__'ga' zhig lha dang mkha' 'gros dngos su ston:__la las bton kyang rang nyams kho na len:__phal cher lo grangs bka' rgya btab nas spel:__la las kha byang lung bstan gsal gyur kyang :__dngos su mi 'don bka' rnying bstan pa bskyang :__de ltar tshad ldan skyes bu de dag gis:__gang ltar spyod kyang pad+ma bdag nyid kyi:__byin rlabs sngon smon dbang gi bye brag ste/__'brel tshad 'tshings shing don dang ldan pa yin:__khyad par 'jam dpal sprul pa'i rgyal po ni:__yab gcig khri srong skye ba bcu gsum du:__bdag gis byin rlabs gdams pa nyams blangs pas:__gsang sngags nang gi sa lam ma lus bgrod:__mngon par byang chub ye shes che brnyes nas:__slar yang sku gsung thugs yon phrin las kyi:__sprul pa grangs can grangs med bsam mi khyab:__bod khams mtha'i dbus kun tu yang yang 'byung :__zab gter nyer lnga khyad par thugs gter lnga:__nyi ma 'od zer spang rje ston pa sogs:__smon lam dag pas sprul sku rnams kyis bton:__bdag gis dbang lung gdams pa'i bka' gtad nas:__bla rdzogs thugs gsum sgrub sde brgyad la sogs:__snying po'i bstan pa'i srog rtsa zin pa 'byung :__mu tig btsad po blo gros mchog dang ldan:__skye ba bcu gsum sprul pa nyi shu lnga:__rab byung sngags pa gter 'byin sa skyong sogs:__nges dang ma nges 'brel tshad don dang ldan:__lha sras khyod kyang skye ba bcu bdun du:__'gro don dpag med nam mkha'i mtha' dang mnyam:__de nas res 'ga' o rgyan bdag nyid dang :__dbyer med thugs kyi dgongs klong gcig tu 'khyil:__res 'ga' nyi ma las ni 'od zer bzhin:__sprul pa mang pos 'gro ba'i kha lo bsgyur:__dam 'dzin lo tsas pad+ma bdag nyid la:__zab cing rgya che'i gdams pa dpag med zhus:__nyin mtshan mi dal brtson 'grus chen po yis:__bsgyur bshad 'chad nyan bsgom sgrub bgyis pa'i mthus:__ma 'ongs dus kyang sprul pa'i phreng ba yis:__chos mdzod chen por rang dbang bsgyur ba 'byung :__de las bye brag sum cu kha ral dus:__mdo khams mthil du sngags skyes rje'u'i rigs:__nor bu'i ming can sgyu ma'i sprul pa yi:__zab rgyas gter gyi bang mdzod kha bye tshe:__da lta'i dus kyi lo pan phal mo che:__dbus gtsang khams gsum bstan pa spel phyir 'byung :_nga yi zab chos snying por dril ba rnams:_chu bur bzhin du gang 'dod sa nas rdol:__de dag nyan bshad sgrub dang 'chang ba rnams:__o rgyan nga yi thugs rjes nges par 'dzin:__de tshe rgyal blon paN grub lo tsA rnams:__la la bla ma la la mkhan po dang :__la la rgyal po la la blon po dang :__la la 'bangs dang la la sngags pa'i sde:__rang tshul 'dzin pa bsam gyis mi khyab pas:__nga yi zab chos gter du sbas pa rnams:__spyan drangs byed pa'i las can gter ston dang :__'ga' zhig de yi thugs rgyud bskul ba dang :__'ga' zhig de la mnga' gsol byed pa dang :__'ga' zhig de yi phrin las bskyang pa dang :__'ga' zhig zab don rtse gcig bsgom pa dang :__'ga' zhig smin grol rgya cher 'chad pa dang :__'ga' zhig dgongs 'grel bstan bcos rtsom pa dang :__'ga' zhig de yi rtsod pa zlog pa dang :___'ga' zhig de yi sbyin bdag byed pa dang :__'ga' zhig thugs ky-i gzungs ma byed pa dang :__gzhan yang bstod cing bsngags pa sgrogs pa sogs:__gcig la gcig grogs gcig gis gcig spel bas:__bstan pa 'ur chem 'brug ltar grags par 'gyur:__de yi dus su pad+ma bdag nyid dang :__thugs bskyed dag pa'i yab sras rjes 'brangs kyis:__ma 'ongs don du dka' ba dang blangs te:__yid ches bskyed pa'i lo rgyus thang yig dang :__nges shes ster ba'i lung bstan ma bu dang :__blangs dor snying por brtse ba'i zhal gdams dang :__dngos grub gnyis stsol smin grol yan lag bcas:__bstan pa srung ba'i chos skyong drag sngags sogs:__gang la gang 'dul dgongs pa zab mo'i gter:__la la rgyal po'i bla dpe bklag chog dang :__la la bod yig brda' ru bsgyur ba dang :__la la brda' yig mdo tsam bstan pa dang :__la la brda don gsang ba'i yi ge dang :__la la 'phrul yig rkyen gyis mngon pa dang :__la la bltar yod bzung du med pa sogs:__chos sku'i ye shes rnam pa thams cad pa:__cir yang 'char zhing cir yang 'byung ba'i tshul:__so so'i skye bo'i blo las 'das pa dag:__ri brag mtsho gsum dgongs pa'i klong sgrom du:__sangs rgyas rdzu 'phrul ma 'gags rol pa yis:__sbas pa thams cad chud mi zos pa ru:__yang yang bsgom sgrub bshad nyan dar bar 'gyur:__de dus skabs shig mtha' dbus kun 'khrugs shing :__khyad par lcags sprel lo yi snga rjes su:__stod smad gnyis nas 'khrugs pa long long g.yo:__ma mo chen mo bzhi yi pho brang 'cha':__dam sri 'byung po bye ba phrag brgya yis:__rang dbang med par kun gyi yid bsgul te:__'jig rten khams su nad mtshon char pa 'bebs:__rong 'khris rnams su khrag gi chu mig rdol:__bzang byed smod cing ngan pa'i phyogs su 'du:__de dag thams cad bzlog cing zhi ba'i phyir:__mdo khams pad+ma bkod pa'i mtsho gling dang :__gangs ris bskor dang shel gyi gur phub la:__bshad sgrub grwa btsug dkon mchog rten yang bzhengs:__sman sgrub sgrub chen las sbyor sna tshogs pa:__shin tu gsang ba'i lung bzhin 'bad pas bsgrub:__bdud kyi dbang gyur skye bo'i khar ma btang :__rgyal khrims chos khrims ma nyams gzhung bzhin bsrang :__bstan pa'i gsos su gyur pa thams cad la:__sgo gsum 'bad pas rtsal du sprugs byas na:__'gro kun bde skyid lhun gyis grub par 'gyur:__'on kyang de dus smon lam log pa yi:__rgyal blaun bdud kyi ris gyur mang tshogs pas:__nang gi snying bton phyi ru 'phyar ba dang :__phyi yi so kha nang du bstan pa yis:__rang phung gzhan phung phung thal chen por 'byung :__ma rabs bskur zhing bzang po'i dbu 'phang smad:__dgra la blo gtad grogs la snying ring byed:__lkog nas ngan g.yo ngos su khyu gcig bsre:__chad la mdo med mna' la cir mi brtsi:__rgyu 'bras 'chol spyod log bltas rgyud rab dkrugs:__mdor na smon lam dag pa'i skyes bu dang :__bar ma'i skye bo re 'ga' ma gtog pa:__dbang che'i bdud dang dam sri'i blo bsgyur nas:__bya ru mi rung las spyod sna tshogs dran:__nor ba'i lam zhugs bcos su med pa yis:__la yogs rnam smin chu yi gnyer ma 'dra:__chos ltar bcos pa'i dge sbyong 'ga' zhig kyang :__rmongs pas mkhas pa'i go sa bzung nas su:__bka' la khungs g.yar log pa'i lung chen ston:__rang bzo'i bstan bcos gter min gter 'dra byed:__'ga' zhig de dang de yi rjes 'brangs nas:__bstan pa'i sel gyur grub mtha' so sor gyes:__chos byed nang 'thab nub 'thab 'khrugs pa 'byung :__bsam gtan mi 'phel phyogs cha'i sde ris rtsod:__bstan pa'i lag dmar mtshams med byed pa yi:__che rgu thar thor bod kyi yul du 'byung :__rang nyid dga' dang mi dga'i dbang byas te:__kun rtog ri mo o rgyan gsung du brdzu:__rang phyogs bstod cing gzhan phyogs smod pa yi:__lung bstan rdzun gyi gab rtse bsdebs pa las:__bstan pa nang gcig sde ris mang du phye:__de yi rkyen gyis bshad sgrub rabs bcad pas:__chos spong mtshams med lnga las thu ba yis:__rang gzhan bstan dang 'gro la ches gnod pa'i:__zog po'i rjes su ma 'brangs snying gtam yin:__mdo sngags bstan pa ya bral mi spyod par:__sangs rgyas gsung rab dgongs pa gcig bsdus nas:__phyogs re nas kyang ci dang ci 'phel gyis:__bshad sgrub snying por dril cig phyi rabs rnams:__ma 'ongs chos rgyal ji snyed 'byon na'ang :__blon po sdig can phung dkrugs can rnams kyis:__rang mgo 'don pa'i thabs tsam lhur byed pa'i:__phung ba'i spyod pas brang 'og bkang byas nas:__rgyal khrims yin ces las ni ma rung pa:__mthon por 'jog nas dma' ba'i sar lhung zhing :__bzang por rloms pas ngan pa'i mthil rdol ba:__lag rjes nag por 'gyur ba bdud kyi rigs:__bsam gyis mi khyab pa yis nges par phung :__de bas phyi rabs rjes 'jug rgyal po rnams:__ma rungs sdig spyod gdol pa'i btsun mo dang :__g.yo sgyu slu byed blon po'i khar ma btang :__dkon mchog gsol btab bla ma'i lung dang bstun:__gzu bor dpyad cing drang po'i lam du zhugs:__'khor srid 'dre la skyes pa'i rgyal 'gong tshogs:__dam sri lha ru bsten pa'i mchod gnas 'ga':__re zhig grags pa 'brug ltar khyab gyur kyang :__phug tu rang nyid smyon pa'i gral mthar 'dug:__sdug yus chos la bsgyur ba'i 'dre can rnams:__bstan pa'i bla tshong rkang 'dren de yin pas:__bla ma yi dam mkha' 'gro dkon mchog gsum:__ma mgon lcam dral nga yi tha tshig gis:__bstan pa'i gnyer gtad dam can ma gtogs pa:__'dre srin skyabs su ma tshol phyi rabs rnams:__'dod sred zhen pas skye bo'i gral dag las:__'phags par 'dod nas de yi rjes 'brangs mang :__btsun par mi nus grub thob khas 'che ba:__nyams rtogs med pas nus rtsal mi 'byung yang :__rdzun gyi grub rtags sna res skye bo bslu:__sngags spyod yin zer bud med khyu gcig bsdu:__dam sri dngos brlams log pa'i lung mang bstan:__rten 'brel thams cad 'dre yi phyogs su bsgrigs:__smyo thabs mang po'i brtul zhugs cir yang ston:__shes ldan yi chad blun po'i mgo bo bskor:__bstan gnyis gang gi cha lugs mi 'dzin par:__ma rabs gdol ba'i spyod pa bag med pas:__dkar phyogs ngo tsha nag phyogs 'phang bstod pa'i:__bstan pa'i lag dmar zog po khyu gcig 'byung :__gsar dad can rnams cung zhig rjes 'brangs yang :__nam zhig long ba'i khyu ru tshud pa yis:__'di phyi gnyis med g.yang sar ltung ba'i phyir:__ngan pa'i rjes su ma 'brangs phyi rabs rnams:__spyir yang don du mi khel kha mang can:__dran 'phrul mi gcig dra ba bzhin du 'dzing :__gang dran lag blangs rang nyid phung ba'i rgyu:__tshig rjes don slobs mdzod cig phyi rabs rnams:__thos long med par yon tan 'ur cher sgrogs:__mthong long med par dad pas rjes su 'brang :__re zhig tsam nas log ltas rgyud khebs pa'i:__dam nyams khyu gcig ma byed phyi rabs rnams:__tshad ldan rgyal ba'i bka' dang bstan bcos rnams:__legs par mi bslab phyogs tsam thos pa yis:__bden gnyis ya bral mdo sngags dkrugs shing 'chad:__bstan pa'i phung thal ma byed phyi rabs rnams:__sgrub pas bshad pa'i lad mo ldab ldib 'ur:__bshad grwa phal cher grong yul cho gas g.yeng :__bshad sgrub gnyis med seng ge'i gzugs brnyan gyis:__bstan pa'i rtsa ba ma gcod phyi rabs rnams:__khyad par o rgyan bdag gi rjes 'jug rnams:__rdo rje slob dpon spyi bo'i thod bzhin bsten:__yi dam lha ni lus dang grib ltar bsgom:__gsang sngags zab mo khongs pa'i dbugs ltar zlos:__rdzogs rim mngon sum snying gi dkyil du bstim:__mkha' 'gro chos skyong grogs dang bran ltar bskol:__bskyed rdzogs nyams dang drod rtags rgyun ma bcad:__rtog ge tshig tsam rjes su ma 'breng bar:__ngas bshad gtan la phobs shig rjes 'jug rnams:__snyan rgyud gdengs med go ba skam po la:__gdengs su byas pa'i blun bsgom rang mgu can:__bzlas brjod sgrub tshug bzang ba'i sdug yus kyis:__rang gi rang nyid ma bslu phyi rabs rnams:__'ga' zhig dang por thos shing bsgrub gyur kyang :__de nas zang zing rjes 'brang chos brgyad mkhan:__chos par ming btags g.yo sgyus khog gang ba'i:__dred po chos med ma byed phyi rabs rnams:__dang por snying las lhag pa'i mdza' bshes byed:__bar du blo sna mi mthun khong khro lhong :__tha ma shin tu 'khon zhing sdang ba'i dgra:__brtson pas sgrub par ma byed phyi rabs rnams:__rdzun gyi blo chung 'ga' zhig bslus gyur te:__de ltar rigs 'gres kun la ngan blo yis:__rang 'dod phugs bcugs don mang bsgrub pa'i mthar:__gnyis ka phung bar ma byed phyi rabs rnams:__ya rab skye bo mchog gi lugs srol ltar:__'jig rten mthun pa'i chos la legs bslabs te:__kha nyung khog yangs dran shes nang du bkug:__bag yod tshul mthun spyod cig phyi rabs rnams:__nyin par tshe 'di'i 'tsho chis lugs bzhin spyod:__nang nub dkon mchog gsol btab dge la 'bad:__dus kun gnyid chang bud med khar ma btang :__las 'bras dpang du zhog cig phyi rabs rnams:__de nas rang nyid chos la blo phyogs na:__brgyud ldan rtsod pa bral ba'i grub mthar zhugs:__mtshan nyid tshang ba'i bshes gnyen tshul bzhin bsten:__rang gi nus tshod sbyar ba'i sdom pa blangs:__de nyid mthar dbyung 'di phyi kun tu dge:__nges 'byung byang sems chog shes ldan par gyis:__thos pas rgyud sbyangs bsam pas sgro 'dogs bcad:__nyams rtogs ma shar bar du bsgom sran bzung :__lta bsgom kha la ma khyer snying la chongs:__rtogs pa yod med rkyen dang bsres la dpyod:__ma rtogs rtogs brdzus rang gzhan nyams pas na:_rtogs pa gdengs thob bar du gsang zhing spyad:___chos dang 'jig rten bya ba gang byed kyang :__mig ltos ngan pa'i phyogs su mi sdod par:__ya rabs tshul mthun grogs dang 'grogs nas su:__rnam kun bde ba'i lam sne zin pa la:__da res 'bung gsum bton cig phyi rabs rnams:__nga dang 'jal yang man ngag bcu gsum dang :__nyon mongs rang grol snying tig 'di rnams las:__lhag pa'i gdams pa 'chad du med pas na:__brtson pas nyams su longs shig phyi rabs rnams:__de ltar phan pa'i zhal chems mthar thug 'di:__'dir tshogs lha sras rjes 'brangs thams cad dang :__ma 'ongs rnams kyis tshul bzhin spyod gyur na:__don gnyis lhun gyis grub bo phyi rabs rnams:__zhes shin tu brtse bas bslabs bya lung bstan zhal chems dang bcas pa bka' stsal pas lha sras rjes 'brangs rnams rab tu dad cing :__dga' zhing gus pas rjes su yi rangs bar gyur to:__sa ma ya:__rgya rgya:__de nas slar yang rjes 'brangs thams cad kyis mgrin gcig tu gsol ba btab pa:__'di lta bu'i bla ma'i thugs sgrub man ngag dang bcas pa dang :__nyon mongs rang grol snying tig dang bcas pa 'di rnams da lta spel lam:__ma 'ongs snod ldan gyi don du gter du sba:__gu ru rin po ches bka' stsal du gsol/__zhes zhus pa'i tshe:__gu ru rin po che'i zhal las:__e ma dad ldan rjes 'brangs rnams:__de ltar gsol ba btab pa legs:__'di 'dra'i gdams pa khyad par can:__rdo rje'i gsung gi gsang ba gcig:__snod dang 'tshams par 'char ba kun:__bka' srol bzhi ru bsdus nas kyang :__rang rang nyams len gnad du dril:__nam zhig mkha' 'gro mtsho rgyal mas:__d+hA ki gsang ba'i brdar thob la:__so so'i smon lam dang bcas te:__dbus gtsang khams kyi gnas so sor:__zab mo'i gter du rgyas btab na:__ma 'ongs phyi ma phyi ma'i dus:__las 'phro skal bar ldan pa yis:__rim pa bzhin tu bton byas na:_bstan 'gro'i rgud pa sel ba dang :__phan bde'i phrin las rgyas par 'gyur:___'brel tshad don ldan e ma ho:__zhes bka' stsal pa na:__kho mo mtsho rgyal bdag gis gus phyag dgu phrugs su btsal nas:__e ma gu ru sprul pa'i sku:__zab mo'i gdams pa khyad par can:__rim par phye ba snying po'i don:__gter du gdams par bkas gnang na:__yid bzhin nor bu'i gsang ba 'di:__sba ba'i thabs tshul ji lta bu:__gnas mchog gang du phyag rgyas gdab:__de nyid 'don pa'i las can dang :__gzhan don 'byung tshul bka' stsal gsol:__zhes zhus pa'i tshe:__gu ru rin po che dar gcig dgongs pa mnyam par bzhag nas gsung rdo rje'i dbyangs kyis 'di skad ces bka' stsal to:__e ma nyon cig mtshan ldan mkha' 'gro'i gtso:__khyad par gsol ba 'debs pa shin tu legs:__bdag nyid 'chi med pad+ma thod phreng rtsal:__chos sku snang ba mtha' yas ye shes las:__snying rje'i 'gro 'dul spyan ras gzigs su shar:__bye brag 'dzam gling spyi dang bod khams kyi:__gdul bya'i don phyir shAkya'i rgyal po nyid:__rdo rje theg pa'i lam ston bla na med:__mtsho skyes sprul pa'i sku ru snang ba ste:__de phyir dus gsum chags thogs dang bral ba'i:__gzigs pa sgrib med ye shes rtsal 'chang bas:__gdul bya'i yul dang 'dul byed gang zag dang :__'dul ba'i dus dang thabs tshul la sogs pa:__da lta'i mngon sum bzhin du gtan phebs pas:__zhib par gdams so rtse gcig yid la zungs:__ma 'ongs sum cu kha ral snyigs dus kyi:__bod khams mgon med 'gro rnams bskyab pa'i phyir:__yid bzhin nor bu bla ma'i thugs sgrub ni:__zab mo'i gdams pa man ngag snying po'i phul:__nyon mongs rang grol pad+ma'i snying tig bcas:_mthong thos don ldan dgongs nyams mthar thug chos:__nga dang ma mjal phyi rabs gdul bya la:__dngos dang khyad med byin rlabs sku tshab mchog:__rin chen sna lnga'i phye ma las byas te:__gzhan don thugs rje'i rdzu 'phrul mthu yis bzhengs:__bde chen ye shes mngon sum bstim pas na:__bdag dang mjal bar khyad med the tshom bral:__de phyir chos dang rten mchog khyad par can:__sbas pa'i tshul kyang gzhan las 'phags pa ste:__rgya che'i gzhung rnams zab pa'i snying por dril:__snying po'i yang zhun brjod pa kun gyi rgyu:__gdams pa'i mthar thugs brda yig bdun du bsdus:__rtsa sgo 'byed pa'i rdzas ni bdud rtsi lnga:__yi ge'i rkyen byed mkha' 'gro'i brda ris bdun:__dgongs pas byin rlabs shog dril rin po che:__'byung ba bzhi dang dug mtshon gyis mi tshug:__dri tshor tsam gyis nad zhi gdon 'phrog cing :__snang ba dbang sdud thugs rje chags pa'i rdzas:__don kun grub ster byin rlabs gi waM bzang :__baM por byas te de yi btsas su gtams:__bskal pa zhig kyang mi 'gyur rkyen gyi gter:__sbas pa'i gnas ni mdo khams zal mo sgang :__rtsi rke'i chu bo 'dus pa'i rong gi brag:__rin chen 'bar ba'i log su rgyas thob la:__klu btsan 'bar ba spun bdun srung mar bskos:__nam zhig bod khams mtha' dbus kun tu 'khrugs:__snod bcud bkrag nyams ri bo'i na bun yal:__'byung ba'i rkyen mang skye 'gro'i shes rgyud 'gyur:__gnas rten nyams shing sman sngags nus pa zad:__bzang spyod smod cing ngan pa'i lad mo 'ur:__drin la log gzhal dgra la blo gtad 'cha':__phan pa'i snying gtam drang po than du blta:__gnod pa'i kha 'jam zhe gnag lha ru mthong :__mi rung sna dgu'i gdol spyod dar ba yis:__dkar phyogs lha klu thams cad grib kyis 'thib:__nag phyogs mi dang mi min gzengs bstod pas:__nad mug mtshon gyi bskal ngan dus gcig langs:__de tshe gter 'di 'byin pa'i las can ni:__yab gcig khri srong sprul pa dbang gi ming :__bstan gnyis zung 'jug shes rab rtsal 'chang bar:__pad+ma bdag gis yang yang byin brlabs pas:__gnas dang zab mo'i gdams pa'i mtshon tshul kun:__me long byad bzhin dran pa'i zungs su smin:__dngos su spyod dam bskul bas rkyen byas te:__da lta'i smon lam dbang gis dam 'dzin ni:__'brel tshad don ldan sngags kyi rnal 'byor pa:__byis pa'i ngang tshul las can zhig 'byung te:__de yis gnas yul kun tu nyul ba dang :__mkha' 'gro'i tshogs dang dgyes rgur spyod pa dang :__las can rnams la ye shes bskyed pa dang :__bshad sgrub bstan pa'i sa bon gdab pa'i phyir:__'gro don spyod pa'i lam nas rnyed par 'gyur:__de nas yab sras lhan cig tshogs pa dang :__pad+ma bdag gis byin gyis brlabs pa dang :__mtsho rgyal khyod kyi smon lam dag pa dang :__phyi nang rten 'brel zab mo la brten nas:__don rnams kun gzigs bdud rtsi'i shog bu la:__mi 'gyur rtsa ba'i yi ge'i grong khyer bdun:__chu zla bzhin du sprul pa'i 'du byed can:__brda yi thig le 'bum phrag grangs med las:__las can dag gi blau gros dang mtshams par:__nges pa'i gdams pa zab mo'i tshig tu 'byung :__don gyi thems las mi 'da' gtan la phob:__de tshe gzhan don phrin las 'byung ba ni:__spyan ras gzigs dbang thugs rje'i 'od zer las:__ngo mtshar sprul pa dbus gtsang khams su 'byung :__sku gsung thugs kyi gdul bya 'dul ba la:__chos 'di gtad na rang gzhan phan bde 'grub:__pad+ma bdag gis byin gyis brlabs pa'i bu:__snying po'i ming gis bstan pa mtha' nas spelaH__sangs rgyas ye shes sngags kyi rnal 'byor par:__'di 'phrod bdun brgyud bshad sgrub 'dzin byed 'phel:__nam snying sprul pa lo gsum mtshams su 'byung :__'di la brten nas phrin las mnga' thang rgyas:__mtsho rgyal byin brlabs gsung gi gnas su snang :__chos 'di nyams blangs dngos grub khyad par thob:__shar gyi phyogs nas sba btsun skye mtha' ni:__blo gros ldan pa dpal bzang ming can 'byung :__sbas mngon spyod pas 'gro ba thabs kyis 'dul:__lho na cog ro klu yi rgyal mtshan gyi:__skye mtha' bkra shis ming can phag lo pa:__ma nges 'gro 'dul snyan grags ldan pa 'byung :__nub nas bai ro'i skye mtha' blo gros can:__bstan 'dzin ming can rgyal ba'i bstan la phan:__zab rgyas mdzod la rang dbang bsgyur ba 'byung :__byang nas dpal gyi dbang phyug rdo rje'i ming :__drag sngags mthu ldan bstan pa srung la brtson:__rdzu 'phrul spyod pas blo sna bsgyur ba 'byung :____bdud 'joms rdo rje'i smon lam mthu grub pa:__rat+na'i ming can mkhyen nus yon tan rdzogs:__'brel tshad don ldan dan gyi phyogs su 'byung :__ting 'dzin bzang po'i skye ba mngon shes can:__sbas pa'i tshul 'dzin bstan pa'i snying po 'dzin:__nub kyi phyogs nas kun dga'i ming can gyis:__mdo sngags zung 'brel 'chad rtsom sgron me sbar:__dpal gyi seng ge'i skye mtha' mang+ga la:__nus pa ldan pas mtha' dmag gdug can bzlog:__gnyags chen dz+nyA na rtogs pas rang rgyud grol:__byang chub sems ldan 'gro ba 'dul ba 'byung :__gzhan yang rjes 'brangs rnams kyi byin rlabs las:__rdo rje'i ming can sngags spyod grub pa 'byung :__gar gyi dbang phyug dbang chen gsung gi bdag:__phrin las rab 'dzin shing po'i bstan la phan:__'jam dpal rdo rje bde ba'i ye shes grub:__dge legs ming can nges don bstan pa 'dzin:__pad+ma'i dbang phyug chos kyi 'khor los bsgyur:__nor bu'i ming can 'gro ba 'dul ba'i mchog:__dpal gyi ming can khyad par chos 'di'i bdag:__de dang de bzhin sprul pa'i skyes bu dang :__zab mo'i chos 'dir snying nas dad thob pa:__mnga' ris dbus gtsang mdo khams stod smad nas:__thugs kyi sras lnga nye ba'i bu mchog brgyad:__bshad sgrub 'dzin pa nyi shu rtsa lnga ste:__grub pa'i nyams myong thob pa brgya rtsa brgyad:__lam sna zin pa'i rnal 'byor stong phrag gcig:__'brel ba thob pa 'bum tsho bco brgyad rnams:__pho mo ma nges snga phyi sna tshogs su:__rim par 'byung bas chos 'di nyams blangs na:__rang gzhan kun gyi bsam pa yid bzhin 'grub:__bstan dang 'gro la phan pa rlabs chen 'byung :__tshe 'phos 'og min pad+ma drwa ba ru:__rig 'dzin tshogs dang spyod yul mnyam par rgyu:__lus rten de las mchog gi dngos grub thob:__khyad par pad+ma'i snying tig zab mo la:__brten nas zag med 'od kyi lus grub pa:__lho byang kong yul khams dang mon gyi mtha':__de dag rnams su lnga phrag zung gcig 'byung :__mdor na las can skyes bus 'di rnyed tshe:__bskyed rim gu ru bde ba chen po dang :__thabs grol lam gyi nyams myong zab mo'i don:__dben par song la rtse gcig yid kyis bsgom:__rim gnyis zab mo'i myong ba skyes pa na:__rtsa ba'i dbang dang sgrub thabs kun la spel:__man ngag lo bdun bar du gsang bar bsdams:__de nas dus babs nges pa'i rtags byung na:__rim gyis gdams pa tshod dang sbyar spel na:__khyad par lung gi zin pa'i skyes bu dang :__'phral du DA kis bskul ma gnang ba'i tshe:__gdams pa'i rtsal skyugs lhag ma med par sbyin:__des kyang nyams blangs rang gzhan don chen 'grub:__dbus gtsang khams kyi sgrub pa'i gnas rnams kyang :__sa gnad rnams su zab mo'i phrin las 'di'i:__tshogs sgrub tshes bcu'i mchod pa'i rgyun tshugs na:__gangs can mtha' dbus kun tu bde legs 'byung :__gter gnas 'di dang nye ba'i sa phyogs su:__las can rang gi gdan sa gnyis kyang 'cha':__gzhan yang gnas mchog nyi shu rtsa lnga la:__skyes bu'i lag pa'i sor gdub ji bzhin du:__bsgom pa'i sde re nges par khra chems 'byung :__rang byung pad+mas byin rlabs bstan 'dzin re:__blo bur ma nges thog 'babs tshul du 'byon:___snying po'i bstan pa mtha' nas mtha' ru rgyas:__bod khams 'gro ba'i bsam pa lhun gyis grub:__de phyir da ltar bzhugs pa'i rjes 'brangs dang :__ma 'ongs 'byung 'gyur las can snod ldan kun:__mi bslu nges pa pad+ma'i bka' yin pas:__thugs _bskyed rtsal phyungs nga yi gsung bzhin sgrubs:__rang gzhan don gnyis 'grub bo e ma ho:__zhes bka' stsal pa na bdag cag rjes 'brangs thams cad kyis kyang mgrin gcig tu phyag dang bskor ba grangs med pa byas:__zhabs spyi bor blangs:__bsam pa thag pas smon lam rlabs po che btab pa na:__nam mkha'i khams kun 'ja' dang :__'od dang :__rol mo'i sgra dang :__mchod pa'i sprin phung sna tshogs kyis gang ba'i dbus nas sangs rgyas dang byang chub sems dpa' grangs med pa mngon sum du byon te gu ru rin po che dang lhan gcig tu smon pa 'grub pa'i mthun 'gyur gyi sgra dbyangs bsgrags shing :__me tog gi char phabs:__mthar sangs rgyas dang byang chub sems dpa' thams cad gu ru rin po che la 'dus:__gu ru nyid nyi zer la chibs te lho nub srin po 'dul ba'i phyir nam mkha'i lam nas zhal thal ler gshegs par gyur to:__sa ma ya:__rgya rgya:__de nas gu ru rin po che srin po'i yul du gshegs pa'i rjes:__mi lo lnga bcu tham par rjes 'brang rang rang gis nyams su blangs te dngos grub gnyis kyi dga' ston spel:__rang gzhan gyi don mthar phyin pa'i tshe:__gu ru rin po che'i bka' bzhin kho mo mtsho rgyal gyis dpe rnams gcig tu bsdus te skor tsho so sor phyes:__khyad par gdams pa'i mthar thug 'di nyid gu ru rang gis byin gyis rlabs pa'i sprul pa'i brda yig la bstim nas:__sku tshab mthong grol dngos grub dpal 'bar dang lhan gcig tu glang po che sa srung gi gi waM gyis bam por byas te:__mdo khams rtsi rke 'dus pa'i gnas:__brag ri rin chen 'bar ba'i mgul du gter du sbas:__gter bdag klu btsan drag po spun bdun la gtad cing smon lam gdab pa ni:__rtsa gsum rgyal ba 'dus pa'i ye shes sku:__yid bzhin nor bu gu ru bde ba che'i:__bslu med rdo rje'i gsung gis lung bstan ltar:__mthong grol rten dang zab mo'i gdams pa bcas:__ma 'ongs don phyir gter du sbas pa 'di:__dus su bab tshe las can skyes bus rnyed:__byin rlabs stobs kyi tshul bzhin gtan phabs nas:__gzhan don 'gro 'dul phrin las mthar phyin shog:__ces brjod pa na:__gu ru bka' drin can gyis kyang skad cig gis glog 'khyugs pa ltar thugs rje'i gzugs sku mngon du snang bar mdzad cing me tog gi char dbab pa dang bcas bden pa'i gsung gis slar yang dbugs 'byin chen po stsal bar mdzad do:__sa ma ya:__rgya rgya:__gter rgya:__sbas rgya:__gsang rgya:__sprul pa'i gter chen mchog gyur bde chen gling pas rtsi rke rin chen 'bar ba'i brag gi mgul nas spyan drangs pa'i mthong grol bdud rtsi lnga shog las:_sa pho rta'i lo'i mgo zla ba'i dkar phyogs kyi rgyal ba gsum par gtan la phab rim bzhin du mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris pa dge legs su gyur cig__/ces pa'ang mchog gling gdan sa rtsi rke nor bu+u gling gi chos grwar spar du bkrun pa dge legs 'phel//__dge'o//

Footnotes

Other Information