JKCL-KABUM-12-NA-027

From Khyentse Lineage - A Tsadra Foundation Project

བསླབ་པ་གསུམ་གྱི་གསེར་མཛོད་འཆང་བ་ཕུན་སུམ་ཚོགས་པའི་དགེ་འདུན་འདུས་པ་རྣམས་ཀྱི་སྙན་དབང་དུ་ཞེས་པ་དང་ཕུན་ཚོགས་ལུགས་བརྒྱའི་འདུན་ས་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོའི་བླ་མ་མཁན་པོ་ལས་སྣེ་འདུས་སྡེ་གསེར་ཞལ་རྒྱས་པའི་སོགས།
Wylie title bslab pa gsum gyi gser mdzod 'chang ba phun sum tshogs pa'i dge 'dun 'dus pa rnams kyi snyan dbang du zhes pa dang phun tshogs lugs brgya'i 'dun sa dpal ldan lhun grub steng gi chos grwa chen po'i bla ma mkhan po las sne 'dus sde gser zhal rgyas pa'i sogs JKCL-KABUM-12-NA-027.pdf
Location chos kyi blo gros bka' 'bum
Volume 12, Text 27, Pages 89-99 (Folios 1a1 to 6a56)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bslab pa gsum gyi gser mdzod 'chang ba phun sum tshogs pa'i dge 'dun 'dus pa rnams kyi snyan dbang du zhes pa dang phun tshogs lugs brgya'i 'dun sa dpal ldan lhun grub steng gi chos grwa chen po'i bla ma mkhan po las sne 'dus sde gser zhal rgyas pa'i sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 89-99. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
བསླབ་པ་གསུམ་གྱི་གསེར་མཛོད་འཆང་བ་ཕུན་སུམ་ཚོགས་པའི་དགེ་འདུན་འདུས་པ་རྣམས་ཀྱི་སྙན་དབང་དུ། གུས་པས་ཞུ་བ། ཁོ་བོ་ཆོས་མེད་ཀྱི་བསྒྲེས་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དམ་པའི་རིགས་སུ་སྐྱེས་འདབ་སྔོན་སྨོན་གྱི་མཐུ་ལས། ཀོང་སྤྲུལ་རྡོ་རྗེ་འཆང་གིས་མཁྱེན་བརྩེའི་སྤྲུལ་པ་ལྔའི་ནང་གསེར་ཕྲིན་ལས་ཀྱི་རང་གཟུགས་ལུང་བསྟན། ཀཿཐོག་སི་ཏུ་པཎྜི་ཏ་ཆེན་པོའི་བཀའ་དྲིན་གཟིགས་པས་བསྐྱངས་བར་མཛད། དེ་ནས་རང་ལོ་བཅོ་ལྔ་པར་མེ་ལུག་ལོར་རྗེ་གོང་མའི་དབོན་སྐལ་བཟང་རྡོ་རྗེ་འདས་སྐབས་ཞལ་ཆེན་མ་ལྕོགས་པར་གདན་ས་འདིར་འཁོད་ནས་ད་ལྟའི་བར། སྤྱི་རྒྱལ་བསྟན་རིས་མེད་ལ་ལྷག་བསམ་དག་སྣང་བསྐྱེད། དགོས་སུ་དཔལ་ལྡན་ས་ངོར་གྱི་བསྟན་པ་རིན་པོ་ཆེ་དང་། རང་དགོན་གདན་ས་འདི་ལ་བཤད་སྒྲུབ་དང་རྟེན་བཞེངས། སྟག་ཚང་དུ་རྗེ་གོང་མའི་ཟབ་གཏེར་ཉམས་བཞེས་ཀྱི་སྒྲུབ་གྲྭ། ཀཿཐོག་ཏུ་སྐྱབས་རྗེ་ཐམས་ཅད་མཁྱེན་པའི་དགོངས་རྫོགས། བཤད་སྒྲུབ་ཉམས་གསོ། ཐུབ་ཆེན་ཁང་སོགས་བཞེངས། །དཔལ་ལྡན་ལྷུན་གྲུབ་སྟེང་གི་ཡངས་དབེན་དྲྭ་སྒང་དུ་སྒྲུབ་སྡེ་ཉམས་གསོ་སོགས་ཤི་གསོན་དཀོར་ནག་གི་འདུས་བྱས་ཀྱི་དགེ་རྩ་མཁོས་བསྟུན་ཅི་འགྲུབ་དང་། གཞིས་བྱེས་དབང་ཆོས་དོན་གཉེར་མཁན་ལ་སྒྲུབ་བཏུས་ཚར་གཉིས། གདམས་ངག་མཛོད་ཚར་གཉིས། ལམ་འབྲས་ཚོགས་བསློབ་ཚར་གསུམ་སོགས་ཆོས་སྦྱིན་གྱིས་ཐུགས་བཞེད་བསྐང་བ་སོགས་ཀུན་གཟིགས་༧མཉྫུ་གྷོ་ཥའི་ཐུགས་བསྐྱེད་ཕྲིན་ལས་ཀྱི་ཞབས་འདེབས་སུ་དམིགས་པས་ངལ་བར་དོན་ཡོད་དུ་འགྱུར། རང་ལོ་ཞེ་བརྒྱད་པའི་འཇུག་ནས་བད་སྨུག་གི་ནད་གཞིའི་ཁར་ངོས་གཟུང་མེད་པའི་རྩ་ཐིག་རླུང་གིས་ལུས་འཁྲུགས་ཏེ། འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་ཆ་རྐྱེན་མང་བས། དབོན་མཛོད་ནས་རིམ་གྲོ་སྟོབས་ཆེན་བསྒྲུབས་པས་ད་བར་འཚོ་བར་གྱུར། ད་ནི་ཕྱི་ནང་གི་འབྱུང་རྒུད་སྡུག །རྨིས་ལྟས་སོགས་གང་ལ་དཔག་ཀྱང་། གཤིན་རྗེའི་ཕོ་ཉས་སྔ་བསུ་སླེབ་པའི་རྟགས་མཚན་ཆེས་ཆེར་གསལ་བས་འཆི་བར་འགྱུར་ལས་མ་མཆིས་ཀྱང་། ཚེ་དཔལ་ནས་བློས་མ་བཟོད་ནས། སྐྱབས་མགོན་སི་ཏུ་རིན་པོ་ཆེ་དང་། སྡེ་དགེ་རྒྱལ་བློན་བཅས་དང་། རང་དགོན་བླ་མ་ལས་སྣེའི་སྙན་དུ་གསོལ་བས། དེ་རྣམས་ཀྱིས་གནང་དོན་ལ་ཤིན་ཏུ་དོ་གལ་ཆེན་པོས་འཇིགས་བཟོད་མེད་པས། ཐབས་ཚུལ་གང་དྲག་དགོས་པའི་ཞུ་བར་རྟགས་འབྱར་བྱུང་བས། རང་ཡང་ན་དགའ་ཤི་སྐྱིད་མེད་ཅིང་གསོན་པའི་རེ་བ་ཆེ་ཞིང་། ད་སྔོན་ཕན་ཆད་བླ་སློབ་དམ་ཚིག་སེལ་མེད་ལ་སྙིང་བརྩེ་འབྲལ་མི་ཕོད་པ་ཡོད་ཅིང་། ད་ནི་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་བློ་གཏེར་ཞལ་ནས་ཕྲན་ཀྱི་ལག་རིས་གཟིགས་ནས་ཚེ་ཚད་གསུང་ཚུལ་ལ་དཔྱད་ན་ཚེ་ཁུག་སུ་མ་མཁྱོལ་བ་ཡིན་ནམ་སྙམ་པས། ཚེ་གེགས་བཟློག་ཐབས་ལ་སངས་རྒྱས་རྡོ་རྗེ་འཆང་གི་མདོ་སྔགས་རྣམས་སུ་ཐབས་ཚུལ་ཇི་བསྙེད་གསུང་བའི་གཙོ་བོར་ཚོགས་བསག་དང་། ནོར་བུ་རིན་པོ་ཆེ་སོགས་ལུས་ལ་འཆང་བས། སྨན་ཆེན་གི་བཅུད་ལེན། རྫོགས་རིམ་རླུང་གི་རྣལ་འབྱོར། ཕོ་ཉའི་ལམ་གྱི་པདྨ་བཅུད་འདྲེན་སོགས་ཟབ་ལམ་ངོ་མཚར་ཆེ་བ་མང་ཡང་། བརྩོན་འགྲུས་དང་ཤེས་རབ་དམན་པས་ཉམས་སུ་མི་ལོན་ཅིང་། ཉེ་རྒྱུའི་ལམ་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྟེར་བ་རྒྱུད་སྡེ་ཆེ་ནས་གསུང་པ་རྣམས་ཀྱང་སྦྱོར་ལམ་དྲོད་ཀྱི་སྟོང་པ་གསུམ་གང་རུང་ཐོབ་པའི་དུས་སུ་སྤྱོད་པར་གསུང་ནའང་། ཕྲན་ཚོགས་ལམ་གྱི་ལམ་སྣེ་ཟིན་ཙམ་ལས་མེད་ཅིང་། རླུང་དང་གཏུམ་མོ་འཁྲུལ་འཁོར་ལ་མི་མཁས་ཞིང་། མ་སྤྱོད་བས་ཐབས་སྡུག །དེང་སང་གཏེར་སྟོན་གྲུབ་ཐོབ་རྣལ་འབྱོར་དབང་ཕྱུག་ཆེས་མང་ཡང་དེ་འདྲའི་རྟོགས་པ་ནི་དྲི་ཙམ་ཡང་མི་བྲོ། འོ་ན་ཡོན་ཏན་མེད་བཞིན་དུ་ཁེ་ཉེས་ཆེན་པོའི་གནས་ལ་འཇུག་པའི་དགོས་པ་ཅི་ཡོད་ཅེ་ན། དངོས་བསྟེན་ཀྱི་རིག་མ་ཤིན་ཏུ་མཚན་ལྡན། རྒྱུད་དག་པར། བདག་འདྲའི་བསོད་ནམས་ཀྱིས་རྙེད་པར་དཀའ་ཡང་རྗེས་མཐུན་ཙམ་ཀྱི་ཕྱག་རྒྱའི་མོས་པ་ལམ་བྱེད་ཀྱི་རྟེན་འབྲེལ་ལས་རེ་ཞིག་ཚེ་བསྲིང་བར་འགྱུར་པའི་རང་གི་རིགས་མཉམ་དང་། ཀོང་སྤྲུལ་རིན་པོ་ཆེའི་གསུང་ཚུལ། རྗེ་གོང་མའི་རྡོ་རྗེའི་མགུལ་གླུ། མ་འོངས་ལུང་བསྟན་ལྔ་ལྡན་འཇའ་ཟེར་མར། ཤར་ཕྱོགས་ཌཱ་ཀི་འདུ་བའི་པི་ཝཾ་གི་སྙན་འགྱུར། །ལྷོ་མོན་སྨྱུག་མའི་ཚལ་ཀྱི་ཁུ་བྱུག་གིས་བླངས་ཏེ། །དབྱར་སྐྱེས་མྱུ་གུ་འདྲེན་པའི་སྐྱོ་གྲོགས་ལ་ཕེབས་ནས། །ཉམས་ཀྱི་པདྨོར་རྒྱས་པའི་ངོ་མཚར་ཞིག་ཡོད་དོ། །ཞེས་མདོར་བསྟན་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་གྱུར་ན་འདུ་བྱེད་པར་གསུང་བར་ཡིན་ནོ་སྙམ། བྱེ་མའི་ཁང་བཟང་བསྐྲུན་པའི་རྩོལ་ཐུང་གི་བྱིས་པ། །འཐོར་རླུང་དྲག་པོའི་ཤུགས་ཀྱིས་རང་སར་དུ་སྟབས་ཚེ། །ཤ་ཐང་ཆད་ཆད་གཙེར་བའི་སྨྲེ་སྔགས་འདིར་སོམ་དང་། །དོན་མེད་དུཿཁས་མནར་བར་མཚོན་བྱེད་གཅིག་ཡོད་དོ། །ཞེས་སོགས་ནས། ཨ་ཅང་རྩེད་མོ་ཡིན་མོད་སྟོང་པ་དང་རྟེན་འབྱུང་། །ཟུང་འཇུག་གཉུག་མའི་སློབ་དཔོན་མངོན་སུམ་གྱི་བཀོད་པ། །ཅི་བྱས་ཉམས་ངོགས་ཚུད་པའི་བློ་བདེ་འདིར་སོམ་དང་། །འཕྲལ་ཡུན་ཀུན་ཏུ་དགེ་བའི་ས་བོན་ཞིག་ཡོད་དོ། །ཅེས་སོགས་རྡོ་རྗེའི་གསུངས་སྒྲོམ་ཆེ་བས་གོ་དཀའ་ཡང་ཕྱོགས་ཙམ་གོ་བར་རྙེད་པ་ལ་གཙོ་བོར་བསྟེན། གཞན་ཡང་དམ་པའི་སྐྱེས་བུ་འགའ་ཞིག་གི་ལུང་དོན་དང་མཐུན་པར་ཕོ་ཉའི་ཉེ་རྒྱུའི་ཐབས་ཤེས་རྟེན་འབྲེལ་བསྒྲིག་རྒྱུ་ལ། སྔར་ཐེག་དམན་སོར་ཐར་སྡོམ་རྒྱུད་ལ་གནས། །རབ་བསྙེན་ཁ་ཤས་བསྒྲུབ་པ་དང་། ཕམ་པ་བཞི་དང་འགལ་བ་མེད་ངེས་ཀྱི་དབུ་གཡོགས་མ་ཞུས། དུས་ཕྱིས་ཐེག་དམན་སོར་ཐར་གྱི་ཆོ་གས་ཐོབ་པའི་སྡོམ་པ་འདུལ་བ་ནས་གསུངས་བཞིན་ཕུལ་བས་བཅད་པའི་ཉེས་འགལ་གྱིས་མ་གོས་ཤིང་། ཐེག་ཆེན་སོར་ཐར་འདི་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་བཟུང་བ་དང་། གཙོ་བོ་བྱང་ཆུབ་སེམས་བསྐྱེད་པ་སྟོབས་དང་ལྡན་པའི་མདུན་སྨོན་ངེས་པར་ཡོད་ཅིང་། བདག་གི་བྱ་བ་འདིར་ལེགས་ཉེས་ཅི་ཡིན་ཀྱང་རང་ཤེས་ཁོ་ན་ལས་གཞན་རྐྱེན་གྱིས་བསྒྱུར་བ་དང་རྐྱོན་བསྒོས་མིན་ཐད། དུས་གསུམ་ཀུན་ཏུ་གཟིགས་པའི་རྒྱལ་བ་སྲས་བཅས་ཀྱི་གཟིགས་པར་ངེས་པས། མཆོག་ཕལ་ཀུན་གྱིས་ཐུགས་བཞག་མཛད་པ་བཀའ་དྲིན་ཞུ། ཆོས་སྡེ་འདིའི་སྒྲིག་ཁྲིམས་ལ་གནོད་དོགས་ཀྱིས་སེམས་ཁྲལ་ཆེ་བས་རིམ་གྱི་སྙན་བསང་ཞུ་ཆོག་པར་དང་། དེ་ལྟར་གྲོགས་དགེ་འདུན་ལ་གནང་བ་ཞུ་ཞིང་བཟོད་གསོལ་བརྟེན། ཆོས་སྡེ་གོང་མར། གསོལ་ཇ། སྒོར་རེ་ཕྱག་འབྱེད། འཛམ་གླིང་རྒྱན་དྲུག་གི་ཐང་ཤར་ལྔ་ལ་མཛོད་གོས་སྨུག་པོ་གསེར་ཏྲཾ་ཅན་གྱི་གོང་བཤམས་ཅན་དང་། གནས་ཆོག་ལ་བཀྲམ་རྒྱུ་སྣམ་སྦྱར་བཅས་ཕུལ་བས། བདག་རྒྱུད་ཀྱི་སྡིག་སྒྲིབ་ཉེས་ལྟུང་བྱང་ཞིང་ཚེ་བསོད་དམ་ཆོས་རྒྱས་པ་དང་། ངོས་ཅག་ལྟོས་བཅས་སྐྱབས་སྲུང་རྡོ་རྗེའི་ར་གུར་ནས་ནམ་ཡང་མི་འདོར་བར་ཞུ་ཞུ། མཁྱེན། ཞེས་མེ་ཁྱི་ཟླ་༢ཚེས་༢༤གཟའ་སྐར་འཕྲོད་སྦྱོར་བཟང་པོར་ལེགས་པར་ཕུལ་བ་ཞུ། སརྦ་ཛ་ག་ཏཾ། ཨེ་མ་ཧོ། སྤྲོས་བྲལ་ཆོས་དབྱིངས་ཀློང་ནས་བསམ་བཞིན་གཟུགས་སྐུ་འོད་ཟེར་བརྒྱ་པ་སྤྲུལ། །ཤེས་བྱ་མཁའ་ལ་གྲོགས་མེད་མཁྱེན་པས་སྡོམ་གསུམ་དྲི་མེད་སྐལ་ལྡན་རྗེས་སུ་འཛིན། །སྔོན་བྱུང་འཕགས་བོད་གྲུབ་བརྙེས་རྗེས་བརྙེགས་དེང་སང་དུས་ན་ཁྱོད་ལས་གཞན་ཡོད་དམ། །ཕྱི་ནང་གསང་བའི་དགྲ་ལས་རྣམ་རྒྱལ་རྣལ་འབྱོར་དབང་ཕྱུག་རི་རབ་རྒྱན་དུ་མཛེས། །ད་ནི་བདག་གིས་སྐྱབས་གཞན་མི་འཚོལ་ཁྱེད་ཀྱི་ཐུགས་རྗེས་མྱུར་དུ་དྲངས་བར་མཛོད། བི་ཛཱ་ཡ་བྷ་ཝནྟུ།། །། ༈ ཕུན་ཚོགས་ལུགས་བརྒྱའི་འདུན་ས་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོའི་བླ་མ་མཁན་པོ་ལས་སྣེ་འདུས་སྡེ་གསེར་ཞལ་རྒྱས་པའི་ཞབས་རྟེན་རཏྣས་བཏེག་པའི་ཉེ་དྲུང་དུ། སྒོ་གསུམ་གུས་ལྡན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀུན་དགའ་ཕྲིན་ལས་རྒྱ་མཚོས་དད་པའི་ལྷ་ཕྱག་གྲངས་མེད་དང་བཅས་གསོལ་བ་འདེབས་སྙིང་། དེང་ཕྱོགས་དུས་ཞིང་ཁམས་རབ་འབྱམས་རྒྱ་མཚོར་འཇམ་པའི་དབྱངས་དངོས་དཔལ་ས་སྐྱ་པ་ཆེན་པོ་ཞེས་གྲགས་པའི་རྔ་སྒྲས་འཁོར་ཡུག་ཀུན་ཏུ་ཁྱབ་པའི་རིང་ལུགས་མཐའ་དག་གཅིག་ཏུ་འཁྱིལ་ཞིང་མཁས་པའི་འདུ་ས་གྲུབ་པའི་བསྟི་གནས། རྣལ་འབྱོར་དབང་ཕྱུགས་ཆེན་པོ་རྣམས་ཀྱི་ཉེ་བར་བསྟེན་པའི་གཞི་ས་ལ་སྤྱོད་པའི་འོག་མིན་གཉིས་པར་གྲགས་པ་དོན་དང་ལྡན་ཞིང་ལྷ་ཀླུ་གྲུབ་པ་རིན་འཛིན་ཉན་རང་བྱང་སེམས་རྣམས་ཀྱིས་རབ་བསྔགས་བསྟོད་པའི་རྒྱུད་མང་བསྒྲོགས་ཤིང་། སྲས་བཅས་རྒྱལ་བ་རབ་འབྱམས་རྒྱ་མཚོས་བྱིན་བརླབས་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་དགེ་ལེགས་སུ་བྱས་པའི་ཆོས་གྲྭ་ཆེན་པོ་དེར་བཞུགས་བླ་མ་མཁན་སྤྲུལ་འདུས་ཚོགས་ཐམས་ཅད་སྐུ་དཀྱིལ་གསེར་རིའི་ལྷུན་པོ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟར་གསལ་དྭངས་སུ་བཞུགས་ཤིང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། མངོན་རྟོགས་བསླབ་པ་གསུམ་གྱི་ཉམས་ལེན། རྒྱུད་སྡེ་བཞི་ཡི་སྒྲུབ་དཀྱིལ་སྨིན་གྲོལ་ཁ་འབབ་རྣམ་བཞིའི་རྒྱུན་བཟང་ཕྱག་ལན་དུ་བསྟར་ཤིང་། ཆོས་སྤྱོད་རྣམ་བཅུའི་བྱ་བ་བར་མེད་དུ་བརྩོན་པ་དང་། དགེ་འདུན་ཐུགས་མཐུན་རིན་ཆེན་གཏེར་གྱི་བུམ་བཟང་ལྟར་བཞུགས་པ་ནས་དགོན་དཔོན་བླ་མ་དང་མི་ཆེན་དཔོན་གཡོག་ཆེད་མངགས་དང་འབྲེལ་སྐུ་གསུང་ཐུགས་རྟེན། རིན་ནོར་རྡི་ཚད་༡༠བཟང་ཇ་ཅིང་དང་སྒོམ་༣། བཅས་དང་། ' ཌཱ་ཀིར་ཨ་ཤེ། འབྲུ་དང་སྒོམ༡རིན་སྒོར་རྡི་ཚད་༡བཅས་ཀྱི་ཞབས་བརྟན་ལེགས་སྐྱེ་གནང་བ་བཀའ་དྲིན་བརྗོད་ལས་འདས་ཤིང་། དད་གུས་རྒྱ་ཆེན་ཚད་མེད་ལས་བྱུང་བའི་དགའ་བདེ་བསམ་གཏན་གྱི་སིམ་པས་ཀྱང་མཚོན་དུ་ཅི་ཞིག་ཡོད། འདིར་ནས་དགེ་སྦྱོང་རྒན་བུ་ཕྱི་ནང་གི་འབྱུང་བ་རྒུད་ཅིང་འཇིགས་རུང་གཤིན་རྗེའི་ཕོ་ཉ་མི་བཟད་པའི་སྔ་བསུ་དག་ཀྱང་ཉེ་བར་མཐོང་ཞིང་རིང་མིན་འཇིག་རྟེན་ཕྱི་མའི་ལྟད་མོར་མངོན་དུ་ཕྱོགས་པའི་མཚན་ལྟས་གསལ་བ་ན་བདག་ཡིད་ཤིན་ཏུ་སྔངས་ཤིང་རྟབ་པོར་གྱུར་པ་དེ་ཡི་ཚེ་རྗེ་གོང་མ་མཁྱེན་བརྩེའི་དབང་པོས་མ་འོང་ལུང་སྟོན་པའི་གླུ་མིའམ་ཅི་ཡི་གླིང་བུ་ལས། ཤར་ཕྱོགས་ཌཱ་ཀི་འདུ་བའི་པི་ཝཾ་གི་སྙན་འགྱུར། །ལྷོ་མོན་སྨྱུག་མའི་ཚལ་གྱི་ཁུ་བྱུག་གིས་བླངས་ཏེ། །དབྱར་སྐྱེས་མྱུ་གུ་འདྲེན་པའི་སྐྱོ་གྲོགས་ལ་ཕེབས་དང། །ཉམས་དགའི་པདྨོ་རྒྱས་པའི་ངོ་མཚར་ཞིག་ཡོད་དོ། །ཅེས་སོགས་བརྡའ་ཐབས་ཀྱི་རྡོ་རྗེའི་ལུང་གིས་བསྟན་པ་དང་། རང་རིག་ཚད་མའི་མངོན་སུམ་བཅོས་མེད་དུ་འཆར་བ་རྣམས་རྩ་བར་བཟུང་། བསྟན་འཛིན་སྐྱེ་ཆེན་འགའ་ཞིག་གི་དངོས་བརྒྱུད་ནས་ལུང་དུ་སྟོན་པའི་དགོངས་དོན། གཙོ་བོར་མ་ཤི་ཚེ་རིང་ཙམ་བྱུང་ན་རྒྱལ་བསྟན་སྤྱི་དང་། ཁྱད་པར་ཡོང་རྫོགས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་འདི་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དར་རྒྱས་འབྱུང་ཆེད་དང་། འཇམ་མགོན་མཁྱེན་ཀོང་རྣམ་གཉིས། གསང་བདག་རྡོ་རྗེ་འཆང་བློར་གཏེར་དབང་པོ་རྣམས་ཀྱིས་ཐུགས་བཞེད་བསྐོངས་ཤིིང་། ས་ངོར་ཀྱི་བསྟན་པའི་གེགས་ཆགས་རྣམས་ཀྱང་རང་ཉིད་ལ་ཁ་སྨས་དང་། སྐྱོན་ཅན་ལྟར་སྣང་བ་འདིས་ཞི་ཤིང་། བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་ཞབས་བརྟན། བསྟན་སྦྱིན་ཆོས་རྒྱལ་ཆེན་པོ་རྣམས་ཀྱི་འགལ་རྐྱེན་ཉེས་སེལ། ནད་མུག་མཚོན་འཁྲུགས་སོགས་དུས་ཀྱི་རྒུད་པ་ཞི། སྣོད་བཅུད་ཀྱི་དགེ་མཚན་དཔལ་ཡོན་རྒྱས་པ་སོགས་ལྷག་བསམ་བཟང་པོ་གསེར་ཞུན་ལྟར་བསྐྱེད་པ་ནི་ཇི་སྐད་དུ། གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་ན། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཅེས་གསུངས་པ་ལྟར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེས་ནས་བྱང་ཆུབ་སེམས་གྱི་གོ་ཆ་བགོས་ཏེ་རྩོད་དུས་སྙིགས་མ་ལྔ་ཆེས་ཆེར་རྒྱས་པའི་སྐབས་འདིར་རྒྱལ་བ་བྱམས་པས། གང་ཚེ་གཞན་གྱི་དོན་ཕྱིར་ལུས་དང་ནི། །སྲོག་ལ་མི་བལྟ་རབ་དལ་ཁས་ལེན་པ། །དེ་ལྟ་བུ་དེ་གཞན་གྱི་གནོད་པ་ཡི། །ཇི་ལྟར་ངན་པར་བྱས་པའི་ལས་ལ་འཇུག །དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ཏེ། །འབྱོར་པའི་དུས་དང་རྒུད་པའི་དུས་ནའང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཞེས་གསུངས་པ་ལྟར་རང་ཉིད་ཉམས་ཀྱིས་དོགས་ནས་བསྲུང་བར་མ་བྱས་ཤིང་གཡོ་སྒྱུའི་སེམས་སྤངས་ཏེ། གཞན་ལ་ཕན་པའི་སྒོ་མཐོང་བ་དང་དུ་བླངས་བར་བྱ་བ་འདི་ནི། སྡོམ་པ་ཉི་ཤུ་པ་ལས། སྙིང་རྗེ་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་དང་། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་། ངག་དང་། སེམས་ཀྱིས་རྩོམ་པ་ཐམས་ཅད་དོན་ཡོད་སྟེ། རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ། །ཞེས་དང་། དབུ་མ་བཞི་བརྒྱ་པ་ལས། བསམ་པས་བྱང་ཆུབ་སེམས་དཔའ་ཡི། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བའི་ཕྱིར། །ཞེས་གསུངས་པ་ལྟར་གཞན་ཕན་དོན་གཉེར་གྱི་བསམ་པ་ཟོལ་ཟོག་མེད་པ་རང་འདོད་ཀྱི་དྲི་མས་མ་གོས་པ་ཡིན་ཀྱིན་ལགས་ཀྱང་། སོ་སོའི་སྐྱེ་བོ་ཉོན་མོངས་པའི་གཞན་དབང་དུ་གྱུར་པས་ཆགས་སྲེད་ཀྱི་འཆིང་བ་གཏན་ནས་མེད་ཅེས་ཞུ་བར་ག་ལ་སྤོབས། ཐེག་དམན་ཀྱི་འདུལ་སྡོམ་འབུལ་ཆོག་བྱས་ཤིང་འཆལ་བར་མ་སྤྱོད་ཀྱང་། སངས་རྒྱས་ཀྱི་བསྟན་པ་སྤྱི་བབ་ལ་མ་ལེགས་པའི་གནོད་ཚབ་ཅན་དུ་གྱུར་པའི་ཉེས་པ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། དགེ་འདུན་འདུས་པའི་སྡེར་སྙིང་ཐག་པ་ནས་བཟོད་པར་གསོལ་ན་དག་ཚང་གི་དབུགས་དབྱུང་རྩལ་ཞིང་ཐུགས་རྗེས་གཟིགས་གྲུབ་དང་། བདག་གིས་ཇི་ལྟར་བསམ་སྦྱོར་དག་པས་རྩོམ་པ་ཐམས་ཅད་ལ་བར་ཆད་མེད་ཅིང་བསམ་དོན་ཡིད་བཞིན་འབད་མེད་ལྷུན་གྱིས་གྲུབ་པའི་སྐྱབས་བསྲུང་རྡོ་རྗེའི་ར་གུར་ནས་འདོར་བ་མེད་པ་མཁྱེན་མཁྱེན་ཅེས་གསོལ་བ་འདེབས་རྟེན་མཛོད་ཐག་བཀྲ་ཤིས་པའི་རི་མོས་བཀྲ་བ་དང་། གཙུག་ལག་ཁང་ཆེན་པོར་གཏན་བཞག་ཧོར་སྦུབ་ཚངས་དབྱངས་འབྲུག་སྒྲ་བཀྲ་ཤིས་འཁྱིལ་བའི་དབྱངས་སྙན་རྒྱུ་བཟང་སྤུས་ནོམ་ལྡན་པ་དང་། གོང་མ་ཏཱ་མིང་རྒྱལ་པོའི་དུས་ཀྱི་གན་དྲིལ་རྒྱུ་བཟང་གསུང་སྙན་ཛྷེ་ཀྵིཾ་གྱི་དབུ་ཕྱག་རྩེ་དགུ་རང་འགྲིག་ཤུབ་ལྡན། བཟང་གོས་ཚོན་མ་སྣ་ཚོགས་སྤྲས་པའི་ཕྲག་ཁེབས་ཛར་ལྡན་ཆ་གཅིག་བཅས་དེབ་ཡིག་ཏུ་བཀོད་གནང་གི་བཀའ་དྲིན་བཅས་ཞུ་ཞུ། ཞེས་གསོལ་བ་འདེབས་པ་ལགས།
[edit]

bslab pa gsum gyi gser mdzod 'chang ba phun sum tshogs pa'i dge 'dun 'dus pa rnams kyi snyan dbang du/__gus pas zhu ba/__kho bo chos med kyi bsgres po 'jam dbyangs chos kyi blo gros dam pa'i rigs su skyes 'dab sngon smon gyi mthu las/__kong sprul rdo rje 'chang gis mkhyen brtse'i sprul pa lnga'i nang gser phrin las kyi rang gzugs lung bstan/__kaHthog si tu paN+Di ta chen po'i bka' drin gzigs pas bskyangs bar mdzad/__de nas rang lo bco lnga par me lug lor rje gong ma'i dbon skal bzang rdo rje 'das skabs zhal chen ma lcogs par gdan sa 'dir 'khod nas da lta'i bar/__spyi rgyal bstan ris med la lhag bsam dag snang bskyed/__dgos su dpal ldan sa ngor gyi bstan pa rin po che dang /__rang dgon gdan sa 'di la bshad sgrub dang rten bzhengs/__stag tshang du rje gong ma'i zab gter nyams bzhes kyi sgrub grwa/__kaHthog tu skyabs rje thams cad mkhyen pa'i dgongs rdzogs/__bshad sgrub nyams gso/__thub chen khang sogs bzhengs/__/dpal ldan lhun grub steng gi yangs dben drwa sgang du sgrub sde nyams gso sogs shi gson dkor nag gi 'dus byas kyi dge rtsa mkhos bstun ci 'grub dang /__gzhis byes dbang chos don gnyer mkhan la sgrub btus tshar gnyis/__gdams ngag mdzod tshar gnyis/__lam 'bras tshogs bslob tshar gsum sogs chos sbyin gyis thugs bzhed bskang ba sogs kun gzigs 7many+dzu g+ho Sha'i thugs bskyed phrin las kyi zhabs 'debs su dmigs pas ngal bar don yod du 'gyur/__rang lo zhe brgyad pa'i 'jug nas bad smug gi nad gzhi'i khar ngos gzung med pa'i rtsa thig rlung gis lus 'khrugs te/__'jig rten pha rol tu 'gro bar cha rkyen mang bas/__dbon mdzod nas rim gro stobs chen bsgrubs pas da bar 'tsho bar gyur/__da ni phyi nang gi 'byung rgud sdug__/rmis ltas sogs gang la dpag kyang /__gshin rje'i pho nyas snga bsu sleb pa'i rtags mtshan ches cher gsal bas 'chi bar 'gyur las ma mchis kyang /__tshe dpal nas blos ma bzod nas/__skyabs mgon si tu rin po che dang /__sde dge rgyal blon bcas dang /__rang dgon bla ma las sne'i snyan du gsol bas/__de rnams kyis gnang don la shin tu do gal chen pos 'jigs bzod med pas/__thabs tshul gang drag dgos pa'i zhu bar rtags 'byar byung bas/__rang yang na dga' shi skyid med cing gson pa'i re ba che zhing /__da sngon phan chad bla slob dam tshig sel med la snying brtse 'bral mi phod pa yod cing /__da ni 'khor lo'i mgon po rdo rje 'chang blo gter zhal nas phran kyi lag ris gzigs nas tshe tshad gsung tshul la dpyad na tshe khug su ma mkhyol ba yin nam snyam pas/__tshe gegs bzlog thabs la sangs rgyas rdo rje 'chang gi mdo sngags rnams su thabs tshul ji bsnyed gsung ba'i gtso bor tshogs bsag dang /__nor bu rin po che sogs lus la 'chang bas/__sman chen gi bcud len/__rdzogs rim rlung gi rnal 'byor/__pho nya'i lam gyi pad+ma bcud 'dren sogs zab lam ngo mtshar che ba mang yang /__brtson 'grus dang shes rab dman pas nyams su mi lon cing /__nye rgyu'i lam gyis mchog dang thun mong gi dngos grub ster ba rgyud sde che nas gsung pa rnams kyang sbyor lam drod kyi stong pa gsum gang rung thob pa'i dus su spyod par gsung na'ang /__phran tshogs lam gyi lam sne zin tsam las med cing /__rlung dang gtum mo 'khrul 'khor la mi mkhas zhing /__ma spyod bas thabs sdug__/deng sang gter ston grub thob rnal 'byor dbang phyug ches mang yang de 'dra'i rtogs pa ni dri tsam yang mi bro/__'o na yon tan med bzhin du khe nyes chen po'i gnas la 'jug pa'i dgos pa ci yod ce na/__dngos bsten kyi rig ma shin tu mtshan ldan/__rgyud dag par/__bdag 'dra'i bsod nams kyis rnyed par dka' yang rjes mthun tsam kyi phyag rgya'i mos pa lam byed kyi rten 'brel las re zhig tshe bsring bar 'gyur pa'i rang gi rigs mnyam dang /__kong sprul rin po che'i gsung tshul/__rje gong ma'i rdo rje'i mgul glu/__ma 'ongs lung bstan lnga ldan 'ja' zer mar/__shar phyogs DA ki 'du ba'i pi waM gi snyan 'gyur/__/lho mon smyug ma'i tshal kyi khu byug gis blangs te/__/dbyar skyes myu gu 'dren pa'i skyo grogs la phebs nas/__/nyams kyi pad+mor rgyas pa'i ngo mtshar zhig yod do/__/zhes mdor bstan nas 'jig rten chos brgyad kyi dbang du gyur na 'du byed par gsung bar yin no snyam/__bye ma'i khang bzang bskrun pa'i rtsol thung gi byis pa/__/'thor rlung drag po'i shugs kyis rang sar du stabs tshe/__/sha thang chad chad gtser ba'i smre sngags 'dir som dang /__/don med duHkhas mnar bar mtshon byed gcig yod do/__/zhes sogs nas/__a cang rtsed mo yin mod stong pa dang rten 'byung /__/zung 'jug gnyug ma'i slob dpon mngon sum gyi bkod pa/__/ci byas nyams ngogs tshud pa'i blo bde 'dir som dang /__/'phral yun kun tu dge ba'i sa bon zhig yod do/__/ces sogs rdo rje'i gsungs sgrom che bas go dka' yang phyogs tsam go bar rnyed pa la gtso bor bsten/__gzhan yang dam pa'i skyes bu 'ga' zhig gi lung don dang mthun par pho nya'i nye rgyu'i thabs shes rten 'brel bsgrig rgyu la/__sngar theg dman sor thar sdom rgyud la gnas/__/rab bsnyen kha shas bsgrub pa dang /__pham pa bzhi dang 'gal ba med nges kyi dbu g.yogs ma zhus/__dus phyis theg dman sor thar gyi cho gas thob pa'i sdom pa 'dul ba nas gsungs bzhin phul bas bcad pa'i nyes 'gal gyis ma gos shing /__theg chen sor thar 'di nas ji srid byang chub snying po'i bar bzung ba dang /__gtso bo byang chub sems bskyed pa stobs dang ldan pa'i mdun smon nges par yod cing /__bdag gi bya ba 'dir legs nyes ci yin kyang rang shes kho na las gzhan rkyen gyis bsgyur ba dang rkyon bsgos min thad/__dus gsum kun tu gzigs pa'i rgyal ba sras bcas kyi gzigs par nges pas/__mchog phal kun gyis thugs bzhag mdzad pa bka' drin zhu/__chos sde 'di'i sgrig khrims la gnod dogs kyis sems khral che bas rim gyi snyan bsang zhu chog par dang /__de ltar grogs dge 'dun la gnang ba zhu zhing bzod gsol brten/__chos sde gong mar/__gsol ja/__sgor re phyag 'byed/__'dzam gling rgyan drug gi thang shar lnga la mdzod gos smug po gser traM can gyi gong bshams can dang /__gnas chog la bkram rgyu snam sbyar bcas phul bas/__bdag rgyud kyi sdig sgrib nyes ltung byang zhing tshe bsod dam chos rgyas pa dang /__ngos cag ltos bcas skyabs srung rdo rje'i ra gur nas nam yang mi 'dor bar zhu zhu/__mkhyen/__zhes me khyi zla 2tshes 24gza' skar 'phrod sbyor bzang por legs par phul ba zhu/__sarba dza ga taM/__e ma ho/__spros bral chos dbyings klong nas bsam bzhin gzugs sku 'od zer brgya pa sprul/__/shes bya mkha' la grogs med mkhyen pas sdom gsum dri med skal ldan rjes su 'dzin/__/sngon byung 'phags bod grub brnyes rjes brnyegs deng sang dus na khyod las gzhan yod dam/__/phyi nang gsang ba'i dgra las rnam rgyal rnal 'byor dbang phyug ri rab rgyan du mdzes/__/da ni bdag gis skyabs gzhan mi 'tshol khyed kyi thugs rjes myur du drangs bar mdzod/__bi dzA ya b+ha wan+tu//___//__!__phun tshogs lugs brgya'i 'dun sa dpal ldan lhun grub steng gi chos grwa chen po'i bla ma mkhan po las sne 'dus sde gser zhal rgyas pa'i zhabs rten rat+nas bteg pa'i nye drung du/__sgo gsum gus ldan 'jam dbyangs chos kyi blo gros kun dga' phrin las rgya mtshos dad pa'i lha phyag grangs med dang bcas gsol ba 'debs snying /__deng phyogs dus zhing khams rab 'byams rgya mtshor 'jam pa'i dbyangs dngos dpal sa skya pa chen po zhes grags pa'i rnga sgras 'khor yug kun tu khyab pa'i ring lugs mtha' dag gcig tu 'khyil zhing mkhas pa'i 'du sa grub pa'i bsti gnas/__rnal 'byor dbang phyugs chen po rnams kyi nye bar bsten pa'i gzhi sa la spyod pa'i 'og min gnyis par grags pa don dang ldan zhing lha klu grub pa rin 'dzin nyan rang byang sems rnams kyis rab bsngags bstod pa'i rgyud mang bsgrogs shing /__sras bcas rgyal ba rab 'byams rgya mtshos byin brlabs bkra shis kyi me tog char du bsnyil bas dge legs su byas pa'i chos grwa chen po der bzhugs bla ma mkhan sprul 'dus tshogs thams cad sku dkyil gser ri'i lhun po nyin byed 'bum gyis 'khyud pa ltar gsal dwangs su bzhugs shing lung sde snod gsum gyi 'chad nyan/__mngon rtogs bslab pa gsum gyi nyams len/__rgyud sde bzhi yi sgrub dkyil smin grol kha 'bab rnam bzhi'i rgyun bzang phyag lan du bstar shing /__chos spyod rnam bcu'i bya ba bar med du brtson pa dang /__dge 'dun thugs mthun rin chen gter gyi bum bzang ltar bzhugs pa nas dgon dpon bla ma dang mi chen dpon g.yog ched mngags dang 'brel sku gsung thugs rten/__rin nor rdi tshad 10bzang ja cing dang sgom 3/__bcas dang /[ ' ]DA kir a she/__'bru dang sgom1rin sgor rdi tshad 1bcas kyi zhabs brtan legs skye gnang ba bka' drin brjod las 'das shing /__dad gus rgya chen tshad med las byung ba'i dga' bde bsam gtan gyi sim pas kyang mtshon du ci zhig yod/__'dir nas dge sbyong rgan bu phyi nang gi 'byung ba rgud cing 'jigs rung gshin rje'i pho nya mi bzad pa'i snga bsu dag kyang nye bar mthong zhing ring min 'jig rten phyi ma'i ltad mor mngon du phyogs pa'i mtshan ltas gsal ba na bdag yid shin tu sngangs shing rtab por gyur pa de yi tshe rje gong ma mkhyen brtse'i dbang pos ma 'ong lung ston pa'i glu mi'am ci yi gling bu las/__shar phyogs DA ki 'du ba'i pi waM gi snyan 'gyur/__/lho mon smyug ma'i tshal gyi khu byug gis blangs te/__/dbyar skyes myu gu 'dren pa'i skyo grogs la phebs dang/__/nyams dga'i pad+mo rgyas pa'i ngo mtshar zhig yod do/__/ces sogs brda' thabs kyi rdo rje'i lung gis bstan pa dang /__rang rig tshad ma'i mngon sum bcos med du 'char ba rnams rtsa bar bzung /__bstan 'dzin skye chen 'ga' zhig gi dngos brgyud nas lung du ston pa'i dgongs don/__gtso bor ma shi tshe ring tsam byung na rgyal bstan spyi dang /__khyad par yong rdzogs bstan pa'i mnga' bdag rje btsun sa skya pa'i bstan pa rin po che 'di bshad sgrub las gsum gyi sgo nas dar rgyas 'byung ched dang /__'jam mgon mkhyen kong rnam gnyis/__gsang bdag rdo rje 'chang blor gter dbang po rnams kyis thugs bzhed bskongs shi+ing /__sa ngor kyi bstan pa'i gegs chags rnams kyang rang nyid la kha smas dang /__skyon can ltar snang ba 'dis zhi shing /__bstan 'dzin skyes chen rnams kyi zhabs brtan/__bstan sbyin chos rgyal chen po rnams kyi 'gal rkyen nyes sel/__nad mug mtshon 'khrugs sogs dus kyi rgud pa zhi/__snod bcud kyi dge mtshan dpal yon rgyas pa sogs lhag bsam bzang po gser zhun ltar bskyed pa ni ji skad du/__gzhan phan las la mthu med kyang /__/de yi bsam pa rtag tu bya/__/gang la bsam pa de yod na/__/de ni de la don gyis zhugs/__/ces gsungs pa ltar rgyal sras byang chub sems dpa'i rigs su skyes nas byang chub sems gyi go cha bgos te rtsod dus snyigs ma lnga ches cher rgyas pa'i skabs 'dir rgyal ba byams pas/__gang tshe gzhan gyi don phyir lus dang ni/__/srog la mi blta rab dal khas len pa/__/de lta bu de gzhan gyi gnod pa yi/__/ji ltar ngan par byas pa'i las la 'jug__/de yi chos kun sgyu ma lta bu dang /__/skye ba skyed mos tshal 'gro ltar rtogs te/__/'byor pa'i dus dang rgud pa'i dus na'ang 'di/__/nyon mongs sdug bsngal dag gis 'jigs pa med/__/zhes gsungs pa ltar rang nyid nyams kyis dogs nas bsrung bar ma byas shing g.yo sgyu'i sems spangs te/__gzhan la phan pa'i sgo mthong ba dang du blangs bar bya ba 'di ni/__sdom pa nyi shu pa las/__snying rje ldan zhing byams phyir dang /__/sems dge ba la nyes pa med/__/ces dang /__sdong po bkod pa'i mdo las/__rigs kyi bu/__byang chub kyi mchog tu sems bskyed pa gang dang ldan pa de'i lus dang /__ngag dang /__sems kyis rtsom pa thams cad don yod ste/__rtag tu dge ba 'ba' zhig tu ro gcig par 'gyur ro/__/zhes dang /__dbu ma bzhi brgya pa las/__bsam pas byang chub sems dpa' yi/__/dge ba'am yang na mi dge ba/__/thams cad dge ba nyid 'gyur te/__/gang phyir sems de gtso ba'i phyir/__/zhes gsungs pa ltar gzhan phan don gnyer gyi bsam pa zol zog med pa rang 'dod kyi dri mas ma gos pa yin kyin lags kyang /__so so'i skye bo nyon mongs pa'i gzhan dbang du gyur pas chags sred kyi 'ching ba gtan nas med ces zhu bar ga la spobs/__theg dman kyi 'dul sdom 'bul chog byas shing 'chal bar ma spyod kyang /__sangs rgyas kyi bstan pa spyi bab la ma legs pa'i gnod tshab can du gyur pa'i nyes pa phyogs bcu'i rgyal ba sras bcas dang /__dge 'dun 'dus pa'i sder snying thag pa nas bzod par gsol na dag tshang gi dbugs dbyung rtsal zhing thugs rjes gzigs grub dang /__bdag gis ji ltar bsam sbyor dag pas rtsom pa thams cad la bar chad med cing bsam don yid bzhin 'bad med lhun gyis grub pa'i skyabs bsrung rdo rje'i ra gur nas 'dor ba med pa mkhyen mkhyen ces gsol ba 'debs rten mdzod thag bkra shis pa'i ri mos bkra ba dang /__gtsug lag khang chen por gtan bzhag hor sbub tshangs dbyangs 'brug sgra bkra shis 'khyil ba'i dbyangs snyan rgyu bzang spus nom ldan pa dang /__gong ma tA ming rgyal po'i dus kyi gan dril rgyu bzang gsung snyan dz+he k+ShiM gyi dbu phyag rtse dgu rang 'grig shub ldan/__bzang gos tshon ma sna tshogs spras pa'i phrag khebs dzar ldan cha gcig bcas deb yig tu bkod gnang gi bka' drin bcas zhu zhu/__zhes gsol ba 'debs pa lags/__

Footnotes

Other Information