འཇམ་དབྱངས་བླ་མའི་ཡེ་ཤེས་སྒྱུ་མའི་གཟུགས། །སོགས་གསལ་དགའ་ལ་ཕུལ་བ།

From Khyentse Lineage - A Tsadra Foundation Project
Wylie title 'jam dbyangs bla ma'i ye shes sgyu ma'i gzugs/ /sogs gsal dga' la phul ba JKCL-KABUM-12-NA-037.pdf
Location chos kyi blo gros bka' 'bum
Volume 12, Text 37, Pages 151-154 (Folios 1a1 to 2b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'jam dbyangs bla ma'i ye shes sgyu ma'i gzugs sogs gsal dga' la phul ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 151-154. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
འཇམ་དབྱངས་བླ་མའི་ཡེ་ཤེས་སྒྱུ་མའི་གཟུགས། །མཁྱེན་རབ་མཐའ་ཡས་བརྩེ་ཆེན་ཐུགས་རྗེའི་བདག །ཆོས་གཏེར་ནོར་བུའི་མཛོད་ལ་དབང་བསྒྱུར་བ། །ཀུན་གཟིགས་སྤྲུལ་པའི་སྐུ་ཡི་༧ཞབས་པད་མོར། །སྒོ་གསུམ་རབ་དྭངས་འདུན་པའི་པད་རྩ་ལས། །བྱུང་བའི་ཚིག་སྦྱོར་སྦྲང་རྩིའི་དོགས་པ་ནི། །བློ་གཏེར་སྨྲ་བའི་སེངྒེ་མཆོག་ཉིད་མདུན། །གུས་པས་སྟོབས་ལ་ཅུང་ཟད་བྲེལ་བར་གྱུར། །གདོད་ནས་རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་ཀྱི། །གོང་བུར་རོ་གཅིག་མངོན་བྱང་སྐུ་བརྙེས་ཀྱང་། །བརྩེ་བའི་རྗེས་ཆགས་ནོར་བུའི་སྤྲིན་སྟུགས་ལས། །མཐུ་སྟོབས་ནུས་པའི་གློག་གི་ཞགས་པ་གཡོ། །འཕགས་པའི་ཡུལ་དང་བསིལ་ལྡན་ལྗོངས་འདི་རུ། །སྒྱུ་འཕྲུལ་རོལ་རྩེད་ངོ་མཚར་འབྱམས་ཀླས་པས། །བསྟན་དང་འགྲོ་ལ་ཕན་བདེའི་སྦྱིན་སྟེར་གྱི། །ནོར་བུའི་མཆོད་སྡོང་ཕྲེང་མཛེས་བརྒྱུད་མར་སྣང་། །ཁྱད་པར་བོད་ཁམས་སྙིགས་མ་ལྔ་བདོ་བར། །པདྨའི་ཚལ་ན་ཨུ་དུམ་ཝ་ར་བཞིན། །རྣམ་ཐར་ཕྱོགས་ཀྱི་བུ་མོའི་རྣ་བར་སྙན། །པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས། །དེ་ཉིད་སླར་ཡང་ཞིང་འདིའི་འགྲོ་བའི་མགོན། །དངོས་གཅིག་དུ་མར་འཕྲུལ་མཚན་རྣམ་མང་གི །དབུས་ན་རི་དབང་ལྷུན་པོ་ལྟར་འཕགས་པ། །བཀྲ་ཤིས་དཔལ་གྱི་འབྱོར་པའི་རབ་གསལ་ཟླ། །སྐྱེས་སྒོམ་ཤེས་རབ་བདུད་རྩིའི་འོད་དཀར་རྒྱས། །ཤེས་བྱ་རབ་འབྱམས་ཐུགས་ཀྱི་ཐིག་ལེར་ཟླུམ། །མདོ་སྔགས་རིག་གནས་ཡོངས་རྫོགས་པཎྜི་ཏ། །རྩོད་པའི་དུས་ཀྱི་སརྦ་ཛྙཱ་ཆེན་པོ། །གང་གི་བརྩེ་ཆེན་སྤྱན་གྱིས་རིང་ནས་བཙའ། །བྱམས་པའི་ཕྱག་གི་འཁྲི་ཤིང་གིས་བཟུང་ཞིང་། །དམ་ཚིག་རྡོ་རྗེའི་སྲད་བུས་བཅིངས་པ་ཡི། །རྨོངས་ལྡན་བདག་གི་སྙིང་ནོར་དཔྱིད་ཀྱི་ཐིག །མཚན་དཔེའི་དཀྱིལ་འཁོར་བཀྲ་ཤིས་འཆི་བ་མེད། །ངོ་མཚར་རྒྱས་པའི་དགའ་ཚལ་ཆེན་པོ་རུ། །དགྱེས་ཞལ་ཚེམ་ཕྲེང་ཟེའུ་འབྲུ་ངོམས་བཞིན་དུ། །ཟབ་རྒྱས་ཆོས་ཀྱི་གསང་བའི་མཛོད་ཆེན་སྦྱིན། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །བསྒྲེས་རྒུད་བྲལ་བའི་དམ་པའི་མཆོག་སྦྱིན་པ། །འདི་ཉིད་གཟུགས་སུ་བགྱིས་ན་ནོར་འཛིན་གྱི། །ཡངས་པའི་ཁྱོན་ཆེན་འདིས་ཀྱང་ཐེག་གམ་ཅི། །དེ་ལ་དུས་གསུམ་གཤེགས་པའི་མགོན་རྣམས་དང་། །ཁྱད་པར་རིགས་གསུམ་འདུས་པའི་གུ་རུ་རྗེས། །བཀྲ་ཤིས་ས་གསུམ་ཀུན་ཏུ་སྒྲོགས་པ་དང་། །སྐྱེ་རྒུའི་སྒོ་གསུམ་དགེ་བར་གྱུར་ཅིག་གུ། །ཅེས་བཀྲ་ཤིས་ལྷ་ཡི་རྒྱལ་དབྱངས་སྒྲོགས་པས་སྐབས་ཕྱེས་ཏེ། འཇམ་དཔལ་གཞོན་ནུ་ཟུར་ཕུད་རལ་པའི་ཅོད་པཎ་འཆང་བའི་གཟུགས་སུ་བསྒྱུར་བ་མཆོག་ཉིད་གདན་ས་ཆེན་པོ་འདིར་ཞབས་སོར་བཀོད་དེ་ཐུན་མོང་དང་ཐུན་མོང་མིན་པའི་ཆོས་ཀྱི་གསང་མཛོད་ཆེན་པོ་ནི་སྩལ། རིང་འཚོའི་གྲུབ་པ་ཆེན་པོ་ནི་སྦྱིན། འཆི་བདག་གི་བདུད་སྡེ་ལས་རྣམ་པར་རྒྱལ་བ་ཆེན་པོའི་རྒྱལ་མཚན་ཕྱོགས་བཅུར་སྒྲེངས་ཤིང་རང་གཞན་གྱི་བསྟན་འགྲོའི་དོན་རྒྱ་ཆེན་གྲུབ་པའི་ལེགས་འབུལ་མཎྜལ་མཚོན་བྱེད། བཀྲ་ཤིས་པའི་ནང་མཛོད་དྲི་བྲལ། གང་སྐུ་རྡོ་རྗེ་ཚེ་དཔག་མེད་ཀྱི་ངོ་བོར་བཞུགས་པ་མཚོན་བྱེད་འཇམ་དཔལ་སླེའུ་ཆུང་གི་བཟོ་ཁྱད་སྐུ་འགྱིངས་ཅན་སྒྲོས་ལེགས། གང་གསུང་འགགས་མེད་ཆོས་ཀྱི་ཕུང་པོ་འཛད་མེད་འབྱུང་ཕྱིར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གླེགས་བམ་སྤུས་ལྡན་དང་ལས་རབ་གླིང་པའི་གཏེར་ཆོས་གླེགས་བམ་ཡོངས་རྫོགས། གང་ཐུགས་སྐྱེ་འཆིའི་རྟོག་པ་སྤངས་ཤིང་ཐབས་ཤེས་དབྱེར་མེད་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བའི་རྟེན་འབྱུང་དུ་རྣམ་པར་རྒྱལ་མའི་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན་ལི་དམར་གསེར་རྩི་ཅན་རྙིང་ལེགས། བཅས། ཕུལ་བ་ལགས་ན་དགྱེས་པའི་འབབས་སྟེགས་དམ་པར་གཡོ་བ་དང་། སླར་ཡང་། འདྲེན་པ་མཆོག་གྱུར་མི་ཡི་དབང་པོ་རྒྱལ་སྲས་ཐུ་བོའི་གཟུགས་འཆང་བ། །འཕགས་པའི་ནོར་གྱི་རིན་ཆེན་རྣམ་པ་བདུན་གྱིས་འབྱོར་པའི་ཆོས་ཀྱི་རྒྱལ་ཐབས་ཆེན་པོ་རུ། །དབང་བསྒྱུར་ལྷུན་རྫོགས་དོན་རྣམས་ཀུན་གྲུབ་འཇིགས་མེད་སྤོབས་པ་ཕུན་སུམ་ཚོགས། །མངོན་ཤེས་སྟོབས་དང་རྫུ་འཕྲུལ་ཡོན་ཏན་ཕྲིན་ལས་འཛད་མེད་ཞབས་བརྟན་གསོལ། །རྡོ་རྗེའི་བརྒྱན་པའི་གདོང་ལྔས་བཏེགས་པའི་ཁྲིར། །ཐུབ་བསྟན་སྤྱི་དང་རྡོ་རྗེ་རྩེ་མོ་ཡི། །རིང་ལུགས་བཤད་སྒྲུབ་ཉིན་མོར་བྱེད་པ་དང་། །ཁྱད་པར་རིག་འཛིན་རྒྱལ་པོ་རྣམ་གསུམ་གྱི། །བསྟན་པ་རིན་ཆེན་གསལ་མཛད་ཞབས་བརྟན་གསོལ། །པདྨ་ཀཱ་རའི་ཐུགས་མཛོད་གསང་བའི་ཆོས། །ཡང་མཛོད་སྙིང་སྒྲོམ་སྨུག་པོར་སྦས་པ་རྣམས། །སྒྱུ་མའི་ཉམས་ཀྱིས་མ་བསླད་གསེར་ཞུན་ལྟར། །དུས་དང་དུས་སུ་སྣང་བར་མཛད་དུ་གསོལ། །བདག་ཀྱང་དུས་ཀྱི་ཕོ་ཉས་མ་བསུས་ཤིང་། །འཆི་མེད་གྲུབ་པའི་ལང་ཚོ་དང་ལྡན་ཤིང་། །ཟབ་མོའི་ཆོས་ཀྱི་སྣོད་དུ་གྱུར་པ་དང་། །བསྟན་པ་སྤེལ་བའི་མཐུ་ལྡན་བྱིན་གྱིས་རློབས། །དེ་ལྟར་གསང་གསུམ་ནོར་བུའི་གཟི་འོད་ཀྱིས། །དུས་ཀྱི་མུན་པ་མཐའ་དག་རིང་དུ་བསྐྲད། །ཕན་བདེའི་དགེ་མཚན་བཀྲ་ཤིས་དཔལ་གྱིས་ལྷུན། །སྲིད་ཞིའི་དབུས་ན་མངོན་པར་རྒྱལ་གྱུར་ཅིག །པདྨ་དཱ་ཀཱ་ལྱཱ་ཎ་སུ་ཤྲེ་ཡོ་བྷ་བ་ཏུ།། །།
[edit]

'jam dbyangs bla ma'i ye shes sgyu ma'i gzugs/__/mkhyen rab mtha' yas brtse chen thugs rje'i bdag__/chos gter nor bu'i mdzod la dbang bsgyur ba/__/kun gzigs sprul pa'i sku yi 7zhabs pad mor/__/sgo gsum rab dwangs 'dun pa'i pad rtsa las/__/byung ba'i tshig sbyor sbrang rtsi'i dogs pa ni/__/blo gter smra ba'i seng+ge mchog nyid mdun/__/gus pas stobs la cung zad brel bar gyur/__/gdod nas rgyal kun mkhyen pa'i ye shes kyi/__/gong bur ro gcig mngon byang sku brnyes kyang /__/brtse ba'i rjes chags nor bu'i sprin stugs las/__/mthu stobs nus pa'i glog gi zhags pa g.yo/__/'phags pa'i yul dang bsil ldan ljongs 'di ru/__/sgyu 'phrul rol rtsed ngo mtshar 'byams klas pas/__/bstan dang 'gro la phan bde'i sbyin ster gyi/__/nor bu'i mchod sdong phreng mdzes brgyud mar snang /__/khyad par bod khams snyigs ma lnga bdo bar/__/pad+ma'i tshal na u dum wa ra bzhin/__/rnam thar phyogs kyi bu mo'i rna bar snyan/__/pad+ma 'od gsal mdo sngags gling pa zhes/__/de nyid slar yang zhing 'di'i 'gro ba'i mgon/__/dngos gcig du mar 'phrul mtshan rnam mang gi__/dbus na ri dbang lhun po ltar 'phags pa/__/bkra shis dpal gyi 'byor pa'i rab gsal zla/__/skyes sgom shes rab bdud rtsi'i 'od dkar rgyas/__/shes bya rab 'byams thugs kyi thig ler zlum/__/mdo sngags rig gnas yongs rdzogs paN+Di ta/__/rtsod pa'i dus kyi sarba dz+nyA chen po/__/gang gi brtse chen spyan gyis ring nas btsa'/__/byams pa'i phyag gi 'khri shing gis bzung zhing /__/dam tshig rdo rje'i srad bus bcings pa yi/__/rmongs ldan bdag gi snying nor dpyid kyi thig__/mtshan dpe'i dkyil 'khor bkra shis 'chi ba med/__/ngo mtshar rgyas pa'i dga' tshal chen po ru/__/dgyes zhal tshem phreng ze'u 'bru ngoms bzhin du/__/zab rgyas chos kyi gsang ba'i mdzod chen sbyin/__/bka' drin che'o rje btsun mkhyen pa'i gter/__/bsgres rgud bral ba'i dam pa'i mchog sbyin pa/__/'di nyid gzugs su bgyis na nor 'dzin gyi/__/yangs pa'i khyon chen 'dis kyang theg gam ci/__/de la dus gsum gshegs pa'i mgon rnams dang /__/khyad par rigs gsum 'dus pa'i gu ru rjes/__/bkra shis sa gsum kun tu sgrogs pa dang /__/skye rgu'i sgo gsum dge bar gyur cig gu/__/ces bkra shis lha yi rgyal dbyangs sgrogs pas skabs phyes te/__'jam dpal gzhon nu zur phud ral pa'i cod paN 'chang ba'i gzugs su bsgyur ba mchog nyid gdan sa chen po 'dir zhabs sor bkod de thun mong dang thun mong min pa'i chos kyi gsang mdzod chen po ni stsal/__ring 'tsho'i grub pa chen po ni sbyin/__'chi bdag gi bdud sde las rnam par rgyal ba chen po'i rgyal mtshan phyogs bcur sgrengs shing rang gzhan gyi bstan 'gro'i don rgya chen grub pa'i legs 'bul maN+Dal mtshon byed/__bkra shis pa'i nang mdzod dri bral/__gang sku rdo rje tshe dpag med kyi ngo bor bzhugs pa mtshon byed 'jam dpal sle'u chung gi bzo khyad sku 'gyings can sgros legs/__gang gsung 'gags med chos kyi phung po 'dzad med 'byung phyir thugs sgrub bar chad kun sel gyi glegs bam spus ldan dang las rab gling pa'i gter chos glegs bam yongs rdzogs/__gang thugs skye 'chi'i rtog pa spangs shing thabs shes dbyer med phyag rgya chen po las mi 'da' ba'i rten 'byung du rnam par rgyal ma'i sku tshe byin gyis brlabs pa'i mchod rten li dmar gser rtsi can rnying legs/__bcas/__phul ba lags na dgyes pa'i 'babs stegs dam par g.yo ba dang /__slar yang /__'dren pa mchog gyur mi yi dbang po rgyal sras thu bo'i gzugs 'chang ba/__/'phags pa'i nor gyi rin chen rnam pa bdun gyis 'byor pa'i chos kyi rgyal thabs chen po ru/__/dbang bsgyur lhun rdzogs don rnams kun grub 'jigs med spobs pa phun sum tshogs/__/mngon shes stobs dang rdzu 'phrul yon tan phrin las 'dzad med zhabs brtan gsol/__/rdo rje'i brgyan pa'i gdong lngas btegs pa'i khrir/__/thub bstan spyi dang rdo rje rtse mo yi/__/ring lugs bshad sgrub nyin mor byed pa dang /__/khyad par rig 'dzin rgyal po rnam gsum gyi/__/bstan pa rin chen gsal mdzad zhabs brtan gsol/__/pad+ma kA ra'i thugs mdzod gsang ba'i chos/__/yang mdzod snying sgrom smug por sbas pa rnams/__/sgyu ma'i nyams kyis ma bslad gser zhun ltar/__/dus dang dus su snang bar mdzad du gsol/__/bdag kyang dus kyi pho nyas ma bsus shing /__/'chi med grub pa'i lang tsho dang ldan shing /__/zab mo'i chos kyi snod du gyur pa dang /__/bstan pa spel ba'i mthu ldan byin gyis rlobs/__/de ltar gsang gsum nor bu'i gzi 'od kyis/__/dus kyi mun pa mtha' dag ring du bskrad/__/phan bde'i dge mtshan bkra shis dpal gyis lhun/__/srid zhi'i dbus na mngon par rgyal gyur cig__/pad+ma dA kA l+yA Na su shre yo b+ha ba tu//___//

Footnotes

Other Information