རྫ་ཁོག་སེ་འཇོ་དགོན་གྱི་བསླང་ཡིག།

From Khyentse Lineage - A Tsadra Foundation Project
JKCL-KABUM-12-NA-042
Wylie title rdza khog se 'jo dgon gyi bslang yig JKCL-KABUM-12-NA-042.pdf
Location chos kyi blo gros bka' 'bum
Volume 12, Text 42, Pages 165 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rdza khog se 'jo dgon gyi bslang yig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 165. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog
Colophon

སྡེ་དགེ་རྫོང་གསར་དགོན་ནས་མཁྱེན་བརྩེ་སྤྲུལ་སྐུས་ཤིང་བྱ་ཟླ་༦ཚེས་༢༧ལ་སྤེལ།།

sde dge rdzong gsar dgon nas mkhyen brtse sprul skus shing bya zla 6tshes 27la spel//

1 Texts in this Section (sde tshan or chos tshan)

[edit]
རྒྱལ་བསྟན་རིན་པོ་ཆེར་གུས་པས་མཆོད་ཅིང་ཆོས་བཞིན་སྐྱོངས་པའི་རྒྱལ་པོ་བློན་པོ་ཁྱིམ་བདག །འབང་མི་སེར་བཅས་མདོ་ཁམས་སྟོད་སྨད་ཀྱི་ས་ཡི་ཆར་འཁོད་པ་ཐམས་ཅད་ལ་ཞུ་རྒྱུ། རྫ་ཁོག་སེ་འཇོ་དགོན་ཞེས་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པའི་ཆོས་སྡེ་འདིར་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་བརྟགས་བབ། ཆོས་སྐྱོངས་གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་དམར་ཆེན་གཏོར་བཟློག་སྤྲོས་བཅས་ཞིག་ཚུགས་པ་བསྟན་འགྲོ་རིས་མེད་པ་ལ་ཕན་ཐོགས་ཆེ་རྒྱུར་གསུང་ཕེབས་དགོན་པ་དངོས་རྫས་དམན་པས་སློངས་མོ་ཞུ་མཁན་སོང་བ་འདི་རྣམས་ལ་དངོས་པོའི་འབྲེལ་འཇོག་རེ་འབུལ་མཛད་གྲུབ་དང་། དུས་མཆོད་ཐེབས་རྩར་སྨིན་ངེས་འདུག་པས་དེ་བཞིན་དགོངས་གཞུགས་འཚལ། སྡེ་དགེ་རྫོང་གསར་དགོན་ནས་མཁྱེན་བརྩེ་སྤྲུལ་སྐུས་ཤིང་བྱ་ཟླ་༦ཚེས་༢༧ལ་སྤེལ།། །།

Footnotes

Other Information