JKCL-KABUM-12-NA-040

From Khyentse Lineage - A Tsadra Foundation Project

ནང་ཆེན་རྒྱལ་ཁབ་སྒྲོལ་མ་ལྷ་ཁང་གི་མགོན་ཁང་བདུད་དཔུང་ཟིལ་གནོན་གྱི་དཀར་ཆགས་མདོར་བསྡུས།
Wylie title nang chen rgyal khab sgrol ma lha khang gi mgon khang bdud dpung zil gnon gyi dkar chags mdor bsdus JKCL-KABUM-12-NA-040.pdf
Location chos kyi blo gros bka' 'bum
Volume 12, Text 40, Pages 159-162 (Folios 1a1 to 2b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. nang chen rgyal khab sgrol ma lha khang gi mgon khang bdud dpung zil gnon gyi dkar chags mdor bsdus. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 159-162. Bir, H.P.: Khyentse Labrang, 2012.
Genre Catalogue of Contents - dkar chag
Colophon

།ཅེས་པའང་དཀར་ཆགས་མདོར་བསྡུས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་བྲིས་ཏེ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །བི་ཛ་ཡནྟུ་མངྒ་ལཾ། ཞུ་འདེགས། སྔགས་མདུད། བདུད་རྩི་ཆོས་སྨན། གསར་ཐོན་སིལ་སྙན་ཆ་གཅིག །ས་ལུགས་ཀྱི་བསྐངས་གསོ་འདོན་མཁན་རྒྱུན་འཛུགས་ཐུབ་པ་བྱུང་ན་ལེགས་ཚུལ་ཞུ།།

/ces pa'ang dkar chags mdor bsdus mkhyen brtse'i sprul ming 'dzin pa chos kyi blo gros pas bris te phul ba dge legs su gyur cig__/bi dza yan+tu mang+ga laM/__zhu 'degs/__sngags mdud/__bdud rtsi chos sman/__gsar thon sil snyan cha gcig__/sa lugs kyi bskangs gso 'don mkhan rgyun 'dzugs thub pa byung na legs tshul zhu//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ནང་ཆེན་རྒྱལ་ཁབ་སྒྲོལ་མ་ལྷ་ཁང་གི་མགོན་ཁང་བདུད་དཔུང་ཟིལ་གནོན་གྱི་དཀར་ཆགས་མདོར་བསྡུས་བཞུགས། ཨོཾ་སྭསྟི། དཔལ་ལྡན་བསྟན་སྲུངས་རྒྱ་མཚོའི་སྡེ་དཔོན་ཆེ། །རྡོ་རྗེ་མ་ཧཱ་ཀཱ་ལ་གུར་གྱིས་མགོན། །གང་དེས་འདི་ཕྱི་བར་དོའི་འཇིགས་པ་ལས། །སྐྱོབ་པའི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་ཤིག །བཀྲ་ཤིས་ཀུན་གྱི་མཆོག་མངའ་བླ་མ་དང་། །དབྱེར་མེད་གཉུག་མ་ལྷན་སྐྱེས་ནག་པོ་ཆེས། །དུས་རྣམ་ཀུན་ཏུ་མཆོག་ཐུན་དགེ་ལེགས་ཀྱིས། །བཀྲ་ཤིས་གྲུ་ཆར་དལ་གྱིས་འབེབས་གྱུར་ཅིག །ཅེས་པས་དགེ་ལེགས་སུ་བྱས་ཏེ། དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རྡོ་རྗེ་འཆང་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱི་བཀའ་ལུང་རིན་པོ་ཆེ་སྤྱི་བོའི་གཙུག་ཏུ་བཅིངས་ནས། ནང་ཆེན་ཆིངས་རུ་ཆེན་པོའི་བཙུན་མོ་སྡེ་དགེ་ལྷ་རིག་སྲས་མོ་གཡུ་སྒྲོན་གྱིས་བསམ་སྦྱོར་དག་པས་རྗེ་བཙུན་གོང་མ་ལྔ་དང་གུར་ཞལ་ལས་མགོན་སོགས་ཀྱིས་སྣང་བརྙན་གསེར་ཟངས་ཀྱིས་བཞེངས་ནས་ངོས་རྩར་གཟུངས་འབུལ་རབ་གནས་བྱ་རྒྱུར་འབྱོར་བ། གཙོ་བོར་ཆོས་སྐྱོངས་གུར་མགོན་གྱི་སྣང་བརྙན་དུ། དཔལ་ས་སྐྱའི་རྟེན་ཁྲོད་ནས་བྱོན་པ་ཚར་ཆེན་རྡོ་རྗེ་འཆང་གི་ཐུགས་སྲས་གཞོན་ནུ་བློ་གྲོས་ཀྱི་དཔལ་ས་སྐྱ་པ་སྔགས་འཆང་གྲགས་པ་བློ་གྲོས་ལ་བསྟན་སྲུངས་ཡོངས་རྫོགས་ཀྱི་སྨིན་གྲོལ་སྩལ་པའི་གཏད་རྒྱ་གནང་སྐབས་ཐུགས་དམ་དུ་སྩལ་བ་སྐུ་རྙིང་ཁྱད་འཕགས་བྱིན་ལྡན་གཅིག །རྗེ་མཁྱེན་བརྩེའི་དབང་པོས་ཐུགས་དམ་རྒྱུན་རིང་མཛད་པའི་བྲིས་སྐུ། རྗེ་དེའི་ཕྱག་བཏབ་བྱིན་སྐུ། ངོས་རང་གི་ལག་ཁར་རྙེད་པའི་ལི་དམར་རྡོ་རྗེ་རྩེ་དགུ་གཅིག །ཞལ་བྲམ་གཟུགས་ནང་གཟིམ་འོག་རྡོ་རྗེ་འཆང་གིས་ངོས་ལ་ཞལ་གྱི་སྨིན་གྲོལ་སྩལ་སྐབས་གནང་བའི་ཁའུའི་རྡོ་ནག་ལ་བྲམ་གཟུགས་བྲིས་པ་བྱིན་ལྡན་དང་། རྗེ་གོང་མའི་ཕྱག་བཏབ་བྱིན་སྐུ་དང་། གུར་ཞལ་སོ་སོར་སྲོག་འཁོར་སོགས་སྙན་བརྒྱུད་ཕྱག་བཞེས་འཁྲུལ་མེད་ཀྱི་གཟུངས་འབུལ་ལག་ལེན་ཞིབ་བཅའ། སངས་རྒྱས་ཀྱི་འཕེལ་གདུང་། རྒྱ་དཔེ་ཤོག་སེར་སོགས་རིང་བསྲེལ་རྣམ་བཞིའི་ཕྱུར་བུར་གཏམས་ཤིང་། བླ་སྐུ་རྣམས་དང་། འཁོར་གྱིས་ཆོས་སྐྱོངས་རྣམས་ལའང་གཟུངས་དང་། བྱིན་རྟེན་སོགས་ཞིབ་བཅའ་བགྱིས་ནས་དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་ཉིན་འཁྱོལ་དང་། སྙན་བརྒྱུད་ཐུན་མོང་མིན་པའི་རབ་གནས་ཞག་བདུན་མ་ངོས་རང་གིས་སྒྲུབ་གྲུབ་པ་དང་། སྔོན་སྨོན་རྟེན་འབྲེལ་བཟང་པོར་འགྲིག་གི་ཐོག་མར་བཀའ་ལུང་གནང་བ་པོའི་ས་སྐྱ་བདག་ཆེན་རིན་པོ་ཆེ་ཙི་ནའི་ཡུལ་གྲུ་ཆེན་པོ་ནས་རྫོང་སར་དུ་ཕྱག་ཕེབས་པར་རབ་གནས་དགོངས་གཏད་ཞུས་ཐོབ་བཅས་ཤིན་ཏུ་བཀྲ་ཤིས་དགེ་མཚན་ཆེན་པོར་གྱུར་པའི་མགོན་ཁང་འདིར་ས་ལུགས་ཀྱི་གསོལ་བསྐང་གུར་ཞལ་ལས་མགོན། དུར་བདག །དམག་ཟོར། ཀར་བདུད། ཕུར་སྲུངས་དང་མགོན་པོ་ཕྱག་བཞི་པའི་གཏོར་བསྐངས་བསྡུས་ཙམ་བཅས་གསུང་སྒྲུབ་དགོས་རྒྱུ་དང་གཞན་རྒྱལ་བཙན་རིགས་འདོན་མི་འོས་པ་བཅས་མཁྱེན་གཞུགས་འཚལ། སླར་སྨྲས་པ། དཔལ་ལྡན་ས་སྐྱའི་འཇམ་དབྱངས་བརྒྱུད་བཅས་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས། །བདེན་པའི་བཀྲ་ཤིས་རོལ་མོ་རྟག་སྒྲོག་པས། །ཕྱོགས་རྣམ་ཀུན་ཏུ་བདེ་དགའི་དཔལ་འཕེལ་ཤོག །བླ་མའི་ཞབས་བརྟན་དགེ་འདུན་ཁྲིམ་གཙང་འཕེལ། །བསྟན་པའི་སྦྱིན་བདག་ཆོས་རྒྱལ་དབུ་འཕང་མཐོ། །འདིར་བརྩོན་ལྷ་རིགས་སྲས་མོ་གཡུ་ཡི་སྒྲོན། །སྲས་ཡུམ་ཚེ་བསོད་ཡེ་ཤེས་རྒྱས་གྱུར་ཅིག །ལྷ་མིན་འབྱུང་པོ་རྡོ་རྗེའི་གཎྜིས་འགེམ། །བདུད༵་སྡེ་དཔུང༵་བཅས་ཟིལ༵་གྱིས་གནོན༵་པ་དང་། །ཕྱོག༵ས་ལས༵་རྣམ༵་རྒྱལ༵་ལྷ་དབང་རུ་མཚོན་སྒྲེངས། །དམ་ཅན་རྒྱ་མཚོའི་རྟག་ཏུ་བཀྲ་ཤིས་ཤོག །ཅེས་པའང་དཀར་ཆགས་མདོར་བསྡུས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་བྲིས་ཏེ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །བི་ཛ་ཡནྟུ་མངྒ་ལཾ། ཞུ་འདེགས། སྔགས་མདུད། བདུད་རྩི་ཆོས་སྨན། གསར་ཐོན་སིལ་སྙན་ཆ་གཅིག །ས་ལུགས་ཀྱི་བསྐངས་གསོ་འདོན་མཁན་རྒྱུན་འཛུགས་ཐུབ་པ་བྱུང་ན་ལེགས་ཚུལ་ཞུ།། །།
[edit]

nang chen rgyal khab sgrol ma lha khang gi mgon khang bdud dpung zil gnon gyi dkar chags mdor bsdus bzhugs/__oM swasti/__dpal ldan bstan srungs rgya mtsho'i sde dpon che/__/rdo rje ma hA kA la gur gyis mgon/__/gang des 'di phyi bar do'i 'jigs pa las/__/skyob pa'i thugs bskyed dam bca' ma g.yel shig__/bkra shis kun gyi mchog mnga' bla ma dang /__/dbyer med gnyug ma lhan skyes nag po ches/__/dus rnam kun tu mchog thun dge legs kyis/__/bkra shis gru char dal gyis 'bebs gyur cig__/ces pas dge legs su byas te/__dpal sa skya phun tshogs pho brang gi bdag chen rdo rje 'chang 'jam dbyangs kun dga' bsod nams kyi bka' lung rin po che spyi bo'i gtsug tu bcings nas/__nang chen chings ru chen po'i btsun mo sde dge lha rig sras mo g.yu sgron gyis bsam sbyor dag pas rje btsun gong ma lnga dang gur zhal las mgon sogs kyis snang brnyan gser zangs kyis bzhengs nas ngos rtsar gzungs 'bul rab gnas bya rgyur 'byor ba/__gtso bor chos skyongs gur mgon gyi snang brnyan du/__dpal sa skya'i rten khrod nas byon pa tshar chen rdo rje 'chang gi thugs sras gzhon nu blo gros kyi dpal sa skya pa sngags 'chang grags pa blo gros la bstan srungs yongs rdzogs kyi smin grol stsal pa'i gtad rgya gnang skabs thugs dam du stsal ba sku rnying khyad 'phags byin ldan gcig__/rje mkhyen brtse'i dbang pos thugs dam rgyun ring mdzad pa'i bris sku/__rje de'i phyag btab byin sku/__ngos rang gi lag khar rnyed pa'i li dmar rdo rje rtse dgu gcig__/zhal bram gzugs nang gzim 'og rdo rje 'chang gis ngos la zhal gyi smin grol stsal skabs gnang ba'i kha'u'i rdo nag la bram gzugs bris pa byin ldan dang /__rje gong ma'i phyag btab byin sku dang /__gur zhal so sor srog 'khor sogs snyan brgyud phyag bzhes 'khrul med kyi gzungs 'bul lag len zhib bca'/__sangs rgyas kyi 'phel gdung /__rgya dpe shog ser sogs ring bsrel rnam bzhi'i phyur bur gtams shing /__bla sku rnams dang /__'khor gyis chos skyongs rnams la'ang gzungs dang /__byin rten sogs zhib bca' bgyis nas dpal kye rdo rje la brten pa'i rab gnas nyin 'khyol dang /__snyan brgyud thun mong min pa'i rab gnas zhag bdun ma ngos rang gis sgrub grub pa dang /__sngon smon rten 'brel bzang por 'grig gi thog mar bka' lung gnang ba po'i sa skya bdag chen rin po che tsi na'i yul gru chen po nas rdzong sar du phyag phebs par rab gnas dgongs gtad zhus thob bcas shin tu bkra shis dge mtshan chen por gyur pa'i mgon khang 'dir sa lugs kyi gsol bskang gur zhal las mgon/__dur bdag__/dmag zor/__kar bdud/__phur srungs dang mgon po phyag bzhi pa'i gtor bskangs bsdus tsam bcas gsung sgrub dgos rgyu dang gzhan rgyal btsan rigs 'don mi 'os pa bcas mkhyen gzhugs 'tshal/__slar smras pa/__dpal ldan sa skya'i 'jam dbyangs brgyud bcas dang /__/bla ma yi dam mkha' 'gro chos skyong gis/__/bden pa'i bkra shis rol mo rtag sgrog pas/__/phyogs rnam kun tu bde dga'i dpal 'phel shog__/bla ma'i zhabs brtan dge 'dun khrim gtsang 'phel/__/bstan pa'i sbyin bdag chos rgyal dbu 'phang mtho/__/'dir brtson lha rigs sras mo g.yu yi sgron/__/sras yum tshe bsod ye shes rgyas gyur cig__/lha min 'byung po rdo rje'i gaN+Dis 'gem/__/bduda~X sde dpunga~X bcas zila~X gyis gnona~X pa dang /__/phyoga~Xs lasa~X rnama~X rgyala~X lha dbang ru mtshon sgrengs/__/dam can rgya mtsho'i rtag tu bkra shis shog__/ces pa'ang dkar chags mdor bsdus mkhyen brtse'i sprul ming 'dzin pa chos kyi blo gros pas bris te phul ba dge legs su gyur cig__/bi dza yan+tu mang+ga laM/__zhu 'degs/__sngags mdud/__bdud rtsi chos sman/__gsar thon sil snyan cha gcig__/sa lugs kyi bskangs gso 'don mkhan rgyun 'dzugs thub pa byung na legs tshul zhu//___//

Footnotes

Other Information