JKCL-KABUM-12-NA-038

From Khyentse Lineage - A Tsadra Foundation Project

སྤྱིར་སྒོས་ཀྱིས་ལུང་བསྟན་དགོས་ཕེབས་པ་ལྐོགས་གྱུར་སྒྲིབ་མེད་ཤེས་པའི་མངོན་གསལ་ཡོད་ཚེ་ཞུ་མིན་ཚད་བྲལ་ལ་སོགས།
Wylie title spyir sgos kyis lung bstan dgos phebs pa lkogs gyur sgrib med shes pa'i mngon gsal yod tshe zhu min tshad bral la sogs JKCL-KABUM-12-NA-038.pdf
Location chos kyi blo gros bka' 'bum
Volume 12, Text 38, Pages 155-156 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. spyir sgos kyis lung bstan dgos phebs pa lkogs gyur sgrib med shes pa'i mngon gsal yod tshe zhu min tshad bral la sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 155-156. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
སྤྱིར་སྒོས་ཀྱིས་ལུང་བསྟན་དགོས་ཕེབས་པ་ལྐོགས་གྱུར་སྒྲིབ་མེད་ཤེས་པའི་མངོན་གསལ་ཡོད་ཚེ་ཞུ་མིན་ཚད་བྲལ་ལ། ཕྲན་སོ་སྐྱེ་རྣམ་ཤེས་སྒྲིབ་རྒྱར་འཐུམས་པས་ཅི་ཞུ་མ་མཆིས་པར་ཐུགས་ཁྲེལ་མི་བཞེས་པ་དང་། ལྷ་བླ་གཞན་གྱི་ལུང་བསྟན་དགོངས་དོན་ལྟར་ན་དུས་ཀྱི་ཁུག་པ་ཞིག་ལས་བསྟན་མཐར་ཐུག་པ་ནི་མིན་ངེས་པ་འདྲ་བས་མཆོག་སྐུ་རིན་པོ་ཆེ་ཉིད་ཀྱི་འདུལ་ཐབས་རྣམ་བཞིས་ཕྲིན་ལས་ཟབ་མོས་ཁ་བ་ཅན་གྱི་ལྗོངས་སུ་བདེ་སྐྱིད་འབྱུང་བའི་ཐུགས་བསྐྱེད་གཡར་དམ་མི་ལྷོད་པ་དང་། སྐུ་ཉིད་སྒེར་ལ་ཤྭ་མོ་བརྟགས་པས་བསམ་ལྷུན་འབུམ་ཐེར། སྒྲོལ་མ་འབུམ་ཐེར། རྣམ་རྒྱལ་བཟུང་རིང་འབུམ་ཐེར། རྣམ་འཇོམ་འབུམ་ཐེར། རྩ་གསུམ་སྐོངས་ཚོགས་འབུམ་ཕྲག་གསུམ། རྟ་མགྲིན་དང་། ཕུར་པར་ཐུགས་དམ་གནད་ཁེལ་གྱི་ཉིད་རང་གི་གསང་ལུང་གང་ཡོད་ཐུགས་འཚེ་བ་མེད་པ་ཕྱག་བཞེས་མཛད་ན་སྐུ་གེགས་ཞི་ཤིང་བསྟན་འགྲོར་ཕན་བདེའི་དཔལ་ཡོན་རྒྱས་སོ། བཅིངས་འགྲོལ་རྒྱལ་ཁབ་ཆེན་པོའི་དགོངས་སྙིང་། བོད་སེར་སྐྱ་ཀུན་མཉམ་མཐུན་སྒྲིལ་འཕྲུལ་ཕྱི་རིགས་བཟོ་བསླབ་ཤེས་དར་རྒྱས་ཀྱི་བདེ་སྐྱིད་སྒོ་འཕར་གསར་ཕྱེས་འདི་བཞིན། རྩ་བར་རང་སྡེའི་རྒྱལ་བསྟན་དར་རྒྱས་ཀྱི་སྔོན་སྤྱོད་ནང་འགལ་ཐམས་ཅད་རྒྱབ་ཏུ་བོར་ཏེ་ཐམས་ཅད་བསམ་པ་ཆིག་བསྒྲིལ་གྱི་ཆོས་སྤྱོད་རྣམ་བཅུ་དང་། དགེ་བཅུའི་ཕྱག་བཞེས་གོང་འཕེལ་འབྱུང་རྒྱུ་སྲིད་ན་སྙམས་པའི་རེ་བ་དེ་ཁོ་ན་རང་གཞན་ལྷག་བསམ་ལྡན་པ་ཀུན་ལ་ཆེ་རུང་། སྙིགས་མ་དབང་བཙན་གྱིས་དེ་བཞིན་འབྱུང་དཀར་གྱུར་ཀྱང་སྟོབས་བཅུའི་དབང་ཕྱུག་རྒྱལ་བ་སྲས་བཅས་ཀྱི་ཐུགས་དམ་རྒྱུད་བསྐུལ་གསོལ་འདེབས་སྨོན་ལམ་དང་འབྲེལ། རང་ལ་དད་མོས་འབྲེལ་བའི་དག་ཁྱབ་བརྩི་ཉན་ཡོད་པ་ཅན་ལ་ངག་གདམས་ཡང་ཞུ་ཆོག་པ། ལྷ་རེག །གུ་རུའི་བྱིན་སྐུ། སངས་རྒྱས་ཀྱི་འཕེལ་གདུང་མ་བུ་གསུམ། བདུད་རྩི་སྨན་སྒྲུབ་ཤོག་བམ། སྐུ་ཚེའི་བཅུད་ལེན་རིལ་བུ། རྟེན་འདུས་ཕབ་གཏའ། རྡོར་དྲིལ་གསར་ལེགས་བཅས།། །།
[edit]

spyir sgos kyis lung bstan dgos phebs pa lkogs gyur sgrib med shes pa'i mngon gsal yod tshe zhu min tshad bral la/__phran so skye rnam shes sgrib rgyar 'thums pas ci zhu ma mchis par thugs khrel mi bzhes pa dang /__lha bla gzhan gyi lung bstan dgongs don ltar na dus kyi khug pa zhig las bstan mthar thug pa ni min nges pa 'dra bas mchog sku rin po che nyid kyi 'dul thabs rnam bzhis phrin las zab mos kha ba can gyi ljongs su bde skyid 'byung ba'i thugs bskyed g.yar dam mi lhod pa dang /__sku nyid sger la shwa mo brtags pas bsam lhun 'bum ther/__sgrol ma 'bum ther/__rnam rgyal bzung ring 'bum ther/__rnam 'jom 'bum ther/__rtsa gsum skongs tshogs 'bum phrag gsum/__rta mgrin dang /__phur par thugs dam gnad khel gyi nyid rang gi gsang lung gang yod thugs 'tshe ba med pa phyag bzhes mdzad na sku gegs zhi shing bstan 'gror phan bde'i dpal yon rgyas so/__bcings 'grol rgyal khab chen po'i dgongs snying /__bod ser skya kun mnyam mthun sgril 'phrul phyi rigs bzo bslab shes dar rgyas kyi bde skyid sgo 'phar gsar phyes 'di bzhin/__rtsa bar rang sde'i rgyal bstan dar rgyas kyi sngon spyod nang 'gal thams cad rgyab tu bor te thams cad bsam pa chig bsgril gyi chos spyod rnam bcu dang /__dge bcu'i phyag bzhes gong 'phel 'byung rgyu srid na snyams pa'i re ba de kho na rang gzhan lhag bsam ldan pa kun la che rung /__snyigs ma dbang btsan gyis de bzhin 'byung dkar gyur kyang stobs bcu'i dbang phyug rgyal ba sras bcas kyi thugs dam rgyud bskul gsol 'debs smon lam dang 'brel/__rang la dad mos 'brel ba'i dag khyab brtsi nyan yod pa can la ngag gdams yang zhu chog pa/__lha reg__/gu ru'i byin sku/__sangs rgyas kyi 'phel gdung ma bu gsum/__bdud rtsi sman sgrub shog bam/__sku tshe'i bcud len ril bu/__rten 'dus phab gta'/__rdor dril gsar legs bcas//___//

Footnotes

Other Information