ན་མཿཤྲཱིཿམ་ཧཱ་ཀ་ལ་ཡ། སོགས་གཙང་སར་དགོན་ལ་མགོན་ཐང་སྩལ་སྐབས་གནང་བ།

From Khyentse Lineage - A Tsadra Foundation Project
JKCL-KABUM-12-NA-041
Wylie title na maH shrIH ma hA ka la ya/ sogs gtsang sar dgon la mgon thang stsal skabs gnang ba JKCL-KABUM-12-NA-041.pdf
Location chos kyi blo gros bka' 'bum
Volume 12, Text 41, Pages 163-164 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. na maH shrIH ma hA ka la ya sogs gtsang sar dgon la mgon thang stsal skabs gnang ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 163-164. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog
Colophon

།ཅེས་པའང་ནག་པོ་ཆེན་པོའི་དུས་ཆེན་ཚེས་དགུ་བཟང་པོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་ཛ་ག་ཏཾ་དཱ་སུ་ཤྲེ་ཡོ་བྷ་ཝནྟུ།།

/ces pa'ang nag po chen po'i dus chen tshes dgu bzang por 'jam dbyangs chos kyi blo gros ris med bstan pa'i rgyal mtshan du 'bod pas bris pa dge legs rnam par rgyal bar gyur cig__/sarba dza ga taM dA su shre yo b+ha wan+tu//

1 Texts in this Section (sde tshan or chos tshan)

[edit]
ན་མཿཤྲཱིཿམ་ཧཱ་ཀ་ལ་ཡ། བདུད་དཔུང་འཇོམས་མཛད་ཧེ་རུ་ཀ་ཡི་ཐུགས་ལས་སྤྲུལ་པའི་དཔའ་བོ་སྟོབས་ལྡན་ནག་པོ་ཆེ། །སྙིང་རྗེའི་ངང་ལས་ཁྲོས་པའི་རང་གཟུགས་སྒྱུ་མའི་གར་གྱིས་ས་གསུམ་རབ་ཏུ་གཡོ་མཛད་པ། ཧ་ཧ་ཧཱུྃ་དང་ཕཊ་ཕཊ་ལ་སོགས་དྲག་པོའི་ང་རོས་དབང་ཕྱུག་ལ་སོགས་འདར་བྱེད་ཅིང་། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་བདེ་བའི་ཕྱག་རྒྱས་རབ་འཁྱུད་ཐུགས་ཀྱི་མགོན་པོས་ཤིས་པ་སྩོལ། །ཅེས་པའི་ཚིག་གིས་དྲངས་ཏེ། ཁོ་བོ་འཇམ་དབྱངས་མཁྱེན་བརྩེའི་སྐྱེ་བར་སྒྲོ་བཏགས་པ་སྨར་ཁམས་ལྗོངས་སུ་རབ་བྱུང་ཞེས་པ་འབར་བྱེད་ཅེས་བྱ་མེ་ཕོ་འབྲུག་ལོར་བསྟན་འགྲོའི་དོན་དུ་བསྐྱེད་སྐབས་དཔལ་ས་སྐྱ་པའི་རིང་ལུགས་དྲི་མ་མེད་པ་འཛིན་པ་གཙང་སར་ཕུན་ཚོགས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོར་གངས་ལྗོངས་ཙམ་ན་འབྱོན་པར་དཀའ་བའི་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མདུན་ཆབ་མདོ་རྒྱ་སྤྲུལ་རིན་པོ་ཆེས་ཕུལ་ཞིང་། རྗེ་རང་གིས་ཐུགས་དམ་ཐང་ཀའི་གྲས་ནས་ཐུགས་རྩིས་ཆེ་བར་གནང་ཞིང་སྐུ་གཤེགས་རྗེས་རྟེན་གྱི་ནང་གཞུག་དང་། བླ་སྤྲུལ་སོགས་ལ་འབུལ་བར་མ་ཐང་ཤིང་། འཇམ་མགོན་ཀོང་སྤྲུལ་རྡོ་རྗེ་འཆང་ཆེན་པོས་མཁྱེན་བརྩེའི་བླ་བྲང་གི་རྟེན་དཀར་ཆག་ཏུ་ཟིན་པའི་མ་ཧཱ་ཀཱ་ལ་ལྷ་བརྒྱད་ཀྱི་ཞལ་ཐོང་ཤིན་ཏུ་ཟབ་སྒྲོས་དཔེ་བྱར་འོས་པ་འདི་ཉིད་ཇི་སྲིད་བར་དུ་རྟེན་དགོན་སྡེ་རིས་དང་བཅས་པ་སྲུང་བའི་དོན་དུ་དེ་ག་ནས་སྩལ་བ་ཡིན་པས། སྒྲུབ་མཆོད་ཆེན་པོའི་སྐབས་སོགས་ལ་མཆོད་འབུལ་སྙན་ཤལ་ནན་ཏན་དང་། རྒྱུན་བར་བཀུར་བསྟི་དང་བཅས་ཏེ་དབེན་པར་བཞུགས་སུ་གསོལ་དགོས་པས་ཐུགས་ངེས་འཚལ། སླར་སྨྲས་པ། འཛམ་གླིང་ཕན་བདེའི་ཉི་མ་གླིང་བཞིའི་མཁའ་ལ་རྟག་ཏུ་འཆར་བ་ན། ལྟ་ངན་མུན་པས་ཐིབ་དང་འབྱུང་བྱ་འུག་པའི་ཚོགས་རྣམས་མཁའ་ལ་འཇའ་བཞིན་ཡལ། །གཞན་འཕྲུལ་དབང་དུ་བྱེད་ཅིང་ཡིད་སྲུབས་ལྷ་མིན་ཚོགས་ནི་དུམ་བུར་འཐོར། །བསྟན་པ་རིན་ཆེན་རི་དབང་ལྟར་བརྟན་རྡོ་རྗེའི་ཆོས་བདུན་རྡོ་རྗེའི་རྭ་བས་བསྐོར་གྱུར་ཅིག །ཅེས་པའང་ནག་པོ་ཆེན་པོའི་དུས་ཆེན་ཚེས་དགུ་བཟང་པོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་ཛ་ག་ཏཾ་དཱ་སུ་ཤྲེ་ཡོ་བྷ་ཝནྟུ།། །།

Footnotes

Other Information